| Wylie | e-texts based on the ACIP/ALL Input |
ཤོག། །།*། །རྒྱ་གར་སྐད་དུ། ཨ་ཀ་ཛཱ་ཏྲི་ཨ་དྷི་ཥྙ་ན་བི་དྷི། བོད་སྐད་དུ། རལ་པ་གཅིག་མ་དམར་མོའི་བྱིན་བརླབས་ཀྱི་ཆོ་ག། བཅོམ་ལྡན་འདས་མ་དམར་མོ་ལ་ཕྱག་འཚལ་ལོ། །དང་པོ་པདྨ་འདབ་བརྒྱད་བྱས་ལ། དེ་ནས་བུམ་པ་གཅིག་རིན་པོ་ཆེ་ལ་སོགས ་པས་རང་དག་པར་བཀང་སྟེ། དེའི་དབུས་སུ་བཞག་ནས་བཅོམ་ལྡན་འདས་མའི་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་སློབ་མས་བླ་མའི་མཎྜལ་བྱས་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བྱའོ། །དེའི་རྗེས་སུ་བཅོམ་ལྡན་འདས་མའི་མཎྜལ་བྱས་ལ་སྐྱོར་ཆུར་སྦྱངས་ཏེ། བདག ་བསྲུང་བ་ལ་སོགས་པ་བྱས་ནས། དབུས་སུ་མེ་ཏོག་གཅིག་དབུལ་བར་བྱའོ། །དེ་ནས་ཨོཾ་ཨཱ(རྒྱུད་འགྲེལ་ལན་གཅིག་དང། ཨོཾ་ཨཀྵོ་བྷཡ་ཡ་ན་མ་ཅེས་པས་ལན་གསུམ་དབུལ་བར་བྱའོ། །ོཾ་ཧྲི(རྒྱུད་འགྲེལ་དུའོ། །ོཾ་བད་མཱཾ་ཏེ་ཀ་ཡ་ནི་མ(རྒྱུད་འགྲེལ་བཛྲ་ན་ཧཱཾ་ཁཾ་གི་ཧྲཱི་ན་ས་པཱ་བི་གྷ་ཧཾ་ཀུ་རུ་སྭཱཧཱ། སྔགས་འདིས་ཁྲུས་བྱའོ། །ོཾ་སརྦ་བྷུ་ཏ་རཀྵན་དུ་སྭཱཧཱ། སྤྱི་བོར་བསྲུང་བ་རྣམ་པར་སྦྱིན་པར་བྱའོ། །ོཾ་ཛ་ཏོ་ཛ་ཏོ། ཨུད་ཀེ་ན་ཀ་ཡཥཙ་ཀ་ཙ་ཏཾ་བ་ཤོ་དྷ་ཡ་ཧྲཱི(རྒྱུད་འགྲེལ་བའི་ཕྱིར། ཨོཾ་ཛེ་ཊི་ཛེ་ཊི་ཨ་ནི་ན་ར་ཛ་ཊཱ་ཡ་ཀཱ་ཨཾ་བི་ཤོ་དྷཱ་ཡ་སྭཱཧཱ། འདིས་རལ་པ་སྤྱི་བོར་བཅིང་བར་བྱའོ། །ལུས་རྣམ་པར་སྦྱང་པའོ། །ོཾ་ཧྲི་ཊ་མ་ལེ་ལེ་མ་ལེ་ཨ་ན་ཀཱ་མ་ལ་བཱག་བི་ཤོ་དྷ་ནཱ་ཡ་སྭཱཧཱ། འདིས་ཕྲེང་བ་སྦྱིན་ནོ། །ོཾ་ཛ་ཊི་ཛ་ཊི་མ་ཧཱ་ར་ཀྵ་བི་རྐ་ཏི་ཀ་པཱ ་ལ་དྷ་ནུ། ཤང་ཡ་ཅི་ཏཾ་བི་ཤོ་དྷཱ་ཡ་སྭཱཧཱ། འདི་སཾ་གྲི་གུག་དང་ཐོད་པ་དང་གཞུ་དང་མདའ་སྦྱིན་པར་བྱ་སྟེ། སེམས་རྣམ་པར་སྦྱར་བའོ། །ོཾ་ཧཱུཾ་སྙིང་ཁ་ལའོ། །ཧྲི་མགོ་བོར་ཕཊ་སྤྱི་བོར་ཏྲི་མིག་ལའོ། །དྷྲི་ཕྲག་པ་ལའོ། །ཁཾ་ཡན་ལག་ཐམས་ཅད་ལའོ། །འདིས་ཡན་ལག ་དྲུག་བསྲུང་བར་བྱའོ། །ོཾ་ཨ་ཧཡ་ཧི་ས་ཀ་ཛ་ཏིར་ཥར་ན་ད་ཤ་དྷི་ཀ་སཾ་གྷཾ་བུ་རུ་ཛཱ་གརྙཱ་བི་ན་ཡ་ཀ་ནི་ནར་མ་ཐཱ་ནོར་མ་ཐ་བི་དྷཱི་ས་ཡ། ཁ་ད་ཁ་ད་མཱ་ར་ཡ་མཱ་ར་ཡ། ཧེ་བྷག་ཐ་ཏཱི་སརྦ་སཱ་ལྷ་ནི་སྭཱཧཱ། འདིས་ཕྱོགས་བཅིང་བར་བྱའོ། །དེ་ནས་སྔགས་བཤད་ལ། བུ་ཀྱང་ནི་མི ་བསྐྱོད་པ། །མཁའ་ལ་བཅོམ་ལྡན་འདས་མ་བཞུགས། །གལ་ཏེ་བྱིན་བརླབས་མེད་པ་ལ། །སྔགས་འདི་བཤད་ནས་དེ་ཡི་ཚེ། །ཁྱོད་ནི་དམྱལ་བར་ལྷུང་བར་འགྱུར་ཅེས་རྣམ་པར་བརྗོད་དོ། །དེ་ནས་བཅོམ་ལྡན་འདས་མའི་མན་ངག་བསྒོམ་པ་ལ་སོགས ་པ་སྔར་བཤད་པ་ལྟར་བྱའོ། །རལ་གཅིག་མ་དམར་མོའི་བྱིན་བརླབས་ཀྱིས་ཆོག་།ནག་པོ་སྤྱོད་པ་པས་མཛད་པ་རྫོགས་སོ།། །།པཎྜི་ཏ་མི་དབང་བཟང་པོ་དང། ལོ་ཙ་བ་གཞོན་ནུ་ཤེས་རབ་ཀྱིས་བསྒྱུར་བའོ། །། *། །རྒྱ་གར་སྐད་དུ། ་