| Wylie | e-texts based on the ACIP/ALL Input |
བྱས་བ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་དཱ་ནཱ་ཤཱི་ལའི་གསུང་ལྷག་ཆད་མེད་པར་བཀོད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ཤུ་ཀླ་ཨེ་ཀ་ཛཱ་ཊི་སཱ་དྷ་ནཾ། བོད་སྐད་དུ། རལ་གཅིག་མ་དཀར་མོའི་སྒྲུབ་ཐབས། རལ ་གཅིག་མ་ལ་ཕྱག་འཚལ་ལོ། །པདྨར་གནས་པའི་སྣོད་མཆོག་ལ་ནི་ཡི་གེཾ་ཧཱུཾ་ལས་བྱུང་བའི་དཀར་མོ་ནི། གཡས་བརྐྱང་གཡོན་བསྐུམ་ཞབས་ཀྱིས་གནས་མ་ནུ་མ་རབ་རྒྱས་སྤྱན་གཉིས་ཡང་དག་དམར། །གཡས་པས་མི་རུས་ཕྲེང་འཛིན་གཡོན་པས་ཁ་མ་བྱེ ་པའི་ཨུཏཔལ་སྔོན་པོ་བསྣམས། །རལ་པ་ཁམ་པ་དང་ནི་ལྡན་པའི་ལྷ་མོས་རྟག་ཏུ་ཁྱེད་ལ་སྐྱོང་གྱུར་ཅིག་།ཀླུ་བརྒྱད་འཇིགས་རུང་དང་བཅས་སེམས་ཀྱི་དབང་ཕྱུག་དབུ་བརྒྱན་ཅན། །སྙིང་རྗེ་རོ་ཡིས་ཀུན་ནས་གང་ངའི་ལྗགས་བསྐྱོད་བཞད་མཛད་མ། །རི་དགས་དགྲ་པོ ་ཡི་ནི་ཕགས་པའི་ན་བཟའ་འཆད་པ་མོ། །དེ་ལྟའི་སྒྲོལ་མས་མི་ཤེས་མུན་པ་གསོད་པར་བྱེད་པར་ཤོག་།དཔལ་ལྡན་གཉིས་མེད་རྡོ་རྗེ་ཡིས། །བླ་མའི་ཞབས་ཀྱི་ཆུ་སྐྱེས་ལ། །བཏུད་དེ་རོལ་པ་སྔས་པ་ཡིས། །སྒྲོལ་མའི་སྒྲུབ་ཐབས་བརྗོད་པར་བྱ། །དང་པོར་རེ་ཤིག་སྔགས ་པས་ཁ་བཤལ་པ་ལ་སོགས་པ་བྱས་ཏེ་སྟན་བདེ་བ་ལ་ཉེ་བར་འདུག་ནས་མེ་ཏོག་དྲི་ཞིམ་པོ་བཀྲམ་པའི་ས་ཕྱོགས་སུ་ཇི་ལྟར་འབྱོར་པའི་མཆོད་པ་བཤམས་ལ། རང་གི་སྙིང་གར་ཧཱུཾ་དཀར་པོ་ཉེ་བར་བལྟའོ། །ཧཱུཾ་དཀར་པོ་དེ་ལས་རང་གི་བ་སྤུའི་བུ་ག་དང། ཁ་ལ་སོགས་པའི ་སྒོ་ལས་འོད་ཟེར་རྣམ་པ་ལྔ་འཕྲོ་བར་བསམས་ཏེ། །འོད་ཟེར་དེ་དག་གིས་གངྒའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་ཁམས་མཛའ་ཡས་པ་སྣང་བར་བྱས་ནས། དེ་ནས་འོག་མིན་ན་བཞུགས་པའི་བཅོམ་ལྡན་འདས་མ་འཆད་པར་འགྱུར་པའི་སྐུ་མདོག་ལ་སོགས་པ་དང་ལྡན ་པ། གང་ཡང་བདག་ལ་གསོལ་བ་འདེབས་པའི་སེམས་ཅན་དེ་དག་ལ་བྱིན་གྱིས་བརླབ་པར་བྱའོ། ཞེས་པ་ཅིག་ཆར་མདུན་ན་འདུག་པར་བཞུགས་པར་བསམས་ལ། དེ་ནས་ཡི་གེ་ཧཱུཾ་ལས་མེ་ཏོག་བདུག་སྤོས་དྲི་དང་ཕྲེང་བ་ལ་སོགས་པ་སྤྲོས་པས་མཆོད་དོ། །དེ་ནས་བྱམས ་པ་དང་སྙིང་རྗེ་དང་དགའ་བ་དང། བཏང་སྙོམས་དང། མཆོད་པ་དབུལ་བ་དང། སྡིག་པ་བཤགས་པ་དང། བསོད་ནམས་ལ་རྗེས་སུ་ཡི་རང། གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བྱའོ། །ོཾ་བཛྲ་པུཥཔེ། ཨཱཾ(རྒྱུད་འགྲེལ་བཅས་པས་དབུལ་ལོ། །དེ་ནས་བདག་དང་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པའི་རང་བཞིན་སྟོང་པ་ཉིད་བསྒོམ་པར་བྱ་སྟེ། ཨོཾ་སྭ་བྷྲ་བ་ཤུདྡྷཱ(རྒྱུད་འགྲེལ་ཨ་ཡོངས་སུ་གྱུར་པ་ལས་པདྨ་དཀར་པོ་དང། དེའི་དབུས་སུ་ཡི་གེ་ཊཾ་ཡོངས་སུ་གྱུར་པ་ལས་ཐོད་པ་ནོར་བུ་ཆུ་ཤེལ་ལྟ་བུའི་འོད་ཅན་ཁྲག་གིས་ཡོངས་སུ་གང་བ། །དེའི་དབུས་སུ་ཡི་གེ་ཧཱུཾ་དཀར་པོ་འོད་ཟེར་ལྔ་དང་ལྡན་པ། ཤིན་ཏུ་མཛེས་པ་དེ་ཡོངས་སུ་གྱུར་པ་ལས་ཨུཏཔ་ལ་སྔོན་པོ་ཁ་མ་བྱེང་བ་ཡི ་གེ་ཧཱུཾ་གིས་བྱ་ནི་གྱིས་བརླབས་པར་བལྟས་ལ། དེ་དག་ཡོངས་སུ་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་མའི་སྐུ་ཞལ་གཅིག་ཕྱག་གཉིས་མ། སྐུ་མདོག་དཀར་མོ། །སྟག་གི་པགས་པའི་སྨད་དཀྲིས་ཅན་ཕྱག་གཡས་པས་མི་རུས་ཀྱི་ཕྲེང་བ་འཛིན་པ། གཡོན་ན ་ཨུཏཔལ་སྔོན་པོ་ཁ་མ་བྱེ་བ་བསྣམས་པ་རལ་བ་ཁམ་པ་གྱེན་དུ་རྗེས་པ་ཚངས་པའི་གནས་ཀྱི་བར་དུ་ཤིན་ཏུ་ཁྱབ་པ། ཀླུ་གདུག་པ་ཅན་བརྒྱད་ཀྱིས་བརྒྱན་པ། ཀརྐོ་ཊ་སྔོན་པོས་ཐོང་བྱས་པ། །འཇོག་པོ་དམར་པོའི་དོ་ཤལ་ཅན། དགའ་པོ་དང་ཉེར་དགའ་བོ་སེར་པོ ་དག་ནི་ན་ཆ་དང་ལྡན་པ། མཛའ་ཡས་དཀར་པོའི་ཚངས་སྐུད་ཅན། ནོར་རྒྱས་དཀར་པོའི་སྐ་རགས་དང། དུང་སྐྱོང་དཀར་པོས་ཕྱག་གདུབ་བྱས་པ། པདྨ་དང་པདྨ་ཆེན་པོ་དམར་པོས་ཞབས་གདུབ་བྱས་པ། དོ་ཤལ་དང་ཞབས་གདུབ་དང་དབུ་རྒྱན་དང་སེ་རལ་ཁས་བརྒྱན་པ། ་ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པས་རོའི་སྟེང་དུ་གནས་པ། ཤིན་ཏུ་འཇིགས་སུ་རུང་བ་ཞལ་མཆེ་བ་ཅུང་ཟད་གཙིགས་པ། ལྗགས་བསྒྲིལ་བ། དཔལ་མི་བསྐྱོད་རྡོ་རྗེ་ཅོད་པན་གྱིས་སྤྱི་བོར་བརྒྱན་པ། བྱམས་པ་དང་སྙིང་རྗེ་ཆེན་པོའི་སེམས་དང་ལྡན་པ་ཞིག ་བསྒོམ་མོ། །རང་གི་སྙིང་གའི་ཧཱུཾ་དཀར་པོའི་འོད་ཟེར་གྱིས་ཡེ་ཤེས་སེམས་མའི་དཀྱིལ་འཁོར་དགུག་པར་བལྟས་ཏེ། དེ་ནས་ཛ(རྒྱུད་འགྲེལ་མེད་པར་བལྟའོ། །དེ་ནས་རྗེ་བཙུན་མའི་ཐུགས་ཀའི་པདྨའི་སྟེང་དུ་ཡི་གེ་ཧཱུཾ་ཤེལ་དག་པའི་མདོག་ལྟ་བུར་འོད་ཟེར་བརྒྱ་སྟོང་ཕྲོ་བར་བལྟ་བར་བྱའོ། །བསྒོམ་པ་ལས་དུབ་ན་སྔགས་དོན་དང་ལྡན་པ་གཞལ་དུ་མེད་པ་མྱུར་བ་དང། བུལ་བ་དང། མི་གསལ་བ་དང། མ་ཚང་བ་སྤངས་ནས ་ཡིད་ཀྱིས་དམིགས་ཏེ་བཟླས་པར་བྱའོ། །དེ་ལ་སྔགས་བཏུ་བ་ནི་སྡེ་ཚན་བདུན་པའི་བཞི་པ་ལ་མེས་ཡང་དག་པར་ལྡན་པ་ཡི་གེ་ཨི་ཡིས་བརྒྱན་ཅིང་ཟླ་ཚེས་དང་ཐིག་ལེས་མཛེས་པར་བྱས་པའོ། །ཇི་ལྟར་འདོད་པས་བཟླའོ། །ལྟེ་བའི་དབུས་སུ་བཟླ་འདབ་མ་བརྒྱད་ཀྱི་སྟེང་དུ་ཡི ་གེ་ཧྲཱི་ཤིན་ཏུ་འབར་བ་བལྟའོ། །དེ་ནས་ཕྲེང་བའི་རྡོག་པོ་རྣམས་ཡི་གེ་ཧྲི་གི་གཟུགས་སུ་བལྟས་ལ། དེ་རྒྱུན་མ་ཆད་པར་རང་གི་ཁ་ནས་འཐོན་ཏེ་ལྟེ་བའི་ལམ་དུ་ཞུགས་ཤིང་ཁ་ནས་བྱུང་བར་བསམས་ལ། སྔགས་ཀྱི་རྒྱལ་པོ་ཡིག་འབྲུ་གཅིག་པོ་འདིས་ཡིད་བཞིན་ནོར་བུ་ལྟར ་སྡིག་པ་དང་ཡམས་ཐམས་ཅད་འཇིག་པ་དང། དབང་དུ་བྱ་བ་དང་དབབ་པ་དང་འགྲོ་བ་འཁྲུག་པར་བྱེད་པའི་སྔགས་སངས་རྒྱས་ཀྱི་གསུངས་བློ་བརྟན་པས་བཟླས་པར་བྱའོ། །འདི་ལྟ་བུའི་སྔགས་འབུམ་ཕྲག་གཅིག་བཟླས་པས་སྙན་དངགས་མཁན་དུ་འགྱུར་རོ། །འཛིན་པར་ནུས ་པ་དང། རྡོ་རྗེ་ལྟ་བུའི་ཚིག་དང་ལྡན་པ་དང། ནོར་ཆེ་བ་དང། ཚེ་རིང་བ་དང། བསྟན་བཅོས་ཐམས་ཅད་ལ་མཁས་པར་འགྱུར་རོ། །ཁྱུད་གི་དབང་པོ་ལྟར་སྲིད་པ་གསུམ་གྱི་དུག་མེད་པར་བྱེད་པ་དང། མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་བར་གདོན་མི་ཟའོ། །ོཾ ་ཨཱ(རྒྱུད་འགྲེལ་སྒྲུབ་ཐབས་དཔལ་གཉིས་མེད་རྡོ་རྗེ་ལས་བྱུང་བ་སློབ་དཔོན་རོལ་པཱི་སྦས་པས་མཛད་པ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་བ་རེནྡྲ་ཛཱི་ག་ཏཱ་ལའི་པཎྜི་ཏ་ཆེན་པོ་དཱ་ན་ཤཱི་ལས་ཡུལ་དབུས་ཀྱི་གྲུབ་པ་ཐོབ་པའི་གནས་དྲང་སྲོང་སྲིན་པོ་རིང་བསྒྱུར་བའོ།། །། ་རྒྱ་གར་སྐད་དུ། རཀྟ་ཨེ་ཀ་ཛཱ་ཊི་སཱ་དྷ་ནཾ། བོད་སྐད་དུ། རལ་པ་གཅིག་མ་དམར་མོའི་སྒྲུབ་པའི་ཐབས། བཅོམ་ལྡན་འདས་མ་རལ་གཅིག་མ་དམར་མོ་ལ་ཕྱག་འཚལ་ལོ། །ཱ་སྙིང་ཀར་ཨོཾ་ཡིག་ལས་པདྨ་དམར་པོ་ལྟ་བུ་ལས། དེའི་དབུས་སུ་སླར་ཡང་བསམ ་