| Wylie | e-texts based on the ACIP/ALL Input |
མཛད་པ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ཤྲཱི་བཱ་ན་རཏནའི་ཞལ་སྔ་ནས་དང། ལོ་ཙ་བ་མཉྫུ་ཤྲིས་སླད་ནས་བསྒྱུར་བ་དགེའོ་བཀྲ་ཤིས་ཕུན་སུམ་ཚོགས།། །།རལ་གཅིག་མའི་སྒྲུབ་ཐབས་བཞུགས། ། ་རྒྱ་གར་སྐད་དུ། ཨེ་ཀ་ཛཱ་ཊི་སྭ་དྷ་ནཱཾ། བོད་སྐད་དུ། རལ་གཅིག་མའི་སྒྲུབ་ཐབས། རལ་གཅིག་མ་ལ་ཕྱག་འཚལ་ལོ། །གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་རོ་ཡི་སྙིང་དང་རྐང་མནན་ཁྲོ་བོའི་གད་མོས་བསྡིགས་མཆོག་མ། །རལ ་གཅིག་ཨུཏཔལ་གྲི་གུག་ཐོད་པ་གཡས་གཡོན་ཕྱག་ལྡན་ཧཱུཾ་ཡིག་ས་བོན་ལས་བྱུང་མཆོག་།མི་ཐུང་ཐོད་མོ་རལ་པ་ཁམ་པ་རྒྱས་པའི་ཐོད་ཅོག་དྲག་མོ་ཀླུ་ཡིས་རབ་བརྒྱན་མ། །འགྲོ་བ་གསུམ་གྱི་མུན་པ་ལ་གཞག་རོ་ཡི་གདན། །སྒྲོལ་མ་དྲག་མོ་རང་གི་བསོད ་པར་ཤོག་།རྒྱན་ནག་ལས་བྱུང་སྲིད་པ་གསུམ། །སྒྲོལ་བྱེད་སྒྲོལ་མ་ལ་བཏུད་དེ། །བླ་མ་རྣམས་ཀྱི་མན་ངག་བཞིན། །དེ་ཡི་སྒྲུབ་ཐབས་བདག་གིས་བརྗོད། །མཚན་མ་གཅིག་གམ་དུར་ཁྲོད་དམ། །དུས་ཀུན་དུ་ནི་ཁང་སྟོང་དུ། །རབ་ཏུ་མཁས་བཱི ་རྣལ་འབྱོར་པས། །སྲིད་པ་མཐར་ཕྱིན་རིག་མ་སྒྲུབ། །བུ་ཆུང་རོ་འཇམ་ལ་གནས་སམ། །ཡང་ན་གདན་འཇམ་འབོལ་བ་ལ། །ཀུན་ཏུ་གནས་ཏེ་རྣལ་འབྱོར་པས། །དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ། །སྐད་ཅིག་རྣམ་པའི་རྣལ་འབྱོར་པས། །ཡང ་དག་རྣལ་འབྱོར་ལ་འདུག་ནས། །གནས་གསུམ་རྡོ་རྗེ་གསུམ་བསྒོམས་ལ། །དེ་ནས་འོད་ཟེར་འགྲོ་བར་བྱ། །སྲིད་གསུམ་སྤྱོད་པའི་སེམས་ཅན་རྣམས། །གསལ་བར་བྱས་ལ་ཚུར་དགུག་ཅིང། །བསྡུས་རྗེས་ཡང་ནི་བསྒོམ་པར་བྱ། །སྣ་ཚོགས་ཀུན་ལས ་སྟོང་པ་ཉིད། །དེ་ནས་རྒྱལ་བའི་སྔགས་བརྗོད་དེ། །སྟོང་ཉིད་བསྒོམ་ཞིང་དེ་དང་ལས། ། ལས་མཚོ་སྐྱེས་དམར་པོ་བལྟ། །དེ་ཡི་སྟེང་དུ་ཡང་བསྒོམ་པ། །ཊཝའཾ་ཡིག་ལས་བྱུང་པདྨའི་སྣོད། །དེ་ཡི་དབུས་སུ་ཡང་ནི་བསྒོམ། །ཧཱུཾ་མཛད་ཡི་གེ་སྔོན་པོ་སྟེ། ། ་དེ་ནས་ཧཱུཾ་མཛད་ལས་སྐྱེས་པའི། །གྲི་གུག་ས་བོན་གྱིས་བརྒྱན་པ། །གྲི་གུག་ཡོངས་སུ་གྱུར་པ་ལས། །བདག་ཉིད་སྒྲོལ་མ་རབ་ཏུ་བསྒོམ། །གཡས་བསྐུམ་གཡོན་བརྐྱང་འཇིགས་སུ་རུང། །མགོ་ལི་ཕྲེང་བ་འཕྱང་བ་མོ། །མིའི་ཐུང་འཇིགས་བྱེད་གསུས ་པ་སྦོམ། །སྔོན་མོ་ཚོ་སྐྱེས་ཀྱིས་བརྒྱན་མ། །ཞལ་གཅིག་སྤྱན་གསུམ་ལྡན་མ་ནི། །ཁྲོ་བཞང་སྡིགས་བྱེད་ཤིན་ཏུ་གསལ། །ཀུན་ནས་དགའ་བྱེད་རོ་ལ་གནས། །ཀླུ་བརྒྱད་རྣམ་པར་བརྒྱན་པ་སྟེ། །སྤྱན་རྩ་དམར་ཞིང་ཟླུམ་པའོ། ། ་སྐུ་སྨད་སྟག་གིས་པགས་པ་གཡོགས། །ལང་ཚོ་དར་བབ་ཕུན་ཚོགས་མ། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །ཞལ་ནས་ལྗགས་འདྲིལ་འཇིགས་ལྡན་མ། །མཆེ་བ་གཙིགས་ཤིང་གཡོན་དུ་གཟིགས། །གཡས་པས་རལ་གྲི་གྲི་གུག་འཛིན ་གཡོན་པས་ཨུཏཔལ་ཐོད་པ་འཛིན། །དབུ་སྐྲ་ཁམ་པ་དྲག་པོས་བརྒྱན། །སྤྱི་གཙུག་མི་བསྐྱོད་རྣམ་པར་བརྒྱན། །སྒོམ་གྱི་སྟོབས་ཀྱིས་རྫོགས་པ་ན། །རྣལ་འབྱོར་མཁས་པ་ཆེན་པོར་འགྱུར། །གལ་ཏེ་རྨོངས་པ་བེམས་པོ་ཡང། །སྒོམ་གྱི་རོ་ལ ་དབང་གྱུར་ན། །འབུམ་ཕྲག་སྔགས་ནི་བཟླས་པ་ཡིས། །འཇམ་པའི་དབྱངས་དང་མཚུངས་པར་འགྱུར། །སྔགས་ཆེན་འདི་ནི་ཡི་གེ་གསུམ། །ཕཊ་ཡིག་མཛའ་ཅན་སྙིང་ལ་གནས། །འོད་ཟེར་ལྔ་དང་ཡང་དག་ལྡན། །མི་ཤེས་བུད་ཤིང་སྲེག་བྱེད ་པ། །རྣལ་འབྱོར་སྤྱོད་པས་རྗེས་འབྲངས་ནས། །དེ་ཡི་བསྡུ་བའི་ཚེ་ག་བརྗོད། །དང་པོ་ས་ཡི་ཕྱི་མ་གཟུང། །དབྱངས་ཀྱི་ཡི་གེ་བཞི་པས་བརྒྱན། །གསལ་ཞིང་འབར་བ་ར་ལ་ཞོན། །ཟླ་ཚེས་ཐིག་ལེས་རྣམ་པར་བརྒྱན། །དེ་ནས་ཏཾ་ཡིག་སྦྱིན་པར ་བྱས། །དབྱངས་ཀྱི་ཡི་གེ་བཞི་པས་བརྒྱན། །ཧཾ་ཡིག་དབྱངས་ཡིག་དྲུག་པས་བརྒྱན། །ཡང་དག་ཉིད་དུ་སྦྱིན་པར་བྱའོ། །དེ་ནས་ཕཊ་ཡིག་སྤྱིན་པར་བྱ། །གྲུབ་པ་འམ་སྔགས་ནི་ཡོངས་སུ་རྫོགས། །མཁས་པས་རལ་གྲི་སྟོད་ས་རུ། །མི་རུས་ཕྲེང ་བ་བསྒོམ་པར་བྱ། །སྤྲོ་དང་བསྡུ་བའི་རྣལ་འབྱོར་གྱིས། །སྔགས་མཆོག་ཡང་དག་བཟླས་པ་བྱ། །བརྟན་པའི་སེམས་ཀྱིས་བསམ་པར་བྱ། །པཎྜི་ཏ་བདག་སྙན་ངག་མཁན། །སྒོམ་སྟོབས་རྒྱུན་ནི་མ་ཆད་ན། །གྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། ། ་སྒྲོལ་མའི་སྒྲུབ་ཐབས་བྱས་པ་ཡིས། །བདག་གིས་བསོད་ནམས་གང་བསགས་དེས། །རྒྱལ་བའི་བསྟན་པར་སྐྱེ་བོ་རྣམས། །སྙན་ངག་མཁན་དུ་འགྱུར་བར་ཤོག་།འདི་ནི་བློ་གྲོས་རབ་བསྒྲུབ་མ། །རྟག་པའི་རྡོ་རྗེས་བྱས་པ་ཡིན། །མཁས་པ་ཆེན་པོ་པཎྜི ་ཏས། འདི་ལ་ཤིན་ཏུ་བཟོད་པར་འོས། །རྒྱ་ནག་ལས་ནི་བྱུང་བ་ཡི། །སྒྲོལ་མའི་སྒྲུབ་ཐབས་ཡོངས་སུ་རྫོགས།། །།རྒྱ་གར་ཤར་ཕྱོགས་ཀྱི་པཎྜེ་ཏ་ཆེན་པོ་ཊཱ་ན་ཤཱི་ལས་འོ་ན་འདའ་ཨི་སྐུ་གྲོང་དུ་ལྷའི་སྐད་ལས་བོད་ཀྱི་བརྡའ་ལ་འཁྲུལ་པ་མེད་པར ་བསྒྱུར་བའོ།། །།ལྷ་མོ་རལ་གཅིག་མ་ལ་ཕྱག་འཚལ་ལོ། །སྒྲོལ་མ་ཁྲོ་མོའི་བ་ལིང་གི་གཏོར་མ་ལ་སྔགས་འདིས་ལན་གསུམ་མམ། །བདུན་གྱིས་དབུལ་བར་བྱ་སྟེ། །སྔགས་ནི་འདི་ཡིན། །ོཾ་ཧྲཱི(རྒྱུད་འགྲེལ་