CLOSE WINDOW

N1394: 'phags ma sgrol ma drag mo'i sgrub thabs zhes bya ba
Wyliee-texts based on the ACIP/ALL Input

འཇམ་དཔལ་ཡེ་ཤེས་ཞེས་བྱ་བས་དཔལ་འཁོར་བདེ་ཆེན་དུ་བསྒྱུར་ཅིང་ཞུས་པའོ།། །།སྒྲོལ་མ་ཨུ་གྲ་ཏཱ་རའི་སྒྲུབ་ཐབས་རྟག་པའི་རྡོ་རྗེས་མཛད་པ་བཞུགས།། །།རྒྱ་གར་སྐད་དུ། ཨཱརྱ་ཨུ་གྲ་ཏཱ་ར་སྭཱདྷ་ནཱཾ་ནཱ་མ། བོད་སྐད་དུ། འཕགས ་མ་སྒྲོལ་མ་དྲག་མོའི་སྒྲུབ་ཐབས་ཞེས་བྱ་བ། རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྒྲོལ་མ་སྲིད་པ་གསུམ་སྒྲོལ་ཨུ་གྲ་ཏཱ་ར་ལ་བཏུད་དེ། །བླ་མའི་མན་ངག་ཇི་བཞིན་དེ་ཡི་སྒྲུབ་ཐབས་བདག་གིས་བརྗོད། །ལིང་ག་གཅིག་དང་དེ་བཞིན་དུར་ཁྲོད་ཡང་ན ་ཁང་པ་སྟོང་པར་ནི། །གནས་དེར་སྲིད་གསུམ་གྲོལ་བའི་རིག་མ་རྣལ་འབྱོར་པ་ཡིས་བསྒྲུབ། །འཇམ་པར་གྱུར་པའི་བྱིས་པའི་རོ་འམ་ཡང་ན་འཇམ་པ་ཡི། །སྟན་ལ་སོགས་ལ་མཉམ་གནས་དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ། །ཐོག་མར་ཁ་གདོང ་དག་པར་རབ་བྱས་གསུམ་ལ་སྐྱབས་སུ་འགྲོ། མདུན་གྱི་ནམ་མཁར་བླ་མ་མཆོད་ལ་སྡིག་པ་བཤགས་པ་དང། །རྗེས་སུ་ཡི་རང་བསོད་ནམས་ཡོངས་བསྔོ་ལམ་ནི་རབ་ཏུ་བསྟེན། །ཚངས་བའི་གནས་བཞི་རྗེས་སུ་དྲན་པས་བྱང་ཆུབ་སེམས་ནི་བསྐྱེད། །སྐད་ཅིག་རྣམ་པའི ་སྦྱོར་བས་རྡོ་རྗེ་གསུམ་ནི་བདེ་མཉམ་བཞག་།དེ་ནི་གནས་གསུམ་བསམ་བྱ་དེ་ལས་འོད་ཟེར་རབ་འཕྲོས་ནས། །སྲིད་གསུམ་སྦྱོད་པའི་སེམས་ཅན་གསལ་བར་མཛད་ནས་སླར་ཡང་ནི། །ཁམས་གསུམ་མཛའ་དག་བསྡུས་ནས་སྟོང་པ་ཉིད་དུ་བསམ ་པར་བྱ། །དེ་ནས་ཤཱུ་ནྱ་ཏཱ་སོགས་རང་བཞིན་རྒྱལ་བའི་གསང་སྔགས་བརྗོད། །དེ་ནས་ནམ་མཁར་ཨ་ཡིག་ལས་བྱུང་ཆུ་སྐྱས་དམར་པོ་བསམ། །སླར་ཡང་དེ་སྟེང་ཏཾ་ཡིག་ལས་ནི་པདྨའི་སྣོད་བསམ་བྱ། །དེ་དབུས་ཧཱུཾ་ཡིག་མཐོན་མཐིང་དག་དང་མཚུངས་པ་བསམས་ནས་ནི། །ཧཱུཾ་ཡིག་དེ་ལས་སྐྱེས་པའི་གྲི་གུག་ས་བོན་གྱིས་བརྒྱན་བལྟ། །གྲི་གུག་ཡོངས་གྱུར་བདག་ཉིད་སྒྲོལ་མ་མཚུངས་པར་བསྒོམ་པ་ནི། །གཡོན་བརྐྱང་ཞབས་ཅན་མི་བཟད་མགོ་བའི་ཕྲེང་བ་རབ་ཏུ་འཕྱང། །ཆུ་སྐྱེས་སྔོན་པོས་རྣམ་པར ་བརྒྱན་ཅིང་ཐུང་ཞིང་ལྟོ་འཕྱང་འཇིགས་བྱེད་མ། །བཟང་མོ་ཞལ་གཅིག་སྤྱན་གསུམ་གང་རྒྱངས་འོད་དང་ལྡན། །རབ་ཏུ་དགྱིས་ཤིང་རོ་མནན་ཀླུ་བརྒྱད་ཀྱིས་ནི་རྣམ་པར་བརྒྱན། །དམར་ཞིང་ཟླུམ་པའི་སྤྱན་ཅན་སྟག་གི་ལྤགས་པ་རྐེད་ལ་བསྣམས། ། ་ལང་ཚོ་གཞོན་ཞིང་ཕུན་ཚོགས་ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །ལྗགས་ནི་རབ་འཁྱུག་མཆེ་བ་གཙིགས་ཤིང་འཇིགས་ཆེན་འཇིགས་བྱེད་མ། །ཕྱག་གཡས་རལ་གྲི་གྲི་གུག་གཡོན་ན་ཨུཏཔལ་ཐོད་པ་བསྣམས། །རལ་གཅིག་དམར་སེར་གྱེན ་བསྔས་མི་བསྐྱོད་མ་ཡིས་དབུ་བརྒྱན་མ། །བསྒོམས་པས་སྟོབས་ནི་རབ་རྫོགས་རྣལ་འབྱོར་སྙན་དངགས་ཆེན་པོར་འགྱུར། །གལ་ཏེ་བླུན་རྨོངས་གྱུར་ཀྱང་སྒོམ་པའི་རོ་ལ་འབད་བྱེད་ན། །བཟླས་པ་འབུམ་ཕྲག་གཅིག་གིས་འཇམ་པའི་དབྱངས་ཉིད ་ཐོབ་པར་འགྱུར། །སྙིང་གར་ཡིག་གསུམ་སྔགས་ཆེན་རབ་བཀོད་པཊ་ཡིག་མཛའ་རུའོ། །ཡང་དག་འོད་ཟེར་ལྔ་ལྡན་མི་ཤེས་བུད་ཤིང་རབ་ཏུ་བསྲེག་།རྣལ་འབྱོར་སྤྱོད་པའི་རྗེས་འབྲང་དེ་ཉིད་བཏུ་བའི་ཆོ་ག་བརྗོད། །དང་པོར་ས ་ཡི་ཕ་རོལ་དབྱངས་ཡིག་བཞི་བས་རྣམ་བརྒྱན་ཅིང། །ང་ཡིག་ཞོན་ཞིང་འོད་འབྲོ་ཟླ་བ་ཐིག་ལེ་ཡང་དག་ལྡན། །དེ་བཞིན་བཞི་པས་ཏ་ཡིག་བརྒྱན་ཏེ་རྣམ་པར་ཡང་དང། སྦྱིན། སླར་ཡང་ཧཾ་ཡིག་ལས་སྦྱོར་ཡང་དག་ཨུ་ཡིག་རིང་པོར་ལྡན། ། ་ཕཊ་ཡིག་དེ་ནས་སྦྱིན་ཞིང་ཡོངས་རྫོགས་སྒྲུབ་པའི་སྔགས་ཉིད་དོ། །རལ་གྲིའི་གནས་སུ་མཁས་པས་མི་མགོའི་ཕྲེང་བ་རྣམ་པར་བསམ། །ཡང་དག་སྔགས་མཆོག་བཟླ་ཞིང་སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས། བརྟན་པའི་སེམས་ཀྱིས་བརྟག་བྱས་བདག་ཉིད ་མཁས་ཤིང་སྙན་དངགས་ཆེ། །རབ་ཏུ་བསྒོམ་ལ་གོམས་པས་དེ་ཉིད་ཐེ་ཚོམ་མེད་པར་འགྲུབ། །ཧཱུཾ་གི་ཡི་གེ་ལས་བྱུང་སྔོན་ཞིང་སྦོམ་ཐུང་རལ་བའི་ཐོར་ཚུགས་ལྡན། །གཡོན་བརྐྱང་མཆོག་གིས་མི་རོ་མནན་ཅིང་མི་ཟད་མཆོག་གི་གང་བརྒྱངས་ཅན། ་རལ་གྲི་ཨུཏཔལ་གྲི་གུག་ཐོང་བ་འཛིན་ཅིང་ཀླུ་ཆེན་རྒྱན་དང་ལྡན། །འགྲོ་བའི་མི་ཤེས་མུན་པ་འཇོམས་མཛད་སྒྲལ་མ་དྲག་མོ་ཁྱོད་ལ་འདུད། །སྒྲོལ་མའི་སྒྲུབ་ཐབས་རབ་བྱས་དགེ་བ་བདག་གིས་གང་བསགས་པ། །དེ་ཡིས་འགྲོ་བ་མ་ལུས་རྒྱལ ་བའི་བསྟན་ལ་མཁས་པར་ཤོག་།དེ་འདིར་རྟག་པའི་རྡོ་རྗེས་བློ་འཕེལ་སྒྲུབ་ཐབས་བྱས་པ་ཡི། །ཟབ་མོ་ལ་ནི་མཁས་པ་རྣམས་ཀྱིས་འདི་ལ་བཟོད་པ་མཛད་རིགས་སོ། །འཕགས་མ་སྒྲོལ་མ་དྲག་མོའི་སྒྲུབ་ཐབས་ཞེས་བྱ་བ། །སློབ་དཔོན་རྟག་པའི་རྡོ་རྗེས ་མཛད་པ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ཤྲཱི་བཱ་ན་རཏནའི་ཞལ་སྔ་ནས་དང། ལོ་ཙ་བ་མཉྫུ་ཤྲིས་སླད་ནས་བསྒྱུར་བ་དགེའོ་བཀྲ་ཤིས་ཕུན་སུམ་ཚོགས།། །།རལ་གཅིག་མའི་སྒྲུབ་ཐབས་བཞུགས། ། ་