| Wylie | e-texts based on the ACIP/ALL Input |
དབྱིངས་ཀྱི་དབང་ཕྱུག་མའོ། །ཆོས་འབྱུང་བའི་མཎྜལ་གྱི་ཞིང་དུ་གནས་པ་སྣ་ཚོགས་པདྨའི་སྟེང་དུ་གནས་པ། སྐུ་མདོག་དཀར་མོ། །བསྒོམ་མོ། །རྡོ་རྗེ་དང་དྲིལ་བུའི་མཚན་ཉིད་རྫོགས་སོ།། །།པཎྜི་ཏ ་པར་ཧེ་ཏ་དང། ལོ་ཙ་བ་ནག་ཚོ་དགེ་སློང་ཤེས་རབ་རྒྱལ་མཚན་གྱིས་བསྒྱུར་བའོ།། །། *། །རྒྱ་གར་སྐད་དུ། ཀ་པཱ་ལ་པཱུ་ཛ་བི་དྷི་ནཱ་མ། བོད་སྐད་དུ། ཐོད་པ་མཆོད་པའི་ཆོ་ག་ཞེས་བྱ་བ། ཞིང་ཆེན་གྱི་རྣལ་འབྱོར་མ་ལ ་ཕྱག་འཚལ་ལོ། །ལྷུང་བཟེད་ཆེན་པོའི་མཆོད་པའི་ཆོ་གའོ། །དེ་ཉིད་བདུད་རྩི་ལྔས་གང་བའི་སྣོད་དང། གཞན་གཉིས་ཀྱང་བཤམས་ལ། རང་རང་གི་ཆོ་ག་ལྟར་བྱིན་གྱིས་བརླབས་ལ། དེའི་སྟེང་དུ་མཆོད་པའི་གནས་ལ། །རང་གི་ཡི་དམ་ལྷ་གང་ཡིན ་པའི་གདན་པདྨ་དང། ཉི་མ་འམ་ཟླ་བ་འམ་བདུད་དམ་རོ་ལ་སོགས་པ་ལ། རང་རང་གི་ས་བོན་གྱི་ཡི་གེ་ལས་ཕྱག་མཚན་ས་བོན་གྱིས་མཚན་པ། དེ་ལས་སྤྲོས་བསྡུས་པས་ཡོངས་སུ་གྱུར་པ་ལས་དཀྱིལ་འཁོར་གྱི་འཁོར་ལོ་འམ། ལྷ་བརྐྱང་པ་བསྐྱེད་ལ། ་ཡེ་ཤེས་པ་དགུག་པ་དང། གཞུག་པ་དང་བཅིང་བ་དང་དབང་དུ་བྱའོ། །དབང་བསྐུར་ནས་རིགས་ཀྱིས་བདག་པོས་རྒྱས་གདབ་པོ། །གཡོན་གྱི་ལ་ཡི་དམ་གྱི་ལྷ་གཞན་བསྒོམ། །གཡས་ཀྱི་ལ་པཾ་ལས་པདྨ། །རཾ་ལས་ཉི་མའི་སྟེང་དུ་ཧཱུཾ་ལས་སྣ ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུཾ་གིས་མཚན་པ་དེ་ལས་སྤྲོས་བསྡུས་པ་ལས། །བཅོམ་ལྡན་འདས་བདུད་རྩི་འཁྱིལ་པ་ཞལ་གསུམ་ཕྱག་དྲུག་པ་གཡས་དཀར་གཡོན་དམར་དབུས་སྔོ། །སྤྱན་གསུམ་དམར་པ། །མཆེ་བ་གཙིགས་པ། དབུ་སྐྲ ་དང་སྨ་ར་སེར་བ། གཡས་དང་པོ་ན་སྣ་ཚོགས་རྡོ་རྗེ། གཉིས་པ་འཁོར་ལོ། །གསུམ་པ་ན་རལ་གྲི། གཡོན་དང་པོ་ན་སྡིགས་མཛུབ་དང་དྲིལ་བུ། གཉིས་པ་ན་ཞགས་པ། གསུམ་པ་ན་དགྲ་སྟ། ཞབས་གཡོན་བསྐུམ་པ། །གཡས་བརྐྱང་བ། ་སྟག་གི་ཤམ་ཐབས་ཅན། སྦྲུལ་གྱིས་བརྒྱན་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པ་བསྒོམ་མོ། །དེ་ནས་མེ་ཏོག་ལ་སོགས་བས་མཆོད་དོ། །དེ་ནས་བར་ཆད་ཞི་བར་གསོལ་བ་གདབ་པོ། །མཐེ་བོ་དང་སྲིན་ལག་སྦྱར་བཅུག་ལ། ཨོཾ་ཨཱ(རྒྱུད་འགྲེལ་གསུམ་བཟླས་པས་བདུད་རྩར་ཞུ་བར་བསྒོམ་མོ། །དེ་ནས་དབུས་མའི་མཎྜལ་ལ་མེ་ཏོག་ལ་སོགས་པས་མཆོད་དོ། །དེ་ནས་བདུད་རྩིའི་མཆོད་པའི་རང་གི་ལུགས་ལྟར་བཟླ་ཞིང་དབུལ་ལོ། །ཡང་ལྷ་གཞན་གྱི་ལ་མེ་ཏོག་ལ་སོགས་པས་མཆོད་པ་དང། ཡང ་བདུད་རྩིས་མཆོད་དོ། །དེ་ཞུ་བས་ཡང་དབུས་མ་ལ་མཆོད་དོ། །དེ་ལྟར་མ་འབྱོར་ན་ཡང་ཅི་འབྱོར་པའི་སྣོད་གཅིག་ཏུ་བདུད་རྩི་བྱིན་གྱིས་བརླབས་པ། ལྷུད་བཟེད་ལ་མཆོད་དོ། །དེ་ནས་འདོད་པའི་དོན་ལ་གསོལ་བ་གདབ་བོ། །ཐོད་པ་མཆོད་པའི་རིམ ་པ་རྫོགས་སོ།། །།རྨི་ལམ་སྒྲོལ་མའི་སྒྲུབ་ཐབས་བཞུགས། །*། །རྒྱ་གར་སྐད་དུ། སྭབན་ཏཱ་ར་ནོ་པི་ཀ། བོད་སྐད་དུ། རྨི་ལམ་སྒྲོལ་མའི་སྒྲུབ་ཐབས། འཕགས་མ་རྨི་ལམ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྤྲིན་བྲལ་མཁའ་ ་དཀྱིལ་ཟླ་རྒྱས་གཟུགས། །རབ་དཀར་བསིལ་བའི་འོད་ལྡན་མ། །མ་ལུས་རྨི་ལམ་གསལ་མཛད་དེའི། །ཞབས་ལ་མགོས་བཏུད་དེ་བསྒྲུབ་བཤད། །དགེ་བས་རབ་ཏུ་སྔར་ལངས་ཏེ། །གདོང་སོགས་དག་བྱས་དྲི་ཞིམ་བྱུང། །རྗེ་བཙུན་དེ་རྟེན་མདུན་བདར ་ལ། །ཡིད་འོང་མཆོད་པས་མཛེས་པར་བྱས། །སྐྱབས་གསུམ་ལྷ་མོར་བཅས་པ་ལ། །སྐྱབས་གསུམ་འགྲོ་ལ་ཕན་ཡིད་ཀྱིས། །མི་དགེ་མེད་པའི་སེམས་ལྡན་པས། །ཐོག་མར་བསོད་ནམས་ཚོགས་བསག་བྱ། །ོཾ་ཨ་མྲི་ཏ་ཀུཎྜ་ལི་ཧ་མ་ཧ་ན་སརྦ་བིགྷཝཱ་ན་ཏ་ཌ་ཧ་ཏ ་ཌ་ཧ་སརྦ་པཱ་པཾ་ཧཱུཾ་ཕཊ་སྭཱཧཱ། །འཁྱིལ་པ་ཁྲོས་པའི་སྔགས་འདི་ཡིས། །རྨི་ལམ་བར་ཆད་བགེགས་བསལ་ལ། །དྲི་མེད་བཻདཱུ་རྱ་འདྲ་ཡི། །མཁའ་ལ་འཕགས་མ་བསྒོམ་པར་བྱ། །རབ་མཛེས་པཾ་ལས་ཆུ་སྐྱེས་སྟུམ་འཇམ་གསལ་ཞིང་གསར་བའི? ་