| Wylie | e-texts based on the ACIP/ALL Input |
མཁས་པ་རིན་ཆེན་དཔལ་གྱི་ཞབས་ལ་གཏུགས་པ། པཎྜི་ཏ་པ་ར་ཧེ་ཏ་དང། ལོ་ཙ་བ་ནག་ཚོ་དགེ་སློང་ཤེས་རབ་རྒྱལ་མཚན་གྱིས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། པི་ཐི་ཀྲ་མ་ཏཱ་ད་བི་སྟོ་ཏྲཾ། བོད་སྐད་དུ། གནས་ཆེན་གྱི ་རིམ་པའི་ལྷ་མོ་སྒྲོལ་མའི་བསྟོད་པ། བཅོམ་ལྡན་འདས་འཕགས་མ་ལྷ་མོ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྐྱེ་དང་མཛའ་དབུས་རྣམ་པ་མེད། །ེ་ཡེ་ཡི་གེའི་རིགས་ལས་སྐྱེས། །ཡེ་ཤེས་བདུད་རྩིའི་ཁུ་བས་མྱོས། །ཞིང་གནས་ལྷ་མོ་ཉིད་ཕྱག་འཚལ། ། ་བཅོ་ལྡའི་དུས་ཀྱི་རྣམ་པ་མེད། །དུས་མེད་ཐིག་ལེའི་ཚུལ་གནས་པ། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས། །ཞིང་གནས་ལྷ་མོ་ཉིད་ཕྱག་འཚལ། དང་པོ་མཛའ་དང་དབུས་མའི་ཚུལ། །རིགས་ལྡའི་རྒྱན་གྱིས་བརྒྱན་པ་ཡི། །ཡེ་ཤེས་ལྔ་ནི ་གཅིག་གི་ཚུལ། །ཞིང་གནས་ལྷ་མོ་ཉིད་ཕྱག་འཚལ། །ས་དང་ཆུ་དང་མེ་དང་རླུང། །ནམ་མཁའ་རྣམ་པ་ཐམས་ཅད་དུ། །ཁམས་ལྔ་ཡི་ནི་རྣམ་པའི་ཚུལ། །ཞིང་གནས་ལྷ་མོ་ཉིད་ཕྱག་འཚལ། །ཱ་ལི་ཀཱ་ལི་ལས་བྱུང་བ། །དབྱངས་དང ་གསལ་བྱེད་ཐམས་ཅད་ལ། །ཡི་གེ་མེད་པའི་རྣམ་པ་ཐོབ། །ཞིང་གནས་ལྷ་མོ་ཉིད་ཕྱག་འཚལ། །སྐུ་གསུམ་རིགས་ལ་འཇུག་པའི་ཚུལ། །ཐར་ལམ་རབ་ཏུ་འབྱུང་བ་ཡི། །རིགས་ཀྱི་ཚུལ་མེད་ལྷག་པའི་ཚུལ། །ཞིང ་གནས་ལྷ་མོ་ཉིད་ཕྱག་འཚལ། །སྟོང་ཕྲག་བདུན་བཅུ་གཉིས་གནས་པའི། །རྩ་ཡི་བུ་གའི་སྦུབས་ཀྱི་ནང། ། བ་དྷུ་ཏཱིའི་དབུས་གནས་པ། །ཞིང་གནས་ལྷ་མོ་ཉིད་ཕྱག་འཚལ། །སྟོང་པ་ཤིན་ཏུ་སྟོང་པ་དང། །སྟོང་པ་ཆེན་པོ་གོང་དུ་གནས། ། ་ཐམས་ཅད་སྟོང་པ་སྟེང་ན་གནས། །ཞིང་གནས་ལྷ་མོ་ཉིད་ཕྱག་འཚལ། །བརྗོད་པ་ཙམ་ལས་སྐྱེ་འགག་མེད། །བརྗོད་པའི་མཛའ་ལ་གནས་པ་དང། །ཚིག་བཞི་དག་གི་གོང་དུ་འཕོ། །ཞིང་གནས་ལྷ་མོ་ཉིད་ཕྱག་འཚལ། །ནང་དུ་རང་ལ ་གནས་པ་ཡི། །འཁོར་ལོ་བཞི་ཡི་རྣམ་པར་གནས། །བྱང་ཆུབ་ལྷག་པའི་ཚུལ་གནས་པའི། །ཞི་གནས་ལྷ་མོ་ཉིད་ཕྱག་འཚལ། །ཉི་ཤུ་རྩ་བཞི་དག་གི་ཡུལ། །ཞིང་གི་འདྲེན་པའི་ལྷ་མོ་དེ། །ཞིང་བཞིར་སྙོམས་པར་གནས་པ་ཡིས། ། ་ཞིང་གནས་ལྷ་མོ་ཉིད་ཕྱག་འཚལ། །མུ་སྟེགས་ལྟ་བ་ཁྱབ་འཇུག་མ། །ཉི་མ་ཚངས་པའི་རང་བཞིན་ཀུན། །ཅི་ཡང་མེད་པའི་གཟུགས་འཛིན་མ། །ཞིང་གནས་ལྷ་མོ་ཉིད་ཕྱག་འཚལ། །ོཾ་གྱི་གསང་སྔགས་འདི་ཉིད་ལ། །བདག་གིས ་མོས་པའི་སེམས་ཀྱིས་ནི། །མི་བསྐྱོད་རྡོ་རྗེ་བྱས་པ་ཡིས། །སེམས་ཅན་རྗེས་སུ་འཛིན་པར་ཤོག་།གནས་ཆེན་གྱི་ལྷ་མོ་སྒྲོལ་མ་ལ་བསྟོད་པ་རྫོགས་སོ།། །།པཎྜི་ཏ་པ་ར་ཧེ་ཏ་དང། ལོ་ཙ་བ་ཚུལ་ཁྲིམས་རྒྱལ་མཚན ་གྱིས་བསྒྱུར་བའོ།། །། *། །རྒྱ་གར་སྐད་དུ། པི་ཐི་ཤྭ་ར་སྟོ་ཏྲ། བོད་སྐད་དུ། ཞིང་གི་དབང་ཕྱུག་མའི་བསྟོད་པ། བཅོམ་ལྡན་འདས་ཞིང་གི་དབང་ཕྱུག་མ་ལ་ཕྱག་འཚལ་ལོ། །ཀུན་རྟོག་ཐམས ་