CLOSE WINDOW

N1378: u rgyan gyi rim pa'i lha mo sgrol ma'i sgrub thabs zhes bya ba
Wyliee-texts based on the ACIP/ALL Input

པཎྜི་ཏ་པ་ར་ཧེ་ཏ་དང། བོད་ཀྱི་ལོ་ཙ་བ་དགེ་སློང་ཤེས་རབ་རྒྱལ་མཚན་གྱིས་བསྒྱུར་བའོ།།། །།*། །རྒྱ་གར་སྐད་དུ། ཨོཾ་ནྱན་གྲ་མ་ཏཱ་རེ་པོ་སཱ་དྷ་ནཱི་ནཱ་མ(རྒྱུད་འགྲེལ་བྱ་བ། བཅོམ་ལྡན་འདས་མ་ལྷ་མོ་འཕགས་མ་སྒྲོལ་མ་གནས་ཆེན་གྱི་དབང་ཕྱུག་མ་ལ་ཕྱག་འཚལ་ལོ། །གསང་བའི་རྒྱུད་དུ་རྡོ་རྗེའི་ཚིག་འདི་གསུངས། །དེ་ཁོ་ན་ཉིད་རྟོགས་དཀའ་མན་ངག་འདི། །སྤྲོས་པ་དང་བྲལ་རྣམ་པར་རྟོག་མེད་ལས། །དང་པོ་སྙིང ་རྗེས་ལངས་ཏེ་བཤད་པར་བྱ། །ཉམ་ང་སྤངས་པའི་སེམས་ཀྱིས་ས་གཞིར་དྲིས། །མཎྜལ་བྱས་ཏེ་བདུད་རྩི་ལྔས་གང་བའི། །ཐོད་པ་རླུང་མེས་དག་བསྒོམ་བདུད་རྩི་འབར་བ་ཡིས། །ལུས་ལ་ཁྱབ་བྱུགས་ཕྱི་ནང་དག་བྱས་ནས། །འབོལ་བའི་སྟན་ལ ་རྡོ་རྗེ་སྐྱིལ་ཀྲུང་དང། ཡེ་ཤེས་ཕྱག་རྒྱས་བརྟན་པས་རབ་འདུག་ནས། །སྟོང་ཀྱང་སྣང་བའི་འགྲོ་གསུམ་ཐམས་ཅད་ལ། །རྨི་ལམ་སྒྱུ་མི་དྲ་ཟེའི་གྲོང་འདྲར་བལྟ། །སྙིང་ནང་མཁའ་དབུས་ཡེ་ཤེས་དྲི་བྲལ་བའི། །ཟླ་བའི་སྟེང་དུ་ཏཱཾ་ཡིག་འོད་ཟེར་ལྔ། ། ་འབར་བ་འཕྲོས་ཏེ་ཕྱོགས་བཅུའི་སངས་རྒྱས་དང། །སྒྲོལ་མ་དང་བཅས་ཐམས་ཅད་གྲུབ་པ་རྣམས། །ཀུན་ནས་ཡེ་ཤེས་སྐུ་ཅན་དྲན་པར་བྱ། །ཡེ་ཤེས་འོད་ཟེར་ངག་གི་ཕྱོགས་བཅུ་ཡི། །སེམས་ཅན་ཐམས་ཅད་བླ་མེད་བྱང་ཆུབ་ནི། །སངས་རྒྱས་ས་ལ ་རབ་བཀོད་མཁའ་དབྱིངས་དང། །འགྲོ་བ་ཐམས་ཅད་སྒྲོལ་མར་རབ་བལྟས་ཏེ། །ཡེ་ཤེས་མཆོད་པས་སྣ་ཚོགས་གཉིས་མེད་མཆོད། །དཀོན་མཆོག་གསུམ་ལ་སྐྱ་བསུ་མཆི་བ་དང། །སེམས་ཅན་ཀུན་གྱི་དོན་བྱས་གསུམ་པོ ་ཡིས། །དབྱེ་པས་མི་ཤེ་སྡང་བཅས་སྡིག་པ་བཤགས། །སྡིག་ལས་རྣམ་གྲོལ་མྱུང་དུ་སངས་རྒྱས་ཤོག་།བདག་ཉིད་འགྲོ་བ་སངས་རྒྱས་སྒྲོལ་མ་དང། །སྣང་བའི་ཡུལ་རྣམས་ཐམས་ཅད་སྒྲོལ་མར་བྱ། །རྣམ་པར་རྟོག་པ་མ་ལུས་བཅོམ་པ ་ཡིས། །ཆོས་རྣམས་རང་བཞིན་སྟོང་ཞིང་བདག་མེད་དོ། །ོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ནམ་མཁའ་ཨི་ཁམས་སུ་ཟླ་བའི་དབུས་གནས་པའི། །དེ་ལ་སྟོང་པའི་ཡེ་ཤེས་ཀྱིས་མནན་པ། །ཟླ་བ་དབུས་སུ་ཏཱཾ་གི་ཡི་གེ་ལས། །རྡོ་རྗེ་རླུང་མེ་གཡོ་བའི ་རྣམ་དག་པའི། །ཡེ་ཤེས་བྱིན་བརླབས་སངས་རྒྱས་ཀུན་ཞིང་གི་།རྣལ་འབྱོར་རྣལ་འབྱོར་མ་དད་དེ་བཞིན་གཤེགས། །བྱང་སེམས་མགོན་པོ་ཀུན་ནས་གཡོ་བ་ཡིས། །ཡེ་ཤེས་རླུང་གི་གཉིས་མེད་ཡི་གེ་ལ། །ཐིམས་པས་ཡེ་ཤེས་མ་ལུས་ཐམས་ཅད་མཁྱེན། ་དེ་ཁེངས་འདྲེས་ལས་གྱུར་པས་བདག་ཉིད་དང། །འགྲོ་བ་མཛའ་དག་སྒྲོལ་མའི་སར་བསྐྱེད་དེ། །དམར་དང་སྔོན་པོ་ལྗང་གུ་ཅུང་ཟད་ཁྲོ། །དཔའ་བོ་ཞི་བ་སེར་པོ་སྟེང་གི་ཞལ། །ཐོད་པ་ཕྲེང་བས་དབུ་བརྒྱན་ཡེ་ཤེས་ལྔ། །རྒྱན་རྣམས་མ་ལུས་ཐམས་ཅད ་བརྒྱན་པ་ཡི། །རྡོ་རྗེ་རལ་གྲི་ཨུཏཔལ་རིན་པོ་ཆེ། །ཐོད་པ་ཁ་ཊཝཱཾ་དྲིལ་བུ་ཌ་མ་རུ། །འཛིན་ཅིང་བདེ་བའི་ཡེ་ཤེས་འབྲས་བུ་འབྱུང། །སྟག་ལྤགས་ཤམ་ཐབས་ཕྱེད་ཀྲུང་གར་གྱིས་གནས། །སྣ་ཚོགས་པད་ཟླའི་དཀྱིལ་བརྟན་སྙིང་རྗེས་ཁྲོས། །སྤྱན་གསུམ ་དམར་བས་ཀུན་ལ་གཟིཊ་གཡོན་དུ། །བལྟ་བཞིན་རླུང་གི་དཀྱིལ་འཁོར་ལ་གནས་པ། །ཞིང་དུ་སྤྲོས་པ་མཆོག་གི་རྣལ་འབྱོར་མ་ཚོགས་དབུས། །འཇུག་ཅིང་བདེ་བ་ཐམས་ཅད་རབ་སྟེར་བཞུགས། །པུ་ཛྙཱ་ཨའུ?་ཨ་གོ་ར་དེ་མ་ཀ་ཨུ་ཏྲེ་ཀུ་ཀ་ལ་ཀ་ཧེ་པྲི་སྭEེཾ་སོ་ན ་སི་མ་ཀོ། ཡི་གེ་ཉི་ཤུ་རྩ་བཞི་དག་ཀྱང། །རྣལ་འབྱོར་མ་གནས་འཁོར་ལོ་མ་ལུས་དགོད། །རྣལ་འབྱོར་མ་ཡི་དབང་ཕྱུག་རབ་ཏུ་བསྒྲུབ། །སྤྱི་བོ་སྤྱི་གཙུག་རྣ་གཡོན་ལྟག་ཁུང་དུ། །རྣ་གཡས་སྨིན་མཚམས་མིག་དང་ལག་གཉིས་ལ། །དེ་བཞིན ་མཆན་ཁུང་གཉིས་གནས་ནུ་མ་གཉིས། །ལྟེ་བ་སྣ་རྩེ་ཁ་མགྲིན་སྙིང་ག་རྣམས། །ཕོ་ཁ་གསང་གནས་བཤད་ལམ་དེ་བཞིན་བརླ། །རྗེ་ངར་བེལ་གོང་རྐང་མཐིལ་རྐང་སོར་དང། །པུས་མོ་རིམ་བཞིན་འདི་དག་ལུས་ལ་དགེད། །དེ་ནས་ལྷ་ཡི་རིམ་པ ་དགོད་པར་བྱ། །དང་པོ་ལྷ་མོ་པུ་ར་ཤ་ཏི་ཤ་རི། གཉིས་བ་སུ་ར་ཏི་སོན་དྷ་རི། །གསུམ་པ་སུ་ར་ཏི་ཙན་ཏྲ་ཀྵོའོ། །བཞི་པ་སུ་ར་ཏི་མ་ལི་ནི། །ལྔ་སུ་ར་ཏི་བཀྵི་དང། །དྲུག་པ་སུ་ར་ཏི་ཀ་མི་ནི། །བདུན་པ་སུ་ར་ཏི་གྲ་ཧ་དང། བརྒྱད་པ་སུ་ར་ཉི་མུ་ཏ་མ། ། ་གནས་དང་ཉེ་བའི་གནས་ལྷ་མོ་བསྒོམ། །རྣལ་འབྱོར་མ་ཡི་དབང་ཕྱུག་རབ་ཏུ་བདེ། །དཀར་པོ་ལྗག་གུ་སྔོ་སེར་ཁ་དོག་བཞི། །སེར་དཀར་དམར་སྡོ་ཁ་དོག་དེ་བརྒྱད་དོ། །ཐོད་པ་ཁ་ཊརཱཾ?་དྲིལ་བུཊ་མ་རུ། །ཕྱོགས་འཇིན་བརྒྱད་པོ་ཐོད་པའི་ཕྲེང་བ་དང ་རྒྱན་རྣམས་ཐམས་ཅད་ཀྱིས་བརྒྱན་ཁྲོ་བོ་ཡི། །ཤེ་ཀྵི་བྷི་མ་ཤི་ཁཎྜི་དང་བཅས་པ། །ཀར་ལི་ཛ་ཏྲ་ལི་དེ་བཞིན་དུ། །རཽཏྲ་ཛ་ཏྲི་དེ་བཞིན་ཙནྡྲ་དང། །མཻ་ཌི་བ་ཀ་ཏྱ་ཀ་སྟེ་བཅས། །ཀོ་རོ་ཏྲ་ན་རྟ་ཀི་ཀཾ་བུ་ཛཱི། པུཀྐ་སི་ཌམ་བི་ནི་མ་ཏཾ་གེ་ནི། །ཡོངས་སྐོར ་འདི་དག་ཞིང་དང་ཉེ་བའི་ཞིང། །ཚན་དོ་ཉེ་བའི་ཚན་དོ་འདུ་བ་ཉེ་འདུ་བ། །དུར་ཁྲོད་ཉེར་བའི་དུར་ཁྲོད་ལྷ་མོ། །བཅུ་གཉིས་བྱེད་དམར་ཕྱེད་ལྗང་ཐོད་ཕྲེང་གིས། །དབུ་རྒྱན་སྣ་ཚོགས་རྒྱན་ལྡན་སྐྲ་གྲོལ་བ། །ཅུང་ཟད་བསྒྱིངས་ཤིང་ཅོད་པན་རྣམས་སྣང་ལྡན ་ཐོད་པ་ཁ་ནཾ་འཁོར་ལོ་རྡོ་རྗེ་བསྣམས། །སྒོ་སྐྱོང་བཞི་ནི་སྣ་ཚོགས་མདོག་ཅན་ལ། །མཆེ་བ་གཅིགས་ཤིང་གཡས་བརྐྱང་གཡོན་བསྐུམ་བཞུགས། །སྣ་ཚོགས་པདྨ་ཉི་མའི་སྟེང་དབུས་ན། །མི་བསྐྱོད་པ་ཡི་དམ་ཚིག་ཐོར་ཚུགས་རྒྱན། །ཐོད་པ་ཁ་ཊརཱཾ་གྲི་གུག ་མི་མགོ་འཛིན། །སྦྲུལ་གྱིས་རྒྱན་ཅན་བདུད་རྩིའི་སྟེང་གནས་པ། །ཐམས་ཅད་ཕྱོགས་ཀྱི་གོས་ཅན་སྙིང་རྗེ་ཡིས། །དགའ་བ་བདེ་ལྡན་རིན་ཆེན་ཡེ་ཤེས་ཀྱིས། །བདག་པོས་སྤྱི་བོར་སྤྲས་ཏེ་རྣམ་པར་བརྒྱན། །བདེ་ཆེན་དབང་ཕྱུག་ལྟེ་བའི་དབུས ་བཞུགས་པའི། །བཟང་ཞིང་ཆེ་བའི་སྒྲོལ་མ་རྣལ་འབྱོར་མ། །དགའ་བདེའི་དབང་ཕྱུག་མ་ཀུན་འདབ་མ་ལ། །གཡོན་བསྐོར་གཡས་བསྐོར་དབྱིངས་ཀྱི་དབང་ཕྱུག་མའི། །འགྲོ་བའི་བདག་མོའི་འཁོར་ལོ་མང་པོ་ནི། །ཤི་ཀྵ་ནས་གཟུང་ཙནྡྲ་མཛའ་མ་ནི། །ནིར་ཏི ་རྐང་སྟབས་གར་གྱིས་བསྐོར་བའོ། །སྒོ་བཞི་ཀཾ་བུ་ལ་སོགས་གཡོན་བསྐོར་གནས། །སྤྱི་བོ་སྙིང་ག་ལྟེ་བ་གསང་བ་བརླ། །པུས་མོའི་རིམ་བཞིན་རང་གི་མཚན་མའི་དབུས། །ཤིན་ཏུ་བཟང་བ་ཡེ་ཤེས་ལྔ་ཡི་རིགས། །ལུས་ལ་དགོད་པ་བྲུཾ་ཧཱུཾ་ཨཾ་ཏྲཾ་ཁཾ། རྡོ ་རྗེ་པདྨ་འཁོར་ལོ་ལ་སོགས་དབུས། །སེམས་ལ་སོགས་པའི་མཚན་ཉིད་བཀོད་ནས་ནི། །ཡེ་ཤེས་འོད་ཟེར་གྱིས་ནི་འཁོར་ལོ་དགུག་།མཉམ་པའི་སེམས་ཀྱིས་མཆོད་ཡོན་ལ་སོགས་དང། །ཡེ་ཤེས་བདུད་རྩི་ལྔ་ཡི་མཆོད་ཡོན་གྱིས། །མཆོད་ཅིང ་བསྟོད་ནས་ཡེ་ཤེས་བདག་ལ་ཞུགས། །རང་གི་སྤྲོས་ནས་ཡེ་ཤེས་རྒུ་རྒྱུན་གྱིས། །དབང་བསྐུར་ཤིན་ཏུ་སྤྲོས་ཤིང་ཡེ་ཤེས་ཀྱིས། །མཆོད་པ་སྤྲོས་ནས་སངས་རྒྱས་རྣལ་འབྱོར་པ། །སེམས་ཅན་མཛའ་དག་སྒྲོལ་མའི་གཟུགས་སུ་མཐེང། །བསྒོམ་པར ་བྱ་བའི་རྣལ་འབྱོར་མ་ཡི་བསྒོམ་པ་ཡི། །ངོ་བོ་མཆག་གི་དེ་ཉིད་ཞིང་རྣམས་རིམ་པ་ལྟར། །རྣལ་འབྱོར་མ་ཡི་མན་ངག་དམ་ཚིག་རིམ། །བླ་མའི་རྗེས་འབྲེངས་བདག་གིས་ཐོབ་པའོ། །བླ་མའི་ཞབས་ཀྱི་བཀའ་དྲིན་ལས་རྟོགས་པ། །ཡེ་ཤེས ་རྟོགས་པའི་བདག་ཉིད་ངོ་བོས་རྟོགས། །ཡེ་ཤེས་རྟོག་པའི་དྲི་བྲལ་ཡེ་ཤེས་མེད། །རྟོག་མེད་ཆོས་ཀྱི་བདག་མེད་མཉམ་པ་ཉིད། །ཁ་དོག་དབྱིབས་དང་ཡི་གེ་རང་བཞིན་མེད། །རང་མེད་ཆོས་རྣམས་ཀུན་གྱི་དེ་ཁོ་ན། །མཆོག་གི་དཀྱིལ་འཁོར ་རྣལ་འབྱོར་ཡེ་ཤེས་གནས། །དེ་ཁོ་ན་ཡི་བཟླས་པ་མཆོག་གི་མཆོག་།དེ་ནི་རྣལ་འབྱོར་དབང་ཕྱུག་རབ་ཏུ་བསྒྲུབ། །བདག་གི་དེ་ཉིད་བཟང་པོ་རབ་གྲུབ་པའི། །རྣལ་འབྱོར་མ་ཡི་དཀྱིལ་འཁོར་འདི་དག་གི་།མིང་གི་ཡི་གེ་དབུས་གནས་ཐམས་ཅད་ལ། །དང ་པོའི་ས་བོན་དང་སྦྱར་མཛའ་མ་རུ། །ཧཱུཾ་ཕཊ་སྦྱར་བས་སྒྲོ་བཞིའི་ལྷ་མོ་བསྡུས། །དེ་སྟེང་ཛ(རྒྱུད་འགྲེལ་རྟག་ཏུ་བཟའ་དང་བཟའ་མིན་དེ་བཞིན་དུ། །བཏུང་དང་བཏུང་མིན་བགྲོང་བྱ་བགྲོད་མིན་སྤྱད། །རྣལ་འབྱོར་མ་ཚོགས་དཀྱིལ་འཁོར་འདི་དག་ནི། །སྡིག་པས་མ་གོས་མཉམ་ཉིད་བརྟན་པའི་ཆོས། །རྣལ་འབྱོར་གོང་མ་རྣལ་འབྱོར་སྟེར་གསང་བའི། །ཤིན་ཏུ ་གསང་བ་འོག་མའི་གོང་མ་འདི། །སྦ་ཞིང་མི་བརྗོད་སྐྱེ་བ་འདི་ལ་འགྲུབ། །དགེ་བ་བཅུ་དང་ཚངས་པའི་གནས་བཞི་ལྡན། །སྦྱིན་སོགས་མང་པོ་གཏོང་བའི་སྙིང་སྟོབས་ཅན། །མཆོག་དང་མཆོག་མིན་མ་ཁེངས་གོང་དུ་བསྒོམ། །ཇི་ལྟར་རིགས་ཀྱི ་རིམ་པར་སོན་པ་ཡི། །གང་ལ་མོས་པ་སྣ་ཚོགས་རྣལ་འབྱོར་མ། །རི་དགས་གདན་ཅན་སྣ་ཚོགས་པད་ཉི་ལ། །བདག་ཉིད་རྗེ་བཙུན་སྒྲོལ་མའི་གཟུགས་འཛིན་ན། །སྣ་ཚོགས་མདོག་ཅན་ཞལ་བཞི་བརྐྱང་བསྐུམ་དུ། །ཡང་དག་བརྟན་ཞུགས་ལྗང་ཁུ་སེར་པོ ་དང། དམར་པོ་སྟེང་ཞལ་གཡོན་དཀར་མཆེ་གཙིགས་ཞལ། །ཐོད་པ་ཞལ་གྱི་སྟེང་གནས་དོན་གྲུབ་ཀྱི། །དབུ་རྒྱན་མི་རུས་རྒྱན་འཛིན་སྐྲ་གྲོལ་བ། །སྤྱན་གསུམ་དམར་བས་མཛེས་པའི་གཟུགས་ཅན་ལ། །རལ་གྲི་རྡོ་རྗེ་གསོར་བ་འཁོར་ལོ་དང། །ལྕགས་ཀྱུ ་དྲིལ་བུ་སྙིང་ཀར་སྡིགས་མཛུབ་འཆང། །གྲི་གུས་མི་མགོ་མཆོག་ཏུ་ཨུཏཔལ་ཐོད། །ཁ་ཊཝཱཾ་ག་འཛིན་ཚངས་པའི་ལྤགས་སྟེང་གཡོགས། །དཔང་ཕྱུག་ཆེན་པོ་ཁྱབ་འཇུག་གི་སྟེང་དུ། །ཞབས་ཀྱི་པད་མས་བཞུགས་ཤིང་ཐུགས་འཁྲུག་པ། །སྔོན་དུ ་བརྗོད་པའི་དཀྱིལ་འཁོར་དབུས་ན་བཞུགས། །རྣལ་འབྱོར་མ་ཚོགས་ཐམས་ཅད་སྣ་ཚོགས་མདོག་།ཕྱོགས་ཀྱི་གོས་འཛིན་གསང་བ་སྤས་པ་ཡི། །གང་གི་དཔལ་ལྡན་རྣལ་འབྱོར་བྱང་ཕྱོགས་ཀྱི། །རིམ་པའི་རིམ་པ་གོང་མའི ་རྣལ་འབྱོར་མཆོག་།བརྒྱུད་པའི་རིམ་པ་ཐམས་ཅད་བླ་ན་མེད། །བསམ་གཏན་རྣལ་འབྱོར་མ་སྙིང་བླ་ན་མེད། །འདིས་ནི་བཟང་པོའི་ལས་རྣམས་ཐམས་ཅད་བྱེད། །སྦྱངས་པས་སྡིག་ཡོངས་སྤྲོས་མེད་བསྒོམ་པར་བྱ། །གང་ཞིག་རྣལ་འབྱོར་གང་གིས་ས ་འོག་དང། །ས་སྟེངས་ས་བླ་མ་ལུས་ཕྱི་ནང་ཀུན། །ལུས་ཀྱི་ཞིང་གི་ངོ་བོའི་བདག་ཉིད་ནི། །གནས་སུ་ཇི་ལྟར་བདེ་བར་སྙིང་གར་ཧཱུཾ། །དཔྲལ་སྟེངས་ཨོཾ་དང་སྤྱི་བོར་ཧཾ་མིག་ཏུ། །ཧཱུཾ་དགོད་ལུས་ཀུན་ཧཾ་ཕཊ་ཡན་ལག་ཀུན། །མདའ་སྤྲོ་ཧ་ཧེ་ཧོ་ཧི་ཧཾ་ཕཊ། ་སྙིང་ག་དཔྲལ་བ་སྤྱི་བོ་མིག་ལུས་ཀུན། །ཡན་ལག་ཐམས་ཅད་ཡན་ལག་དྲུག་ལུས་ལ། །ཆོ་ག་རིམ་བཞིན་འགྲོ་བའི་རིམ་པར་དགོད། །ཡི་དམ་ལྷ་ཡི་ངོ་བོའི་བཾ་བདག་ཉིད་དུ། །འགྲོ་བ་ཐམས་ཅད་བལྟས་ཏེ་སྲིད་པ་ལས། །སྒྲོལ་བའི་སྒྲོལ་མའི ་བཟླས་བསྒོམ་དེ་མཆོག་ཡིན། །དུར་ཁྲོད་ཤིང་གཅིག་རི་ཁྲོད་གནས་བཞི་ཕུག་།མཆོད་རྟེན་མཛའ་འཁོབ་རྣལ་འབྱོར་མ་ཡི་གནས། །སྨད་འཚོང་མ་གནས་ལམ་དང་རྒྱལ་པོའི་གྲོང། །ཆུ་འགྲམ་ཆེན་བོའི་དྲུང་དང་རྟགས་གཅིག་པ། །དབང་ཕྱུག་ཆེ ་གནས་རྫིང་བུ་སྟེང་ཀ་འམ། །འཇིག་རྟེན་མཁའ་འགྲོ་མ་ཡི་གནས་སམ་གང་རུང་དུ། །བརྩོན་པས་གཅིག་།ཏྲཝ?་གྲོགས་མེད་ངོ་བོའི་བདག་ཉིད་དུ། །ཡིད་དགའ་རྣལ་འབྱོར་རྒྱུད་པ་ཞིང་རྒྱུད་རིགས་བརྒྱུད་པའི། །རྣལ་འབྱོར་མ་ཡི་བདག་མོ་ཤིན་ཏུ་ཟ། ། ་འཁོར་ལོ་བརྒྱུད་པ་ཡེ་ཤེས་བརྒྱུད་པ་བསྒོམ། །རི་པཾ་བརྒྱུད་པ་བླ་མའི་རིམ་བརྒྱུད་པ། །མི་ཕྱེ་བ་བྱང་སེམས་ངོ་བོ་བརྟན་པ་འདི། །ལེགས་པར་མི་ཕྱེད་ངེས་པ་ཉི?་ཤེས་པ་ཡི། །མི་བདེན་ཡུལ་ཆོས་རྣམ་པར་རྟོག་པ་སྤངས། །ལུས་ངག་ཡིད་ཀྱི་རྒྱུད ་ལས་བསྒོམ་འགྲུབ་པ། །སྤྱི་བོའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གྱི། །སྟེང་ན་བདུད་རྩི་ལྔ་འབབ་ཡང་དག་འཕྲོ། །གང་ཞིག་བརྟན་པས་ཨོཾ་ཡིག་བསྒོམ་པར་བྱ། །མི་ཕྱེད་བྱས་པ་ཇི་ལྟར་རྣལ་འབྱོར་གྱིས། །སྟེང་ནས་འབབ་པ་འབྱུང་བར་བྱེད་པ་ཡི། །འདི ་ཡི་རྣལ་འབྱོར་མ་ཡི་རྣལ་འབྱོར་གྱིས། །ངང་གི་ངོ་བོ་གཟི་བརྗིད་བཅས་པ་དང། །ཀུན་ནས་སྡུག་བསྔལ་ཐམས་ཅད་སྤངས་ཤིང་ཞི། །མཆོད་གནས་ཆེན་པོ་རྗེ་བཙུན་སྒྲོལ་མའི་སྐུ། །བསམ་གཏན་དེ་ཁོ་ན་ཉིད་དོན་ཕྱུག་པའི། །དཔལ་ལྡན་རྡོ་རྗེ་སེམས ་དཔས་གང་གསུངས་པའི། །མཆུ་ལ་བཾ་ཡིག་ངག་གི་ལམ་གྱི་ལྕེ་ལ་ཨ་གཞག་སྟེ། །ཡིད་བཞིན་ནོར་བུ་འདི་མཆོག་སྡུག་བསྔལ་ཐམས་ཅད་འཕྲོག་ཅིང་ཞི། །ཡེ་ཤེས་དེ་ཉིད་རང་བཞིན་མཐོང་བ་འདི། །གང་ཞིག་འདི་བསྒོམ་རྣལ་འབྱོར་བྱང་ཆུབ་སེམས ་དཔའ་ཡི། །གྲགས་པ་ཆེན་པོས་ཞི་གསུམ་འགྲུབ་པར་ཤོག་།ལྷ་མོ་སྒྲོལ་མའི་རང་བཞིན་རྣལ་འབྱོར་ལྡན། །རྡོ་རྗེ་གསང་བའི་རྒྱུད་དུ་སྒྲོལ་མ་ཡི། །སྒྲུབ་ཐབས་གོང་དུ་བྲིས་པ་རྡོ་རྗེའི་ཚིག་།སེམས་ཅན་ཡེ་ཤེས་ཐོབ་བྱེད་གང་ཡིན་འདི། །མ་དད ་པ་ལ་མི་སྦྱིན་བྱ་བ་ངན་པ་དང། །ཆགས་ཅན་ཁྲོ་བ་ཅན་མིན་སློབ་མའི་བུ་ལ་མིན། །སྡུག་བསྔལ་བློ་ཅན་ལ་མིན་སློབ་དཔོན་གྱིས། །གཞན་ལ་སྒྲུབ་ཐབས་འདི་སྦྱིན་བྱང་ཕྱོགས་ཀྱི། །ུ་རྒྱན་ནས་འོངས་བྲམ་ཟེའི་གནས་ཀྱི་ནང། །ཞིང་གི་བུ ་མོའི་རྣལ་འབྱོར་མ་ཚོགས་རྡོ་རྗེའི་ཚིག་དེ་གྲུབ། །བཅོམ་ལྡན་འདས་མ་ལྷ་མོ་སྒྲོལ་མ། །ུ་རྒྱན་གྱི་རིམ་པའི་སྒྲུབ་ཐབས་རྫོགས་སོ།། །།མཁའ་འགྲོ་མ་རྡོ་རྗེ་ལྡན་མས་གསུངས་པའོ། །མ་ཧཱ་ཨཱ་ཙ་རྱ་རཏན་ཤྲཱིའི་སློབ་མ་པཎྚ་ཏ་པ་ར་ཧ་ཏ ་དང། ལོ་ཙ་བ་ནག་ཚོ་དགེ་སློང་ཤེས་རབ་རྒྱལ་མཚན་གྱིས་བསྒྱུར་པའོ། །།རྒྱ་གར་སྐད་དུ། པ་ལི་ཨ་ལྤ་བི་དྷི། བོད་སྐད་དུ། གཏོར་མའི་ཆོ་ག་ཉུང་དུ། །གནས་ཆེན་གྱི་དབང་ཕྱུག་མ་ལ་ཕྱག་འཚལ་ལོ། །བདག་ཉིད་ལྷ་ཡི་རྣལ ་