| Wylie | e-texts based on the ACIP/ALL Input |
ཞིང་ལྷག་ཆད་བསྐང།། །།*། །རྒྱ་གར་སྐད་དུ། །ེ་ཀ་བཱི་ར་ཡོ་གཱི་སཱདྷ་ནཾ་ནཱ་མ། བོད་སྐད་དུ། དཔའ་མོ་གཅིག་པའི་རྣལ་འབྱོར་མའི་སྒྲུབ་པའི་ཐབས་ཞེས་བྱ་བ། ཞིང་ཆེན་གྱི་རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དང་པོ ་སྟོང་པའི་བྱང་ཆུབ་སྟེ། །གཉིས་པ་ས་བོན་ཡང་དག་བསྡུས། །གསུམ་པ་གཟུགས་རྟེན་ཡང་དག་རྫོགས། །བཞི་པ་ཡི་གེ་རིམ་བཞིན་དགོད། །ཅེས་གསུངས་པ། དང་པོ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་སྙིང་རྗེ ་ཆེན་པོ་སྔོན་དུ་དམིགས་ལ། །ོཾ་ཤཱུ་ནྱ་ཏཱ་ཛཱ་ན་བཛྲ་སྭ་བྷཱ་བ་ཨཱ་ཏྨ་ཀོ་ཧཾ། ཞེས་བརྗོད་པས་སྟོང་པ་ཉིད་ཀྱི་རང་བཞིན་རྣམ་པར་མི་རྟོག་པའི་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །གཉིས་པ་ནི་སྟོང་པ་ཆེན་པོའི་དབུས་སུ་པཾ ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར། ། ལས་ཟླ་བ། དེའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར་ཆེ་བ་བསམ་མོ། །དེའི་དབུས་སུ་ཏཱཾ་དམར་པོ་ཡོངས་སུ་གྱུར་པ་ལས་ཨུཏཔ་ལ་དམར་པོ་ཡུ་བ་ལ་ཏཱཾ་གིས་མཚན་པའོ། །གསུམ་པ་འདི་དེ་ལས་འདི ་ཟེར་འཕྲོས་བས་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་མཚད། །སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་ནས་ཐིམ་པས་རྗེ་བཙུན་མའི་སྐུ་རུ་བདག་ཉིད་བསྐྱེད་པར་བྱ་སྟེ། ཞལ་བཞི་ཕྱག་བརྒྱད་མ་གཡས་ཀྱི་ཞལ་སྔོན་པོ། །གཡོན ་ལྗང་གུ་དབུས་དམར་པོ། །སྟེང་ཞི་བའི་ཞལ་སེར་པོ། །ཁྲོ་ཞལ་གསུམ་པོ་ལ་སྤྱན་དམར་པོ་ཟླུམ་པ་གསུམ་གསུམ་མཆེ་བ་གཅིགས་པའོ། །ཕྱག་བརྒྱད་ཀྱི་དང་པོ་ན་རྡོ་རྗེ། གཉིས་པ་ན་རལ་གྲི། གསུམ་པ་ན་ཀཱ་པ་ལ། བཞི་པ་ན་ཌ་མ་རུའོ། །གཡོན ་དང་པོ་ན་ཨུཏཔ་ལ། གཉིས་པ་ན་རིན་པོ་ཆེ། །གསུམ་པ་ན་ཁ་ཊཱཾ་ག་།བཞི་པ་ན་དྲིལ་བུའོ། །སྐུ་མདོག་ཤིན་ཏུ་དམར་བ་དོན་ཡོད་གྲུབ་པས་དབུ་རྒྱན་བྱས་པའོ། །དཔྲལ་བའི་སྟེང་ན་ཐཾ་ཅད་པ་ལྔ་ཡོད་པ། མི་མགོ་ལྔ་བཅུ་ཐམ་པའི་ཕྲེང་བའི་དོ་ཤལ ་ཅན་རུས་པའི་རྒྱན་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་པདྨ་དང་ཟླ་བ་ཉི་མའི་གདན་ལ་བཞུགས་པར་བསམ་མོ། །བཞི་པ་ནི་སྤྱི་བོར་ཟླ་བའི་སྟེང་དུ་ཨོཾ་དཀར་པོ། མགྲིན་པར་པདྨ་དམར་པོའི་སྟེང་དུ་ཨཱ: ་དམར་པོ། །སྙིང་གར་རྡོ་རྗེ་རྩེ་ལྔ་པའི་སྟེང་དུ་ཧཱུཾ་སྔོན་པོ་བསྒོམ་མོ། །བཟླས་པ་ནི་སྙིང་ཀའི་སྨད་དུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཨུཏཔ་ལ་དམར་པོའི་ཡུ་བ་ལ་ཏཱཾ་དམར་པོ་བསམ། དེ་ལ་སྔགས་ཀྱི་ཕྲེང་བ་འོད་ཟེར་དམར་པོ་དང་བཅས་པ་སྤྲོས་པས། སེམས ་ཅན་གྱི་སྡིག་པ་སྦྱངས་ལ། །བདེ་བ་མཛའ་དག་ཐོབ་པར་བྱའོ། །ཚུར་འདུས་ཁ་ན་མར་ཞུགས་ཕྱག་མཚན་ས་བོན་ལ་ཐིམ། ནང་དུ་རང་ལ་རྟོགས་པ་སྐྱེས་པར་བསམ་མོ། །དེ་བཞིན་དུ་ཡང་ནས་ཡང་དུ་བསམ་ཞིང། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུཾ་ཕཊ་ཅེས་པ ་ནུས་ཚང་བཟླས་སོ། །འཇོག་ཙ་ན་སེམས་ཅན་ཐམས་ཅད་ཀྱིས་རྫོགས་པའི་སངས་རྒྱས་ཐོབ་པར་གྱུར་ཅིག་བྱའོ། །དེ་ནས་སྤྱོད་ལམ་ཐམས་ཅད་སྒྲོལ་མའི་ང་རྒྱལ་གྱིས་གོམས་པར་བྱའོ། །དཔའ་མོ་གཅིག་པའི་རྣལ་འབྱོར་མའི་སྒྲུབ་པའི་ཐབས་རྫོགས་སོ། ། ་པཎྜི་ཏ་པ་ར་ཧེ་ཏ་དང། བོད་ཀྱི་ལོ་ཙ་བ་དགེ་སློང་ཤེས་རབ་རྒྱལ་མཚན་གྱིས་བསྒྱུར་བའོ།།། །།*། །རྒྱ་གར་སྐད་དུ། ཨོཾ་ནྱན་གྲ་མ་ཏཱ་རེ་པོ་སཱ་དྷ་ནཱི་ནཱ་མ(རྒྱུད་འགྲེལ་