CLOSE WINDOW

N1373: dpal u rgyan gyi sgrol ma'i mngon par rtogs pa'i rim pa zhes bya ba
Wyliee-texts based on the ACIP/ALL Input

རྗེས་བསྒྱུར་བའོ། །རྡོ་རྗེ་ལྡན་མ། །པཎྜི་ཏ་པ་ར་ཧེ་ཏ། ཐ་ནི་ཏ་བྷཝ་དྲ། སཾ་གྷ་མ་ཤྲི་བྷ་དྲ། འཇམ་དཔལ་སྒེག་པའི་རྡོ་རྗེ་མཁས་པ་ས་ཕུག་པ།། །།*། །རྒྱ་གར་སྐད་དུ། །ཤྭཱི་ཨོ་རྒྱན་ཏཱ་ར་ཀྲ་མ་ཨ་བྷི་ས་མ་ཡ་ནཱ་མ། །བོད ་སྐད་དུ། །དཔལ་ཨུ་རྱ་ན་གྱི་སྒྲོལ་མའི་མངོན་པར་རྟོགས་པའི་རིམ་པ་ཞེས་བྱ་བ། །འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྡུག་བསྔལ་སྲིད་པའི་མུན་པ་ནི། །སེལ་བར་བྱེད་པའི་ཉི་འོད་ཅན། །ཐུགས་ཀར་སྙིང་རྗེ་བརླན་པ་ལ། །རྟག་ཏུ་བདག་ནི ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་རྣལ་འབྱོར་པ་འམ། །རྣལ་འབྱོར་མས། བསམ་གཏན་གྱི་ཁང་པ་ཡིད་དང་མཐུན་པར། །འཇམ་པའི་སྟན་ལ་འདུག་ནས། རང་གི་སྙིང་གར་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ ་འཁོར་ལ། ཏཱཾ་ཡིག་དམར་པོ་ལས་འོད་ཟེར་གྱི་ཚོགས་འཕྲོས་པས་མ་ལུས་པའི་ནམ་མཁའ་ཨི་དཀྱིལ་འཁོར་ཁྱབ་པར་བསྒོམས་པར་བྱའོ། །དེ་ནས་འོད་ཟེར་གྱི་ཞལ་མཐོང་བར་བྱ་བའི་མ་ལུས་པའི་བླ་མ་དང། ཡི་དམ་ལྷ་དང། དེ་བཞིན་གཤེགས ་པ་རྣམས་བལྟས་ཏེ། །དེ་རྣམས་ལ་སེམས་ཀྱིས་མཚེད་པ་བྱས་ལ། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བརྗོད་དེ། །དེ་ནས་བརྟན་པ་དང་གཡོ་བའི་འགྲོ་བ་རང་བཞིན་གྱིས་སྟོང་པའི་བདག་ཉིད་དང་ལྡན་པར་བལྟའོ། །སྔགས་བརྗོད ་པར་བྱའོ། །ོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་ཏ་བྷཱ་བ་ཨཱཏྨ་ཀོ་ཧཾ། དེའི་རྗེས་སུ་ནམ་མཁའ་ལ་པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་ཡིག་ལས་སྐྱེས་པའི་ཁྲོ་བོའི་རྡོ་རྗེས་བསྐྲད་དོ། །རྡོ་རྗེ་ར་བ་བསྒོམས་པའི་གནས་པའི་ཆོས་འབྱུང་གི་དབུས་སུ་གཞལ་ཡས་ཁང་གི་ནང་དུ། ་ཟླ་བའི་དབུས་སུ་ཧཾ་ཡི་ག་བལྟས་ཏེ་དེ་ནས་ཧཾ་ཡིག་ལས་དེ་བཞིན་གཤེགས་པ་ཐམས་ཅད་སྤྲོ་བར་བྱ་སྟེ། བདག་ཉིད་སྒྲོལ་མའི་གཟུགས་སུ་བསྒོམ་པར་བྱའོ། །སྐུ་མདོག་དམར་མོ་ཞལ་བཞི་པ་ཕྱག་བརྒྱད་པ་གར་བྱེད་པ། ཐོད་པའི་ཕྲེང་བ་ཅན། རྒྱན་ཐམས་ཅད ་ཀྱིས་བརྒྱན་པ། སྟག་གི་འཕགས་པས་སྨད་གཡོགས་པ། །རྣལ་འབྱོར་མའི་ཚོགས་ཀྱི་དབུས་ན་གནས་པ། སྤྱན་གསུམ་མ་གཞལ་ཁྲོ་གཉེར་ཅན། དེའི་དང་པོའི་ཞལ་དམར་པོ་གཡས་ཀྱི་གནག་པ། །གཡོན་པའི་ལྗང་པ། སྟེང་དུ་ཞི་བ་སེར་པོའོ། །གཡས ་པའི་ཕྱག་རྣམས་ན། ཌ་མ་རུ་དང། ཐོད་པ་དང། རིལ་གྲི་དང་རྡོ་རྗེ་འཛིན་པ། གཡོན་པ་ན་ཨུཏཔ་ལ་དང། རིན་པོ་ཆེ་དང། དྲིལ་བུ་དང་ཁ་ཊཝཱུཾ་ག་འཛིན་པའོ། །དེ་ནས་སྣ་ཚོགས་པདྨ་ལ་ལྷ་མོ་བརྒྱད། །སུ་ར་ཏ་ཤྭ་རི་དང། སུ་ར་ཏ་ཅེན་ཏྲ། སུ་ར་ཏ་མ་ལི་ནི། ་སུ་ར་ཏ་བྷཀྵི། སུ་ར་ཏ་ཀ་མི་ནི། སུ་ར་ཏ་ཨུ་གྲ། སུ་ར་ཏ་ཨུ་ཏཱ་མ། དཀར་མོ། ལྗང་གུ། སྔོན་མོ། སེར་མོ། དཀར་མོ། དམར་མོ། སྔོན་མོ། ཇི་ལྟར་གཡས་ཀྱིས་ཌ་མ་རུ་དང་ཀ་པཱ་ལ་འཛིན་པ། གཡོན་པ་རྣམས་ཀྱི་དྲིལ་བུ་དང་ཁ་ཊཝཱཾ་ག་འཛིན་པ། །བྲོ ་གཉེར་ཅན། ཐོད་པའི་ཕྲེང་བ་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེའི་ཕྱི་རོལ་ཏུ་འཁོར་ལོ་རྩིབས་བཅུ་གཉིས་པ་ལ་ཤི་ཁ་བྷི་མ། ཤི་ཀཎྜཱི། ཀི་རཱ་ལཱི། ར་ཌ་སཱི། ར་ཨུ་ཏྲ། ཛཝ་ཏྲཱི། ཙནྡྲི། མ་ཨུ་དྷི། བི་ཀ་ཏ། ཨུ་ཏ་ཀ་ཏ། ཀི་རི་ཊི། ནར་ཏི་ཀ། དེ་དག་ཐམས ་ཅད་གཡོན་ཕྱེད་དམར་བ། གཡས་ཕྱེད་ལྗང་གུ་།གཡས་ན་འཁྲོ་ལོ། རྡོ་རྗེ་འཛིན་པ། གཡོན་ན་ཐོང་པ་དང་ཁ་ཊཝཾ་ག་འཛིན་པ། ཞལ་ཁྲོ་གཉེར་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྐྲ་གྲོལ་པ། གཡས་བསྐུམ་གཡོན་བརྐྱང་དང། གཡོན ་བསྐུམ་གཡས་བརྐྱང་གི་གར་གྱིས་གནས་པ། དང་པོ་གཡོན་དང། གཡས་སུ་འགྲོ་བ། གཞན་ཡང་དེའི་ཕྱི་རོལ་དུ་སྒོ་བཞི་མ། ཀཾ་པུ་ཙི། པུཀྐ་ཡི། ཌོཾ་པི་ནི། མ་ཏཾ་ཀི་།གཡས་ན་གྲི་གུག་ཐོད་པ་འཛིན་པ། གཡོན་མའི་མགོ་བོ་དང། ཁ་ཊཝཱཾ་ག ་འཛིན་པ། མཆེ་བ་གཙིགས་པའི་ཞལ། སྦྲུལ་གྱི་རྒྱན་གྱིས་བརྒྱན་པ། ཉི་མའི་གདན་ལ་གཡོན་བསྐུམ་གཡས་བརྐྱང་བས་བདུད་བཞིའི་སྟེང་དུ་གཡོན་དུ་བསྐོར་བ། ཁ་དོག་སྣ་ཚོགས་བསྒོམ་པར་བྱའོ། །དེ་ནས་གནས་ཀྱི་ཆོ་ག་བྱ་སྟེ། དེ་ལ་མཚོགས ་ཁ། སྤྱི་བོར་རྣ་བ་གཡོན། ལྟག་བ་སོགས་ཕྲག་རྣ་བ་གཡས། །སྨིན་མའི་བར། མིག་གཉིས་དཔུང་པ། མཆན་ཁུང་གཉིས། ནུ་མ་གཉིས། ལྟེ་བ། སྣ་རྩེ། ཁ། སྐེ། ཐུགས་ཀ། ལྟེ་བའི་འོག་།གསང་གནས། བཤད་ལམ། བརླ་གཉིས། ་ངར་གདོང་གཉིས། རྐང་པའི་རྟིང། རྐང་པའི་འོག་།རྐང་པའི་མཐེ་བོང། བུས་མོ་གཉིས་ལ་རིམ་པ་ཇི་ལྟ་བར། པུ་ཛཱ་ཨོ་ཨ། གོ་རཱ་དེ་མ། ཀ་ཨོ་ཏྲི་ཀོ། ཀཱ་ལ་ཀཱ་ཧི། པྲེ་གྲི་སོ་སུ། ན་སི་མ་ཀུ། པུལླི་ར་མ་ལ་ཡཾ། ཛཱ་ལ་དྷ་རཾ། ཨོ་ནྱ་ནཾ། ཨར་བུ་དཾ ་གནས་པ་བཞིའོ། །གོ་ཏ་ཝ་རི། ར་མི་ཤྭ་ར། དེ་ཝི་ཀོ་ཊི། མཱ་ལ་ཝེ། ཉེ་བའི་གནས་བཞིའོ། །ཀཱ་མ་རུ་པཾ། ཨོ་ཊི། ཞིང་གཉིས་སོ། །ཏྲི་ཤ་ཀུ་ནེ། ཀོ་ས་ལཾ། ཉེ་བའི་ཞིང་གཉིས་སོ། །ཀ་ལི་ཀ། ལཾ་བ་ཀཾ། འདུ་བ་གཉིས་སོ། །ཀན་ཙི་ཧི་མ་ལ་ཨཾ ་ཉེ་བའི་འདུ་བ་གཉིས་སོ། །པྲེ་ཏ་པུ་རི། གྲི་ཧ་དེ་པ་ཏ། མ་ལ་ཡ་གཉིས་སོ། །སཽ་རཥྚཾ། སུ་བརྞ་དྲི་བ་ཉེ་བའི་མ་ལ་ཡ་གཉིས་སོ། །ནག་རཾ། སིནདཱུ?། ཧེ་ཤམ། དུར་ཁྲོད་གཉིས་སོ། །མ་དུ་དི་ཤཾ། ཀུ་ལུ་ཏ། ཉེ་བའི་དུ་ཁྲོད་གཉིས་སོ། །མཚོགས་ཁ་ཐུགས་ཀ། ལྟེ་བ། གསང་གནས། །བརླ ་གཉིས། བྱིན་པ་ལ་རིམ་པ་བཞིན་དུ། །བྷྲུཾ་བྷྲུཾ་ཨ་ཧྲི་ཁཾ་ཞེས་བྱ་བ་ནི་གོ་ཆའོ། །དེ་རྡོ་རྗེ་པདྨ་འཁོར་ལོའི་དབུས་སུ། ཧཱུཾ་ཨཱ(རྒྱུད་འགྲེལ་ཀུ་ར་ཏི་ཤྭ་རི་ལ་སོགས་པ་ལ། དབུ་ལ་རིན་ཆེན་འབྱུང་ལྡན་ནོ། །ཤི་ཁི་ལ་སོགས་པ་རྣམས་ལ་དབུ་ལ་རྣམ་པར་སྣང་མཛད། །ཀཾ་པུ་ཙི་ལ་སོགས་པ་རྣམས་ལ་དབུ་ལ་མི་བསྐྱོད་པའོ། །དེ་ནས་ཨརྒྷཾ་སྦྱིན་པར་བྱའོ། །ངེ་ནས་བདུད་རྩི་མྱང་བར་བྱའོ། །དེ་ལ་ཡཾ་རཾ་ལས་དཀྱིལ་འཁོར ་གཉིས་ཀྱི་སྟེང་དུ་པདྨའི་སྣོད་བདུད་རྩི་ལྔས་བཀང་ནས་ཤ། གྷོ་ཧ་ཨ་མ་ཨོཾ་ཨཱ(རྒྱུད་འགྲེལ་སྔགས་བཟླས་སོ། །ཛ(རྒྱུད་འགྲེལ་ཨོཾ་ཨཱ(རྒྱུད་འགྲེལ་བྷ་དྲའི་སློབ་མ་པཎྜི་ཏ་སཾ་གྷ་མ་ཤྲཱི་བྷ་དྲ་དང་བོད་ཀྱི་ལོ་ཙ་བ་འཇམ་དཔལ་སྒེག་པའི་རྡོ་རྗེས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཨོ་ནྱན་ཏཱ་ར་ཀ་མ། བོད་སྐད་དུ། ཨུ་རྒྱན་གྱི་སྒྲོལ་མའི་རིམ་པ། སྒྲོལ་མ་ལ་ཕྱག་འཚལ་ལོ། །ལྷ་རྣམས་ཀུན་ནམ་བཅུ ་