CLOSE WINDOW

N1372: 'phags ma gnas kyi dbang phyug ma'i sgrub pa'i thabs zhes bya ba
Wyliee-texts based on the ACIP/ALL Input

མའི་ལྷ་བཅུའི་སྒྲུབ་པའི་ཐབས། སྤོབ་དཔོན་ཆེན་པོ་ལྷན་ཅིག་སྐྱེས་པའི་རལ་པས་མཛད་པ་རྫོགས་སོ།། །།འབྲོག་མི་ལོ་ཅེ་བས་བསྒྱུར་བའོ།། །།*། །རྒྱ་གར་སྐད་དུ། ཨཱརྱ་པོ་ཐཱི་ཤྭ་རི་སཱ་དྷཱ་ནཱཾ་ནཱ་མ། བོད་སྐད་དུ། ་འང་གས་མ་གནས་ཀྱི་དབང་ཕྱུག་མའི་སྒྲུབ་པའི་ཐབས་ཞེས་བྱ་པ། །འཕགས་མ་གནས་ཀྱི་དབང་ཕྱུག་མ་ལ་ཕྱག་འཚལ་ལོ། །དེ་ནས་གསར་བ་བདག་གིས་བཤད། །གསང་བའི་དེ་ཉིད་མན་ངག་སྟེ། །ཆོ་ག་སྔ་དྲོ་པངས་ནས་ནེ། །སྙིང་རྗེས་བརླན ་པའི་སེམས་ཀྱིས་སུ། །ཡིད་ནི་གཡོ་བ་མེད་བྱ་སྟེ། །སེམས་ཅན་ཐམས་ཅད་གདོན་བྱའོ། །བདུད་རྩི་ལྔ་ནི་བླངས་ནས་སུ། །ཐོད་པར་རྟོག་མེད་སེམས་ཀྱིས་གཞག་།རླུང་དང་མེ་ཡི་སྟེང་དུ་ནི། དག་དང་ཁོ་ལ་དང་ཚོས་པར་བྱ། །ནོར་འཛིན་མཎྜལ་བྱས་ནས་ནི ་བྱང་ཆུབ་ཡན་ལག་རབ་ཏུ་སྦྱིན། །འཇམ་པའི་སྟན་ལ་འདུག་ནས་ནི། །རབ་བརྟན་རྡོ་རྗེ་སྐྱིལ་ཀྲུང་བཅས། །ཏིང་འཛིན་ཕྱག་རྒྱ་ཡང་དག་བྱ། །ཁམས་གསུམ་སྟོང་པ་ཉིད་དུ་ལྟ། །འདི་ནི་ཐམས་ཅད་རྨི་ལམ་འདྲ། །ཉེ་བར་རྙེད་པ་གང་ཡང་མེད། །དྲ་ཟའི ་གྲོང་ཁྱེར་རྣམ་པ་འདྲ། །འགྲོ་བ་སྒྱུ་མར་བལྟས་པའོ། །ཐུགས་ཀའི་ནམ་མཁའ་ཨི་དབུས་གནས་པར། །ཡེ་ཤེས་ཟླ་བ་དྲི་མེད་བྱ། །དབུས་སུ་ཏཱཾ་ཡིག་བསམ་མི་ཁྱབ། །འོད་ཟེར་ལྔ་ལྡན་འབར་བ་ཡིས། །ཕྱོགས་བཅུར་གནས་པའི་སངས་རྒྱས་རྣམས། ། ་སྒྲོལ་མའི་གཟུགས་རྣམས་རྣམ་བསྒོམ་བྱ། །དེ་རྣམས་སྤྱན་དྲངས་བྱིན་གྱིས་བརླབ། །ཡེ་ཤེས་སྐུ་ནི་རྗེས་སུ་དྲན། །དེ་ནས་སེམས་ཅན་ཐམས་ཅད་ལ། །ཡེ་ཤེས་འོད་ཟེར་རྣམ་དག་བྱ། །སངས་རྒྱས་དེ་ཉིད་རབ་གནས་བྱ། །བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །མྱུར་དུ ་སངས་རྒྱས་སྒྲོལ་མ་ཅན། །ནམ་མཁའ་ཡི་ནི་མདུན་དུ་བལྟ། །ཡེ་ཤེས་མཆོད་པ་སྣ་ཚོགས་པ། །ཡེ་ཤེས་ལས་ནི་སྐྱེས་པས་བྱ། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། །སེམས་ཅན་ཐམས་ཅད་དོན་བྱས་ཏེ། །ཆོ་ག་གསུམ་གྱི་སྦས་པའི་སྡིག་།བླ་མའི་མདུན ་དུ་རབ་ཏུ་བཤགས། །སྡིག་པ་ཐམས་ཅད་གྲོལ་བདག་ཉིད། །མྱུར་དུ་སངས་རྒྱས་ཐོབ་པའོ། །བདག་ཉིད་སྒྲོལ་མའི་རྣམ་པར་བྱ། །འགྲོ་ཀུན་དེ་བཞིན་སྒྲོལ་མ་རུ། །བལྟས་ནས་སངས་རྒྱས་རྣམས་ཀྱིས་ནི། །བྱིན་བརླབས་ས་བོན་དེ་རབ་བཞུགས། །ཆོས་རྣམས་རྣམ ་རྟོག་བྲལ་བ་དང། །རང་བཞིན་མེད་ཅིང་བདག་མེད་རྣམས། །དབྱེར་མེད་རྣལ་འབྱོར་པས་གཟིགས་བྱ། །སྔགས་འདི་དག་ནི་བརྗོད་པར་བྱ། །ོཾ་སྭ་བྷཱ་བ་ཤུདྡྷ(རྒྱུད་འགྲེལ་རྣམ་པར་བལྟ། །དེ་ཡི་དབུས་སུ་པདྨར་གནས། །ལྟེ་བ་གེ་སར་འབར་བའོ། །འདབ་མ་བརྒྱད་ལྡན་དགའ་བའོ། །རྣམ་པ་སྣ་ཚོགས་ཡིད་འཕྲོག་པའི། །དེ་ཕྱིར་འབར་བའི་འཁོར་ལོ་སྟེ། །རྩིབས་ནི་བཅུ་གཉིས་ཤིན་ཏུ་མཛེས། །ཐིག་ནི་ལྔ་དང་ཡང་དག་ལྡན། །དེ་ཡི ་སྒོ་ནི་བཞི་པ་ལ། །ལྷ་ཡི་སྟ་བབས་རྣམ་བཞིའོ། །མེ་ལོང་ལ་སོགས་རྣམས་ཀྱིས་བརྒྱན། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པའོ། །གནས་སྐྱེས་རྣལ་འབྱོར་རྣལ་འབྱོར་མའོ། །ཕྱོགས་སྐྱོད་མགོན་པོ་རྣམས་སྤྱན་དྲངས། །བྱང་སེམས་དེ་བཞིན་གཤེགས་པ་རྣམས། །ཡེ ་ཤེས་རླུང་གིས་དགུག་པར་བྱ། །རྣལ་འབྱོར་མ་ཀུན་དགའ་བྱེད་རྣམས། །ཀུན་མཁྱེན་སངས་རྒྱས་ཀྱི་གང་རྣམས། །ཟླ་བར་རབ་ཏུ་ཞུགས་པར་བསྒོམ། །དེ་གྱུར་པ་ལས་བདག་ཉིད་ནི། །ལྷ་མོ་སྒྲོལ་མར་བསྒོམ་པར་བྱ། །སྐུ་མདོག་དམར་ལ་ཞལ་བཞི་པ། །ཕྱག་ནི ་བརྒྱད་ཀྱིས་རྣམ་པར་བརྒྱན། །ཉི་མ་འཆར་ཀ་བརྒྱ་ཡི་འོད། །དང་པོའི་ཞལ་ནི་དྲན་པར་བྱ། །དྲི་མེད་ནམ་མཁའ་ཨི་རང་བཞིན་སྔོ། །གཡས་ཀྱི་ཞལ་ནི་དྲན་པར་བྱ། །ཤ་ཀ་ས་ལ་ཤ་བཞིན་ལྗང། །གཡས་ཀྱི་ཞལ་ནི་ཡིད་དགའ་བས། །དེ་ལྟར་དཀོན་མཆོག་གསུམ ་དྲག་པོ། །རྣམ་པར་འགྱུར་པའི་ཞལ་འཇིགས་བྱེད། །ཅུང་ཟད་མཆེ་བ་གཙིགས་པ་པོ། །མི་སྡུག་དེ་ནས་བསྒོམ་པར་བྱ། །སེར་པོ་ཞི་བ་སྟེང་གི་ཞལ། །རྒྱན་ཀུན་གྱིས་ནི་བརྒྱན་པའོ། །ཐོད་པའི་ཕྲེང་བས་དབུ་བརྒྱན་པ། །ཡེ་ཤེས་ལྔ་ནི་ཉེ་བར་མཛེས། །དེ་ལྟར་དེ་ནི ་གཟི་བརྗིད་ཆེ། །ཞལ་བཞི་པར་ནི་བསམ་གཏན་བྱ། །ཐོད་པ་རྡོ་རྗེ་རལ་གྲི་དང། །ཌ་མ་རུ་གཡས་ཕྱག་ན་བསྣམས། །ཡིད་བཞིན་ནོར་བུ་ཁ་ཊཝཱཾ་ག། །དྲིལ་བུ་དེ་བཞིན་ཨུཏཔལ་དམར། །དེ་ཡི་གཡོན་པར་བསྒོམ་པར་བྱ། །དེ་ཡི་བརླ་ལ་ཡོད་པ་ནི། །སྟག་གི ་ཤམ་ཐབས་གྱོན་པའོ། །སྐྱིལ་ཀྲུང་ཕྱེད་པའི་གར་བྱེད་པ། །སྣ་ཚོགས་པདྨ་ཟླ་དབུས་གནས། །སྙིང་རྗེའི་ཁྲོ་བ་འཇིགས་བྱེད་མ། །སྤྱན་གསུམ་དམར་པོ་བགྲང་པའོ། །དྲག་པོ་གཡོན་ཕྱོགས་ལྟ་བར་བྱེད། །རླུང་གི་དཀྱིལ་འཁོར་ལ་རྟག་གནས། །གནས་རྣམས ་ཀྱང་ནི་དགུག་པའི་མཆོད། །རྣལ་འབྱོར་མ་ཚོགས་དབུས་གནས་པར། །བདེ་བ་ཐམས་ཅད་རབ་སྦྱིན་པའོ། །པཱུ་ཛ་ཨོཾ་ཨ་གོ་ར་དེ་མ། །ཀ་ཨོ་ཏྲི་ཀོ་ཀ་ལ་ཀ་ཧི། པྲེ་གྲི་སཽ་སུ་ན་སི་མ་ཀུ། །དེ་ལྟར་ཡི་གེ་ཉི་ཤུ་བཞི། །རྣལ་འབྱོར་མ་གནས་དཀྱིལ་འཁོར་ལ། ། ་ལུས་ལ་ཆོ་གའི་ཆོ་ག་ཡིས། །རྣལ་འབྱོར་དབང་ཕྱུག་རབ་ཏུ་འགྲུབ། །མཚོགས་ཁ་སྤྱི་བོ་རྣ་བ་གཡས། །ལྟག་པ་གཡོན་གྱི་རྣ་བ་དག་།སྨིན་མཚམས་དང་ནི་སྤྱན་དང་ནི། །དཔུང་པའི་རྩ་བ་གཉིས་དེ་བཞིན། །མཆན་ཁུང་གཉིས་དབུ་མ་གཉིས། ། ་ལྟེ་བའི་སྣ་ཡི་རྩེ་མོ་དང། །ཁ་དང་མགུལ་ལ་གོ་ཆ་བྱ། །སྙིང་ཁ་དང་ནི་འདོམས་དང་ནི། །གསང་གནས་བཤང་ལམ་དེ་བཞིན་བརླ། །བུས་མོ་གོ་རིམ་ཇི་བཞིན་ནོ། །དང་པོ་སུ་ར་ཏི་ཤྭ་རི་ཏི། །གཉིས་པར་སུ་ར་སོན་ཏ་རི། །གསུམ་པ་སུ་རཏ་ཙན་ཏྲ་དང། །བཞི་པ་སུ ་རཏ་མ་ལོ་ནི། །ལྔ་པ་སུ་རཏ་བྷཀྵིའོ། །དྲུག་པ་སུ་རཏ་ཀི་མི་ནི། བདུན་པ་སུ་རཏ་ཨུ་གྲ་དང། བརྒྱད་པ་སུ་རཏ་ཨུ་ཏ་མ། །གནས་དང་ཉེ་བའི་གནས་སོང་བསྒོམ། །རྣལ་འབྱོར་དབང་ཕྱུག་རབ་ཏུ་གྱུར། །དཀར་དང་ལྗང་དང་སྔོ་བ་དང། །བཞི་པ་སྐུ་མདོག་སེར ་བོ་དང། །སེར་དང་དཀར་དང་དམར་བ་དང། །སྐུ་མདོག་སྔོན་པོ་བརྒྱད་པའོ། །ཐོད་པ་དང་ནི་ཁ་ཊཝཱཾ་འཛིན། །དྲིལ་བུ་ཌ་མ་རུས་བརྒྱན་པའོ། །ཐོད་པའི་ཕྲེང་བས་དབུ་བརྒྱན་པའོ། །རྒྱན་ནི་ཐམས་ཅད་ཀྱིས་བརྒྱན་པ། །རིན་ཆེན་ཡེ་ཤེས་སྟེང་དབུས་བརྒྱན། །དེ ་རྣམས་པདྨའི་འདབ་མར་གནས། །ཤི་ཁི་བྷི་མ་ཤི་ཁ་ཎ་ཌི། །ཀི་ར་ལི་དེ་བཞིན་ཇི་ཏི་ལི། །ུ་ཊི་ཛི་ཊ་དེ་བཞིན་ཙཎ་ཌི། །མཽཎྜ་བི་ཀ་ཌོ་ཨུད་ཀ་ཏི། །ཀི་རི་ཌི་ནར་ཏེ་ཀི་དང་ངོ། །ཞིང་དང་ཉེ་ཞིང་ཚན་དོ་ཧ། །དེ་བཞིན་ཉེ་བའི་ཚན་དོ་ཧ། །འདུ་བ་ཉེ་བའི་འདུ་བའོ། ། ་གནས་ནི་དེ་རྣམས་གནས་པ་ཡི། །ལྷ་མོ་བཅུ་གཉིས་བསྒོམ་པར་བྱ། །ཕྱེད་དམར་ཕྱེད་ནི་ལྗང་བ་རྣམས། །ཐོད་པའི་ཕྲེང་བས་བརྒྱན་པའོ། །སྣ་ཚོགས་རྒྱན་གྱིས་བརྒྱན་པ་རྣམས། །སྐྲ་གྲོལ་བ་དང་ཁྲོ་གཉེར་ཅན། །རྟག་པའི་མཆོག་ནི་དབུ་བརྒྱན་རྣམས། ་ཐོད་པ་ཁ་ཊཝཱཾ་ག་འཛིན་པའོ། །ཕྱག་གཞན་འཁོར་ལོ་རྡོ་རྗེའོ། །གཾ་བུ་ཙཾ་དང་པུཀྐ་སི། །ཌོ་མྦི་དེ་བཞིན་མ་ཏོཾ་གི་།བཞི་ནི་སྣ་ཚོགས་མདོག་རྣམས་སོ། །སྒོ་སྲུངས་ཁྲོ་གཉེར་ཆེན་མོའོ། །མཆེ་བ་གཙིགས་པའི་ཞལ་མངའ་བ། །གཡོན་བསྐུམ་གཡས་བརྐྱང་ངེས ་པར་གནས། །ཉི་མའི་དཀྱིལ་འཁོར་ལ་གནས་པ། །མི་བསྐྱོད་པ་ཡི་དམ་ཚིག་སྟེ། །དབུ་རྒྱན་སྟེང་དུ་རྒྱན་རྣམས་སོ། །ཐོད་པ་ཁ་ཊཝཱཾ་ག་འཛིན་པ། །ཕྱག་གཞན་གྲི་གུག་མགོ་བོ་བསྣམས། །རྒྱན་རྣམས་ཀུན་གྱི་ལུས་བརྒྱན་པ། །བདུད་བཞིའི་སྟེང་དུ་ཡང ་དག་གནས། །ཐོད་པའི་ཕྲེང་བས་བརྒྱན་པ་རྣམས། །དུར་ཁྲོད་ཉེ་བའི་དུར་ཁྲོད་རྣམས། །དང་སོགས་དབང་པོ་རྣམ་པར་དག་།སྙིང་རྗེ་ལྡན་པ་བསྒོམ་པར་བྱ། །ཐམས་ཅད་གཅེར་བུ་འཛིན་པ་རྣམས། །སྙིང་རྗེའི་དགའ་མ་མཛེས་པ་རྣམས། །ལྷམ་པའི་དབུས་སུ ་ཡང་དག་གནས། །ལྷ་མོ་སྒྲོལ་མ་རྣམ་པར་བསྒོམ། །བུར་ཏི་ཤྭ་རིའི་སྡེ་རྣམས་ནི། །རིམ་དང་རིམ་མིན་བསྐོར་བའོ། །འཁོར་ལོ་རྩིབས་ཆེན་བཅུ་གཉིས་ལ། །ཤི་ཁི་ལ་སོགས་ནོར་བུའི་བར། །རིམ་དང་རིམ་པ་མིན་པའོ། །འགྲོ་བའི་བདག་མོ་རྣམས་ར་དགོད། ། ་རྐང་པ་བཀུག་དང་བརྐྱང་བ་དང། །ཡང་ནི་བརྐྱང་དང་དགུག་པའི་བར། །ཀཾ་པུ་ཙི་སོགས་སྒོ་རྣམས་སུ། །གཡོན་དུ་བསྐོར་བར་རྣམ་པར་དགོད། །དེ་ལྟར་རྫོགས་པའི་སྒྲུབ་པ་ནི། །དཀྱིལ་འཁོར་གནས་དང་ཡང་དག་འབྲེལ། །དེ་ནས་ཆོ་ག་རབ་ཏུ་ཕྱེ། །རིགས་ལྔ་པོ ་ནི་བསྒོམས་པར་བྱ། །སྤྱི་བོར་བྲཾ་ཡིག་དཀར་པོ་སྟེ། །མགྲིན་པའི་ཧྲཱི(རྒྱུད་འགྲེལ་ཆེན་མཆོག་།སྣ་ཚོགས་རྡོ་རྗེ་འཛི་རྣམས་གནས། །རྣལ་འབྱོར་མ་ནི་ཐམས་ཅད་ལ། །ཆོ་ག་དེས་ནི་ཆོ་ག་བྱ། །ཐུགས་ཀའི་ས་བོན་འོད་ལྕགས་ཀྱུས། །སངས་རྒྱས་ཡེ་ཤེས་འཁོར་ལོ་དགུག་།བ་སྤུའི་སྒོ་རྣམས་པདྨ་གནས། །མཆོད་པའི་ལྷ་མོ་རང་ལས ་སྤྲུལ། །དད་པ་མཆོག་གིས་ཡང་དག་མཆོག་།ཡང་ནི་རང་ལ་གཞུག་པར་བྱ། །དེ་ནས་དབང་བསྐུར་གསོལ་བ་གདབ། །བདེ་གཤེགས་རྣམས་ནི་དངོས་གྲུབ་སྟེར། །ཇི་ལྟར་བལྟམ་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར ་ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་ཁྲུས་བྱའོ། །ོཾ་སརྦཝཱ་ཏིརྠ་ཨ་བྷི་ཥོ་ཀ་ས་མ་ཡ་ཧྲཱི(རྒྱུད་འགྲེལ་སེམས་ཅན་ཐམས་ཅད་རྣམས། །སྒྲོལ་མའི་གཟུགས་སུ་ངེས་ལྟ་བར། །སྒོམ་སྦྱོར་གྱིས་ནི་སྒོམ་གྱིས་ཤིག་།བསྒོམ་པ་སྒོམ་མིན་སྐད་ཅིག་ཙམ། །གནས་གྱི་མན་ངག་རིམ་གྱིས་དང། །བླ་མའི་རྣལ་འབྱོར་མ་རིམ་གྱིས། །མན་ངག་དམ་ཚིག་རྙེད ་བ་སྟེ། །བླ་མའི་ཞབས་ཀྱི་མཆོག་སྦྱིན་གྱིས། །ཡེ་ཤེས་རྟོག་པ་བསྒོམ་བདག་ཉིད། །ཡེ་ཤེས་རྟོག་པ་སྒོམ་གྱིས་ཤིག་།རྟོག་པ་བྲལ་བ་མེད་པ་ནི། །ཡེ་ཤེས་མ་ཡིན་རྟོག་པ་ཡིན། །ཆོས་ཀྱི་བདག་ཉིད ་མཉམ་པ་ཉིད། །རང་བཞན་མེད ་ཅིང་ཡི་གེ་མེད། །སྐུ་མདོག་འདས་དང་རྣམ་པ་མེད། །རིང་པོ་མ་ཡིན་ཟླུམ་པོ་མིན། །དེ་ཉིད་འབྱུང་པོ་ཐམས་ཅད་རྣམས། །རྣལ་འབྱོར་ཡེ་ཤེས་ཡིད་མེད་པ། །དེ་ནི་དེ་ཉིད་བཟླས་པ་ཡིས། །རྣལ་འབྱོར་དབང་ཕྱུག་ཐོབ་པའོ། །ོཾ་ཏཱ་རེ་ཏུཐཱ་རེ་ཏུ་རེ ་ཧཱུཾ་ཕཊ། །དེ་ལྟར་དམ་ཚིག་སྔགས་ཡིན་ཏེ། །བཅོམ་ལྡན་འདས་མས་རབ་ཏུ་བཤད། །དང་པོ་ཨོཾ་དང་དེ་ནས་མིང། །ཧཱུཾ་ཕཊ་ཡི་གེ་ཡང་དག་ལྡན། །ཟློས་ཤིག་ལྷ་མོ་རྣམས་ཀྱི་སྔགས། །ཐམས་ཅད་ལ་ནི་མཆོད་པའོ། །ཛ(རྒྱུད་འགྲེལ་བཞིན། །སྒོ་པ་རྣམས་ལའང་དྲན་པར་བྱ། །ོཾ་ཧཱུཾ་ཕཊ། སྔར་བཤད་པ་ཡི་མིང་ལྡན་པ། །ཆོ་ག་འདི་ཡིས་ཡང་དག་བཟླས། །ོཾ་ཏྲཾ་ཧྲི་ཁཾ་ཧཱུཾ་ལཾ་མཾ་སཾ་ཏྲཾ་ཛ། ཕུང་པོ་ཁམས་རྣམས་དག་པའོ། །ོཾ་ཨཱ(རྒྱུད་འགྲེལ་ཡི། །སྔར་བཤད་ཆོ་གས་བསྔགས་པ་ཡིས། །ཆོ་ག་འབུམ་ཕྲག་གཅིག་བཟླས་བྱ། །སྡིག་པ་ཐམས་ཅད་རྣམ་དག་དོན། །སྡུག་བསྔལ་ཐམས་ཅད་ཟད་དོན་དུ། །རྣལ་འབྱོར་པ་རྣམས་རྟག་ཏུ་ནི། །བདུད་རྩི་ལྔ་ནི་ལྷ་བཤོས་ཏེ། ། ་དུས་ཀུན་རྣལ་འབྱོར་རྣམས་ཀྱི་ནི། །དུད་འགྲོ་བསད་ནས་མཆོད་པར་བྱ། །སྔགས་བས་ཙཱ་རུའི་བསྒྲུབ་པ་བྱ། །རྣལ་འབྱོར་མ་ལྡན་བཟའ་བར་བྱ། །བཟའ་དང་བཟའ་མིན་བཟའ་བར་བྱ། །བཏུད་དང་བཏུང་མིན་རྟག་ཏུ་གཏུང། །བྱ་དང་བྱ་མིན་བྱ་བའོ། །རྣལ ་འབྱོར་མ་ཚོགས་དཀྱིལ་འཁོར་དུ། །སྡིག་པ་ཡིས་ནི་མི་རེག་གོ་།མཉམ་ཉིད་བསྟན་པའི་ཆོས་ཉིད་དོ། །རྣལ་འབྱོར་བླ་མེད་ནོར་བུའོ། །གསང་བ་བླ་མེད་བླ་མེད་དོ། །རབ་སྣང་མིན་པ་བཤད་མིན་བྱ། །སྐྱེ་བ་འདི་ལ་གྲུབ་པ་ཐོབ། །སྲོག་གཅོད་ལ ་སོགས་སྤངས་པ་སྟེ། བརྫུན་དང་ཕྲག་དོན་མི་བྱའོ། །བློ་ནི་སེམས་ཅན་དོན་དུ་བྱ། །དེ་ནི་རྣལ་འབྱོར་ཐོབ་པའོ། །དགེ་བ་བཅུ་ནི་ངེས་པར་བྱ། །དེ་བཞིན་ཚངས་པའི་གནས་བཞི་དང། །སྦྱིན་པ་ལ་སོགས་གཏོང་ལ་དགའ་། །མཉེས་ཤིང་མཆོག་ནི་སྒྲུབ་པའོ། ། ་གཞན་ཡང་རྣལ་འབྱོར་བླ་མེད་བསྒོམ། །ཇི་ལྟར་བློ་ཡི་རིམ་པ་ལྟར། །རྣལ་འབྱོར་སོགས་བདག་རྣལ་འབྱོར་མ། །རིགས་རིམ་ཇི་ལྟར་བསན་བཅོས་སོ། །རི་དགས་ཐོགས་པ་སྣ་ཚོགས་པད་ཉི་ལ། །སྒྲོལ་མ་བདག་ཉིད་བསྒོམ་བྱ་བ། །སྣ་ཚོགས་མདོག་དང་ཞལ ་བཞི་པ། །གཡོན་བསྐུམ་གཡས་བ་རྐྱད་གནས་པ་སྟེ། །དབུས་ཀྱི་ཞལ་ནི་ལྗང་གུ་ལ། །གཡས་ནི་སེར་བར་བལྟ་བར་བྱ། །གཡོན་གྱི་ཞལ་ནི་སྡོ་བ་ལ། །སྟེང་གི་ཞལ་ནི་དཀར་བའོ། །བསམ་གྱི་མི་ཁྱབ་མཆེ་བ་གཅིགས། །ཐོར་པས་དབུ་ལ་བརྒྱན་པ་མོ། ། ་དབུ་ལ་དོན་ཡོང་གྲུབ་པས་བརྒྱན། །མི་ཡི་རུས་བའི་རྒྱན་གྱིས་བརྒྱན། །སྐྲ་གྲོལ་མིག་ནི་ཡངས་པ་མོ། །སྤྱན་གསུམ་དམར་མོ་མཛེས་མ་སྟེ། །རལ་གྲི་རྡོ་རྗེ་གསོར་བ་སྟེ། །འཁོར་ལོ་ལྕགས་ཀྱུ་འཛིན་པ་མོ། །དྲིལ་བུ་ཐུགས་ཀར་སྡིགས་མཛུབ་མཛད། །གྲི ་གུག་མགོ་བོའི་ལག་བ་གཞན། །ུཏཔལ་ཐོད་པ་ཁ་ཊཝཱཾ་ག་།ཚངས་པའི་ལྤགས་པ་སྟེང་དུ་གནས། །ཁྱབ་འཇུག་དབང་ཕྱུག་ཆེ་ཞབས་དག་།མནན་པས་ས་ལ་འཇིགས་རུང་འགྱུར། །སྔར་སྨོས་རྣལ་འབྱོར་མ་ཚོགས་རྣམས། །རེག་གི་དཀྱིལ་འཁོར ་དབུས་གནས་པ། །དེ་རྣམས་ཐམས་ཅད་སྣ་ཚོགས་མདོག་།གཅེར་བུ་འཇིགས་པའི་རྗེས་སུ་སོང། །གསང་བ་ཟབ་མོ་བླ་མེད་སྔགས། །དབུ་རྒྱན་དཔལ་རིམ་ལས་བྱུང་བ། །རྣལ་འབྱོར་མ་གནས་ཐམས་ཅད་ལ། །རིམ་པ་ཡང ་དག་སྤྱོད་པ་མཆོག་།གནས་ཀུན་བླ་མེད་མཉམ་སྦྱོར་ཏེ། །རྣལ་འབྱོར་མ་ཐུགས་བླ་ན་མེད། །ལྷ་མོའི་ལས་ནི་ཐམས་ཅད་བྱེད། །དག་པ་སྡིག་པ་སེལ་བར་བྱེད། །མཉམ་གཞག་མེད་པའི་སྒྲུབ་པ་ཡིས། །རྣལ་འབྱོར་བསྒོམ་པ་སྒོམ་པ་སྟེ། །སྔགས ་པས་རྟག་ཏུ་བསམ་གཏན་གང། །ཉོན་མོངས་མ་ལུས་ཟད་པར་འགྱུར། །གཡོ་དང་མི་གཡོ་ས་གཞིར་རོ། །དེ་ཡི་རྣལ་འབྱོར་ཆེ་རྣམས་སྤྱོད། །གནས་ཀྱི་ཆོ་ག་གྲུབ་བདག་ཉིད། །ཇི་ལྟར་བདེ་བས་སྤྱད་པར་བྱ། །ཧཱུཾ་ཐུགས་ཀར་རོ། །ོཾ་མཚོགས་ཁར ་རོ། །ཧཱུཾ(རྒྱུད་འགྲེལ་བསྒོམ་པ་བཟླས་པ་རྟག་ཏུ་བྱ། །དུར་ཁྲོད་དམ་ནི་ཤིང་གཅིག་གམ། །རི་ཡི་རྩེ་མོ་ས་ཕུག་ཁྱིམ། །ཁྱིམ་མ་མ་སྨད་འཚོང་གནས་སུ་འམ། །གཞན་ཡང་རྒྱལ་པོའི་ཁབ་ཏུ་འམ། །རྟགས་ཅིག་དྲུང། །ཕྱི་ཡི་ནགས་ཚལ་ཤི་བའི་གནས། །རྒྱ་མཚོ་དང་ནི་ཆུ ་མིག་རྣམས། །མ་མོའི་གནས་སུ་ངེས་པར་གནས། །གང་ཡང་ལོན་མེད་གྲུབ་པའོ། །ཐོགས་མེད་རྟག་ཏུ་སྤྱད་པར་བྱ། །རྣལ་འབྱོར་དེ་ཡིས་སྒོམ་པ་རྣམས། །གནས་ཀྱི་སྡེ་ཡི་རྣལ་འབྱོར་མ། །རིགས་ཀྱི་རྡོ་རྗེ་སྐྱེས་པའང་རུང། །ཡེ་ཤེས་རྡོ་རྗེའི ་སྒོམ་པའམ། །རིམ་པ་སྡེ་ཡི་རྣལ་འབྱོར་གྱིས། །བླ་ཡི་སྡེ་རྗེས་རིམ་པའོ། །བྱང་ཆུབ་སེམས་ནི་རབ་བསྟན་བྱ། །ཐམས་ཅད་ཤིན་ཏུ་རབ་བསྟན་བློ། །གདན་མིན་རྣམ་པར་རྟོག་པ་བྲལ། །ཡུལ་ཆོས་རྣམ་པར་སྤངས་པར་བྱ། །ལུས་དང་ངག་ཡིད་སྡེ ་ཡིས་ནི། །མྱུར་དུ་དེ་གསུམ་གྲུབ་པ་ཐོབ། །ཟླ་བའི་དཀྱིལ་འཁོར་དབུས་གནས་པ། །ོཾ་ཡིག་དག་ནི་རྣམ་པར་བསྒོམ། །སྤྱི་བོའི་སྟེང་དུ་སོང་བར་ལྟ། །བདུད་རྩི་ལྔ་ཡི་ཆར་ཕབ་བོ། །ཇི་ལྟར་རྣལ་འབྱོར་རབ་ཏུ་བྱ། །ུ་པ་ཧ་ར་དབུལ་པར་བྱ། །དེར་ནི་རྣལ་འབྱོར ་རྣལ་འབྱོར་གྱིས། །སྐད་ཅིག་ཙམ་གྱིས་གཟི་བརྗིད་འགྲུབ། །རྣལ་འབྱོར་ཐམས་ཅད་སེལ་བར་བྱེད། །ཇི་ལྟར་རྡོ་རྗེ་སེམས་དཔའ་ཨི་གཏམ། །སྒྲོལ་མའི་གཟུགས་ནི་གཟུགས་ཆེན་མོ། །བསྒོམས་ཤིག་དེ་ཉིད་ཡང་དག་དོན། །བཾ་ཡིག་བར་སོང་བསྒོམ་པར ་བྱ། །ོཾ་ནི་ལྕེ་ཡི་རྩེ་མོར་བལྟ། །ཐམས་ཅད་བཟའ་བའི་གནས་ཡིན་ཅིང། །ཡིད་བཞིན་ནོར་བུ་མཆོག་བཞིན་ནོ། །ཞི་བ་ཐམས་ཅད་སྡུག་བསྔལ་སེལ། །ཡེ་ཤེས་སེམས་དཔའ་རབ་བསྒོམ་བྱ། །རྣལ་འབྱོར་གང་ཞིག་འདི་བསྒོམ་དེ། །བྱང་ཆུབ་སེམས ་དཔའ་གྲགས་པ་ཆེ། །གནས་གསུམ་གྲུབ་པ་ཐོབ་པར་འགྱུར། །སྒྲོལ་མའི་ལྷ་མོ་རྣལ་འབྱོར་ལྡན། །རྡོ་རྗེ་གསང་རྒྱུད་བླ་མེད་དུ། །རྡོ་རྗེ་ལྡན་མས་བྲིས་པའོ། །སེམས་ཅན་ཡེ་ཤེས་འཕེལ་བའོ། །འཕགས་མ་གནས་ཀྱི་དབང་ཕྱུག་མའི་སྒྲུབ་ཐབས་ཞེས་བྱ་བ། ། ་རྡོ་རྗེ་གསང་བའི་རྒྱུད་ལས་མཁའ་འགྲོ་མ་རྡོ་རྗེ་ལྡན་མས་ཕྱུང་བ་རྫོགས་སོ།། །།ཐུགས་རྗེ་ཆེན་པོས་དབང་ལྡན་གསུམ་བསྐུར་བའི་གྲུབ་ཐོབ་ཝ་ནི་ཏ་བྷ་དྲའི་སློབ་མ་སཾ་གྷ་མ་ཤྲཱི་བྷ་དྲ་དང། །བོད་ཀྱི་ལོ་ཙ་བ་འཇམ་དཔལ་སྒེག་པའི་རྡོ ་རྗེས་བསྒྱུར་བའོ། །རྡོ་རྗེ་ལྡན་མ། །པཎྜི་ཏ་པ་ར་ཧེ་ཏ། ཐ་ནི་ཏ་བྷཝ་དྲ། སཾ་གྷ་མ་ཤྲི་བྷ་དྲ། འཇམ་དཔལ་སྒེག་པའི་རྡོ་རྗེ་མཁས་པ་ས་ཕུག་པ།། །།*། །རྒྱ་གར་སྐད་དུ། །ཤྭཱི་ཨོ་རྒྱན་ཏཱ་ར་ཀྲ་མ་ཨ་བྷི་ས་མ་ཡ་ནཱ་མ། །བོད ་