| Wylie | e-texts based on the ACIP/ALL Input |
སོགས། །རིག་བྱེད་མཐུ་ཡིས་འདུན་པར་བྱེད། །རིག་པ་བསྐྱེད་པ་རྫོགས་སོ།། །། *། །རྒྱ་གར་སྐད་དུ། མྲི་ཏྱུ་ཋཱ་ཀི་པ། བོད་སྐད་དུ། འཆི་བ་བསུ་པ། དཔལ་སྒྲོལ་མ་ཆེན་མོ་ལ་ཕྱག་འཚལ་ལོ། །སྒྲོལ་མ་ལྗངས་སེར་ཆོ་ག་ཡིས། །འཆི་བདག་ཆད་པ ་ཞི་མཛད་ཅིང། །མཁའ་འགྲོ་སྲིན་པོའི་གནོད་པ་རྣམས། །སྒྲོལ་མ་སྒྲོལ་མ་མཆོག་ཡིན་ནོ། །རེ་ཤིག་རྨིས་ལྟས་དང་ལུས་ཀྱི་རྣམ་འགྱུར་ལ་སོགས་པ་འཆི་པའི་རྟགས་རྣམས་དམིགས་ཤིང། དུས་མ་ཡིན་པར་འཆི་བའི་དུས་བྱེད་པ་རྣམས་ཀྱི་འཇིགས ་པ་ཆེན་པོ་ཞི་བར་བྱ་པའི་ཕྱིར་སྙིང་པོའི་གྲངས་བགྲངས་ཤིང་མ་ཡེངས་པའི་བསམ་གཏན་མང་དུ་གོམས་པའི་རྣལ་འབྱོར་པས་དབེན་པའི་ས་ཕྱོགས་སྟན་བདེ་བ་ལ་འདུག་སྟེ་ལུས་ཀྱི་འཇུག་བ་སྔོན་དུ་བཏང་བྱམས་པ་དང་སྙིང་རྗེ་ཆེན་པོ་སེམས་ཅན་ལ་བསྐྱེད ་ལ་སྒྱུ་མ་ལྟ་བུའི་བློ་ཅུང་ཞིག་གོམས་པར་བྱས་ཏེ་སྐད་ཅིག་གིས་དཔལ་སྒྲོལ་མ་ཆེན་མོ་སྐུ་མདོག་ལྗང་སེར་རིན་པོ་ཆེ་སྣ་ཚོགས་ཀྱིས་སྐུ་ལེགས་པར་སྒྲས་པ། ཕྱག་གཉིས་ཀྱི་ཐུགས་ཀར་ཆོས་སྨྲ་བའི་ཕྱག་རྒྱས་ཨུཏཔལ་སྔོན་པོ་འཛིན་པ། པདྨ་དང་ཟླ་བའི་སྟེང ་དུ་སྐྱིལ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་པདྨ་དང་ཟླ་བའི་སྟེང་དུ་ཏཱཾ་ལྗང་སེར་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་དུས་མ་ཡིན་པར་ཚེའི་དུས་བྱེད་པའི་སེམས་ཅན་རྣམས་ཀྱི་འཆི་བདག་གིས་མཐུ་མེད་པར་བྱས་ལ་ཚུར་ལ་བསྡུས་ལ་སྒྱུ་མ་ལྟ ་བུའི་བློས་སྡུག་བསྔལ་གྱིས་ཉེན་བའི་སེམས་ཅན་རྣམས་ལ་དམིགས་ཤིང་སྙིང་པོའི་མཆོག་འདི་བརྗོད་པར་བྱའོ། །ོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བྷ་ཡ་ཧ་ར་ཎེ་ཧཱུཾ་ཧཱུཾ་ཧཱུཾ་མྲི་དྱུ་དནཌ?་ཡ་མ་དནཌ་ཡ་མ་དྷུ་ན་སྭཱཧཱ། །ཞེས་པ་བཟླས་ཞིང། གཟུངས་དང་སྦྱིན་སྲེག་དང་གཏོར ་མ་དང་མཆོད་པ་ཕུ་པ་ལ་བསྟོད་པ་བྱའོ། །དེའི་རྗེས་ལ་གྲོ་ག་ལ་གུར་ཀུམ་གྱིས་འཁོར་ལོ་རྩིབས་བདུན་པ་བྲིས་ལ་ཆེ་གེ་མོའི་སྡིག་པ་ཞི་བར་གྱུར་ཅིག་ལ་སོགས་པ་སྤེལ་ལ་སྙིང་པོ་དང་གཟུངས་དགོད་པར་བྱའོ། །དེ་ནས་རིན་པོ་ཆེ ་འམ་རྫ་སར་པ་ཧ་སྤྱར་རམ། རྭ་འམ་ཤིང་གི་ཟ་མ་ཏོག་གནང་དུ་འཁོར་ལོ་དྲིལ་ལ་སྐུད་པ་དམར་པོས་སྣོད་ལན་མང་དུ་བཅིང། དར་མ་རས་དཀར་པོའི་ན་བཟའ་གཡོགས་ལ་དགེ་འདུན་གྱི་སྡེ་ཆེན་པོའི་གཙུག་ལག་ཁང་གི་ཤིང་ངམ། །མཆོད་རྟེན ་གྱི་ཤིང་ལ་བཅིང་ལ། །དུས་ཁྱད་པར་ཅན་ལ་མཆོད་པ་ཆེན་པོས་མཆོད་ཅིང་སྒོམ་པ་དང་སྙིང་པོ་དང་གཟུངས་དང་བསྟོད་པ་རྣམས་བརྗོད་པར་བྱའོ། །འཕགས་མ་སྒྲོལ་མ་སྟོབས་མོ་ཆེ། །ཁྱེད་ཀྱི་གསང་སྔགས་རྗེས་དྲན་པས། །འཆི་བདག་གནོད་པ་ཞི ་གྱུར་ནས། །ཞབས་ཀྱི་རྡུལ་ལ་རེག་པར་ཤོག་།འཕགས་པ་འཇམ་པའི་དབྱངས་ཀྱི་བྱིན་གྱིས་བརླབས་པ། པཎྜི་ཏ་ཆེན་པོ་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ་འཆི་བ་བསླུ་བ་རྫོགས་སོ།། །།ཅོག་ཀྲུ་ལོ་ཅེ་བ་མྱ་ངན་མེད་པའི་དཔལ་གྱིས་བསྒྱུར་བའོ།། །། ་*?། །འཕགས་མ་ལྷ་མ་སྒྲོལ་མའི་བསྟོང་བ་བཞུགས།། །།རྒྱ་གར་སྐད་དུ། ཨཱརྱ་ཏཱ་ར་དེ་བི་སྟོཏྲ་སརྦ་ཨརྠ་སཱ་དྷ་ན་ནཱ་མ་སྟོ་ཏྲ་རཱ་ཛ། བོད་སྐད་དུ། འཕགས་མ་ལྷ་མོ་སྒྲོལ་མའི་བསྟོད་པ། དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་བསྟོད་པའི་རྒྱལ་པོ། ་