| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། བི་དྱཱ་བརྡྷ་ནི། བོད་སྐད་དུ། རིག་པ་བསྐྱེད་པ། རིག་བྱེད་སྒྲོལ་མ་ལ་ཕྱག་འཚལ་ལོ། །གང་ཞིག་རྨོངས་པས་བློ་ལྡོངས་པ། རིག་བྱེད་སྒྲོལ་མ་རིག་པའི་མཆོག་།རྒྱལ་པོ་ཁྱིམ་བདག་མགུ་བྱེད་པ། །བླང་ཕྱིར་བདག་གིས་བྲི་བར་བྱ། ། ་གཞན་ཡང་སྒྲོལ་མའི་རིག་པ་མཆོག་བླང་པའི་སླད་དུ་བསྙེན་པའི་གྲངས་ཚད་དུ་སོན་ཞིང་སྒྲུབ་ཐབས་ཀྱི་ཆོ་ག་བློ་འདྲིས་པའི་རྟེན་གྱི་གང་ཟག་གིས་བྱམས་པ་དང་སྙིང་རྗེ་སྔོན་དུ་བསྐྱང་ལ་སྐད་ཅིག་གིས་རིག་བྱེད་སྒྲོལ་མ་སྐུ་མདོག་ཚོས ་ཆེན་པོ་ལྟ་བུ་ཞལ་གཅིག་ཕྱག་བཞི་པ། གཡས་ཀྱི་དང་པོ་མི་འཇིགས་པའི་ཕྱག་དང། གཉིས་པས་མདའ་དང། གཡོན་གྱིས་རིན་པོ་ཆེའི་གཞུ་དང། གཡོན་གཉིས་པས་ཨུཏཔལ་དམར་པོ་འཛིན་པ། རྒྱན་སྣ་ཚོགས་ཀྱིས་སྤྲས་པ། །པདྨ་དང་ཟླ་བའི་གདན་ལ ་སྐྱིལ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀང་པཾ་ལས་པདྨ། ཨ་ལས་ཟླ་བའི་སྟེང་དུ་ཏཱཾ་དམར་པོ་བྱུ་རུའི་མདོག་ལྟ་བུ་ལས། ཕྱོགས་བཅུར་འོད་འཕྲོས་ཚུར་བསྡུས་ནས་བདག་གི་ཀུན་ཏུ་རྨོངས་པའི་ཚོགས་ཐམས་ཅད་ཞི་བར་བསམ་ཞིང་སེམས་གཏད་ལ ་བསྒོམ་པར་བྱའོ། །དེ་ནས་སྐྱོ་བར་གྱུར་ན་གང་སྔགས་རྒྱུན་མགལ་མེའི་འཁོར་ལོ་ལྟ་བུས་སེམས་སྦྱང་སྣས་ཡང་ངོའི་ཚིས་བརྒྱད་ཀྱི་ཉིན་པར་ནས་འཚལ་དང་གུར་གུམ་དང་འགི་བི་རྣམས་སྤྱར་ལ་པདྨ་འདབ་མ་བཅུ་དྲུག་པ་གཉིས་བྲིས་ལ། ཨོཾ་ཏཱ་རེ་ཏུ་ཏྟཱ་རེ ་ཏུ་རེ་ཨ་ནི་བྷི་པྲཛྙཱཾ་པྲ་སཱ་དྷ་ན། ཨ་བྷི་པྲ་ཛྙ་པྲ་སཱུ་དྷ་སྭཱཧཱ། ཞེས་བཟླ་ཞིང་བདག་དང་འཁོར་ལོ་ཕན་ཚུན་ཐིམ་ཞིང་སྙིང་པོ་དང་གཟུངས་དགོད། འཁོར་ལོ་གཅིག་ལ་དབྱངས་དང་གསལ་བྱེད་བྲི་བར་བྱའོ། །དེ་ནས་བཅཝོ་ལྔའི་མཚན་ཕྱེད་ལ་ཟླ་བ་ལ་མངོན་དུ་ཕྱོགས ་བས་མཆོད་པ་རྣམ་པ་ལྔ་དང་སྦྱིན་སྲེག་དང་གཏོར་མ་རྣམས་ཕུལ་ལ་མེ་ལོང་གཡའ་ཡོངས་སུ་དག་པ་བུ་ག་མེད་པ་ལ་སིན་དྷུ་ར་དམར་པོ་གདལ་ལ་གསེར་རམ་ཟངས་ཀྱི་ཐུར་མས་འཁོར་ལོ་ཇི་ལྟ་བ་བཞིན་དུ་ཕྱི་ནང་དུ་གཉིས་བྲིས་ལ་སྙིང་པོ་དང་གཟུངས ་དང། ཕྱི་མ་ལ་དབྱངས་དང་གསལ་བྱེད་བཀོད་དེ་ཅུང་ཞིག་བཟླས་པ་བྱ་ཞིང་མཆོད་པ་རྣམ་པ་ལྔས་ཡང་དག་པར་མཆོད་ལ་འཁོར་ལ་གཉིས་དྲིལ་ཏེ་མགུལ་དུ་གདགས་པར་བྱ། །སིན་དུ་ར་ལེགས་པར་བསྡུས་ཏེ་དུག་ལང་ཀ་ཝ་ཏིའི་སྦུ་གུར་བླུགས་ལ་མཆན ་ཁུང་གཡོན་པར་བཏགས་ཏེ་ཐིག་ལེ་དམར་པོ་སྐྲ་མཚན་སུ་བྱ་ཞིང། བསོད་སྙོམས་ཀྱི་ཕྱིར་གྲོང་ཁྱེར་དུ་ཞུགས་ན་རྒྱལ་པོ་དང་ཁྱིམ་བདག་དད་ཅིང་འདུན་པར་འགྱུར་རོ། །སྒྲ་དང་བསྟན་བཅོས་མང་པོ་དང། །རོལ་མོ་རྒྱུ་རྩལ་ཇི་སྙེད་དང། །ལྷ་དང་གནོད་སྦྱིན་བུ་མོ ་སོགས། །རིག་བྱེད་མཐུ་ཡིས་འདུན་པར་བྱེད། །རིག་པ་བསྐྱེད་པ་རྫོགས་སོ།། །། *། །རྒྱ་གར་སྐད་དུ། མྲི་ཏྱུ་ཋཱ་ཀི་པ། བོད་སྐད་དུ། འཆི་བ་བསུ་པ། དཔལ་སྒྲོལ་མ་ཆེན་མོ་ལ་ཕྱག་འཚལ་ལོ། །སྒྲོལ་མ་ལྗངས་སེར་ཆོ་ག་ཡིས། །འཆི་བདག་ཆད་པ ་