CLOSE WINDOW

N1364: stong pa nyid bsgom pa
Wyliee-texts based on the ACIP/ALL Input

སྒྲོལ་མའི་སྒྲུབ་ཐབས་འཕགས་པ་འཇམ་དཔལ་དབྱངས་ཀྱིས་བྱིན་གྱིས་བརླབ་པ་པཎྜི་ཏ་ཆེན་པོ་ཏ་ཐཱ་ག་ཏཱ་རཀྵི་ཏ་ས་མཛད་པ་རྫོགས་སོ།། །།ཅོག་ཀྲུ་ལོ་ཙ་བ་མྱ་ངན་མེད་པའི་དཔལ་གྱིས་བསྒྱུར་བའོ། །བཀྲ་ཤིས། ། ་རྒྱ་གར་སྐད་དུ། ཤཱུ་ནྱ་ཏཱ་བྷ་པཱ་ན། བོད་སྐད་དུ། སྟོང་པ་ཉིད་བསྒོམ་པ། མེ་ཏོག་ཕྲེང་འཛིན་སྒྲོལ་མ་ལ་ཕྱག་འཚལ་ལོ། །གཏུམ་མོ་ཨེ་ཡི་སྦྱོར་བ་ཡིས། །ལུས་ཀྱི་པ་སྤུ་ཆེར་ལྡང་ཞིང། །ཡང་དག་ལྟ་བ་གོམས་གྱུར་པ། །དེ་ཉིད་ཆོས་རྣམས་ཆོས་ཉིད་བརྗོད། །དེ ་ལྟར་སྒྲུབ་པའི་ཐབས་ལེན་མང་དུ་གོ་ནས་པར་བྱས་ལ་བསྙེན་པ་འབུམ་ཕྲག་བཅུ་སྔོན་དུ་སོང་བའི་གང་ཟག་གིས་རི་ཡི་ཕུག་ལ་སོགས་པ་དབེན་པའི་གནས་སུ་སྟོང་པ་ཉིད་བསྒོམ་པའི་རིམ་པ་ལ་འཇུག་པར་བྱ་སྟེ། དེ་ཡང་སྐད་ཅིག་གིས་བདག་གི་སྙིང་ཀར་པཾ་ལས་པདྨ་ཨ ་ལས་ཟླ་བའི་སྟེང་དུ་དབྱངས་དང་གསལ་བྱེད་ཀྱི་ཡི་གེས་ཏཱཾ་ཀུ་མུ་ཏ་དཀར་པོ་ལྟ་བུ་ལ་ཀུན་ནས་བསྐོར་བ་ལས་འོད་འཕྲོས་པས་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བར་བྱས་ཏེ་སླར་ལོག་པ་ཏཱཾ་ལ་ཐིམ་པར་བལྟའོ། །དེ་མ་ཐག་ཏུ་བདག་ཉིད་འཕགས ་མ་སྒྲོལ་མ་མེ་ཏོག་ཕྲེང་འཛིན་ཞེས་བྱ་བ་སྐུ་མདོག་དཀར་མོ་སྟེན་ཀའི་སྦྲིན་མེད་པའི་ཟླ་བ་ལྟ་བུ་ལང་ཚོ་ལ་བབ་པའི་ཆ་ལུགས་འཛིན་པ། །གཡས་མཆོག་སྦྱིན་པ་གཡོན་པ་ཨུ་ཏཔལ་སྔོན་པོ་ཁ་དུ་མར་གྱེས་པ་འཛིན་པ། །རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྐུ ་མཛེས་པར་བྱས་པ། །པདྨ་དང་ཟླ་བའི་སྟེང་དུ་སྐུ་བརྩོན་པས་བཞུགས་པ་ལ་སེམས་བསྟང་དེ་བསྒོམ་པར་བྱའོ། །དེ་ཉིད་འོད་ཀྱི་རྣམ་པ་ལས། །རང་རིག་རྣམ་པ་གཞན་མེད་དེ། །གཡས་དང་གཡོན་གྱི་ལམ་གཉིས་དགག་།རང་སེམས་དབུ་མའི་ལམ་དུ་གཞུག ་དཔལ་ལྡན་དུས་ཀྱི་འཁོར་ལོ་ལས། །བསམ་གཏན་གྱིས་ནི་ཕྱི་རོལ་དངོས་པོ་བཏང་ནས་སེམས་དེ་བརྟན་པར་ཡང་ནི་བྱེད། །སྲོག་དང་རྩོལ་བས་ཉི་ཟླ་སྤངས་ནས་མུན་པ་ཅན་དུ་སྲོག་རླུང་རྒྱུ་བར་བྱེད། །འཛིན་པའི་ཡན་ལག་གིས་ནི་ཐིག་ལེར་དབུགས་ཀྱི་འབྱུང ་འཇུག་དམན་པར་ཡིད་བྱས་ནས། །རྗེས་དྲན་རང་གི་གཟུགས་ལས་མཁའ་ལ་རི་བོང་ཚན་བཞིན་འོད་ཟེར་ཆེན་པོ་འབྱུང། །འོད་ཀྱི་ཕུང་པོ་སྐུ་ལ་ཐིམ། །སྐུ་ཡང་པདྨ་ཟླ་བ་ལ། །དེ་ཉིད་དབྱངས་དང་གསལ་བྱེད་ལ། །དེ་ཡང་ཡི་གེ་ཏཱཾ་ལ་བསྡུ། །ཏཱཾ་ཡང་ཐིག་ལེ་ཉིད ་ལ་ཐིམ། །ཐིག་ལེ་སྟོང་པའི་ཡི་གེ་མེད། །དེ་ཉིད་སེམས་ཀྱི་མཚན་ཉིད་དོ། །རང་སེམས་འདོད་ནས་མ་སྐྱེས་ཕྱིར། །རྟག་སོགས་བརྟགས་པ་གལ་འཇུག་།དེ་ཉིད་སྤྲོས་པས་དབྱེན་པའི་ཕྱིར། །ཅུང་ཟད་བསྒོམས་ཀྱང་བདག་གཞན་གྱི། །རྟོག་པ་སྣ་ཚོགས་འགག ་པར་འགྱུར། །རྒྱུན་ཏུ་བསྒོམས་པ་སྨོས་ཅི་དགོས། །དེ་ལྟར་དེ་བཞིན་ཉིད་ལ་བློ། །མཉམ་པར་གཞག་པའི་མཐུ་ཆེན་གྱིས། །ཡང་དང་ཡང་དུ་གོམས་བྱས་ནས། །མྱུར་དུ་བྱང་ཆུབ་རེག་པར་འགྱུར། །སྟོང་པ་ཉིད་བསྒོམ་པ་རྫོགས་སོ།། །། ་རྒྱ་གར་སྐད་དུ། ཀུ་དྲིཥྚི་དཱུ་ཥ་ཎ། བོད་སྐད་དུ། ལོག་པར་བལྟ་བ་སུན་དབྱུང་བ། །ཁྲོ་གཉེར་ཅན་གྱི་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཡང་དག་ལྟ་བའི་སྦྱོར་བ་ཡིས། །སྣ་ཚོགས་ལས་ཀྱི་རྣམ་པ་ཅན། །ཇི་ལྟར་མེ་ཡིས་བུད་ཤིང་བཞིན། །ཁྲོ་གཉེར་ཅན་གྱི ་སྦྱོར་བ་བྲི། །རེ་ཞིག་སྒྲུབ་པའི་ཐབས་ནས་བྱུང་བའི་ཆོ་ག་རྣམས་དང་བསྙེན་པ་འབུམ་ཕྲག་བཅུས་མཐུ་ཐོབ་པར་བྱས་ལ། །དུར་ཁྲོད་ལ་སོགས་པ་ཤིས་པའི་གནས་སུ་སྐྲད་ཅིག་གིས་ཁྲོ་གཉེར་ཅན་སྒྲོལ་མ་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་བཞི་མ་སྟག་གི ་ན་བཟའ་ཅན་རུས་པའི་ཕྲེང་བཅན་ཤ་ལུས་རྒྱས་པ་སྤྱན་དམར་ཞིང་གདང་བ། །གཡས་གཉིས་ན་གྲི་གུག་དང་རལ་གྲི། །གཡོན་གཉིས་ཀྱིས་ཐོད་པ་དང་སྡིགས་མཛུབ་བསྒྲེང་བ། །པདྨ་དང་ཉི་མའི་སྟེང་དུ་བསྒོམས་ལ། །དེ་ཡི་ཐུགས་ཀའི་ཏཱཾ་ལས་འོད་འཕྲོས ་བསམ་དག་པའི་ལས་ཅན་གྱི་སྐྱེས་བུ་ལ་ཐིམ་ཞིང་བཀུག་པར་བསམས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་དེ་ནི་ཥྛ་དཱ་རུ་ཎ་པྲ་ཏི་ཧ་ཧ། ཙིཏྟཱ་ཨུཥྨ(རྒྱུད་འགྲེལ་