| Wylie | e-texts based on the ACIP/ALL Input |
གར་གྱི་མཁན་པོ་ངཱ་པོ་ཀ་ར་ཤཊི་ཛྙཱ་ནའི་ཞལ་སྔ་ནས་དང། །བོད་ཀྱི་ལོ་ཙྪ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བི་ཀྲ་མ་ཤྲཱི་ལའི་གཙུག་ལག་ཁང་དུ་བསྒྱུར་ཅིང་ཞུས་ཏེ། གཏན་ལ་ཕབ་པ་རྫོགས་སོ།། །།རྒྱ་གར་སྐད་དུ། སྲག་དྷ་ར་སཱ་དྷ་མཾ ་བོད་སྐད་དུ། མེ་ཏོག་ཕྲེང་འཛིན་གྱི་སྒྲུབ་པའི་ཐབས། །རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ལྷ་དང་ལྷ་མིན་ནོར་ལྷའི་ཅོད་པན་སྟོན་ཀའི་ཉི་འོད་འབར་བའི་ཚོགས་ཀྱིས་ཞབས་ཀྱི་རྡུལ་ལ་རེག་།རྙོག་མེད་གཟིགས་པའི་ཤེས་རང་མི་ཀ་ནི་སྙིང་རྗེའི་རླན ་གྱིས་རབ་ཏུ་གང་ཞིང་ཉོན་མོངས་དྲ་བ་གཅོད། །རྨོངས་པའི་མཐུ་ཡིས་སྲིད་པའི་མཚོ་ཆེན་མི་ཟད་སྐྱེ་འཆིའི་རྦ་བརྒལ་དྲག་པོས་ཀུན་ནས་གཡེངས་གྱུར་པ། །སྐྱོབ་པའི་གཟིངས་ཆེན་དྲི་མེད་གཟུགས་མཛེས་དཔལ་གྱི་སྙིང་པོ་མེ་ཏོག་ཕྲེང་འཛིན་དེ་ལ་བདག ་ཕྱག་འཚལ། །གང་ཞིག་སྤྲོས་བྲལ་མཁའ་ལྟར་དག་པའི་དབྱིངས་སུ་རོ་གཅིག་པ། །བསམ་གཏན་སྤྲིན་མེད་ཨ་སོགས་ཡི་གེས་སྙིང་ཀར་རབ་བརྒྱན་ཅིང། །གུས་པའི་སྦྱོར་བས་སྣ་ཚོགས་མཐུ་ལྡན་ཡོན་ཏན་རིན་ཆེན་གཏེར། །དྲང་སྲོང་ཚེ་འཛིན་བླ་མའི ་གསུང་ལས་བདག་གིས་འདིར་བརྗོད་བྱ། །རབ་ཏུ་ཞི་ལ་དགའ་བའི་བདེན་འཛིན་ནགས་ཚལ་ལམ། །གཡེང་བའི་རྡུལ་བྲལ་ཕུག་གམ་ལྗོན་ཤིང་དུར་ཁྲོད་མཆོག་།ཆུ་འགྲམ་དབྱེན་པའི་ས་ཕྱོགས་རང་བཞིན་ཉམས་དགའ་བར། །ཆུ་གཙང་སྤོས་ཀྱི་ཆག ་ཆག་མེ་ཏོག་དྲི་ཞིམ་གཏོར། །རྒྱལ་བའི་སྐུ་གཟུགས་དམ་ཆོས་རིན་ཆེན་བཞུགས་པ་དང། །མེ་ཏོག་གདུག་སྤོས་སྣང་བ་དྲི་དང་ཞལ་ཟས་མཆོག་།རྒྱལ་སྲས་ཡུམ་དང་དཀྱིལ་འཁོར་མཆོད་ཕྱིར་ལེགས་བཞག་བྱ། །རི་དགས་འགན་འཛི་སྔོན་པོ ་ལེགས་པར་བཏགས་གྱུར་པའི། །སྟན་ལ་འདུག་ནས་བསམ་གཏན་བདག་གིས་བསྒོམ་པར་བྱ། །ཐོག་མར་འོད་གསལ་རྟེན་འབྲེལ་བདེན་སྟོང་མི་གཡོ་བ། །གང་ཞིག་ཤར་བས་སྤྱོད་པའི་དུས་ན་ཡུལ་རྣམས་དང། །དབང་པོའི་ཚོགས་དག་རྟོག་བྲལ ་ཚུལ་གྱིས་ཀུན་ཏུ་ནུབ། །རྟོག་མེད་རྟོག་བྲལ་རྡོ་རྗེའི་མཆོག་འཛིན་ཀུན་ཏུ་ཁྱབ། །ཇི་བཞིན་རྟོག་པའི་མཛའ་ཡས་རང་སེམས་ས་བོན་མཆོག་།ཟླ་འོད་དཀར་མཛེས་ཏཱཾ་ལས་ཕྱོགས་བཅུ་ནམ་མཁའ་ཨི་མཐར། །ཤིན་ཏུ་རྣོ་བའི་འོད་ཟེར་ཆེན་པོས་ཁམས་གསུམ་གྱི ་མུན་བའི་ཚོགས་བཅོམ་རྒྱལ་བ་སྲས་རྣམས་ནམ་མཁའ་ལ། །བཞུགས་པར་བལྟས་ལ་བདག་ཡིད་རྩེ་གཅིག་དྲི་མེད་ཀྱི། །གང་ཞིག་སྣ་ཚོགས་རོ་གཅིག་དབང་པོའི་གཞུ་འདྲ་པ། །ཉོན་མོངས་རྡུལ་བྲལ་ཞི་བདེ་སྤྲོལ་བདེ་འགྲོ་ཞིང། །ཡེ་ཤེས་རྒྱུན ་འབབ་རྒྱལ་བའི་སྐུ་མཛེས་པདམོ་ལ། །གུས་པའི་ཁུར་གྱིས་མགྲིན་པ་སྨད་ནས་བདག་ཕྱག་འཚལ། །ཁ་དོག་སྣ་ཚོགས་དྲི་ཞིམ་དབྱིབས་མཛེས་མེ་ཏོག་དང། བདུག་སྤོས་ཨ་ཀ་རུ་དང་སྦྲུལ་གྱི་སྙིང་པོ་དང། །སྣོད་མཛེས་རིན་ཆེན ་སྒྲོལ་མ་སྣང་བ་དྲིལ་བཅས་དང། །ཆུ་གཙང་དྲི་ཞིམ་སྙིང་པོ་སྦྱར་བ་བདག་མེད་དང། མདོག་བཟང་རོ་བརྒྱ་ལྡན་པའི་ཞལ་ཟས་མང་པོ་རྣམས། །གུས་བཅས་ཡིད་འོང་རྒྱལ་སྲས་ཁྱེད་ལ་འབུལ་ལགས་ཀྱིས། །སེམས་ཅན་ཚོགས་རྣམས་སྲིད་པའི ་གདུང་བཞི་བར་མཛོད། །ོཾ་བཛྲ་བུཥཔ་ཨཱ(རྒྱུད་འགྲེལ་སྙེད?་ལས། །དུག་གི་བསྒྲེགས་པ་སེམས་གདུང་གྱུར་པ་བདག་སོགས་ཀྱི། །འཕྲ་རྒྱས་ཚོན་ཆེན་ཟག་པའི་ཚང་ཚར་ཟད་པར་མཛོད། །གང་ཞིག་རྒྱལ་སྲས་ཐུབ་པའི་འོད་ཚོགས་མཛེས་པའི་ཚལ། །འབྲས་བུ་སྨིན་པའི་ལྗིད་ཀྱི་ཟུག་རྡུ་གནོན་མཛད་ཅིང། ། ་སྙིང?་རྗེའི་རྒྱུན་གྱིས་ཉོན་མོངས་ཐ་བ་བརླན་མཛད་པ། །དྲེགས་པའི་རྡུལ་ཕྲལ་སྐྱོབ་པའི་མགོན་ལ་སྐྱབས་སུ་མཆི། །ཡང་དག་ལམ་བྲལ་ལྟ་བའི་དུག་གིས་མྱོས་གྱུར་ཅིང། །ཉོན་མོངས་མཚེ་ཆེན་བརྒལ་དཀའ་ཨི་ངོགས་སུ་ལྟུང་བ་རྣམས། །ཤེས་རབ ་གཟིངས་ཆན་སྙིང་རྗེའི་ཆ་གོ?་མི་འགྱུར་མཆོག་།དྲི་མེད་ཡིད་འོང་ཟླ་བའི་མདངས་གསལ་ཐོབ་པར་བགྱི། །རབ་ཏུ་ཟབ་པའི་དཀའ་ཐུབ་དཔལ་གྱི་འབར་བ་དང། །ཉོན་མོངས་ཆགས་བྲལ་བྱམས་པ་སྙིང་རྗེ་དགའ་བ་དང། །བཏང་སྙོམས་ཡིད་བརྟེན ་རིམ་གྲོ་བྱེད་པའི་བདེ་བ་མཆོག་།ཁམས་དང་དབང་པོ་ལ་སོགས་མཁའ་ལྟར་རོ་གཅིག་བདེ། །བདེ་གཤེགས་བྱེད་པ་སྒྱུ་མའི་ཡོན་ཏན་དཔག་མེད་རྣམས། །སྲིད་གསུམ་འགྲོ་བ་དབང་པེའི་དྲི་མ་སྦྱོར་བྱེད་པ། །རབ་དགའ་སེམས་ཀྱི་གྲུབ་ཆེན ་ནམ་མཁའ་ཨི་དབྱིངས་སུ་འགྱུར། །ཉི་ཟླའི་སྦྱོར་བས་མུན་པ་ཟད་འགྱུར་གྲོད་མཆོག་ལམ། །བདུད་རྩི་སྒྲོན་མེ་མུ་གཏེར་ཡིད་བཞིན་རིན་པོ་ཆེ། །རྡུལ་མེད་རྡུལ་བྲལ་ཡེ་ཤེས་དབང་ཕྱུག་ཕྱག་རྒྱ་ཅན། །ཡེ་ཤེས་མཐར་སོན་སྣ་ཚོགས་ལུས་ཅན་ཀུན་སྟོན་པ། །ཏིང་འཛིན ་དག་པའི་ལུས་ཅན་འཕགས་མ་ཐོབ་པར་ཤོག་།དེ་ནས་བྱམས་པ་སྙིང་རྗེ་དགའ་བ་བཏང་སྙོམས་བསྒོམ། །གདོང་ནས་སེམས་ནི་མ་སྐྱེས་རང་བཞིན་མི་འགྱུར་བ། །ངེས་དོན་བདུད་རྩི་ནམ་མཁའ་ལས་བྱུང་དག་པ་བསྟེན། །རྟོག་པ་རྒྱུན་ཆད་སེམས་ཉིད་དེ་ཉིང ་གཞན་མ་ཡིན། །ཆུ་ཚོད་ཐུན་དང་དབྱུག་གུ་སྐད་ཅིག་རིམ་པ་མེད། །མི་འཇིགས་སྒྲོ་སྐུར་མི་རྩོལ་རྒྱལ་སྲས་ཐུ་པོ་སྟེ། །གདོད་ནས་མ་སྐྱེས་ཆོས་རྣམས་བྱེད་པ་ཐིག་ལེ་ཡིན། །སྤྲོས་བྲལ་ཆོས་ཉིད་ཡང་དག་ཉིད་ནི་སྣང་བས་དབེན། །བསྐྱེད་རྫོགས་ཐེག་པའི ་མཛའ་བྲལ་རྟོག་མེད་བདེ་ཆེན་པོ། །ོཾ་ཤཱ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀེ་ཉཾ་ཧཾ། དེ་ནས་སྙིང་རྗེའི་ཤུགས་ཀྱིས་རབ་ཏུ་བསྐུལ་གྱུར་ནས། །རང་སྙིང་པཾ་ལས་སྣ་ཚོགས་པདྨ་དེ་སྟེ་དབུས:། །ལྟེ་བ་ཟླ་བས་བརྒྱན་ཅིང་དབྱངས་དང་གསལ་བྱེད་ཀྱིས། །ཀུན ་ནས་བསྐོར་བའི་ཏཱཾ་ལས་ཕྱོགས་བཅུར་འོད་ཚོགས་འཕྲོས། །འགྲོ་བའི་དོན་བྱས་ཚུར་ལ་བསྡུས་ནས་ཏཱཾ་ལ་ཐིམ། །དེ་རྣམས་སྐད་ཅིག་ཉིད་ལ་སྒྲོལ་མའི་སྐུ་ལྔར་གྱུར། །སྔོན་མོ་ཞལ་གཅིག་ཕྱག་བཞི་སྟག་གི་གོས་གྱོན་མ། །གྲི་གུག་ཐོད་པ་རལ ་གྲི་སྡིགས་མཛུབ་ཕྱག་རྒྱ་ཅན། །སེར་མོ་ཞལ་གསུམ་ཕྱག་དྲུག་གཡས་སྔོན་གཡོན་པ་དམར། །རལ་གྲི་དགྲ་སྟ་མདའ་དང་ཞགས་པ་གཞུ་དང་དུང། །ཞལ་གཅིག་ཕྱག་བཞི་བརྩོད་ཀྱི་ཁ་དོག་སྣ་ཚོགས་བརྒྱན། །མི་འཇིགས་མདའ་དང་གཞུ་དང ་ཨུ་ཏཔ་ལ་དམར་པོ་བ་སྣམས། །སྐུ་མདོག་ལྗང་སེར་ཆོས་ཀྱི་ཕྱག་རྒྱས་ཐུགས་ཀ་རུ། །ུ་ཏཔ་ལ་སྔོ་འཛིན་ཤར་སོགས་གོ་རིམ་ཇི་བཞིན། །སྣ་ཚོགས་རྒྱན་ལྡན་ཕྱོགས་རྣམས་སྲེག་ཅིང་གསང་སྔགས་བཟླས། །རྣམ་སྣང་ལ་སོགས་རྒྱལ ་པོའི་རིགས་ཀྱིས་དབུ་བརྒྱན་པ། །ནུ་མ་རྒྱས་ཤིང་མི་འཇིགས་ཕྱག་དང་ཨུཏཔལ་འཛིན། །བརྩོན་པའི་ལུས་ལྡན་ཟླ་བའི་མདངས་ཅན་དབུས་སུ་བསམ། །ོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། །ོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ནི་ཥྛ་དཱ་རུ་ཎ་པྲ་ཏ་ཧ་ཏ་ཙཏྟཱ ་ཨུཤམ་ཧ་ན་སྭཧཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བྷ་ཡ་ཧ་ར་ཎ་རཀྵ་བ་ར་ཎ་གུ་པ་ཏིཾ་བདྡྷཡི་ས་མ་ཧེ་སྭཱཧཱ་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཨན་བྷི་བྲ་ས་ནྣ་ཏ་ཨ་བྷི་པྲ་ཛྙཱ་པྲ་སྭ་དྷ་སྭཱཧཱ། །ོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བྷ་ཡ་ཧ་ར་ཎ་ཧཱུཾ་ཧཱུཾ་ཧཱུཾ་མྲི་ཏྱུདཎྜ་ཡ་མ་དཎྜ་ཡ་མ་དྱུ་ཏ་སྭཱཧཱ། དེ་ལྟར་གསང་སྔགས ་བཟླས་པའི་འོད་ཀྱིས་ཕྱོགས་ཁྱབ་ཅིང། །གཟུངས་ཀྱི་སྙིང་པོ་མཐུ་ཆེན་འདི་ཡང་བརྗོད་པར་བྱ། །ན་མོ་རཏན་ཏྲ་ཡཱ་ཡ། ན་མ(རྒྱུད་འགྲེལ་ཏེ་ཛཾ་བྷ་ཡ་སྟཾ་བྷ་ཡ། མོ་ཧ་ཡ། བནདྷཱ་ཡ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། སརྦ་དུཥྚ་སྟཾ་བྷ་ན་ཏཱ་རེ་སྭཱཧཱ། མང་དུ་བཟླས་ལ་སྟོས་བསྐྱེད་ཆོ་ག་འདི་ལྟར་བསམ། །སྣོད་མཛེས་ནང་དུ་འབྲས་སོགས་ཁ་ཟས་བཟང་པོ་རྣམས། །མངོན་པར་བཤམས་པའི་ཆ་གཉིས ་པདྨ་ཁ་བྱེ་བའི། །ཕྱག་རྒྱ་བཅིང་ཞིང་སྐུ་གསུང་ཐུགས་ཀྱི་སྙིང་པོ་མཆོག་།ལན་བདུན་བརྗོད་པས་ཁ་དོག་དྲི་རོ་ཕུན་སུམ་ཚོགས། །ོཾ་ན་མ(རྒྱུད་འགྲེལ་གྲིཏཎ་གྲི་ཅཎ། །ཱ་མྲི་ཏ་ཁ་ཁ་ཁཱ་ཧི་ཁཱ?་ཧི། ཧིཥྛ་ཏིཥྛ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷ་རྨཱ་ཎཱི་ཨཱ་དྱ་ནུ་ཏཔ་ནྣ་ཏྭཱ་ཏ་ཨོཾ་ཨཱ(རྒྱུད་འགྲེལ་ནཱཾ་བིན་ཡ། མ་ཧཱ་ག་ན་ཇི་ཏྭ་ཛཝི་ཝི་ཏཱནྟ་ཀ་རཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། དཔག་མེད་ཆ་གཅིག་རིག་པའི་ལྷོ་མོ་རྣམས་ལ་འབུལ། །ཆ་གཅིག་ནང་དུ་འོད་ཟེར་སྤུ་གུ་བསྐྱེད་བྱས་ཏེ། །ནག་པོ་ཆེན་པོ་ཐ་ཀར་དབྱིག་གི་སྙིང་པོ་དང། །ལྷ་དང་ཀླུ་དང་གནོད་སྦྱིན ་གྲུལ་བུམ་ཚོགས་རྣམས་ལ། །འདོད་པའི་གསོལ་བ་བཏབ་ཅིང་གུས་པས་དབུལ་བར་བྱ། །བརྒྱད་དང་བཅུ་བཞི་བཅུ་དང་ཉི་ཤུ་གསུམ་རྣམས་ལ། །ཞི་བ་རྒྱས་པ་དབང་དང་མངོན་སྤྱོད་སྦྱིན་སྲེག་དབུལ། །དཀར་དང་སེར་དང་དན་ར་དང་ནག་པོའི་ཚོགས་རྣམས་ཀྱིས། ། ་རྩེ་ཁྲུ་གཅིག་དང་གཅིག་དང་ཕྱེད་དང་རྩེ་ཁྲུ་ཅིག་།ཟླུམ་དང་གྲུ་བཞི་ཟླ་གམ་གྲུ་གསུམ་བྲི་བར་བྱ། །ཐམས་ཅད་སོར་བཞི་བསྐྱེད་ཅིང་འོད་ཕྲེང་ཕྱི་རོལ་བྲི། །འཁོར་ལོ་དཀར་དང་སྣ་ཚོགས་རྡོ་རྗེ་སེར་པོ་དང། །པདྨ་དམར་དང་གྲི་གུག་སྔོན་པོ་ཐབ་རྣམས་ཀྱི། །རིམ་པ་ཇི་བཞིན ་ལེགས་པར་ནང་དུ་དགོད་པར་བྱ། །མར་དང་ཞོ་དང་འོ་མ་སྦྲང་རྩི་ཀ་ར་དང། །འབྲས་ཏིལ་གྲོ་དང་ནས་སོགས་འབྲུ་ཡི་རྣམ་པ་དང། །དུར་བ་ཀུ་ཤ་ལ་སོགས་ཆོ་ག་གཞན་བཞིན་བསོག་།དེ་ལས་གཞན་བའི་སྲེག་རྫས་ཁྱབ་པར་མང་པོ་རྣམས། །ཉེ་བར་བཤམས་ལ་ཐོག ་མར་དྲང་སྲོང་མེ་ལྷ་མཆོག་།ཞལ་གཅིག་ཕྱག་བཞི་སྐུ་མདོག་དཀར་པོ་ཚངས་སྐུད་ཅན། །དབྱུག་པ་སྤྱི་བླུགས་བགྲང་ཕྲེང་མི་འཇིགས་ཕྱག་རྒྱ་ཅན། །རལ་པའི་ཅོད་པན་དཀའ་ཐུབ་ལུས་རིང་ཟླ་བའི་སྟེང། །མངོན་པར་བསྐྱེད་ལ་དགང་བླུགས་བདུན་གྱིས་རབ་ཏུ་མཆོད ་ཛ(རྒྱུད་འགྲེལ་ལམ་བཏབ་ཅིང་མི་སྣང་བསྒོམ། །རྡོ་རྗེ་སེམས་དཔའ་ཨི་དམ་ཚིག་སེམས་ཅན་སྐྱོང། །ཆེད་དུ་བརྗོད་ལ་ལུས་ངག་ཡིད་གསུམ་གྱི། །སྤྱོད་ལམ་ཁྱད་པར་ཅན་གྱི་གནས་བྱ་ཞིང། །དེ་ལས་གཞན་པའི་བསོད་ནམས་མང་པོ་བསག་།དྲང་སྲོང་ཚེ་འཛིན་བླ་མའི་གསུང་སྙན ་བདག་ལ་བསྙད་གྱུར་པ། །བྱང་ཆུབ་མྱུ་གུའི་ཕྲེང་བས་ལུས་བརྒྱན་གཞན་དོན་འབྲུག་སྒྲ་སྒྲོགས། །སྙིང་རྗེའི་ཤུགས་ཀྱིས་བསོད་ནམས་སྤྲིན་ཆེན་གྲངས་པའི་ཆར་རྒྱུན་གྱིས། །ཉོན་མོངས་འཁྲུགས་པའི་མེ་ཆེན་རབ་ཏུ་བསིལ་བར་བྱེད་པར་ཤོག་།མེ་ཏོག་ཕྲེང་འཛིན ་སྒྲོལ་མའི་སྒྲུབ་ཐབས་འཕགས་པ་འཇམ་དཔལ་དབྱངས་ཀྱིས་བྱིན་གྱིས་བརླབ་པ་པཎྜི་ཏ་ཆེན་པོ་ཏ་ཐཱ་ག་ཏཱ་རཀྵི་ཏ་ས་མཛད་པ་རྫོགས་སོ།། །།ཅོག་ཀྲུ་ལོ་ཙ་བ་མྱ་ངན་མེད་པའི་དཔལ་གྱིས་བསྒྱུར་བའོ། །བཀྲ་ཤིས། ། ་