CLOSE WINDOW

N1362: sgrol ma dkon mchog gsum la bstod pa
Wyliee-texts based on the ACIP/ALL Input

བ་ཅི་དགའ་ཡང། །མཛད་མིན་མཛད་སྲིད་ཁྱེད་ཞུས་པས། །འོན་ཀྱང་ཁོ་བོ་འདིར་ཚིག་པས། །ལུས་ཅན་ཀུན་གྱི་ཟུག་རྡུ་དང། །ཉོན་མོངས་སྡིག་ལས་ཅིག་གྱུར་ཅིག་།ད་ནི་སུ་ལ་རེ་བར་བྱ། །ཁ་ཆེའི་སློབ་དཔོན་ཐམས་ཅད་མཁྱེན་པའི ་བཤེས་གཉེན་ཞེས་བྱ་བ། །མི་བརྒྱ་དང་བདུན་གྱིས་བསྐོར་བ་ལ། །ཙན་དན་གྱི་མེས་བསྲེགས་པའི་ཚེ། །ཉིད་ཀྱི་ཡི་དཾ་གྱི་ལྷ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་སྨྲེ་སྔགས་ཀྱི་ཚིགས་སུ་བཅད་པ་འདིས་གསོལ་བ་བཏབ་པ་དང། །སྐད་ཅིག་ཡུད་ཙམ་ཐང ་ཅིག་པ། །འཕགས་མའི་ཕྱག་ནས་ཆར་གྱི་རྒྱན་གཉའ་ཤིང་ཙམ་བབ་ནས། །མཚོ་ནང་གི་པདྨ་ལྟར་གྱུར་ཏོ་ཞེས་གྲག་གོ་།པཎྜི་ཏ་ཤཱཀྱ་ཤྲཱི་དང་ལོཙྪ་བ་བྱམས་པས་བསྒྱུར་བ་རྫོགས་སོ།། །།སྒྲོལ་མ་དཀོན་མཆོག་གསུམ་ལ་བསྟོད་པ། ། ་ལོག་ཏོག་མ་རིག་གཉིད་སྤངས་ཤིང། །བློ་མཆོག་ཤེས་བྱ་ཀུན་ལ་ཁྱབ། །ཡང་དག་རྫོགས་པའི་མཆོག་བརྙེས་མ། །སྒྲོལ་མ་སངས་རྒྱས་ཁྱོད་ཕྱག་འཚལ། །བདེ་ཆེན་ཞི་བ་མྱ་ངན་འདས། །དམ་པའི་ཆོས་མཆོག་ཡི་གེ་བཅུ། །ཕ་རོལ་ཕྱིན་པ་བཅུ་ཡི་ཆུ། །སྒྲོལ ་མ་དམ་ཆོས་ཁྱོད་ཕྱག་འཚལ། །དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི། །སྐུ་དང་གསུང་དང་ཐུགས་གསང་བ་ཡིས། །འདུས་པའི་ཡེ་ཤེས་མཁའ་འགྲོ་མ། །སྒྲོལ་མ་དགེ་འདུན་ཁྱོད་ཕྱག་འཚལ། །སྒྲོལ་མ་དཀོན་མཆོག་གསུམ་ལ་བསྟོད་པ། །རྒྱ ་གར་གྱི་མཁན་པོ་ངཱ་པོ་ཀ་ར་ཤཊི་ཛྙཱ་ནའི་ཞལ་སྔ་ནས་དང། །བོད་ཀྱི་ལོ་ཙྪ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བི་ཀྲ་མ་ཤྲཱི་ལའི་གཙུག་ལག་ཁང་དུ་བསྒྱུར་ཅིང་ཞུས་ཏེ། གཏན་ལ་ཕབ་པ་རྫོགས་སོ།། །།རྒྱ་གར་སྐད་དུ། སྲག་དྷ་ར་སཱ་དྷ་མཾ ་བོད་སྐད་དུ། མེ་ཏོག་ཕྲེང་འཛིན་གྱི་སྒྲུབ་པའི་ཐབས། །རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ལྷ་དང་ལྷ་མིན་ནོར་ལྷའི་ཅོད་པན་སྟོན་ཀའི་ཉི་འོད་འབར་བའི་ཚོགས་ཀྱིས་ཞབས་ཀྱི་རྡུལ་ལ་རེག་།རྙོག་མེད་གཟིགས་པའི་ཤེས་རང་མི་ཀ་ནི་སྙིང་རྗེའི་རླན ་གྱིས་རབ་ཏུ་གང་ཞིང་ཉོན་མོངས་དྲ་བ་གཅོད། །རྨོངས་པའི་མཐུ་ཡིས་སྲིད་པའི་མཚོ་ཆེན་མི་ཟད་སྐྱེ་འཆིའི་རྦ་བརྒལ་དྲག་པོས་ཀུན་ནས་གཡེངས་གྱུར་པ། །སྐྱོབ་པའི་གཟིངས་ཆེན་དྲི་མེད་གཟུགས་མཛེས་དཔལ་གྱི་སྙིང་པོ་མེ་ཏོག་ཕྲེང་འཛིན་དེ་ལ་བདག ་ཕྱག་འཚལ། །གང་ཞིག་སྤྲོས་བྲལ་མཁའ་ལྟར་དག་པའི་དབྱིངས་སུ་རོ་གཅིག་པ། །བསམ་གཏན་སྤྲིན་མེད་ཨ་སོགས་ཡི་གེས་སྙིང་ཀར་རབ་བརྒྱན་ཅིང། །གུས་པའི་སྦྱོར་བས་སྣ་ཚོགས་མཐུ་ལྡན་ཡོན་ཏན་རིན་ཆེན་གཏེར། །དྲང་སྲོང་ཚེ་འཛིན་བླ་མའི ་གསུང་ལས་བདག་གིས་འདིར་བརྗོད་བྱ། །རབ་ཏུ་ཞི་ལ་དགའ་བའི་བདེན་འཛིན་ནགས་ཚལ་ལམ། །གཡེང་བའི་རྡུལ་བྲལ་ཕུག་གམ་ལྗོན་ཤིང་དུར་ཁྲོད་མཆོག་།ཆུ་འགྲམ་དབྱེན་པའི་ས་ཕྱོགས་རང་བཞིན་ཉམས་དགའ་བར། །ཆུ་གཙང་སྤོས་ཀྱི་ཆག ་ཆག་མེ་ཏོག་དྲི་ཞིམ་གཏོར། །རྒྱལ་བའི་སྐུ་གཟུགས་དམ་ཆོས་རིན་ཆེན་བཞུགས་པ་དང། །མེ་ཏོག་གདུག་སྤོས་སྣང་བ་དྲི་དང་ཞལ་ཟས་མཆོག་།རྒྱལ་སྲས་ཡུམ་དང་དཀྱིལ་འཁོར་མཆོད་ཕྱིར་ལེགས་བཞག་བྱ། །རི་དགས་འགན་འཛི་སྔོན་པོ ་ལེགས་པར་བཏགས་གྱུར་པའི། །སྟན་ལ་འདུག་ནས་བསམ་གཏན་བདག་གིས་བསྒོམ་པར་བྱ། །ཐོག་མར་འོད་གསལ་རྟེན་འབྲེལ་བདེན་སྟོང་མི་གཡོ་བ། །གང་ཞིག་ཤར་བས་སྤྱོད་པའི་དུས་ན་ཡུལ་རྣམས་དང། །དབང་པོའི་ཚོགས་དག་རྟོག་བྲལ ་ཚུལ་གྱིས་ཀུན་ཏུ་ནུབ། །རྟོག་མེད་རྟོག་བྲལ་རྡོ་རྗེའི་མཆོག་འཛིན་ཀུན་ཏུ་ཁྱབ། །ཇི་བཞིན་རྟོག་པའི་མཛའ་ཡས་རང་སེམས་ས་བོན་མཆོག་།ཟླ་འོད་དཀར་མཛེས་ཏཱཾ་ལས་ཕྱོགས་བཅུ་ནམ་མཁའ་ཨི་མཐར། །ཤིན་ཏུ་རྣོ་བའི་འོད་ཟེར་ཆེན་པོས་ཁམས་གསུམ་གྱི ་མུན་བའི་ཚོགས་བཅོམ་རྒྱལ་བ་སྲས་རྣམས་ནམ་མཁའ་ལ། །བཞུགས་པར་བལྟས་ལ་བདག་ཡིད་རྩེ་གཅིག་དྲི་མེད་ཀྱི། །གང་ཞིག་སྣ་ཚོགས་རོ་གཅིག་དབང་པོའི་གཞུ་འདྲ་པ། །ཉོན་མོངས་རྡུལ་བྲལ་ཞི་བདེ་སྤྲོལ་བདེ་འགྲོ་ཞིང། །ཡེ་ཤེས་རྒྱུན ་