CLOSE WINDOW

N1358: phreng ba 'dzin pa'i bstod pa
Wyliee-texts based on the ACIP/ALL Input

རྒྱ་གར་སྐད་དུ། །སྲ་ག་དྷ་ར་སྟོ་ཏྲ། ངོ་ང་སྐད་ད། ཕྲེང་བ་འཛིན་པའི་བསྟོད་པ། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཉི་མ་འཆར་ཀའི་སྣང་བ་ལྟར་དམར་ལྷ་མཆོ་ག་རྣམས་ཀྱི་མགོ་ཡི་གཙུག་གི་ནོར་བུའི་དཔལ། །ཕུན་སུམ་ཚོགས་པས ་དམར་བ་སྨུགས་གསལ་པོ་དངར?་བཀོར?་ཤིན་ཏུ་ཡུན་རིངས་མ་ལོན་འདྲའི། །འཕགས་མ་ཁྱོད་ཞབས་དག་ལ་ཐལ་སྦྱར་ཅོད་པན་གྱིས་མནན་ཡན་ལག་མཆོག་ཧུད?་བདག་གིས་ནི། །གུས་པས་སྒྲོལ་མ་ཕོངས་སྐྱབས་བསྟོད་པ་གསེར་གྱི་མེ་ཏོག་ཕྲེང་བ་རྣམས་ཀྱིེས ་མཆོད་པར་བགྱིད། །སྐལ་ངན་དུ་བའི་བཞིན་ལྡན་རྒལ་བར་དཀའ་བའི་སྡུག་བསྔལ་མེ་ལ་ལུས་དག་རྣམ་ལྟུང་བ། །ཅི་དང་ཅི་བྱ་ཞེས་རྨོངས་ལན་ཅིག་མིན་པའི་རྩོམ་པ་བྱས་ཀྱང་འབྲས་དང་བྲལ་བས་སྐྱོ། །མཁའ་ལ་ཉི་ཟླའི་དཔལ་ནི ་གཞན་ལས་མང་དུ་ཐོས་ནས་བལྟ་བ་རེ་བ་བཅས་གྱུར་པའི། །མིག་ཉམས་གཞན་གྱི་འགྲོ་བལྟ་བུར་བདག་ནི་སྡིག་འཇོམས་ཁྱེད་ལ་གུས་པས་བརྟེན་པར་བགྱིད། །ཁྱེད་ཀྱི་ཐུགས་རྗེ་སེམས་ཅན་ལས་རྣམས་ཀུན་ལ་བྱེ་བྲག་མེད་པར་འཇུག་རམ་ལགས་སམ། །དེ་དག ་བཟུང་བས་བདག་འདྲ་ཡང་ནི་དེ་དག་ནང་དུ་བཟུང་བར་འགྱུར་ལ་གདོན་མི་ཟ། །མཛའ་དག་འགྲོ་བའི་སྡིག་པའི་མུན་པར་ཚ་ཟེར་ཅན་གཟུགས་ནུས་པ་ལ་དོ་ཟླ་མེད། །དེ་ལྟ་མོད་ཀྱི་ཀྱེ་མ་བདག་སྨད་ཉེས་བྱས་ངན་པས་བརྗིད་ཅིང་སྡུག་བསྔལ་ལྡན་བ་ཉིད། །སྐལ་བ ་ཞན་པ་བདག་སྨད་སྨད་པ་ཞིག་སྟེ་ཉིན་བྱེད་འོད་ཟེར་གྱིས་ཀྱང་མུན་མ་སེལ། །གངས་ཅན་ལས་བྱུང་འཇུག་ངོགས་ཆུས་དཀྲིས་ཁ་བའི་དུམ་བུ་འཁྱགས་ཤིང་བསིལ་བ་དག་ཏུ་སྐོམ། །རིན་ཆེན་གླིང་གི་ལམ་སྲད་དང་ནི་ནོར་བུའི་ཕུག་ཡངས་ཁང་པ་དག་གི་ནང་དུ་དབུལ། ། ་འཇིག་རྟེན་ཀུན་གྱི་ཡུམ་གཅིག་མ་ཁྱོད་མགོན་དུ་བྱས་ཀྱང་མགོན་མ་མཆིས་སོ་བཅོམ་ལྡན་མ། །ནུ་མའི་རྒྱུ་ལས་ལན་མང་དག་ཏུ་རྣམ་པར་དུ་བའི་བུ་ལ་མ་ཡང་སྐྱོ་བར་འགྱུར། །ཉི་མ་སོ་སོར་དམ་པ་མ་ཡིན་དོན་གཉེར་རྣམས་ལ་རབ་བསྐུལ་ཕ་ཡང་ཁྲོ་བ་འཛིན། འཇིག་རྟེན ་གསུམ་གྱི་རེ་འདོད་འབྲས་བུས་ཡངས་ལྡན་དཔག་བསམ་ཤིང་ཆེན་འཁྲི་ཤིང་མཆོག་ནི་ཁྱོད། །མངོན་པར་དོན་གཉེར་ངོན་རྣམས་ཀུན་ལ་སྩོལ་གྱི་ནམ་ཡང་རྣམ་གྱུར་དེ་དག་ཅི་ཡང་མེད། །གང་ལ་ཉོན་མོངས་ཚོགས་ཀྱིས་མེ་འབར་ལུས་ཅན་དེ་དང་དེ་ཡི་སྒྲོལ་མང་ཉིད་ཅེས ་བདག་ཉིད་ཞལ་བཞེས་དམ་བཅས་སྡུག་བསྔལ་འོག་ཏུ་བྱེད་བ་བདག་ལ་འབྲས་བུ་ལྡན་པར་མཛོད། །སྲོག་ཆགས་རྣམས་ཀྱི་སྡུག་བསྔལ་ཤུགས་ནི་རྩུབ་ཅིང་ཟིལ་གནོན་འདི་དག་ཇི་སྙེད་འཕེལ་གྱུར་པ། །ཡང་དག་རྫོགས་པའི་སངས་རྒྱས་ཐེག་པར་སྨོན་ལམ་བློ ་མཛད་རྣམས་ཀྱི་བརྩེ་བའང་དེ་སྙེད་ཉིད། །དེ་ལྟར་བསྟོད་པའི་ཚིག་གི་ཟོལ་གྱིས་ཆོ་དེའི་སྒྲ་དག་གསང་འཐོན་སྒྲོགས་ཅིད་ལག་བསྒྲེང་ལ། །གཞན་དག་གིས་ཀྱང་བཏང་སྙོམས་བྱ་བར་འོས་པ་མིན་ན་ཡུམ་གཅིག་ཁྱོད་ཀྱིས་ལྟ་ཡང་ཅི། །གཞན་དག་རྣམས་ཀྱི་མངོན་འདོད་འབྱོར་པར་དོན ་གཉེར་འདོད་པ་ཁྱེད་ལས་ཐོབ་བ་རྣམས་མཐོང་བཞིན། །མི་དགེ་ལས་བྱུང་ནང་གི་གདུང་བ་རྒྱུན་ཆགས་བཟོད་བླགས་མེད་པས་ཤིན་ཏུ་ཡང་ཡང་སྲེག་།གལ་ཏེ་ཁོ་བོ་སྡིག་ཅན་ལགས་ན་ཁྱོད་ལ་གུས་པ་ཆེན་པོ་འདི་ནི་ཅི་ཕྱིར་འཕེལ། །ཁྱོད་ཉིད་གཅིག་པུའི་མཚན་གྱིས་ཀྱང་ནི་ཐོས ་དང་དྲན་པས་འཕྲལ་ལ་སྡིག་པ་སེལ་དང་བྱེད། །དེ་ལྟ་ན་ཡང་བདག་གི་བྱ་བའི?། དུར་དག་དོར་བ་ཇི་ལྟར་ལགས་ཞེས་བདེན་གསུངས་པ། །ནད་པ་འཆི་བར་འགྱུར་ཡང་སྨན་པའི་སྙིང་རྗེ་རྒྱ་ཆེན་ཕན་པ་འཁོན་པར་བགྱིད་དམ་ཅིད། །སྒྱུ་དང་སེར་སྣ་ང་རྒྱལ་ཕྲག་དོ་རང་སྐྱོན ་ཐ་ཆད་རྣམས་ཀྱིས་དུས་མཉམ་རིམ་པར་ཡང། །དུ་མ་དག་གི་ཐུན་མོང་ཆར་གྱུར་ཚོགས་ཁང་རྔ་མོ་བཞིན་དུ་བསྐོར་བར་གྱུར་པས་ན། །ཁྱེད་ཀྱི་ཞབས་པད་མཆོད་པ་སྐད་ཅིག་ཅེམ་ཡང་མ་རྙེད་གང་དེའི་གོན་དུ་ཁྱད་པར་ལས། །ཕོངས་པས་ཡི་གེ་དམན་པར་ཚིག་འདི ་བཀོད་དོ་བདག?་གི་འདོད་པ་དོན་མེད?་མ་གྱུར་ཅིག་།དུས་མཛའ་ཨི་རླུང་རབ?་འཁྲུགས་པས་དཀྲུགས་པའི་ཆུ་ནི་གཡོ་ཞིང་འགུལ་བའི་རླུང་འཁོར་རལ་པ་ཅན། །རབ་འཁྲུགས་ཀུན་ཏུ་བསྐྱོད་ཅིང་རྦ་རླབས་ངོས་བརྡབས་སྒྲ་གྲགས་གད་བརྒྱངས་ཆེན་པོ་སྒྲོགས་པ་ལས། ། ་གྲུ་ཆག་ཆུ་དུ་རའི་རྗི་དུ་བའི་ཆོ་དེ་དང་ལྡན་གཡོ་བ་མེད་ཅིང་ཞན་གྱུར་པ། །ལྷ་མོ་ཁྱོད་ལ་བསྟོད་པ་རྣམས་ཀྱིས་འབྲལ་ལ་ཆུ་གཉེར་འགྲམ་དུ་རང་དགའ་ཐར་བར་འགྱུར། །དུབ་འཚུབས་པ་སྤྲིན་འདྲ་ཁོངས་ནས་རབ་བྱུང་མེ་སྟག་མཁར་ཁྱིམ་ནང་དུ་རྣམ་པར་རྒྱུ། །འཕྲོ་ཞིང་རབ ་འབའ་ཨི་དྲག་པོའི་འབར་བྱེད་ཤུགས་དག་འཇུག་པའི་ཁོད་པར་མལ་སྟན་ལ་འཁོད་པ། །ཐལ་སྦྱུན?་རྩོད་པན་ལྡན་པས་ཁྱེད་ལ་བཏུང་བྱས་ལྡབ་ལྡིབ་དག་ཏུ་གསོལ་བ་འདེབས་པ་རྣམས། །གློག་རབ་འགྱུར་བའི་བརྩེ་དགའ་རབ་འབར་ཆུ་འཇིན་ཤུགས་ཀྱིས་སྐད་ཅིག་ཉིད ་ལ་སྒྲིབ་པར་བྱེད། །མྱོས་པའི་ཆུ་རྒྱས་འགྲམ་པ་གཉིས་ཀའི་ངོས་ལ་བབས་པས་བུང་བ་དག་གི་ཕྲེད་བ་ཅན། །ཧཱུཾ་ཞེས་བྱ་བས་བོས་པར་གྱུར་པའི་གླང་ཆེན་ཟླ་བོས་ཞེ་སྡང་མེ་སྦར་གཉིས་འཐུང་གི། སོ་རྩེ་རབ་ཏུ་མཐོ་བའི་ཁྱོགས་ལ་བླངས་པའི ་ལུས་ཅན་དག་གིས་ཁྱོད་རྗེས་དྲན་པ་ན། །རྩེ་མོ་ཆེ་ལྡན་མགོ་རྩེའི་རྫོད་ལ་འདུག་ཅིང་རབ་ཏུ་དགའ་བས་འཆི་བདག་ཕྱིར་ཟློག་བྱེད། །མདུང་རིངས་དྲག་པོ་བསྣུན་གསད་མི་ཡེ་མགོ་དང་གསལ་ཤིང་དག་གི་ཁྲི་ཤིང་དགའ་སྟོན་ཅན། །ནགས་ཚལ་སྟེང་པར་ཆོམ་རྐུན་ལག ་གཅེས་རལ་གྲི་གཡོ་ཤིང་བརྡེག་པར་བཟས་པས་དྲེགས་རྒྱས་པ། །ཁྲོ་གཉེར་དང་བཅས་སྨིན་ཁྱོག་ཟུར་མིག་གིས་བལྟས་མིག་ཅན་རྣམས་ནི་ཁྱེད་མཚན་དཔལ་གྱི་གཞི། །གསལ་བར་འདྲི་བའི་གནས་ལ་བསམ་པའི་སྨྱུ་གུ་སྐྱོན་མེད་རྣམས་ཀྱིས་བྲན་དུ་སྒོལ་བར་བྱེད། ། ་རབ་རྣོ་སྡེར་མོའི་རྩེ་ནི་རྡོ་རྗེ་ལྟ་བུ་བསྣུན་པས་གླང་ཆེན་མྱོས་པའི་ཀླང་འགེམས་ནས། །ཁྲག་མད་རབ་ཏུ་ཟགས་པས་བཀྲས་པའི་རལ་ལ་གསལ་པོ་འཇིགས་རུང་ཡངས་ཕྲག་པ་ཁེབས། །ཁྲོས་ཏེ་རྒྱང་ནས་སྟེང་དུ་མཆོད་འདོད་མཆེ་བརྣོན་པོ་གཅིགས་པའི་ཁ་ཅན་རི ་དགས་དགྲ། །ཁྱོད་ལ་འོས་པའི་བསྟོད་པ་དོན་ལྡན་ཚིག་དག་བཀོད་པས་སྐྲག་སྟེ་ལོག་ནས་འགྲོ་བར་འགྱུར། །གདངས་ཅན་རྣམ་འགྱུར་དུ་པ་འཁྱིལ་དང་མུན་མུན་པའི་དབྱིབས་ཅན་གསལ་བར་ཕུད་སྒྲ་དག་གི་ཚོགས། །བྱེད་པ་དང་ལྡན་ཁ་གངས་དོ་འཛིན་ཐག ་པ་གཤིན་རྗེའི་ཞགས་འདྲ་ཆེ་ཞིང་གཡོ་བ་དག། སྡིག་པ་ལས་བྱུང་སླར་ཡང་ཁྱོད་སྐྱོང་བདག་ཉིད་ཁྱོད་ཀྱི་ཡོན་ཏན་བགྲང་བ་ལྟུར་ལེན་པས། །ུདྤལ་ཕྲེང་བའི་རྒྱན་གྱིས་འབྱོར་བ་བུང་བ་མྱོས་པའི་ཕྲེང་བས་དཀྲིས་ལྟར་འཛིན་པར་འགྱུར། །རྗེ་བོའི་སྨིན་མ་བསྐྱོད ་བས་འཇིགས་པ་དགྲ་གིས་རྒོད་ཅིང་འཕྱར་བས་དྲངས་ལོ་ཅད་གཟིངས། །གཡོ་ཞིང་སྒྲ་སྒྲོགས་བྲན་ཁོལ་རྣམས་ཀྱིས་རྩུབ་མོར་སྨྲ་བྱེད་ཞགས་བའི་མདུད་པ་དམ་པོས་བཅིངས། །བཀྲེས་སྐོམ་དག་གིས་ཁ་དང་མགྲིན་སྐམས་གང་ཞིག་འཕགས་མ་སྒྲོལ ་མའི་ཞབས་ལ་སྐྱབས་འགྲོ་བ། །དེ་ནི་བྱམས་པའི་གཉེན་གྱིས་སྔགས་ཀྱང་མཛའ་མེད་རྒུད་པ་དེ་དག་འཕྲལ་དུ་གཏོང་པར་འགྱུར། །སྒྱུ་མ་སྤྲུལ་པའི་ལས་ཀྱི་རིམ་པས་རྣམ་པར་འགྱུར་བ་དག་གི་ཆས་བྱས་ཤིང། །ལོག་པའི་གཟུགས་ཙམ་རྗེས་སུ་འཚམ་པའི་མཆོན ་ཆའི་འོད་ཟེར་ཚོགས་ནི་རབ་ཏུ་མི་བཟད་ལྡན། །མི་རོ་ལས་བཏོན་རྒྱུ་མའི་ཐག་པའི་ཚོགས་ཀྱི་ཕྲེང་བས་རྣམ་པར་སྦྲས་པའི་སྲིན་པོ་རྣམས། །ཁྱེད་རྒྱུད་ལས་བཏུས་གསང་སྔགས་དྲན་པས་སྡིག་པ་ཕྲོགས་བའི་སྲུང་མ་གཞོན་མེད་བྱེད་པར་འགྱུར། །གླང་ཆེན་སྒྲ་སྒྲོགས ་ཆར་སྤྲིན་ལུས་ཅན་མྱོས་བྱེད་ཆུ་བོའི་རྒྱུན་དང་ལྡན་པས་མུན་གཏིབས་ཤིང། །མཚོན་ཆ་འོད་ཟེར་རྣམས་ནི་གློག་རབ་འགྱུ་ལྟར་རབ་གསལ་མདའ་ཡི་ཆར་འབབ་གཡུལ་དོ་འགྱེད་བའི་ཚེ། །རྣམ་པར་སྔག་པའི་དགྲ་བོ་དཔུང་བའི་སྟོབས་ནི་རབ་མཆོག་ལྡན་པ་རྣམས ་ཀྱིས་བཀག་གྱུར་པ། །ཁྱོད་ཀྱིས་དགྲ་བོ་གསོད་པའི་དཔའ་བོ་གཅིག་གིས་འཕྲལ་དུ་དགྲ་ཡི་ས་གཞི་ཕྱི་མར་རློག་།སྡིག་སྤྱོད་དག་གིས་རྗེས་འབྲེལ་པོལ་མིག་ཚབས་ཅན་དག་ལས་རྣག་ཁྲག་རུལ་པ་རབ་འཛག་ཅིང། །ཤ་ལྤགས་མྱགས་པ་ལ་ཆགས་རྩ་སློའི?་བུ་གར ་འགུལ་བའི་སྲོག་ཆགས་ཀྱིས་ཟོས་ལུས་ཟད་རྣམས། །ཁྱོད་ཞབས་ཉེ་བར་བརྟེན་པའི་སྨན་མཆོག་རི་ལུ་གོམས་པར་བྱེད་ལ་གུས་ཤིང་ཆགས་པ་ཡིས། །ས་ལེ་སྦྲམ་དང་མཚུངས་པའི་ལུས་དང་པདམོ་དཀར་པོ་ལྟར་ཡངས་མིག་དང་ལྡན་པར་འགྱུར། །གང་གི་རྣ ་བའི་སྣོད་ན་བླ་མ་རྣམས་ཀྱིས་གནང་བའི་མན་ངག་སློངས་མ་མི་གནས་ཤིང། །རྡོས?་པའི་ནོར་དང་བྲལ་བས་མཁས་བའི་ཚོགས་རྣམས་དག་ཏུ་ལྐུགས་པ་ཉིད་དུ་ཁ་བུ?་ལེན་གང། །དེ་ཡང་ཁྱེད་ལ་གུས་པའི་ནུས་པས་རྒྱན་རྣམས་ཐམས་ཅད་མཛེས་བྱེད་འབྱོར ་པར་བཅས་པ་ཡི། །ངག་གི་དབང་ཕྱུག་ཐོབ་ནས་མི་བདག་འདུན་སར་རྒོལ་བའི་སེངྒེའི་ཁྲི་དག་འཕྲོག་པར་བྱེད། །ས་གཞི་མ་ལ་སྟན་རྡུལ་གྱི་ལུས་བསྒོས་སྐྱེད་དོས་རས་རལ་ཡན་ལག་དག་ནི་རྣམ་པར་མངོན། །ཤིག་གིས་ཚེ་དག་རབ་གཅོར་གཞན་གྱིས་གྲོང ་ཁྱེར་མདུན་དུ་གྱོ་མོར་ཟས་ནི་དོན་གཉེར་བ། །ཁྱོད་བརྙེས་བགྱིད་ལ་བརྩོན་པས་ན་ཆུང་མཆོག་གིས་བཟུང་བའི་རྔ་ཡབ་མཛུབ་གྱིས་རབ་མཛེས་ཤིང། མྱོས་པས་ལོང་བའི་གཉིས་འཐུང་སོས་གཏམས་གདུགས་གཅིག་གྱེན་དུ་བཏེག ་བའི་ས་གཞི་འཛིན་པར་འགྱུར། །གཡོག་དང་ལས་མཛའ་བཟོ་དང་དབང་པོ་གསོ་བའི་ཐབས་ཀྱི་རྣམ་གྲངས་དག་གིས་རབ་སྐྱོ་ཞིང། །སྐྱེ་བ་སྔ་མར་རབ་བསྒྲུབས་བསོད་ནམས་བསགས་པའི་དགེ་འབྲས་ནོར་ནི་ཐོབ་པར་མ་གྱུར་པའི། །ནོར་མེད་རྣམས ་ཀྱིས་སྐྱེ་བོ་བཀྲེན་པའི་ཡུམ་གྱུར་ཕོངས་ལས་འདའ་བར་མཛད་པ་ཁྱོད་ལས་དོན། །དོན་དུ་གཉེར་ན་སླར་ཡང་གསེར་གྱི་ཚོགས་ཀྱི་གཏེར་དག་ས་ལས་འཐོན་པ་ཐོབ་པར་འགྱུར། །འཆོ་བ་ཆད་ལས་དོ་ཚར་གྱུར་ཅིང་གོས་ཟད་ཆུང་མ་དག་གིས་རབ་ཏུ་སྦྱོང་བར་བྱེད ་བདག་ཉིད་གསོ་ཕྱིར་རང་གི་སྐྱེ་བོ་བུ་དང་གྲོགས་པོ་གཉེན་གྱིས་རིང་དུ་སྤྱངས་པ་ཡིས། །ཁྱེད་ལ་རང་གི་སྡུག་བསྔལ་ཞུས་པས་རང་གི་ཁྱིམ་ཐབ་བུད་མེད་གདུ་བུའི་སིལ་སིལ་སྒྲས། །གཉིར་ལོག་སད་པར་འགྱུར་ཞིང་རྟ་རྨིག་རྩེ་མོས་མཚམས་བསྒོས ་ཁང་ཁྱིམ་རྣམས་ཀྱི་བདག་པོ་བྱོད། །འཁོར་ལོ་ཕྱོགས་ཀྱི་འཁོར་ལོ་ལ་སྦྱོར་བུད་མེད་མཚན་བརྒྱན་འོད་གཟེར་གཡོ་ཞིང་ཆེ་བ་དང། །གླང་ཆེན་གཙོ་བོ་མཆེ་བ་དྲུག་ལྡན་རྟ་མཆོག་སྤུ་ཁ་སྔོ་སངས་རྨ་བྱའི་མགྲིན་ལྟར་འཚེར། །ནོར་བུ་ཉི་མའི་འོད་ཟེར་ལྟར ་གསལ་དྲི་མེད་ཡོན་ཏན་མཛད་འཛིན་མཛོད་ཁེངས་དང། །དམག་ངོ་བོ་ན་དཔལ་སྔེ་ལྡན་པར་བཅོམ་ལྡན་འདས་མ་ཁྱོད་ཀྱི་བཀའ་དྲིན་ཆ་ཤས་ཕྲ་ལས་འགྱུར། །ཙན་དན་རྒྱུ་ཡིས་དྲི་ཞིམ་ནོར་བུའི་རྡོ་ལ་མཛེས་མས་དུས་བཏབ་རྩེ་དགའ་ལ་ཆགས་པས ་སྡུ་གུ་མ་ཡི་བདེ་བའི་ཉེར་སྤྱད་མགྲོན་དུ་བྱ་བ་བ་མངོན་པར་གསལ་བ་རབ་བསྒྲུབས་ཤིང། །རལ་གྲི་འོད་ཟེར་གྱིས་སྔེ་སྤོམ་མཐོ་དཔུང་པ་གཏུན་ཤིང་དང་འདྲ་དཔུང་རྒྱན་རོལ་པ་ཅན། །ཁྱོད་ཀྱི་རིགས་དྲུག་རིག་འཛིན་དབང་པོ་མ་ལ་ཡ་ཡི་མེ་ཏོག་ཚལ་དུ་རང ་དགར་འགྲོ། །ནུ་མའི་ཐོན་འཁོར་དོ་ཤལ་གྱིས་བརྒྱན་མིག་དཀྱུས་རིང་པོ་རྣ་བའི་ཨུཏཔལ་ལ་འགྲན་ཅིང། །ལྷ་མོ་ཡིད་འོད་མནདྷ་རབ་དང་ལྡན་ཟེ་འབྲུ་གསར་བའི་དྲིས་མྱོས་བུད་བ་ཅན། །དིལ་ཆུང་སྒྲ་ཡིས་རྗེས་འབྲལ་རབ་ཏུ་གསལ་བར་རྐང་རྡུབ་ཡིད་འོད་སྒྲ་སྙན་སྒྲོགས ་པར་བྱེད། །འདོད་པས་མྱོས་དགའ་གཞོན་ནུ་མ་རྣམས་གུས་དང་བཅས་པར་ཁྱེད་མགོན་ལྡན་པ་གོན་དུ་གཉེར། །རྫིང་བུའི་ནང་ལོགས་རིན་པོ་ཆེས་སྤྲས་གསེར་གྱི་པད་ལྡན་ཟེ་འབྲུ་རྡོ་རྗེ་ཕྲེང་བ་ཅན། །ཡོངས་འདུའི་ལྗོན་པ་ལས་འཕྲོ་དྲི་བཟངས་དང་ལྡན་མེ་ཏོག་རྡུལ་གྱི ་བླ་བྲེ་མཐོར་བྲེས་ཏེ། །པི་ཝང་གློང་བུ་སྒྲོགས་མཁས་ལྷ་ཡི་གྲོད་གིས་དགའ་མ་རྣམས་ཀྱིས་སྙན་པར་རབ་བསྒྲགས་པའི། །དགའ་བའི་སྐྱེད་ཚལ་བགྲོད་པ་ཁྱོད་ལ་མཆོད་པ་བགྱིད་པས་ཡུན་རིངས་ཉམས་སུ་མྱོད་པར་འགྱུར། །ནང་གི་བྱེད་པ་ཁྱོད་ལ་གཏད་པའི་བསོད ་ནམས་མཐུ་ནི་རབ་འབར་ཡོངས་སུ་སྨིན་པ་ཡིས། །ག་བུར་ཨེ་ལ་ལི་ཤི་ཤུན་པ་ཨ་ཀ་རུ་དང་ན་ལ་ད་ཕྱེའི་དྲི་ལྡན་ཆུ། །འདོད་པའི་དྲེགས་བས་རབ་འབུར་བུད་མེད་ནུ་མའི་སྐྱིབས་སུ་རྦ་རླབས་འཁྱིལ་གནས་དལ་འབབ་པ། །སྨན་མིན་ཆུ་ཡིས་ཟེར་མ་ལྡན་ཆུ་རྩེ ་མཛེས་མ་དག་དང་ལྷན་ཅིག་རྩེ་བར་འགྱུར། །ཚིག་མཛའ་ཨི་གཙོ་བོ་དུལ་བའི་ཁུར་གྱིས་ཅོད་པན་དུད་པ་རྣམས་ཀྱིས་བཀའ་ལ་ཕྱག་བྱས་ཤིང། །ཐོ་རིས་སྟེང་དུ་ལྷ་ཡི་གླང་ཆེན་ཁྲོར་བོལ་རྒྱན་གྱིས་སྤུང་བའི་ལུས་ཅན་ལ་ཞོན་ཏེ། །སྤུ་ལོང་རབ་རྒྱས་ལུས་ཅན ་བདེ་སོགས་ལག་པའི་ཐག་པ་ཁྱོགས་ཀྱིས་རྒྱུན་ཏུ་བསྐྱིལ་གྱུར་པ། །ཁྱོད་ཀྱི་སྤྱན་རས་ཕོག་པས་དག་བྱས་ལག་པ་རྡོ་རྗེ་ལྡན་པས་ལྷ་ཡི་ས་སྐྱོད་བྱེད། །གཙུག་གི་རིན་ཆེན་རྒྱན་གྱིས་མནན་བཞུགས་བདེ་བར་གཤེགས་པ་ནམ་མཁའ་ཨི་དཔལ་འབྱོར་བ་བྲེ ་ཅན་ཉི་མ་འཆང?་ཀ་བྱེ་བལྟ་བུར་རབ་གསལ་འོད་ཟེར་རྒྱས་པས་འཇིག་རྟེན་གསུམ་འགེངས་ཤིང། །བརྟན་པར་གཡས་བརྐྱང་ཞབས་གཅིག་གིས་མནན་ཁུར་གྱིས་ཚངས་དབང་དྲག་པོ་ཁྱབ་འཇུག་རྣམས་དུད་པའི། །ཁྱེད་སྐུ་བསྒོམས་པ་སྐྱེ་བལ་བརྟེན་རྣམས ་ཀྱིས་སྲིད་པའི་འཇིགས་པ་གཅོད་པའི་སླད་དུ་འགྱུར། །ཁྲོ་བ་དང་བཅས་མཚོན་ཆའི་འོད་ཟེར་རབ་འབར་ཕྱག་དབྱུག་ཚེ་ཡིས་ནམ་མཁའ་ཨི་ཁོངས་དག་ཁྱབ། །གདུ་བུའི་གདེངས་ཅན་དག་གིས་གདེངས་ཀ་མི་ཟད་མི་འཕྲོགས་སྤྱོད་ལྡན་སྡང ་རྣམས་སྐྲག་མཛད་བཞད། །ཅང་ཏེའུ་དྲག་པོ་ཚབས་ཆེར་བརྡུངས་པའི་ཚེ་ན་རོ་ལངས་རྣམས་ནི་དྲག་པོར་ཕེག་རྡོ་བ་ཅིང། །བག་མེད་རྒྱུགས་བས་ཅ་ཅོ་ཆེན་པོ་སྒྲོགས་པར་བྱེད་པའི་དྲག་མོར་ལལ་དག་གིས་མཐོང། །ལ་ལས་བ་སྤུ་རེ་རེ་ལས་བྱུང་ནམ་མཁའ་ཨི་ཁྱོན ་གནས་ས་དང་ས་འོག་དག་ན་གནས། །མཐེ་རིས་ལ་གནས་ཚངས་དབང་དྲག་པོ་ལ་སོགས་མི་དང་ལྷ་དང་གྲུབ་པ་དྲི་ཟ་ཀྲུ?། །ཕྱོགས་ཚོགས་ཁྱབ་པའི་འོད་ཟེར་ལ་བཞུགས་བདེ་གཤེགས་བརྒྱ་ཕྲག་སྤྲུལ་པ་མཛའ་ཡས་དག་གི་སྐུ། །ངོ་མཚར་འཇིག ་རྟེན་གསུམ་གྱི་ཕྱག་འོས་བརྟན་གཡོ་བཀོད་པའི་དངོས་པོ་མ་ལུས་ངོ་བོར་རོ། །ལ་ལས་རྒྱ་སྐྱེགས་ལི་ཁྲིའི་ཚོན་དང་ཉི་ཞོན་དམར་བ་ཉིད་ལྟར་ཤིན་ཏུ་དམར་བ་དང། །དེ་བཞིན་གཞན་གྱིས་སྣུམ་ཞིང་འོད་ལྡན་མཐོན་མཐིང་རྡོ་བཅགས་བཏགས་པའི་ཕྱེ་མ་ལྟར ་སྔོ་དང། །ལ་ལས་འོ་མའི་རྒྱ་མཚོ་བསྲུབས་པའི་འོད་ལྟར་ཆེས་སོ་ལྷག་དཀར་དང་གསེར་འོད་ལྟ་བུ་སྟེ། །ཁྱེད་སྐུ་སྣ་ཚོགས་ངོ་བོ་ཉེ་བར་བཞག་པ་དང་འབྲེལ་དབྱེ་བས་ཐ་དད་ཤེལ་བཞིན་ནོ། །ཀུན་མཁྱེན་ཡེ་ཤེས་སྒྲོན་མས་ཤེས་བྱ་མཛའ་དག་གསལ ་བྱས་དེ་ཉིད་དག་གི་དབང་གཅིག་པུ། །ཀུན་རིག་ཉིད་དམ་དེ་ཡི་སྲས་ཀྱིས་ཁྱོད་ཀྱི་ཡོན་ཏན་ཚོགས་ཀྱི་གྲངས་ནི་མངོན་སུམ་མཁྱེན། །བདག་འདྲ་གཏོར་མ་སྤྱོད་པ་སྒྲོགས་པ་ལྟ་བུར་ཁ་གདངས་ཀུ་ཅོ་ཆེ་བར་འདོན་པ་གང། །དེ་ནི་མི་བཟད་སྡུག་བསྔལ ་གདུང་བས་ནད་བསྐྱེད་སེམས་ཀྱི་རྒུང་པ་གཞང་གང་དག་གི་རྒྱུ། །བདག་གི་ཞུ་བ་གང་ལགས་དེ་ནི་ནངས་ཀྱིས་དང་པོར་ཁྱད་ཀྱིས་ཁྱད་པར་དུ་མཁྱེན་ཏེ། །འོན་ཀྱང་ལྷག་པར་དེ་བརྗོད་ངལ་བའི་སྒྲུབ་བྱེད་མི་མཁས་པ་དག་རང་སེམས་ཚིམ་པའི་རྒྱུ། ་དོན་ཤེས་ཟིན་ཡང་མཉེན་འདུན་བྱམས་པའི་མདུན་དུ་སྡུག་བསྔལ་ལྔན་པས་ཚིགས་གིས་སྡུག་བསྔལ་ནི། །དུག་བཞིན་སྐྱབས་པར་གྱུར་ན་སྙིང་ཡང་སེང་ཞེས་བྱེད་ཅིང་རྣམ་པར་གནས་པར་ཚོར་བ་བཞིན། །དགེ་ལེགས་ཀུན་དགའ་ཨི་རྒྱ་མཚོར་ཟླ་བའི་ཆ་ཤས་གསལ་པོ ་བསིལ་བའི་གཟིགས་པར་སྩལ་དུ་གསོལ། །ཡེ་ཤེས་ཉེར་བསྟན་དག་གིས་རྒྱས་པར་མཛད་ཅིག་ཐུགས་རྫེས་སྡིག་ལྡན་ནང་གི་མུན་པ་སོལ། །གང་ཕྱིར་འགྲོ་བ་དགོན་ཁྱོད་བསྟོད་ཆུ་ཡིས་ཡིད་ནི་དག་པར་བྱས་པ་ཁོ་བོ་ལ། །སྐྱེ་དགུ་རྣམས་ཀྱི་དགེ་ལེགས་གནས ་ནི་དོན་ཡོང་ཁྱོད་ཀྱི་ཡོན་ཏན་བསྟོད་ཙམ་གཅིག་པུ་མཐོབ། །ཁྱོད་ཀྱི་ཡོན་ཏན་མོགས་ཀྱི་ཆ་ཙམ་བསྟོད་ནུས་བདག་གིས་འདི་ཙམ་ཞེས་པར་མི་ངེས་པའི། །བསོད་ནམས་བཀྲ་ཤིས་འདོད་པའི་འབྲས་བུ་རོ་མྱང་གྲོལ་བའི་བར་དུ་སྤྱད་བྱ་བ། །གང་ཐོབ་དེ་ཡིས ་འཇིག་རྟེན་འདི་ནི་འཕགས་པ་འཇིག་རྟེན་དབང་ཕྱུག་ཞབས་མཐིལ་བཀྲ་ཤིས་ཀྱི། །བདེ་ལེགས་རྟགས་ཅན་བདེ་གཤེགས་སྲས་པོའི་ས་གཞི་བདེ་བ་ཅན་ཞེས་བྱ་དེ་མྱུར་བགྲོད་ཤོག་།ཕྲེང་བ་འཛིན་པའི་བསྟོད་པ་པཎྜི་ཏ་ཆེན་པོ་ཐམས་ཅད་མཁྱེན་པའི་བཤེས ་གཉེན་གྱིས་མཛད་པ་རྫོགས་སོ།། །། *། །རྒྱ་གར་སྐད་དུ། སྲ?་ག་དྷ་ར་སྟྲོ་ཏྲཾ། བོད་སྐད་དུ། མེ་ཏོག་ཕྲེང་འཛིན་གྱི་བསྟོད་པ། །རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕོངས་སྐྱབས་འཕགས་མ་སྒྲོལ་མ་ཁྱེད་ཞབས་ལྷ་མཆོག ་