CLOSE WINDOW

N1353: rje btsun ma 'phags ma sgrol ma'i sgrub thabs nyi shu rtsa gcig pa'i las kyi yan lag dang bcas pa mdor bsdus pa zhes bya ba
Wyliee-texts based on the ACIP/ALL Input

ཞེས་བྱ་བ། ཁ་ཆེའི་པཎ་ཌི་ཏ་སློབ་དཔོན་ཉི་མ་སྦས་པས་མཛད་པ་རྫོགས་སོ།། །།པཎ་ཌི་མཉྫཽ་ཤྲཱི་དང། བོད་ཀྱི་ལོ་ཙ་བ་མལ་གྱོ་བློ་གྲོས་གྲགས་པས་བསྒྱུར་ཅིང་ཞུས་ཏེ། བཏན་ལ་ཕབ་པའོ།། །། *། །སྒྲོལ་མ་ཉི་བུ་རྩ་གཅིག་པའི་ཡན་འགད?་བཅས་ད་མདོར་བསྡུས ་པ་བཞུགས་སོ། །རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་རང་བཞིན་ཆེ། །མི་རྟོག་གཞན་དོན་མཐར་ཕྱིན་མ། །གདུལ་བྱའི་དབང་གིས་ལྷ་མོ་ཡི། །ཚུལ་འཆང་དེ་ལ་ཕྱག་འཚལ་ནས། །ཉི་ཤུ་རྩ་གཅིག་སྒྲུབ་ཐབས་ཀྱི། །སྤྱི་དང་སོ་སོའི་ཆི་ལ་བརྟེན། །ལས་ཀྱི་ཡན་ལག ་དངོས་གྲུབ་རིམ། །མདོར་བསྡུས་བདག་གིས་བསྟན་པར་བྱ། །རྩོད་ལྡན་དུས་ཀྱི་རྣལ་འབྱོར་པས། །གཞན་གྱིས་བྱས་པ་གཤིག་པའི་ཕྱིར། བསྒྲུབ་བྱའི་ཡུལ་གྱི་ལྟ་རྟེན་ནམ། །གདུག་ཅིང་གནག་པའི་རང་བཞིན་ལ། །དཀྱིལ་འཁོར་ནག་མོ་མདའ་གང་ཚད། །དེ་དབུས་དྲག་པོའི་ཧོ་མ་ཁུང་དུ ་དུག་དང་ཁྲག་དང་ནག་པོས་བྱུག་།དེ་ལ་བསྐྱེད་ཤི་དར་བས་བསྐོར། །དེ་ཡི་དབུས་སུ་བསྒྲུབ་བྱའི་གཟུགས། །དེ་ཉིད་ལས་བྱུང་རྫས་རྣམས་དང། །གཞན་ཡང་དགྲ་པོའི་རྫས་རྣམས་ལས། །ཉིང་ལག་བརྒྱད་པ་སྐྱེ་མཆེད་རྫོགས། །དེ་ཡི་སྙིང་ཁར་ཞིང་ཆེན་ནམ། །དུར་ཁྲོད ་རས་ལ་དྲག་པོ་ཡི། །རྫས་དང་སྙུ་གུས་འཁོར་ལོ་བྲི། །རྩིབས་བརྒྱད་གསང་སྔགས་སྤེལ་ཆིག་ཅན། །ཁ་སྦྱར་ལེགས་དྲིལ་གཞུག་པར་བྱ། །རྒྱུས་ཆེན་དག་གམ་དྲག་པོ་ཡི། །གཟུགས་ཀྱི་ཐག་པས་སྙིང་ཁར་དྲང། །ལྕགས་སམ་རྣལ་འབྱོར་གླིང་བུ་ཡིས། །སྤུ་གུས་སྙིང་ཁར་གཏང་བྱས ་ནས། བདག་ཉིད་ལྟ་ཡི་སྦྱོར་ལྡན་པས། །སྦོད་དང་སྦོང་བྱེད་རྟེན་ཕྲལ་ནས། །སྔར་གྱི་གཟུགས་ལ་ལེགས་པར་གཞུག་།དེ་ཡི་སྟེང་དུ་ལ་གསུམ་དང། །ལུང་གསུམ་ས་དང་ཆུས་སྤྲུས་པའི། །མཆོད་རྟེན་ནག་པོ་ཁྲུ་གང་ཚད། །ཁྲི་འཕང་བཞི་བ་པུཾ་རྟེན་བཅས། །བུམ་པ་དྲག་པོའི་དབྱིབས་ཅན་དེ། ། ་རྒོད་དང་སྲུང་དང་རྣ་བ་ཡི། །མགུལ་དང་ཐོད་དང་སྒོམ་པ་ཡི། །སྡུལ་བྱེད་རྣམས་ནི་གོ་རིམ་བཞིན། །ངོས་གསུམ་པོ་ལ་བྱུག་བྱས་པའི། །བུམ་པ་ཕྱོགས་སྐྱོང་སྙིང་པོར་བཅས། །གདུགས་ལ་ཡི་གེ་བཅུ་པ་ནི། །སྤེལ་ཚིག་དང་བཅས་ཀྱིས་བརྒྱན་པ། །ཇི་སྲིད་མ་ཐོད་བར་དུ་མནན། །སྤྱི་དང་ཁྱད་པར? ་ལྷ་རྣམས་ལ། །མཆོད་དང་བསྟན་པ་སྐྱོང་བ་ལ། །གཏོར་མས་མཉེས་བྱས་བདེན་ཚིག་ཅན། །ལྷ་ཡི་སྦྱོར་བ་རྒྱུན་མི་གཅད། །དགུག་དང་གཞུག་དང་བསྟིམ་རྩོགས་ཀྱིས། །སྦྱོར་བ་རབ་ཏུ་བརྩམས་བྱས་ན། མེ་ཏོག་ལ་ནི་རྡོ་ཆང་བཞིན། །ཅིག་ཤོས་མྱུར་དུ་འཕམ་འགྱུར་ཏེ། །ཕ་རོལ་ནུས་པ་ཆེན་པོ་རྡུང ་ནང་གི་མཚན་མ་རྙེད་གྱུར་ནས། །སྔ་མའི་གཟུགས་དེ་བསྲེག་བྱས་ལ། །བདག་བཅས་སར་གཞུག་དེ་ཡི་སྟེང། །ཙེ་དེ་ནག་པོས་མནན་པར་བྱ། ཨོཾ་ཏཱ་རེ་ཏུ་ད་ཏཱ་རེ་ཆེ་གེ་མོ་ཨ་མུ་ཀ་མཱ་ར་ཡ་ཕཊ། །ོཾ་ཏཱ་རེ་ཏུང་ཏཱ་རེ་ཏུ་རེ་ཨདམ་རཀྵ་རཀྵ་སྭཱཧཱ། །ོཾ་ཏཱ་རེ་ཏུང་ཏཱ་རེ་ཏུ་རེ་ཆེ་གེ་མོ་དྷི་རྣ་གྷི་རྣམ། བྷནདྷ ་བྷནདྷ། ཧ་ན་ཧ་ན། ད་ཧ་ད་ཧ་དྷ་རདྷ་པ་བིདྷྲ་ན་ས་ཡ་བི་དྷཝ་ན་ས་ཡ། ཨཱ་མ་མཱ་ར་ཡ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། །ོཾ་ཏཱ་རེ་ཏུང་ཏཱ་རེ་ཏུ་རེ་མ་ཧཱ་པ་ན་ཙ་ཡཀྵ། སྟ་པ་སྟམ་པ་ཐཾ། ཧྲཱི་བཾ་རིལ་མཱ་ར་ཡ་ཕར་ཀུ་རུ་ཀུ་ལླེ་བྷཡོ། །འཕགས་མ་སྒྲོལ་མ་མྱུ་ཞིང་རབ་ཏུ་དགའ་མོ་ཞེས་བྱ་པའི་ལས་ཀྱི་ཡན་ལག ་ཕྱིར་བཟློག་པའི་ཆོ་ག་ཞེས་བྱ་བའི་ལེའུ་སྟེ་དང་པོ་རྫོགས་སོ།། །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཡམས་སོགས་འཇིག་རྟེན་མ་རུངས་རྣམས། །རབ་ཏུ་ཞི་བར་བྱ་བའི་ཕྱིར། དཀར་པོའི་ཕྱོགས་ཀྱི་ཟླ་བ་ལ། །ཁྲུ་དོ་ཁོར་ཡུག་མཎྜལ་སྟེང། །པདྨ་མདབ་བརྒྱད་དབུས་སུ་ནི། འོད ་དཔག་མེད་དང་འཕགས་མ་སྟེ། ཕྱོགས་བཞིར་རིགས་བཞི་མཚམས་བཞི་ལ། །ཡུམ་བཞིའི་མཚན་མ་དགོད་པར་བྱ་།དེ་ཡི་ཕྱི་རོལ་ཕྱོགས་སྐྱོང་དགོད། །གྲཝ་བཞིར་མདའ་བཞི་མེ་ལོང་བ་ནི། །རལ་གྲི་བཞི་དང་རྨ་བྱ་བཞི། །ཚོན་སྐུད་ལྔ་ཡིས་བྲི་བར་བྱ། །བཀྲ་ཤིས་ཤིང་ངམ་ཟངས་མ་ལས། ་བྱས་པའི་ཕུང་པ་ཕྱོགས་བཞིར་གཟུགས། གདུགས་དང་རྒྱལ་མཚན་ལ་སོགས་དང། །མེ་ཏོག་ཕྲེང་བ་ལ་སོགས་པའི། །མཆོད་པའི་ཁྱད་པར་རྒྱ་ཆེན་བཤམ། །དར་རམ་རས་སམ་གྲོ་ག་ལ། །བཀྲ་ཤིས་དར་སྤྱངས་བྲིས་བྱས་ནས། །དབུས་སུ་ཡི་གེ་བཅུ་པ་སྟེ། །གཡས་དང་གཡོན་དུ་རིགས་ལྔ ་ཡི། ཡབ་དང་ཡུམ་དུ་བཅས་པ་ཡི། །གཤམ་དུ་ཕྱོགས་སྐྱོང་བོད་པོ་རྣམས། །གུར་ཀུམ་གྱིས་ནི་བྲི་བར་བྱ། །འཕགས་མ་ལ་སོགས་རྟེན་བཞུགས་ལ། །ཅི་འབྱོར་པ་ཡི་མཆོད་བྱ་སྟེ། །བསྟན་སྐྱོང་རྣམས་ལ་གཏོང་མ་སྦྱིན། །དེ་ནས་དགེ་སློང་དགེ་འདུན་ནམ། །གསོ་སྦྱོང་ལྡན་པས་བསྙེན་པར་བྱ། ཁྲི ་ཕྲག་རེ་ལ་མཆོད་པ་དང། །གཏོར་མ་རེ་སྟེ་གསོལ་བ་གང། །ཆ་ལང་ལ་སོགས་སྔགས་བཀོད་ལ། །ཤིན་ཏུ་བསྒྲིམས་པས་བསྒྲག་པར་བྱ་དེ་ལྟང་འབུམ་ཕྲག་གཅིག་ཏུ་བྱ། །དེ་ཡང་ལྷ་ཡི་སྦྱོར་ལྡན་པས། །ཞི་བར་བྱ་བར་འདོད་པ་དང། །ཀུན་ཏུ་གཙང་སྦྲང་གནས་པ་ཡིས། །ལས་ནི་འགྲུབ་པར་འགྱུར ་པ་སྟེར་ཡམས་བདག་མོ་ལ་བསྐང་པ་ཡང། །འདི་ལ་ཤིན་ཏུ་བསྔགས་པ་ཡིན། །དེ་ནས་དཀྱིལ་འཁོར་མཚོན་ཆ་སོགས། །ཕྱོགས་མཚམས་རྣམས་སུ་དགྲམ་བྱས་ཏེ། །མཆོད་རྟེན་སྔགས་བཅས་ནང་དུ་བཞུག་།དེས་ནི་དེ་ཉིད་འགྲུབ་འགྱུར་བར། །རྗེ་བཙུན་ཉིད་ཀྱིས་གསུངས་པ་ཡིན། །ོཾ ་ཏཱ་རེ་ཏུ་ང་ཏཱ་རེ་ཏུ་རེ། སརྦ་བྷཡ་དྷི་པྲ་ཤ་མ་ནི་ཤིན་ཏིར་ཀུ་རུ་སྭཱཧཱ། འཕགས་མ་སྒྲོལ་མ་སྟོན་ཀའི་ཟླ་བ་ལྟར་དཀར་བ་ཞེས་བྱ་བའི་ལས་ཀྱི་ཡམས་ནད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་ལེའུ་སྟེ་གཉིས་པ་རྫོགས་སོ། །།རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཆོ་ཡི་སྙིགས་མར་གྱུར་པ་ཡི ་མི་རྣམས་ཚེ་ནི་བསྲིང་པའི་ཕྱིར། །ཤིན་ཏུ་ཉམས་དགའ་ཨི་གནས་དག་ཏུ། །ཕྱི་ནང་ཁྲུས་ནི་སྔོན་འགྲོ་བས། །རྣལ་འབྱོར་པས་ནི་འཕགས་མ་ཡི། །བསྐྱོད་པའི་རིམ་པ་རྫོགས་བྱས་ནས། །ས་བོན་ལས་བྱུང་འོད་ཟེར་གྱིས། །འཕགས་མ་ཚེ་དཔག་མེད་གསོལ་མ། །ཕྱག་ན་ཚེ་ཡི་བུམ་པ་བསྣམས། ། ་དེ་བཀུག་མདུན་དུ་བང་སྡེང་ལ། །བཞུགས་བྱས་ཡན་ལག་བདུན་པ་དང། གསོལ་བ་བཏབ་ནས་བསྟེན་པ་བྱ། །ོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ཨ་ཡུ་ཛྙཱ་ན། དྷ་ར་དྷ་ར། བི་དྷ་ར་བི་དྷ་ར། ས་མཱ་པྲ་བྷཱ་དྷ་ཡ་དྷེ་ཧི་དྷེ་ཧི་སྭཱཧཱ། །དེ་ནས་མར་ལ་མར་བླུགས་བཞིན། །དེ་དང་བདག་ཉིད་ཐ་དང་མེད། །སངས་རྒྱས་ཀུན་གྱི་ཡེ་ཤེས་ཀྱི། །བདག་ཉིད་ཚེ ་ཡི་དབང་ཕྱུག་མཆོག་།བདག་ལ་སྩལ་ནས་རྒྱ་མཚོ་ལྟར། ཚེ་ཡིས་རྒྱས་པར་གྱུར་བསམས་ནས། །ལན་གྲངས་བདུན་ལ་སོགས་པར་བསྟོད། །དེ་ནས་རྣམ་ཤེས་བསྐྱེད་པའི་རྟ། །འདོད་པའི་ཕྱོགས་སུ་གྱུར་པ་ན། །ཐ་མ་ལ་གསུམ་གཅིག་སྦྱོར་བ་ཡིས། །རིང་པོར་དྲངས་ལ་མཐར་གྱིས་བསྐྱིལ། །འགྱེད་པ་ཤིན་ཏུ་ཞི་པར ་བྱ། དེ་ལ་ཡང་མ་འཕོས་པར་དུའོ། །དེ་ལྟར་ན་ནི་ཟླ་རེ་ལ། །ཞག་རེས་ཚེ་ནི་འཕེལ་འགྱུར་ན། །དུས་མིན་འཆི་སོག་སྨོས་ཅི་དགོས། །རྗེ་བཙུན་འཕགས་མ་སྒྲོལ་མ་སྒྲོལ་མ་གསེར་མདོག་ཅན་གྱི་ལས་ཀྱི་ཡན་ལག་ཚེའི་འཕེལ་བའི་མཆོག་རྒྱས་པར་ཕྱེ་མ་ཞེས་བྱ་བའི་ལེའུ་སྟེ་གསུམ་བརྫོགས་སོ།། །།རྗེ་བཙུན་འཕགས་མ ་སྒྲོལ་མ་ལ་ཕྱག་འཚལ་ལོ། །གང་གི་སྟོབས་ཀྱིས་སྲོག་གཡོ་བ། །འབར་བའི་མེ་ལ་ཆུ་རྒྱུན་བཞིན། །དེ་དག་བསང་ཕྱིར་ཀ་དཀའ་དང། རྒྱལ་བའི་སྤྱན་དང་ཨ་ཀྵོ་བྷཡ། །རིན་ཆེན་སྙིང་པོ་རྩ་བ་མཆོག་།གཅིག་བུར་སྐྱེས་དང་སྤྲུལ་གྱི་དུག་།ཚེས་མ་ཐོ་གིས་རྣམ་སྣང་ལ། །བསྐྱེད་དང་བརྒྱ་སྟོང་བཟླས་རིམ་གྱིས། །དེ་ཡི་ཁོར་དུ་གཏང ་པར་བྱས?་གནས་ལྔ་རྣམས་སུ་འཕ་གར་བ་བྱ་སྟེ། །དམིགས་པ་རྩེ་གཅིག་སྦྱོར་བ་ཡིས། །ཧ་ལ་ཡིས་འཛོ?་སྒྲོ་ཡིས་བྱ་བས། རང་བཞིན་དང་ནི་བཅོས་པ་དང། །གྱུར་པའི་སྟོབས་དང་དྲི་བཟོད་དཀའ་། །གང་ཡང་འདིའི་ཡིས་ཐེ་ཚོམ་མེད། །ོཾ་ཏཱ་རེ་ཏུད་རེ་ཏུ་རེ་ན་མ། ཤ་རེ་ཤ་རེ། བི་ཤ་རེ་བི་ཤ་རེ། སརྦ་བི་ཤ་གྷ་ཊ་ནི་སྭཱཧཱ། །འཕགས ་བླ་སྒྲོལ་མ་དེ་བཞིན་གཤེགས་པའི་གཙུག་གཏོར་རྣམ་པར་རྒྱལ་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་དུག་བསང་པའི་ཚེ་གའི་ལེའུ་སྟེ་བཞི་པ་རྫོགས་སོ།། །།རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །གང་ལ་གང་ཞིག་རག་ལས་པ། །དེ་ཉིད་དབང་དུ་བྱ་བའི་ཕྱིར། །གྲོ་གའི་ནི་གོས་གཞན་ལ། །བཅུ་དྲུག ་རྩིངས་ཅན་འཁོར་ལོ་བསྐོར། །ཕོ་དང་མོ་ཡི་སྣག་ཚལ། །དཀར་པོ་གཅིག་རྒྱུག་སོགས་བསླང་པས། །དབུས་སུ་གཟུགས་དང་མིང་ཡིག་བཅས། །རྩིབས་ལ་ཡི་གེ་བཞིས་བརྟེན་པའི། །བསྒྲུབ་བྱའི་མི་ནི་བྲི་བར་བྱ། །ཕྱི་རོལ་ཨོཾ་ཡིག་གསུམ་གྱི་དབུས། །སྲད་དུ་དམར་བཅིངས་སྤྲ་ཚིལ་གྱི། །གཟུགས་བརྙན་སྙིང་ཁར་བཅུག་བྱས ་འང་སེ་བལྡེང་མེ་ལ་དུས་གསུམ་བསྲོ། །ཕོ་དང་མོ་ཡི་བྱེ་བྲག་གིས། །ནང་པ་འམ་ནི་འཇུག་སྒོ་རུ། །ཟངས་མའི་ཐུར་མས་བྲུ་བར་བྱ། །ས་བོན་འོད་ཀྱིས་དྲང་བ་ནི། །བསྒྲུབ་བྱ་རླུང་གི་དཀྱིལ་འཁོར་དབུས། །སྐྲ་གཡེངས་གཅེར་བུའི་སྙིང་ཁར་རམ། །མགྲིན་དང་མཚན་མར་ལྕགས་ཀྱུ་འམ། །ཞབས་པ་ལྟ་བུས་རབ་དྲངས་ནས། ། ་ཆུང་གི་ཤུགས་ལྡན་སྔགས་ཀྱི་མཐུས། །རྐང་པའི་དྲུང་དུ་ལྷགས་བྱས་ནས། །ཅི་དང་ཅི་བགྱི་ཞེས་པ་བརྗོད་བསམ། །ཆུ་དང་རྡུལ་ཁྲོད་ལས་བྱུང་སྦྱར། །དུས་གསུམ་དག་ཏུ་བརྟེན་བྱ་ཞིང། །དེ་ཉིད་རྡོ་རྗེའི་ཆུས་སྤངས་ལ། །དེ་ལ་སྦྱིན་པར་བྱ་བ་ཡིན། །དེ་ཉིད་པ་ནི་སྐྱེ་ཆོ་དག་།མིང་དང་བཅས་པར་སྦྱིན་སྲེག་བྱ། །ཡང་ན་རྡུལ་ཁྲོད ་ཉིད་ཀྱིའོ། རྡོ་རྗེ་བསྐྱོང་དང་བདེ་བཅས་དང། །མཐར་ཕྱིན་པ་དང་བྱང་ཆུབ་སེམས། །རྒྱུ་བཞེན་རྡུ་བའི་སྦྱོར་བ་ཡིས། །ལས་འདི་རག་ཏུ་འགྲུབ་འགྱུར་ཏེ། །ཉི་མ་མདུན་གྱིས་ཕོ་དང་མོ། །བདུན་ཕྲག་གསུམ་གྱིས་སྐྱེས་བུ་ཆེ། །བདུན་ཕྲག་བདུན་གྱིས་ལྷ་མོ་སོགས། །ས་བླ་རྣཾས་ཀྱང་འདོད་པ་ཡི། །མདའ་ཡིས་མྱོས་ནས ་དའི་མདུ་ན་དུ། །རང་དབང་མེད་པར་ལྟུང་པར་འགྱུར། །ོཾ་ཏཱ་རེ་ཏུར་ཏཱ་རེ་ལ་བ་ན་ཨཱ་བ་སོ་ཨ་ཏེ་སཤོ་སི་ཨུ་དུ་ཀྲོ་སི་བ་ཤཾ་ཀ་ར་ཨ་ནུ་ཀ་སྱ་ད་ཧ་གཊ་ནི། དང་རྔ་ཅཾ་ན་ཁ་བྱ་སི། ད་ཧཱ་ཨ་སྠི་ནི། ཨ་སྠི་བྷཡཾ། མ་ཛཛ་ཀཾ་ད་ཧ་ལ་བྷ་ཎཾ། བིན་ད་ཏཾ་བ་ལ་ནཾ་བ་ཅ་ཏི་བ་ལ་ནཾ་པ་ཙ་ཏི་ཤོ་ནི་ཏེ། པ་ལ་ནེ་ད་རྒྱ་མ་ནཱི་ཧཾ། ཀྲུ་ཏྲ་ནཱི་ཏྲ། ་ཀུ་ཏྲོ་རེ་ཏྲི་ཡ་ཏཱི་བ་ས་ཏི་ཡོ་དེ་ན་ཤ་དེ་ན་དྲི་ནཾ། ཙ་ཤ་ཏན་ཏ་རེ། ན་ག་རེ་ལོ་ཧ་པྲ་ཀ་ར། གྲི་ཀྵྞ་སརྦ་ཀྲི་ཏཾ་གྒ་ཏེ་དུར་དྲེ་པ་པ་ས་མཱ་ནE་ཧཱི། པ་ལ་ན་བྷ་ན་དྷ། པུ་རས་ཀྲི་ཏ(རྒྱུད་འགྲེལ་སྦྱོར་ལྡན་པས། །མེ་ཏོག་བདུག་པ་ལ་སོགས་པ། །གང་ལ་བྱིན་པ་དེ་དབང་འགྱུར། །བཟའ་བཏུང་གིས་ཀྱང་དེ་བཞིན་ཏེ། མེ་ཏོག་དམར་པོའི་སྦྱིན་སྲེག་གིས། །གང་དག་འདོད་པ་དབང་དུ་བྱེད། །སྐྱེས་བུ་མཆོག་ལ་ཡུངས་ཀར་སྔགས། །འཁར་བའི་སྣོང་དུ་སྦྲེང་རྩི་མར། །སྔགས་དང ་བཅས་བཅུག་དུས་གསུམ་དུ། །མཆོད་དང་བཟླས་པས་དོན་རྣམས་འགྲུབ། །ཁམ་པོར་དུ་བར་བཅས་པ་ལ། །བརྒྱ་དང་བརྒྱད་བཟླས་མིག་ལ་བྱུག་།གསོད་པར་འདོད་པའི་དགྲ་བོས་ཀྱང། །ཕུ་སྡུག་བཞིན་དུ་སེམས་པར་འགྱུར། །དུར་ཁྲོད་གནས་སུ་སྣོད་ཆེན ་དུ། པདྨ་དཀར་དང་ཆེན་པོའི་སྣུམ། །བརྒྱད་དང་བཅུ་བཞི་བསྒྲུབ་བྱས་པའི། མིག་སྨན་གྱིས་ནི་གཞན་དགར་འགྱུར། །འཕགས་མ་སྒྲོལ་མ་ཧཱུཾ་གི་སྒྲ་རབ་ཏུ་སྒྲོགས་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་དབང་དུ་བྱེད་པའི་ཆོ་ག་ཞེས་བྱ་བའི་ལེའུ་སྟེ་ལྔ་པ་རྫོགས་སོ།། །རྗེ ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཐོག་མ་མེད་དུས་ནས་བསགས་པའི། ཉེས་པའི་ཚོགས་རྣམས་སྦྱང་བའི་ཕྱིར། །རབ་ཏུ་ཤེས་པའི་དུས་ཉིད་དུ། །དམ་ཚིག་འདི་ལ་མི་བསྔགས་པའི། །ལོངས་སྤྱོད་དག་ནི་རབ་ཏུ་སྤང། །དགེ་ན་པའི་གནས་སུ་དཀྱིལ་འཁོར་བྱ། ། ་རྟེན་དང་མཆོད་པ་སྣ་ཚོགས་བཤམ། །བར་ཆང་བསྲུང་ཕྱིར་བསྟན་སྐྱོང་ལ། །རབ་ཏུ་ཤིས་པའི་གཏོར་མས་མཆོད། །རྟེན་ལ་རྗེ་བཙུན་བཞུགས་བྱས་ནས། །རྫོགས་སངས་རྒྱས་དང་བྱང་ཆུབ་བ་སེམས། །ཐུགས་རྗེ་ཅན་གྱིས་བདག་ལ་ནི། །མིང་གའི་ལས ་རྣམས་སྦྱང་བའི་ཕྱིར། །གསོ་སྦྱོང་དམ་པ་གསལ་བར་མཛོད། །རྒྱལ་སྲས་རྣམས་ཀྱིས་ཇི་ལྟ་བར། །བདག་ཀྱང་དེ་བཞིན་བསྒྲུབ་པར་བགྱི། །གསུམ་ལ་དྲུག་ཏུ་རྣལ་འབྱོར་པས། །རྡོ་རྗེ་ལྟ་བུའི་ཚུལ་གྱིས་སུ། སྡིག་པམ་ལུས་ཟང་གེད?་པ། །བརྒྱ་དང་བརྒྱད ་བཟླས་གསོལ་བ་གདབ། །གནས་གསུམ་དག་ཏུ་སྡིག་པའི་གཟུགས། །བྲིས་སམ་བསམས་ལ་བྱ་བ་བྱ། །ཡང་ན་ཏིལ་གྱིས་སྲེག་པའམ། །དག་བྱེད་ཆུ་ཡི་སྦྱོར་བས་ཀྱང། །དེ་ཡི་ཉེས་པ་བཀྲུ་བར་བྱ། །དེ་ལྟར་ན་ནི་མྱུར་ཉིད་དུ། དཀར་གྱི་མཚོ་དང་ངན་སྒྱུབས ་ཟག་།མཁའ་ལ་རྒྱུ་ཞིང་ཆུ་སྐྱེས་སྟུང། །རྩོད་ལས་རྒྱལ་བ་ལ་སོགས་པའི། །མཚན་མས་དེ་ཡིད་དགའ་བྱས་ནས། །དཔལ་ལྡན་གནས་སུ་འགྲོ་བར་འབྱུང། །ན་མོ་རད་ན་ཏྲ་ཡཱ་ཡ། །ན་མ་ཨ་རྱཱ་བ་ལོ་ཀི་ཏེ་ཤཱ་རཱ་ཡ། བོ་དྷི་ས་ཏཱ་ཡ་མ་ཧཱ་ས་ཏཱ་ཡ། ་མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏ་དྱཱ་ཐཱ། ཨོཾ་ཏཱ་རེ་ཏུ་དྭ་ཏཱ་རེ་ཏུ་རེ་མ་མཱ་སརྦ་པ་པཱཾ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། སརྦ་བྷ་བ་ས་མུ་དྷྲོ་ཙྪོ་ཤ་ན་ཀར་ཡ་སྭཱཧཱ། །སརྦ་བར་པཱཾ་ཤན་ཏིར་ཀུ་རུ་ཡེ་སྭཱཧཱ། །འཕགས་མ་སྒྲོལ་མ་འཇིག་རྟེན་གསུམ་ལས་རྣམ ་པར་རྒྱལ་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་སྒྲིབ་པ་ཡོངས་སུ་སྦྱོང་བའི་ཆོ་གའི་ལེའུ་སྟེ་དྲུག་བ་རྫོགས་སོ།། །།རྗེ་བཙུན་མ་འཕགས་མ་ལེ་ཕྱག་འཚལ། །རྣལ་འབྱོར་སྲོག་ནི་གཡེ་བ་ཡི། །མཚན་མ་བྱུང་བར་འགྱུར་པ་ན། འཆི་བདག ་བདུད་ན་གཞོམ་པའི་ཕྱིར། །འགྲོ་བ་རྣམས་ལ་སྲོག་སྦྱིན་ཞིང། །ཕྱི་རོལ་དངོས་པོས་བསོད་ནམས་བསགས། །བདེ་གཤེགས་མཆེད་རྟེན་མཛེས་པས་བརྒྱན། །ཕྱི་ནང་ཆོས་རྣམས་ནམ་མཁའ་ལྟར། །དམིགས་པ་མེད་པར་རབ་ཏུ་བསྒོམ། །དེས་ནི་རྐྱེན ་སྐྱེས་ཞི་བར་གསུངས། །འཕེན་པའི་ནུས་པ་ཟད་པའོ་ཕྱིར། །དེས་ཀྱང་རབ་ཏུ་མི་སྤོངས་ན། །བདག་གི་ལུས་དང་ལོངས་སྤྱོད་དང། །བཤེས་རྣམས་ནམ་མཁའ་ཨི་གློག་བཞིན་དུ། །འགྱུར་བའི་རང་བཞིན་ཤེས་བྱས་ནས། །ཐ་མའི་དུས་སུ་གྱུར་པ་ན། ། ་འདོད་པའི་ལྷ་ཡི་ཏིང་འཛིན་གྱིས། །དཀར་བསིལ་ལུས་ལ་ཕན་བྱེད་པ། །རླུང་ལ་དམིགས་བྱ་གཉིས་སུ་དྲང། །སྒོ་རྣམས་བསྡམས་ལ་རབ་ཏུ་མནན། །ལྡོག་པའི་ཚེ་ན་བསྲིད་པར་བྱ། །སྤྱི་བོ་ཚངས་པའི་བུ་ག་དཔེ། །གནས་གསུམ་དག་ཏུ ་ཡི་གེ་གསུམ། །རྟེན་དད་རྟེན་པ་བྱང་ཆུབ་སེམས། །ཆུ་ལ་ཆུ་བཞིན་ཐ་དད་མེད། །ཐིག་ལེ་ལ་ནི་ཐིག་ལེ་བཞིན། །གྱེན་དུ་གཅིག་ལ་གཅིག་བསྡུས་ཏེ། །ཧི་ཀ་ཞེས་པའི་འབྲུ་གཉིས་པོ། །ཉི་ཤུ་རྩ་གཅིག་བརྗོད་པར་བྱ། །གྱེན་དུ་ཕྱིན་པས ་འོག་མིན་ཏེ། །ཐུང་དུ་ཕྱིན་པས་བརྩོན་ངར་རོ། །ཡི་གེ་དང་བས་འཕོ་བྱ་བ། །ཤིང་ལ་ཞོན་བཞིན་ཁྱབ་པ་དག་།སྙིང་ཁར་འདོད་ལྷའི་གཟུགས་གྱུར་ཏེ། །མནན་དང་བསྡམ་དང་སྦྱར་བཟློག་ཅིང། །ནམ་མཁའ་ཨི་མཐོངས་ཏེ་རབ་གསོལ་ལ། །ཡི ་གེ་གཉིས་ཀྱིས་རབ་དྲངས་ནས། །ལོངས་སྤྱོད་རྫོགས་སྐུའི་དཀྱིལ་འཁོར་དུ། །རྫུ་འཕྲུལ་ཤུགས་ཀྱིས་ཕྱིན་པར་བྱ། །འདི་ནི་ཐུན་མོངས་མ་ཡིན་པ། །སྐལ་ལྡན་རྣམས་ཀྱི་ལམ་ཡིན་ཏེ། །བླ་མེད་གསང་སྔགས་ཁྱད ་པར་ཐབས། །རྫོགས་པའི་སངས་རྒྱས་ཉིད་ཀྱིས་གསུངས། །དེ་ནས་སྒྲུབ་ལྡན་རྣལ་འབྱོར་པས། །འདི་ལ་མ་ཡེངས་འབད་པ་ཆེ། །གོམས་པའི་ཡན་ལག་སྡོན་འགྲོ་བས། །བྱས་ན་རྫོགས་པའི་སངས་རྒྱས་འགྱུར། །འཕགས་མ་སྒྲོལ་མ་གཞན ་འཇོམས་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་གོང་དུ་འཕོ་བ་ཞེས་བྱ་བའི་ཆོ་གའི་ལེའུ་སྟེ་བདུན་པ་རྫོགས་སོ།། །།རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ། །ཇི་ལྟར་དུག་ལ་དུག་སྦྱར་བཞིན། །འཁོར་བའི་རྩ་བ་ཉོན་མོངས་ཏེ། ། ་དེ་ལ་དེ་ཉིད་ཀྱིས་དབྱུང་བའི། །ཐབས་ཀྱི་ཆོ་ག་གང་གསུངས་པ། །བསྐྱེད་པའི་རིམ་པ་བརྟེན་པ་ཡིས། །པདྨ་ཅན་རྣམས་དུང་ཅན་སོགས། །རིགས་གསུམ་ལས་སྐྱེས་ཤེར་རབ་མ། །བཅུ་གཉིས་པ་དང་བཅུ་དྲུག་པ། །ཉི་ཤུ་བཞི་ཡི་ལོ་ལོན་པ། ། ་མིག་དཀྱུས་རིང་ཞིང་དཀར་མདངས་ལྡན། །འཇམ་མཉེན་འཁྲིལ་ལྡེམ་གཞོན་ནུའི་ཚུལ། །ལུས་ལ་ག་བུར་དད་ལྡན་ཞིང། །དག་འཇམ་མཛེས་འགྲོ་ཡོན་ཏན་ཕྱག། །སྐྱབས་འགྲོ་ནས་ནི་སྨིན་པའི་བར། །ཅི་རིགས་པ་ལ་དེ་བཀོད་ནས། །ལུས ་སོགས་གསུམ་པོ་དག་བྱས་ནས། །བྱང་གི་ཕྱོགས་སུ་དེ་བསྲུངས་ནས། །གྲུ་བཞི་ལྷམ་པ་ཁྲུ་གང་ཆད། །བྱི་དོར་ལེགས་བས་མེ་ཏོག་དགྲམ། །བདུད་རྩི་ལྔ་དང་མཆོད་གཞན་གཅས། །རྡོ་རྗེའི་ཧྲི་སྟེངས་དེ་བཞག་ནས། །བཀྲུ་དང་བཀྲུ་བའི་ཆོ་ག ་བྱ། །རིགས་ཀྱི་བདག་པོའི་རྣམ་པ་ཡིས། །ས་བོན་ལྕགས་ཀྱུའི་སྤྲོ་བསྡུ་ལས། །ཐབས་དང་ཤེས་རབ་བཀུག་བྱས་ནས། །གཉིས་ཀའི་ཚངས་པའི་བུ་ག་གཤེགས། །རབ་སྨིན་རྡོ་རྗེ་པདྨ་སྟེ། །དེ་བརྟག་པད་མར་སྙིང་པོ་བཙལ། །དེ་ནས ་བདེ་བ་མཉམ་སྦྱོར་ཕྱིར། །པདྨའི་བྲེ་འབྲུ་རྒྱས་པ་དང། །ཡེ་ཤེས་རྡོ་རྗེ་རྩེ་ལྔ་པ། །ལག་སྦྱར་གཉིས་སུ་མེད་པར་བྱ། །བསྡམས་དང་གློད་པའི་སྦྱོར་པ་ཡིས། །རྣམ་ལྔ་རྣམ་ལྔས་ཁྱབ་པར་བྱ། །སྤུ་གུས་སྙིང་པོ་བཟུང་བྱས་ནས། །ཉམས་ཀྱི་སྟོབས་ཀྱིས ་དྲང་བར་བྱ། །དགའ་བ་བཞི་ཡི་བདག་ཉིད་ཀྱིས། །གསལ་ལ་མི་རྟོག་བདེ་བའི་མཆོག་།གཟུང་དང་འཛིན་དང་དམིགས་བྲལ་བ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ན། །གོ་རིམ་བཞིན་དུ་ཉམས་སུ་བླང། །མི་འབྲལ་ཅུང་ཞིག་བསྟེན་པར་བྱ། །གསལ་བའི ་ཡེ་ཤེས་མ་ཟིན་ན། །ཇོལ་བའི་སྒྲ་ལ་སེམས་གཏད་ནས། །ཅུང་ཞིག་བསྒོམ་པར་བྱ་བ་ཡིན། །ཡང་དག་ཡང་དུ་ཉམས་སུ་བླང། །དེ་ལས་མི་རྟོག་ཡེ་ཤེས་སྐྱེས། །རླུང་ལ་གོམས་པའི་སྦྱོར་བ་ཡིས། །རྡོ་རྗེའི་ཆུ་ནི་མཐུང་བའམ། །ཡང་ན་ཀུན་ད་བྱང ་ཆུབ་སེམས། །རང་གིས་རབ་ཏུ་བཞིབས་བྱས་ཏེ། །གསལ་བར་བྱ་བའི་ཡན་ལག་དང། །གོམས་པར་བརྟན་པའི་རང་བཞིན་གྱིས། །བྱང་ཆུབ་སེམས་ནི་དབབ་བྱ་ཡི། །དེ་ལས་གཞན་པས་བདེ་བ་ནི། །རབ་ཏུ་གཟུང་ཕྱིར་བསྲུང་བྱ་སྟེ། །ཇི་སྲིད་ཀུན ་ད་མ་ཤོར་བ། །དེ་སྲིད་སྙོམས་འཇུག་དེ་ནས་ནི། །མདུན་བཞག་པ་ལ་དམིགས་པ་འམ། །ཡང་ན་ཡིད་ཀྱིས་སྤྱད་པར་བྱ། །ཤེས་རབ་མ་འང་ལྷག་པ་ཡི། །ལྷ་བཞིན་རབ་ཏུ་མཉེས་པར་བྱ། །འདི་ནི་གསང་བ་བླ་མེད་ལམ། །ཐ་མལ་རྣམ་རྟོག་ལས ་གྲོལ་བའི། །རྣལ་འབྱོར་པ་ཡིས་འདི་སྤྱད་པས། །གཉིས་མེད་ཡེ་ཤེས་ཕྱག་རྒྱ་ཆེ། །སངས་རྒྱས་ཀུན་མཆོག་བདེ་བའི་སྐུ། །རིང་པོར་མི་ཐོགས་ཐོབ་པར་འགྱུར། །འཕགས་མ་སྒྲོལ་མ་བདུད་ཐམས་ཅད་འཇོམས་ཞིང་དབང་མཆོག་སྟེར་བ ་ཞེས་བྱ་བའི་ལས་ཀྱིས་ཡན་ལག་རྫོགས་པའི་རིམ་པའི་ལེའུ་སྟེ་བརྒྱད་པོ་རྫོགས་སོ། །རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྐུ་གསུམ་རང་བཞིན་གཟུགས་བརྙན་གང། །ཐམས་ཅད་སྤྲོས་དང་བྲལ་ཡིན་པས། །གང་གིས་གང་ལ་རང ་གནས་བྱས། །ཅི་ཞིག་འདིར་ནི་མཆོད་པར་བྱ། །སྦྱིན་བདག་བསོད་ནམས་སྤེལ་བ་དང། །སྔགས་པས་དགེ་བ་རྙེད་པའི་ཕྱིར། །རབ་གནས་བསྟན་བཅོས་ལས་བཤད་པ། །ཐ་སྙད་ཙམ་དུ་བྱས་པ་ཡིན། །ཇི་ལྟར་སྐུ་གཟུཊ ་ཡོངས་སྡོགས?་ནས། །བྱིན་མ་རླབས་པར་རིང་གནས་ན། །དེ་ལ་བཀྲ་མི་ཤིས་འབྱུང་ཞིང། །དེ་ལ་བགེགས་ཀྱང་འཇུག་པར་འགྱུར། །དེ་སྲིད་མཆོད་པར་དེ་མི་འོས། །དེ་བས་བྱིན་རླབས་བཤད་པར་བྱ། །སྐུ་གསུམ་གཟུགས་བརྙན་གང་ཡིན ་པ། །བཟོ་བོས་བྱས་པ་ཡོངས་རྫོགས་ཏེ། །གཟུགས་ཀྱི་གསུམ་པའི་ཆ་མཉམ་པའི། །སྟེགས་བུའི་སྟེང་དུ་བཞུགས་སུ་གསོལ། །གཟའ་དང་ཉི་མ་ཟླ་སོགས་ལ། །མཆོད་དང་གཏོར་སོགས་ལེགས་བྱས་ནས། །བདག་གི་རྣལ་འབྱོར་ཡོངས ་རྫོགས་པས། །བུམ་པ་ལ་ནི་བཟླས་པ་བྱ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་བི་ཥེ་ཀ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། །བུམ་པ་ལ་བཟླས་པའི་སྔགས་སོ། །དྲི་མ་བཀྲུས་རྗེས་སྟོང་པར་བསམ། །བྲུཾ། ཨཾ(རྒྱུད་འགྲེལ་རྣམ་པར་བསྐྱེད། །སྐུ་གསུང་ཡེ་ཤེས་དཔང་ཡང་བསྐུར། །ོཾ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་བི་ཤོ་དྷ་ནི་ཧཱུཾ་སྭཱཧཱ། །སྐུ་ཕྱི་བའི་སྔགས་སོ། །ོཾ་ཨཱ(རྒྱུད་འགྲེལ་དེ་ནས་རབ་ཏུ་མཆོད་ནས་ནི། །གསང་སྔགས་ཟློས་ཤིང་སྤྱན་ཕྱེ་ནས། །སླར་ཡང་རབ་ཏུ་རྒྱས་པ་ཡིས། །མཚད་ཅིང་རབ་ཏུ་གནས་པར་བྱ། །ོཾ་བཛྲ་པུཥཔེ་ཨཱ་ཧཱུཾ། ཨོཾ་བཛྲ་དུ་ཥཔ་ཧཱུཾ། ཨོཾ་བཛྲ་ཨ་ལོ་ཀེ་ཨཱ་ཧཱུཾ། ཨའོཾ་བཛྲ་གནདྷེ་ཨཱ་ཧཱུཾ། ཨོཾ ་བཛྲ་ན་ཝེ་དྱེ་ཨཱ་ཧཱུཾ། མཆོད་པའི་སྔགས་སོ། །ོཾ་ཙཀྵུ་ཙཀྵུ་ས་མན་ཏ་ཙཀྵ་བི་དྷོ་དྷ་ཡ་སྭཱཧཱ། ཐུར་མར་སྦྱན་དབྱེ་བའི་སྔགས་སོ། །ོཾ་སུ་པྲ་ཏ་ཥྚི?་བཛྲ་ཡ་སྭཱཧཱ། ཨོཾ་ཧཱུཾ་ཧྲི་བྲུཾ་ཁཾ་བཛྲ་བྷ་བ་ཤྲཱི་དུ་དྷི་སྟི་ནུ་ཁཾ། རབ་ཏུ་གནས་པ་སྟེ་མེ་ཏོག་ལ་བཟླས ་ལ་གཏོར་ཞིང་མཎྜལ་དབུལ་པའི་སྔགས་སོ། །འབྱུང་པོ་ཆེ་ལ་གཏོར་མ་སྦྱིན། །ཞི་བའི་སྦྱིན་སྲེག་བྱས་ནས་ཀྱང། །བསོད་ནམས་འཕེལ་བར་བྱ་བའི་ཕྱིར། །ཡོན་གྱིས་བླ་མ་མཉེས་པར་བྱ། །དེ་ལྟར་རབ་ཏུ་གནས་བྱ་ན། །འཇིག་རྟེན་འདི་དང་ཕ་རོལ་ཏུ། ་སེམས་ལ་གང་ཅི་འདོད་པ་ཡི། །ཕུན་སུམ་ཚོགས་པའི་འབྲས་བུ་འབྱུང། །འཕགས་མ་སྒྲོལ་མ་མཆོག་གསོལ་བ་ཞེས་བྱ་བའི་ལས་ཀྱི་ཡན་ལག་རབ་ཏུ་གནས་པའི་ཆོ་གའི་ལེའུ་སྟེ་དགུ་པ་རྫོགས་སོ།། །།རྗེ་བཙུན་འཕགས་མ་སྒྲོལ ་མ་ལ་ཕྱག་འཚལ་ལོ། །བྱང་ཆུབ་ཆེ་དང་དངོས་གྲུབ་གཞན། །མ་སྨིན་པ་ལས་མི་འབྱུང་བས། །དེའི་ཆོ་ག་མདོར་བསྡུས་པ། །སྣོད་དང་ལྡན་པའི་སློབ་མ་ཡིས། །མཎ་ཌལ་དང་སྦྱོར་གཞན་དག་གིས། །མཚན་ཉིད་ལྡན་པའི་བླ་མ་ལ། །རྡོ་རྗེ་སློབ ་དཔོན་དགོངས་སུ་གསོལ། །བདག་ནི་དུས་འདི་ནས་བཟུང་ནས། །སྙིང་པོ་བྱང་ཆུབ་མ་ཐོབ་པར། །བླ་མ་དམ་པར་གསོལ་འདེབས་ཀྱིས། །བདག་གི་བླ་མ་མཛད་དུ་གསོལ། །མ་བསྒྲལ་བ་རྣམས་བསྒྲལ་བ་དང། །མ་གྲོལ་བ་རྣམས་དགྲོལ་བ་དང ་དབུགས་མ་ཕྱིན་པ་དབུགས་དབྱུང་དང། །མྱ་ངན་མ་འདས་བཟླ་པའི་ཕྱིར། །བླ་མར་ཞུགས་པར་ཁྱོད་སྤྲོ་འམ། །དེ་ནས་མཎ་ཌལ་སྔོན་འགྲོ་བས། །བླ་མ་སངས་རྒྱས་བྱང་ཆུབ་སེམས། །འདོད་པའི་ལྷ་ལ་བདུན་རྣམ་དག་།ལམ་ལ་གནས ་པ་བྱས་ནས་སུ། །བགེགས་མཐར་བྱེད་ཀྱི་ཡང་སྙིང་ནི། །དེ་ཡིས་དེ་ལ་དབོག་པར་བྱ། །བླ་མ་ལྷ་ཡིས་སྦྱོར་ལྡན་པས། །མཆོད་པ་དང་ནི་གཏོར་མ་ཡིས། །ས་ཡི་བདག་པོ་མཉེས་ཕྱས་ནས། །སྣང་དང་མི་སྣང་ས་བདག་ལ། །གསོལ ་བ་གདབ་སོགས་རྒྱས་པར་བྱ། །མེ་ལོང་དབྱིབས་ཅན་དཀྱིལ་འཁོར་ནི། །འདབ་མ་བཞི་ལྡན་པདྨ་སྟེ། །ཁ་དོག་གཞན་དང་འདྲ་བའོ། །ས་འམ་རིན་ཆེན་ལས་བྱས་པའི། །བུམ་པ་ཉེས་པས་མ་གོས་པ་བསྲུང་བའི་ཆོ་ག་སྔོན ་འགྲོ་བས། །དེ་དག་སྟེང་དུ་བཀོད་བྱས་ནས། །འབྲུ་དང། སྤོས་དང། སྙིང་སྨན་དང། རིན་ཆེན་ལྔ་དང། ། རྒ་དང། མགུལ་ཆིངས་ཁ་རྒྱན་རྫོགས་པར་བྱ། །དེ་དག་མི་དམིགས་སྟོང་པ་ལས། ། ་གཞལ་ཡས་ཁང་དབུས་རི་རབ་སྟེང། །དེ་དབུས་པདྨའི་གདན་ཁྲི་ལ། །དམ་ཚིག་འཁོར་ལོ་བསྐྱེད་པ་ནས། །དབང་གི་བར་དུ་རྫོགས་བྱས་ནས། །མཆོད་ཡོན་སྔོན་དུ་འགྲོ་བ་ཡིས། །མཆོད་པས་མཆོད་ནས་རྩ་བའི་སྔགས། ། ་འབུམ་ཕྲག་གཅིག་གི་བསྙེན་པ་བྱས། །གསང་སྔགས་ཡེ་ཤེས་ཆུ་རྒྱུན་གྱིས། །བུམ་པ་ཆོས་ཉིད་གང་བྱས་ནས། །མཆོད་དང་གཏོར་མ་ཅི་རིགས་བྱ། །སྐད་ཅིག་མ་ཡི་ཏིང་འཛིན་གྱིས། །མིག་ཏུ་མ་དང་ཊ་ལས་ནི། །ཉི་མ་ཟླ་བ ་གསལ་བྱས་ཏེ། །བསྙེན་པའི་འཁོར་ལོ་མཁའ་ལ་འདེགས། །སྔགས་འདི་བཟླས་ཤིང་གསལ་བར་བསྒོམ། །ོཾ་བཛྲ་ཨུ་ཌ་ཧཱུཾ་ཕཊ། །དེ་ནས་ཁྲོ་རྒྱལ་བདུད་རྩི་འཁྱིལ། །བདག་བསྐྱེད་ནས་ནི་བགེགས་བསྐད་དེ། །ཧཱུཾ་ལུས ་ངག་སེམས་ལ་གནས་པའི་བགེགས། །འདིར་ཉོན་ང་ནི་དཔལ་དང་ལྡན། །བཀའ་ཡི་འཁོར་ལོ་རབ་སྦྱོར་བས། །ང་ཡི་??་བཀའ་ཡི་དམ་ཚིག་ལས། །ུ་འདས་བརླག་གྱུར་ཐེ་ཚོམ་མེད། །མི་དང་མི་མིན་འབྱུང་པོའི་ཚོགས། ། ་གདོན་གྱི་རིགས་སུ་གཏོགས་པ་རྣམས། །འདི་རུ་མ་གནས་གཞན་དུ་དེང། །བདུད་རྩི་འཁྱིལ་བའི་སྔགས་བརྗོད་ཅིང། །ཁྲོ་བོའི་གོམ་སྟབས་བརྒྱད་པའི་གར། །རྐང་ལག་སྨིན་བསྐྱོད་འདེགས་པ་དང། །ཟུར་མིག་ཉི་མའི་དབུས་གནས ་དང། འཛུབ་བཅས་མཆེ་གཙིགས་ཕྲེང་བའི་གང། །བསྐོར་ནས་ར་བ་གུར་སོགས་བྱ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་ལས། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ ་ཤཱཀྱ་སེངྒེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་ལྟར། །དེ་བཞིན་དུ་ནི་བདུད་ཀྱི་སྡེ། །ཕམ་པར་བྱས་ཏེ་དཀྱིལ་འཁོར་བྲི། །ལྷ་ཡི་ང་རྒྱལ་ལྡན་པ་ཡིས། །ཐིག་ལེ་བྱས་ནས་རྫས་དགྲམ་དང། །བྱིན་བརླབས་བྱས་ནས་རབ་བསྐོར་ཏེ། །སྤས་དྲིལ་ཐོཊ ་ནས་འདི་སྐད་དུ། །མ་ལུས་ཕྱོགས་ན་བཞུགས་པ་ཡི། །དཔའ་བོ་རྣལ་འབྱོར་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །བཅོམ་ལྡན་འདས་མའི་དཀྱིལ་འཁོར་བྲི། །དེང་འདིར་ཐམས་ཅད་ཀུན་གཤེགས་ཏེ། །དངོས་གྲུབ་འདི་ནི ་སྩལ་དུ་གསོལ། །སྟེགས་བུའི་སྟེངས་ན་གནས་པ་ཡིས། །ཕྱོགས་བཞི་ནས་ནི་གསོལ་བ་གདབ། །དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་དངོས། །དཀྱིལ་འཁོར་དམ ་པ་བཤད་དུ་གསོལ། །མཚེན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །མཚན་མིན་ཐམས་ཅད་རྣམ་པར་སྤངས། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག་།དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞི་བའི་ཆོས་ནི་མཆོག་ལས་བྱུང། །ཡེ ་ཤེས་སྤྱོད་པ་རྣམ་སྦྱོང་བ། །ཀུན་ཏུ་བཟང་པོ་གསུང་གི་མཆོག་།དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པས་གོས་པ་མེད། །ཀུན་བཟང་ཐུགས་མཆོ་ག་ཁ་ལོ་སྒྱུར། །དཀྱིལ ་འཁོར་དམ་པ་བཤད་དུ་གསོལ། །ཐིག་ལེ་བྱས་ནས་དཀྱིལ་འཁོར་སྟེངས། །ཡེ་ཤེས་འཁོར་ལོ་གཞུགས་བྱས་ནས། དབང་བསྐུར་བར་གྱི་ཆོ་ག་ཡང། །བྱས་ལ་མཆོད་པ་དབུལ་བྱས་ནས། །བྱིན་གྱིས་བརླབས་པ་ལ་སོགས་པའི། ། ་བུམ་པའི་ཆོ་ག་རྫོགས་པར་བྱ། །ཐིག་ལེ་ར་ལ་རེ་རེ་སྟེ། །རྫས་ལ་བསང་ཞིང་གསོལ་བ་གདབ། །ཡོལ་བས་དེ་བཅད་བདག་ཉིད་ནང། །ཁྲུས་བྱས་སྤྱོད་ལམ་མཛེས་པ་ཡིས། །དགའ་ཆེན་ཁྱད་ལ་བདག་དགའ་ཨོ། །སློབ་དཔོན་ཁྱོད ་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པས། །མགོན་པོ་ཆེན་པོ་བདག་ལ་གསོལ། །དམ་ཚིག་དེ་ནི་བདག་ལ་གསོལ། །བྱང་ཆུབ་སེམས་ནི་བདག་ལ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་དང ་སྐྱབས་གསུམ་དག་ནི་བདག་ལ་གསོལ། །ཐར་པ་ཆེན་པོའི་གྲོང་མཆོག་དུ། །མགོན་པོ་བདག་ནི་འཇུག་པར་འཚལ། །བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་ཚུལ་བཞིན་སྤྱོད་བ་དག་།ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ནི་ཚུལ ་ཆེན་སྣོད་ཡིན་ཏེ། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །རྡོ་རྗེ་གསང་སྔགས་འདི་བསྒོམས་པས། །དཔའ་བོ་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པའི་མཚན་མ་བསྙེས། །གསང་སྔགས་སྤྱོད་པ་མཉམ ་མེད་དེ། །ཤཱཀྱ་སངྒེ་སྐྱོབ་པ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་དང་བཅས་པ་རབ་བཅོམ་སྟེ། །འཇིག་རྟེན་རྗེས་འཇུག་རྟོགས་པ་ཡིས། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས ་ཤིག་།དེ་ཡི་མདུན་དུ་མཎྜལ་བྱ། །སློབ་མ་མི་དམིགས་སྟོང་པ་ལས། །འདོད་ལྷའི་གནས་གསུམ་ཐིག་ལེ་བྱ། །རང་གི་གསུམ་སྤྲོས་ཕྱག་མཚན་ནོ། །སློབ་མའི་མདུན་དུ་མཎྜལ་བསྟེན། །བསང་གཏོར་བྱ་ཞིང་མཆོད་པ་དབུལ། །དེང་ནས་བཟུང་ནས་བུ་ཁྱོད ་ཀྱིས། འཁོར་བའི་ཉེས་པ་མ་ཕོག་པར། །མཆོད་པ་ཀུན་དང་ལྡན་པར་ནི། །བུ་ཡིས་བློ་གྲོས་འདི་གྱིས་ཤིག་།དེ་ལ་མཎྜལ་དབུལ་བར་བྱ། །དེ་ཡིས་སོ་ཤིང་སོར་བརྒྱད་པ། །ཡི་གེ་བཅུ་བཟླས་དེ་ལ་སྦྱིན། །བཅད་ནས་དེ་དོར་རྟགས་ཞེས་བྱ། །འཇིག ་རྟེན་དུ་ནི་ཀུན་མཁྱེན་རྣམས། །ུ་དུམ་འབར་བའི་མེ་ཏོག་བཞིན། །རྒྱ་ལམ་ནས་ནི་རེ་འགའ་ཞིག་།འབྱུང་འགྱུར་ཡང་ན་མི་འབྱུང་སྲིད། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་པ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་མཉམ་མེད་སེམས་ཅན ་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །སྐལ་བ་བྱེ་བ་དུ་མ་རུ། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང། །འགྲོ་དོན་མཉམ་མེད་བྱེད་པར་འགྱུར། །གཞན་ཡང་ཐེག་པ་ཆེན་པོ་ཡི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་འདོད་པར་ནུས། །ཐམས ་ཅད་མཁྱེན་པའི་འབྲས་བུ་འཐོབ། །རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར། །དེས་ན་བུ་ཡིས་བརྩོན་པར་གྱིས། །སྔགས་སམ་བསྲུང་སྐུད་འཁོར་ལོ་ཡིས། །ཀུ་ཤའི་སྟན་ལ་བྱང་ཤར་དུ། །ཡི་གེ་དྲུག་བཟླས་ཉལ་བར་བྱ། །སྐད་ཅིག་མ་ཡི་ཏིང་འཛིན ་གྱིས། །ཆོ་ག་སྔར་བཞིན་འཁོར་ལོ་གདེག་།བཟང་པོའི་དྲིས་སྔགས་ཐིག་སྐུད་ལ། །འོད་ཀྱིས་ཡེ་ཤེས་དེར་བསྟིམས་ནས། །ལྷ་མོ་མཛེས་ལྡན་སློབ་མས་དྲང། །ཛ་ཛ་གསུམ་བརྗོད་ཐིག་སྐུད་བསྐུར། །དེས་ཀྱང་ལན་གསུམ་བརྗོད་ལ་བླང། །སྙིང་པོ་ལྔ ་ཡིས་གདབ་པར་བྱ། །ཆོས་ཉིད་རྒྱས་བཏབ་ཚོན་རྩིལ། །ཡི་གེ་ལྔ་པའོ་ས་བོན་ལས། །འོང་འཕྲོས་ཡེ་ཤེས་གཞུག་པར་བྱ། །གཞལ་ཡས་ལྟེ་བ་སེར་བོ་ལ། །གཙོ་བོའི་ཕྱག་མཚན་དགོད་པར་བྱ། །ཟེར་འབྲུ་དམར་པོ་ལས་སྐྱེས་པའི། །སྣ་ཚོགས་པདྨ ་ཕྱོགས་བཞི་དང། མཚམས་བཞིར་རིགས་ཀྱི་ཡབ་ཡུམ་མོ། །མུ་ཁྱུད་དམར་ལ་རལ་གྲིའི་ཕྲེང། །ལྷ་རྣམ་གྲུ་ཆད་སྒྲོ་རྣམས་ནི། །ཕྱོགས་ཚོན་དག་ཏུ་ཤེས་པར་བྱ། །སྒོ་བཞིར་སྒོ་མ་དགོད་པར་བྱ། །རྒྱན་ལས་སྩོགས་པ་གཞན་དང་འདྲ། །ཕྱོགས ་སྐྱོང་རྣམས་དང་བཀྲ་ཤིས་ཀྱི། །རྟགས་ཀྱང་རབ་ཏུ་དགོད་པར་བྱ། །དེ་ནས་རྡོ་རྗེ་མེ་རི་སྟེ། །ཀུན་གྱི་ཕྱིར་རོ་རྒྱ་མཚོའོ། །ལྷ་ཡི་སྦྱོར་ལྡན་བླ་མ་ཡིས། །ཡི་གེ་གཉིས་དང་བསྣོལ་མ་ལས། །གཡོ་སྡུད་སྣ་ཚོགས་རྡོ་རྗེ་སྟེ། །ལྟེ་བར་གཞལ་ཡས་རྒྱན་གྱིས ་མཛེས། །དབུས་སུ་སྣ་ཚོགས་པདྨ་བསྐྱེད། །རང་ཉིད་འདོད་ལྷའི་ཐིག་ལེ་ཅན། །ལན་གསུམ་དུ་བསྐོར་བཅུ་པ་བརྗོད། །ཏིང་ངེ་འཛིན་གྱི་སྒོ་དབྱེ་སྟེ། །གསང་སྔགས་འདི་ཡང་བརྗོད་པར་བྱ། །ོཾ་བཛྲ་དྷ་རོད?་བཛྲ་ས་མ་ཡ་སྭཱཧཱ། སྟེང་དང་ཕྱོགས་བཞིར་ལེགས ་བརྒྱན་ནས། །མཆོད་པ་ལ་སོགས་དགོང་པར་བྱ། །འདོད་ཡོན་བདུད་རྩིར་སྐད་ཅིག་མས། །ཡེ་ཤེས་བྱིན་གྱིས་བརླབ་པར་བྱ། །དེ་ནས་སྒྲུབ་ཐབས་ལས་གསུང་ལྟར། །བསྐྱེད་པའི་རིམ་བརྫོགས་བྱས་ནས། །མཆོ་དང་རྣཾས་ཀྱིས་མཆོད་པ་དཔྱ། བསྟན་སྐྱོང་རྣམས ་ལ་གཏོར་མ་སྟེ། །ཕྱི་རོལ་འབྱུང་པོ་རྣམས་ལ་སྦྱིན། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འགྱུར། །དེ་བཞིན་ཉིད་ལས་ངེས་པར་སྐྱེས། །བདེན་པ་དེ་ཡིས ་དཀྱིལ་འཁོར་དུ། །གཟུགས་བརྙན་གསལ་བའི་སློབ་མ་ནི། །ཀུན་གྱིས་དྲི་མ་མེད་མཐོང་ཤོག་།དེ་ནས་སྦྱོད་མཛེས་ཁྲུས་བྱས་ལ། །དེ་ལ་དེ་ཡིས་འདི་སྐད་དུ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི། །མ་མཐོང་སྣོད་དང་མི་ལྡན ་ལས་སུ་ལའང་སྟོན་པར་མ་བྱེད་ཅིག་།བདུང་རྩི་ལྔ་ལ་བྱིན་བརླབས་པ། །ཡི་གེ་གསུམ་བརྗོད་དེ་ལ་སྦྱིན། །འདི་ནི་རྡོ་རྗེ་དམ་ཚིག་ཆུ། །སྲུངས་ཤིག་མ་བསྲུངས་སྲེག་པར་བྱེད། །བསྲུངས་ན་དངོས་གྲུབ་སྟེར་བར་བྱེད། །བདུད་རྩི་འདི་ནི་མྱང་བར་གྱིས། །ོཾ་པན་ཙ་ཨ་མྲི་ཏ་ཨུ ་ཏ་ཀ་ཐ་ཐ། །དེས་ནི་དེ་ལྟར་བྱིན་གྱིས་བརླབ། །གདོང་གཡོག་རྡོ་རྗེ་དྲིལ་བུ་གཏང། །རྡོ་རྗེ་ནས་བཟུང་ཧ་ཧ་ཧཱིའི། །སྔགས་བརྗོད་བསྐོར་ནས་ཡོལ་བའི་ནང། །ཕྱག་འཚལ་ལྷ་མ་མེ་ཏོག་གཏོར། །གང་ལ་ཕོག་པ་ལྟ་བར་བྱ། །དུད་གཏང་ཐུགས་ཁའི་ཡི་གེ་ཨ། །སྙིང་ཁར ་གཞུག་བྱ་བདེ་བ་བསྒོམ། །རྟགས་ལྡན་བསྟན་པའི་ཡན་ལག་བྱ། །དེ་ནས་ཡུམ་ཉིད་དེའི་སྤྱི་བོར། །སྤྱན་དྲངས་ས་བོན་ཡི་གེ་སྟེ། །དེ་ལས་ཕྱག་མཚན་བུ་གར་ཞུགས། །སྙིང་ཁའི་དབུས་སུ་རྗེ་བཙུན་ནོ། །ོཾ་ཏཱ་རེ་ཏུར་ཏཱ་རེ་ཏུ་རེ་ཅི་ཏ་མཾ་ཌ་ལ་བཛྲ་ས་མ་ཡ་སྟཾ། །སངས་རྒྱས་ཀུན ་དངོས་རྗེ་བཙུན་མ། །ཁྱོད་ཀྱི་སྙིང་དུ་ཡང་དག་ཞུགས། །རྟག་ཏུ་ཡི་དམ་ལྷ་གྱིས་ཤིག་།ཚུལ་འདི་སྨྲ་བར་མ་བྱེད་ཅིག་།གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ང་ནི་འཕགས་མ་སྒྲོལ་མ་སྟེ། ང་ཡིས་སྒོ་བའི་ལས་ཉོན་ཅིག་།མེ་མོས་བརྙས་པར ་མ་བྱེད་ཅིག་།གལ་ཏེ་ཁྱོད་ཀྱིས་སྨྲས་ན་ནི། །དམ་ཚིག་འདི་ཡིས་སྲེག་པར་བྱེད། །ཚ་བ་ཆེན་པོའི་གནས་སུ་སྲེག། རང་བཞིན་རྣམ་དག་བདག་ཉིད་ལུས། །དཔའ་བོ་དང་ནི་དཔའ་མོའི་གནས། །དྲི་མེད་རང་བཞིན་དཀྱིལ་འཁོར་ནི། །བུ་ཁྱོད་ཀྱིས་ནི་ལྟ་བར་གྱིས། །གདོང་གཡོགས་དཀྲོལ་ནས་དེ་བསྟན་བྱ་ཁཾས ་གྱིས་མི་བྱ་བ་དམ་ཆོས་སྣོད། །དབང་བསྐུར་དམ་པ་མཛད་དུ་གསོལ། །རྣམ་རྒྱལ་དུ་ནི་བསྡུས་པའི་ཆུ། །དམ་ཚིག་ཡེ་ཤེས་ལས་བྱུང་བའི། །རིགས་བདག་ཆོ་ག་རྫོགས་པ་ལས། །སྔ་མའི་རང་བཞིན་བསྒྱུར་བྱས་ནས། །སློབ་མ་ལ་ནི་དབང་བསྐུར་རོ། །ོཾ་བཛྲ་ཨ་དང་ཤ་ཛྙཱ་ན་ཨཱ་བྷི་ཥིཉྩ་མཾ། །དེ ་ནི་མི་བསྐྱོད་པར་བྱས་ནས། །མཆོད་པ་རྣམ་ལྔ་དབུལ་བར་བྱ། །འདི་ནི་ཆུ་ཡི་དབང་ཡིན་པར། རྫོགས་པའི་སངས་རྒྱས་ཉིད་ཀྱིས་གསུངས། །ཅོད་པན་རྡོ་རྗེ་དྲིལ་བུ་དང། །མིང་གི་དབང་སྟེ་བཞི་བོ་དང། །གོམ་མ་གསུམ་དང་སློབ་མ་ཉིད། །མི་དམིགས་པ་ལས་དེ་དག་ནི། །ོཾ་དང་ཛི ་དང་ཁཾ་དང་ཨཱ། །དེ་ལས་ཕྱག་མཚན་ཡི་གེར་བཅས། །དེ་ལས་སངས་རྒྱས་བཞི་བདག་ཉིད། །ཆོ་གའི་ཡན་ལག་རྫོགས་པར་བྱ། མཆོད་ནས་སྔ་མར་གྱུར་པ་ཡིས། །སློབ་མ་ལ་ནི་དབང་བསྐུར་ནས། །སངས་རྒྱས་ཚུལ་གྱིས་དེ་མཆོད་བྱ། །ོཾ་བཛྲ་ས་མ་ན་ཏ་ཛྙཱ་ན་རང་ན་ཧཱུཾ ་ཨཱ་བཏི་ཥི་ན་ཙ་མཾ། །ོཾ་བཛྲ་པྲ་ཧཡ་བི་ཤིན་ཙ་མཾ། །ོཾ་ཀྲི་ཏྱ་ཨ་ནུ་ཤཐ་ན་ཐྲཱ?་ན་པ་ཏེ་བཛྲ་ཨཱ་བི་ཤིན་ཙ་མ། །ོཾ་ཙཀྲ་ཨ་མོ་གྷ་ཛྙཱ་ན་བཛྲ་སྭཱབྷཱ་བ་ཨཱ་བྷི་ཤིན་ཙ་མཾ། །བླ་མས་སྤོས་དྲིལ་སྦྱོར་པ་ཡིས། །མཆོད་བྱ་ཡི་གེ་བཅུ་པ་བཟླས། །བཅོམ་ལྡན་འདས་ཀྱིས ་བྱིན་བརླབས་པས། །འདི་ལ་བསྒོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །མེ་ཏོག་གཏད་ལ་སྔགས་ཟློང་གཞུག་།དེ་ནས་དེ་ཡིས་དེ་དག་ལ། །མེ་ཏོག་ཕུལ་ལ་འདི་སྐད་ཅེས། །བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་བསྒོབ? ་མཛད་དུ་གསོལ། །དེ་ཡིས་དེ་ལ་རྡོ་རྗེ་སྦྱིན། །ོཾ་བཛྲ་ས་མ་ཡ་སྟོཾ་ཨཱ་བི་ཤ་ནི་ཙ་མཾ། །རྒྱན་དང་ཆ་ལུགས་ཀྱིས་བསྐོན་ཏོ། །ལྷ་ཡི་ང་རྒྱལ་ལྡན་པར་བྱ། །ོཾ་ཏཱ་རེ་ཏུད་ཏཱ་རེ་ཏུད་རེ་ཧེ་ཧེ། །སློབ་དཔོན་ཉིད་ཀྱི་ཆ་ལུགས་ཀྱང། །དེ་ལ་བསྐོན་ལ་བསྲུང་བར་བྱ། །ོཾ་བཛྲ ་རཀྵ་རཀྵ་ཧཱུཾ་ཨ་བི་ཤིན་ཙཾ། །བུ་ཁྱོད་འཁོར་ལོའི་དབང་བསྐུར་གྱིས། །སངས་རྒྱས་ཀུན་གྱི་བདག་ཉིད་ཡིན། །སྲིད་གསུམ་མ་ལུས་སྒྲོལ་མཛད་དམ། །བདེ་བར་གཤེགས་པ་ལུང་སྟན་ནོ། །ཁམས་གསུམ་བདག་པོར་རྒྱལ་སྲིད་ཆེ། །དང་ལ་ལྡན་ཡོན་ཏན ་འབྱུང་བའི་གནས། །བདུད་ཀྱི་སྡེ་རྣམས་བཅོམ་ཟིན་གྱིས། །ཁྱོད་ནི་གྲོང་ཁྱེར་མཆོག་ཏུ་ཞུགས། །ོཾ་ཏ་རེ་ཏུད་ཏཱ་རེ་ཏུ་རེ་སིད་དྷ་ས་མ་ཡ་སྟཝཾ་སྭ་བྷ་བ་ཨཱ་བི་ཤིན་ཙ་མཾ། མཚན་མ་མེད་པར་འགྲོ་བའི་དོན། །གང་དག་བདག་གིས་བྱེད་ནུས་པས། །ཕྱིར་མི་ལྡོག་པའི ་དབང་བསྐུར་ཆེ། །དཔའ་བོ་ཆེན་པོས་བདག་ལ་གསོལ། །དཀྱིལ་འཁོར་མཆོག་ནས་ཁྲིའི། །སློབ་མ་བཞག་ལ་དབང་བསྐུར་བྱ། །ོཾ་བཛྲ་ཨཱ་བྷི་ཥིཉྩ?་མཾ། །སྒྲར་བཅས་གླེགས་བམ་ལག་གཏད་དེ། ཆོས་ཀྱི་རྒྱལ་པོར་དབང་བསྐུར་བྱ། །དེ་ཡིས ་དེ་ཡི་སྙིང་ཁ་རུ། །འཁོར་ལོ་བཅུག་ལ་ཡེ་ཤེས་བསྟིམ། །དབང་གི་པར་དུ་རྫོགས་པར་བྱ། །རྣལ་འབྱོར་འདི་ནི་ཤེས་པ་ཡི། །མི་བྱ་བ་ནི་གང་ཡང་མེད། །དཔའ་བོ་ཆེན་པོ་ང་ཡི་བཀའ་། །འདོད་ཡོན་ལྔ་ལ་སྤྱོད་པར་བྱ། །ོཾ་སུ་པྲ་ཏི་ཏི་ཥྛ་སྭཱ་ཧཱ། །རྗེས་སུ་གནང་བའི ་དབང་བསྐུར་ཕྱིར། །འདི་ནས་བཅུང་ནས་བུ་ཁྱོད་ཀྱིས། །ལུས་དང་སྨོག་ལ་མི་འཕངས་པར། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང། །འགྲོ་བའི་དོན་ནི་དཔག་མེད་བྱོས། །སེམས་ཅན་གཟུགས་བརྙན་ལྟ་བུ་སྟེ། རྟེན་ཅིང་འབྲེལ་བའི་ཆོས་དང་ལྡན། །ཁམས་གསུམ་དེ ་ལྟར་ཤེས་ནས་ནི། །སེམས་ཅན་དོན་ནི་མཚངས་མེད་བྱོས། །དེ་དག་སློབ་མའི་དབང་བཅུ་སྟེ། །ཕལ་ཆེར་བུམ་པ་ལ་བརྟན་པས། །བུམ་པའི་དབང་ཞེས་བརྗོད་པ་ཡིན། །ཕྱིར་མི་ལྡོག་དང་རྗེས་སུ་གནང། །རྡོ་རྗེ་སློབ་དཔོན་དབང་ཡིན་ནོ། །ཉོན་མོངས་དྲི་མ་འཁྲུབ་དང ་ས་ནི་དང་པོ་ཐོབ་པར་བྱེད། །དེ་ནས་...་གསང་བར་དབང་བསྐུར་ཕྱིར། །ཚོགས་དང་དཔའ་པོའི་སྦྱོར་བྱས་ནས། །མཚན་ཉིད་ལྡན་པའི་ཤེས་རབ་མ། །སྟ་གོན་གནས་བྱས་བླ་མའི་མདུན། །དཀྱིལ་འཁོར་མཆོད་པས་མཉེས་བྱས་ནས། །སློབ་དཔོན་ཁྱོད་ནི ་དགོངས་སུ་གསོལ། །གསང་སྤྱོད་ཐབས་དང་ལྡན་པ་ཡི། །ཤེས་རབ་ཆེན་པོའི་སྣོད་འགྱུར་ཕྱིར། །དབང་བསྐུར་ཆེན་པོ་མཛད་དུ་གསོལ། །གསང་སྤྱོད་ཐབས་དང་ལྡན་པ་ཡི། །ཡེ་ཤེས་བདུད་རྩི་དྲི་མ་མེད། །བདུད་རྩི་ཆེན་པོ་མྱང་བར་གྱིས། །དབང་བསྐུར་འདི་ལ་ཁྱོད་སྤྲོ་འམ། །སློབ ་དངོ་ན་ཁྱོད་ནི་དགོངས་སུ་གསོལ། །ལྷ་མོ་འདི་ནི་ཁྱད་པར་ཅན། །ཡོན་ཏན་མཛའ་ཡས་ལྡན་པ་སྟེ། །གསང་སྤྱོད་ཐབས་ཀྱི་སྦྱར་བ་ལས། །གསང་བའི་དབང་བསྐུར་མཛད་དུ་གསོལ། །གཞལ་ཡས་ནང་དུ་དེ་བཞག་ནས། །འོད་ཀྱིས་འཕགས་རྣམས་སྤྱི་བོར་དྲངས། །བུ་གར་ཞུགས ་ནས་པདྨར་ཞུགས། །སློབ་དཔོན་ཉིང་འབང?་དེ་བཞིན་ནོ། །མཁའ་གསང་བྱིན་གྱིས་བརླབས་ནས་སུ། །གཉིས་སུ་མེད་པའི་སྦྱོར་བ་བྱ། །ཡབ་ཡུམ་འཁྲིལ་བའི་རང་བཞིན་ལས། །ཡེ་ཤེས་གསལ་བ་བྱང་ཆུབ་སེམས། །ཕབ་ནས་མཚན་ལྡན་བླུགས་པར་བྱ། །དཔའ་བོ་རྣལ་འབྱོར ་མ་ཀུན་གྱི། །དམ་ཚིག་འདི་ནི་ངོ་མཚར་ཆེ། ཁམས་ལྔ་ཡི་ནི་རོ་ཡིས་གང། བདེ་བ་ཆེན་པོ་མྱང་བར་གྱིས། །སློབ་མའི་ལྕེ་ལ་དེ་གཞག་ནས། ། ཧོ་སུ་ཀ་སྐལ་ཆེན་པོ། དངོས་གྲུབ་དཾས་པ་གསལ་བར་གསོལ། །འདས་པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས ་དབང་བསྐུར། །བྱང་ཆུབ་སེམས་ནི་ཡིད་འོང་པས། །དེ་བཞིན་བུ་ཁྱོད་དབང་སྐུར་རོ། །འདི་ནི་གསང་བའི་དབང་ཡིན་ཏེ། །ས་བཅུའི་ཡེ་ཤེས་ཐོབ་པར་བྱེད།། །།དེ་ནས་ཤེས་རབ་ཡེ་ཤེས་དབང། །ཤེས་རབ་མ་ཡི་ལུས་བརྒྱན་ནས། ་ལྷ་མོ་འདི་ནི་ཁྱད་པར་ཆེ། །བདེ་ཐ་མ་ཐང?་ཡས་སྦྱར་བྱོད་མ། །བླངས་ནས་རྣམ་པ་ཐམས་ཅད་དུ། །བུ་ཡིས་བ་མེད་མཆོད་པར་གྱིས། །བྱང་ཆུབ་སེམས་ནི་བླ་ན་མེད། །བུ་ཡིས་དེ་རིང་ཟ་ནུས་སམ། ཕྱག་རྒྱ་ལྔ་ལས་བྱུང་བ་ཡི། །རིག་མ་དད་པས་མཆོད་ནུས་སམ། ། ་བཤད་གཅི་ཁུ་བདག་ཏ་སོགས?། འདི་ཉིད་དུན་ཐ་ནུས་སམ། ང་ལ་གསང་བའི་པདྨ་ཡིས། ཁང་པའི་མྱུ་སྐྱད་པར་བྱེད། །ཁྱོད་ཀྱིས་རྟག་ཏུ་མཆོད་སྡུ?་མ་སམ། །ཇི་སྐད་བཤད་པའི་དམ་ཚིག་རྣམས། །ལྷ་མོ་ཙེ་ཕྱིར་བདག་མི་ནུས། །ལྷ་མོའི་པདྨ་མཆོད་པར་བགྱི ་ཐབས་དང་ཤེས་རབ་གཡས་དང་གཡོན། །དེ་ཡིས་དར་གྱི་མདུལ་བྱ། །དཀྱིལ་འཁོར་ཕྱི་རང་ཁྲི་ལས་བསྐྱོད། །གཡོན་པས་གཡོན་པའི་མཁལ་མ་ནས། །གཡས་བས་གསང་བའི་པདྨ་རུ། །སྙིང་པོ་བཙལ་ལ་རྡོ་རྗེ་གཞུག། ཤེས་རབ་བུམ་པའི ་མགུལ་ཆེངས་ཀྱིས། །སློབ་མ་བུམ་པའི་མགུལ་པ་བཅིངས། །བདེ་བ་ཁ་སྦྱོར་བསྒོམ་པར་བྱ། །བདེ་གསལ་མི་རྟོག་ཡེ་ཤེས་སྐྱེས། །རིམ་གྱིས་ཉམས་སུ་དེ་བླངས་ནས། །དལ་བར་ལྡང་བྱ་བྱང་ཆུབ་སེམས། །རྡོ་རྗེ་སེམས་དཔའ་ཨི་རང་བཞིན་ཕྱིར། །ལྕེ་ཡིས་བཞི་བ་ཅིང་སེམས་ལ་བསྟིང ་གཉིས་མེད་ཡེ་ཤེས་གསལ་བར་འགྱུར། །ཤེས་རབ་མ་ཡི་རྐང་པ་གཡོན་སློབ་མའི་སྤྱི་བོར་བཞག་ནས་ནི། །དེ་དང་རྡོ་རྗེ་སློབ་དཔོན་དང། །མཆེད་དང་ལྕམ་གྲལ་ཐམས་ཅད་དང། །ཁམས་གསུམ་སེམས་ཅན་མ་ལུས་ལ། །མ་མོས་བརྙས་པར་མ་བྱེད་ཅིག་།གཞན་ཡང་དམ་ཚིག་བཤད་པ ་རྣམས། །རྟག་ཏུ་ཁྱོད་ཀྱིས་བསྲུང་པར་གྱིས། །དེང་ནས་བཟུང་ནས་བུ་ཁྱོད་ཀྱིས། །ཇི་སྲིད་བྱང་ཆུབ་མཐོབ་པར། །སེམས་ཅན་ཀུན་གྱི་དོན་རྣམས་ནི། །རྟག་ཏུ་རྨི་ལམ་བཞིན་དུ་བྱོས། །འདི་ནི་ཤེས་རབ་ཡེ་ཤེས་ཀྱི། །དབང་ཡིན་མི་ཤེས་ཀུན་སེལ་ཅིང། །བདེ་གཤེགས་སྐུ་གསུམ ་ཐོབ?་པར་བྱེད། །རྡོ་རྗེ་འཆད་གིས་ཡོངས་སུ་གསུངས།། །།བཞི་པ་དེ་ཉིད་ཚིག་གི་དབང། །བླ་མའི་ཞལ་ལས་ཤེས་པར་བྱ། །རྗེས་ལ་བྱ་བའི་ཆོ་ག་ནི། །མཆོད་སོགས་བྱས་ནས་དཀྱིལ་འཁོར་བསྡུ། །ཡི་གེ་བརྒྱ་བས་བསྐང་བར་བྱ། །ཚོགས་དང་དཔའ་བོའི ་སྟོན་མོ་ཡིས། །མཁའ་འགྲོ་མ་སོགས་གཉེས་པར་བྱ། །དེ་ནས་གཞན་དུ་གསུངས་པ་ཡི། །དམ་ཚིག་རྣམས་ལ་བསླབ་པར་བྱ། །འཕགས་མ་སྒྲོལ་མ་མྱ་ངན་ཐམས་ཅད་སེལ་བར་བྱེད་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་དཀྱིལ་འཁོར་དུ་འཇུག་པའི་ཆོ་གའི་ལེའུ་སྟེ་དགུ་པ ་རྫོགས་སོ།། །།རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །རླན་དང་མི་ལྡན་པདྨ་བཞིན། །གང་གི་དབང་གིས་རྒྱུད་པ་ཡི། །ཉེས་པ་བསལ་ཕྱིར་པདྨའམ། །བིལ་བའི་འབྲས་བུ་དེ་བཞིན་དུ། །ཀ་ར་བི་རའི་མེ་ཏོག་ལ། །མེ་ཡ་ལས་ནི་རྒྱས་པར་བྱ། ་ཡང་ན་པ་ལ་ཤ་ཡིས་སོ། །གཞོང་བུ་གཉིས་སམ་བཞི་ཡིས་ནི། །བུམ་པ་བཟང་པོ་ལྟ་བུ་ཡི། །སྣོད་ཆེན་ནང་དུ་ལྔ་མཚན་ལྔ། །རིན་ཆེན་གྱིས་བྲིས་སྙིང་པོ་བཞུག་།ལོངས་སྤྱོད་ཕྱིར་ནི་གཏེར་གཟུང་སྟེ། །འབྲུ་དང་རིན་ཆེན་ཕྱུགས་ལོངས་སྤྱོད། །ཞིང་དང་མཛོད་དང་ཕྱུགས་ལྷས་སུ། །གོ ་རིམ་བཞིན་དུ་ཤེས་པར་བྱ། །དེས་ནི་རྣམ་ཐོས་བུ་བཞིན་འགྱུར། །ོཾ་ཏཱ་རེ་ཏུ་ད་ཏཱ་རེ་ཏུ་རེ་ཛཧ་མ་བྷེ་མོ་ཧེ་སྭཱཧཱ། །འཕགས་མ་སྒྲོལ་མ་འགྲོ་བ་ཐམས་ཅད་འགུགས་ཤིང་ཕོངས་པ་ཐམས་ཅད་སེལ་བ་ཞེས་བྱ་བའི་ལས་ཀྱི་ཡན་ལག་ལོངས་སྤྱོད་སྤེལ་བའི་ཆོ་གའི་ལེའུ་སྟེ ་བཅུ་པ་རྫོགས་སོ།། །།རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དངོས་གྲུབ་ཀུན་གྱི་རྩ་བ་ནི། །མཉེས་ལས་ཡིན་ཕྱིར་དེ་ཡི་ཐབས། །དུས་དང་ས་ཕྱོགས་ཤིས་རྣམས་སུ། །ས་ཡི་ཆོ་ག་ལེགས་བྱས་པར། །བྲུ་གང་ཕྱེད་དང་བཞི་དཔངས་བརྩི། དྲི་ཞིམ ་དཀར་པོ་བྱུག་བྱས་ཏེ། །ཁ་ཁྱེར་ཨུདྤལ་ཕྲེང་བས་བསྐོར། །དབུས་སུ་ས་བོན་ཡི་གེའོ། །གཡས་དང་གཡོན་དུ་བསྲེག་རྫས་དང། །མཆོད་པའི་རྫས་རྣམས་རིམ་གྱིས་དགོད། །བ་གླང་གི་འམ་འོ་མ་ཅན། །སྲོག་ཆགས་མེད་པའི་བུད་ཤིང་ནི། །མར་དང་སྤྲ་ཚིལ་སོགས་བའི ་ཡམ་ཤིང་རྣམས་ནི་སྟ་གོན་བྱ། །རིན་ཆེན་ལས་བྱས་ཁྲུ་གང་བ། །བཞི་དང་གཉིས་དང་རེ་རེ་དང། །གཅིག་དང་ཕྱེད་དང་རྡོ་རྗེས་མཚན། །དགང་བཟར་བླུགས་བཟང་རྡོ་རྗེ་དྲིལ། །རྣལ་འབྱོར་མདུན་དུ་གཞག་བར་བྱ། །རྫས་རྣམས་བྱིན་གྱིས་བརླབ་བྱས་ལ། །ཐབ་བརྩིག ་བསྲུང་ཕྱིར་ཀུ་??་གྲམ?། །རྒྱུན?་ཞགས?་པའམ་བྲ་མ་ཟེའི་མེ། །བསངས་ལ་རླུང་ཡབ་གྱིས་སྦར་བྱ། །འབར་བའི་ཆེད་དུ་གསུམ་གསུམ་མོ། །ཐབ་ཁུང་བདག་མེད་ཆུས་སྐྱེས་སྟེ། །བྱིན་ཟ་ཞལ་གཅིག་ཕྱག་བཞི་དཀར། །དབྱུག་པ་སྐྱབས་སྦྱིན་ཕྲེང་གུན་དྷེ། །ཚངས་སྐུ་དང ་སྐྱེས་གདན་ཙན?་ནོ། །མེའི་མཚམས་ནས་རང་བཞིན་དགུག། བསང་གཏོར་དང་ནི་ཞལ་བསལ་དང། །མཆོད་པ་རྣམས་ཀྱིས་མཆོད་ནས་བསྟིམ། །བསང་གཏོར་བྱས་ནས་པདྨ་ཡི། །འདུག་སྟངས་ནང་དུ་ལག་གཉིས་སོ། །བདུན་དང་བདུན་གསུམ་ལ་གསུམ་བདུན ་མར་གྱི་དགང་བླུགས་བྱིན་པར་བྱ། །ོཾ་ཨ་ག་ནེ་ཡེ་ཨ་དྷི་བྷཡ། ཨ་བྷི་ས་མ་ཡ། མ་ཧཱ་ཤྲཱི་ཡེ་ཧཡ་བྷཡ་ཀ་བྷཡ་བ་ཧ་ནཱ་ཡ་སྭཱཧཱ། །མེ་ཡི་མཚན་མ་ལེགས་བརྟགས་ཏེ། །ངན་ན་བགེགས་སྐྲད་བཟློག་པར་བྱ། །ོཾ་ཨཱ་བིག་ནན་ཏ་ཀྲིཏ་ཧཱུཾ ་ཕཊ། །ཞལ་དང་ཕྱག་དང་མེ་འོད་ལ། །ཡམ་ཤིང་མང་དང་འོ་མ་ཞོ། །ཏིལ་ལ་སོགས་པ་རིམ་པ་བཞིན། །བདུན་ནམ་ཉི་ཤུ་རྩ་གཅིག་དབུལ། །ོཾ་ཨ་བྷ་བ་ག་ཨག་ནེ་ཡེམ་མ་ཤན་ཏིང་ཀུ་རུ་སྭཱཧཱ། །དེ་རྗེས་དགང་བླུགས་བྱས་ནས་ནི། །ཞལ་བསིལ་བྱིན་ལ་བསྟོད་པ ་དང། འདོད་པའི་དོན་ནི་བསླབ་པར་བྱ། །འབར་བའི་རྣམ་པར་གྱུར་བའམ། །དེ་ཡི་སྙིང་ཁར་ས་བོན་ལས། །འདོད་པའི་ལྷ་ནི་བསྐྱེད་པར་བྱ། །ཡེ་ཤེས་བཀུག་ལ་བསང་གཏོར་བྱ། །ཞལ་བསིལ་བ་དང་མཆོད་བྱས་ནས། །གཉིས་སུ་མེད་པར་བསྟིམས་པ་ཡི། །དག་གི་ལམ ་ལ་ཧཱུཾ་ཡིག་སྟོང། །མེ་ཡི་ས་བོན་གྱིས་མཚན་པ། །དེ་ལ་དགང་བླུགས་དབུལ་བར་བྱ། །དེ་ནས་རྫས་རྣམས་རིམ་གྱིས་དབུལ། །ན་མོ་རང་ན་ཏྲ་ཡཱ་ཡ། །ནམ་ཨརྱཱ་བ་ལོ་ཀི་ཏེ་ཤྭར་ཡ། བོདྷི་སཏ་ཏྭ་ཡ། མ་ཧཱ་ཀ་རུ་ནིཀཱ་ཡ། ཏད་ཡ་ཐཱ། ཨོཾ་ཏཱ་རེ་ཏུ་ད་ཏ་རེ་ཏུ་རེ་མ་མ་ཤན་ཏིང་ཀུ་རུ་སྭཱཧཱ། ། ་དགང་བླུགས་ཕུལ་ལ་བསྟོད་པ་དང། །བཟོད་པར་གསོལ་ལ་འདོད་པ་བསླང། །ཡེ་ཤེས་གཤེགས་ལ་དམ་ཚིག་སྡུ། །ཐབས་ཀྱི་ས་ལ་མེ་ལྷ་བསྐྱེད། །དགང་བླུགས་སྔོན་དུ་འགྲོ་བ་ཡིས། །བསྲེག་རྫས་ལྷག་མ་དབུལ་བར་བྱ། །དགང་བླུགས་བྱིན་ནས་སྟོད་པ་བྱས། །བཟོད ་པར་གསོལ་ཞིང་འདོད་པ་བསླང། །ཡེ་ཤེས་མེ་ལྷ་གཤེགས་བྱས་ལ། །དམ་ཚིག་ཐབ་ཏུ་མི་དམིགས་སོ། །ཡི་གེ་བརྒྱ་བས་བསྐང་བྱས་ནས། །ཐབ་ཁུང་བསྡུས་ཏེ་དབེན་པར་འདོད། །འདི་ནི་ཞི་བའི་ཆོ་ག་སྟེ། །རྒྱས་དང་དགུག་དང་མངོན་སྤྱོད་ཀྱང། །ཤུགས་ཀྱིས་གནས་པར་ཤེས ་པར་བྱ། འདིས་ནི་མཉེས་པར་བྱེད་པ་སྟེ། །སྡིག་དང་ལོག་འདྲེན་ཞི་བ་དང། །དངོས་གྲུབ་མ་ལུས་ཀུན་འབྱུང་བའི། །འཕྲིན་ལས་ཐམས་ཅད་མཛད་པར་འགྱུར། འཕགས་མ་སྒྲོལ་མ་བཀྲ་ཤིས་ཐམས་ཅད་སྦྱིན་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་སྦྱིན་སྲེག་གི་ཆོ་གའི་ལེའུ ་སྟེ། བཅུ་གཅིག་བརྫོགས་སོ།། །།རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །འབར་བའི་མེ་ལ་སྦང་མ་ལྟར། །གང་གི་སྟོབས་ཀྱིས་གང་ལྡོག་པ་གསེར་མདོག་ནོར་བུ་ཨིནྡྲ་དང། །སྦུར་ལོང་འཕགས་པ་རྣམས་ཀྱི་གདུང། །ས་དང་འཁྲིས་པ་ཆུ་མུ་ཟི། །འབྲས་བུ་གསུམ ་དང་གྷི་ཧ་ར། །སྦྲང་རྩི་མར་དང་བདུད་རྩི་ལྔ། །དྲི་ལྔ་གུ་གུ་ལ་སོགས་སྦྱར་སྤོས། །ཤིན་ཏུ་ཡུན་རིང་སྐྱུར་དང་མངར། །མཁས་པས་རེ་ལུ་ལེགས་བྱས་ལ། །རྣལ་འབྱོར་ལྷ་ཡི་ཏིང་འཛིན་གྱིས། །སྦོས་དེས་རབ་ཏུ་འདུགས་བྱས་ན། །རང་བཞིན་གྱིས་སམ་སྤང་པ་ཡི། །གང་དག་དབང་དུ་བྱས་རྣམས་ཀྱང ་རྣམ་པར་འཇིག་ཅིང་ལྟུང་འགྱུར་ཏེ། །བགེགས་རིགས་སྟོང་ཕྲག་བརྒྱད་བཅུ་པོ། །གླང་པ་རྣམས་ནི་རབ་འགས་ཤིང། །ལུས་ཀྱང་དུམ་བུ་དུམ་བུ་སྟེ། །མིག་ལྡོང་ཡན་ལག་ཉམས་པ་དང། །རླུང་གིས་ནགས་བཞིན་གཡོ་བར་འགྱུར། །སྡིག་པ་ལ་སོགས་སྲོག་ཆགས་དང། །རིམས་ནད་ལ་སོགས ་གནོད་གཞན་ཡང། །གང་དྷ་དྲི་འདི་ཡོང་གྱུར་དེར། །ནམ་ཡང་གནས་པ་མ་ཡིན་ནོ། །འདི་ནི་ཞི་བསྲུང་སྐོད་པ་སྟེ། གལ་ཏེ་གསད་པར་འདོད་གྱུར་ན། །དྲག་པོའི་རྫས་ལས་བྱས་པ་ནི། །གཟུགས་བརྙན་ལན་འདུག་པ་དང། །རྩུབ་མོའི་ཤིང་ལས་བྱུང་བའི་མེས། །ཤེས་པ་བརྟེན་དང་ཕྲལ་ནས་ནི ་ལིངྒ་གཏུགས་ནས་བསྲེག་བྱ་སྟེ། །གང་ཡིན་མིང་སྨོས་དེ་འོག་ཏུ། །དེ་ལ་བྱེད་ཅེས་བྱ་བ་ཡི། །ཡི་གེ་བྲིས་ནས་རབ་ཏུ་བརྩམ། །བསྟེན་པ་གསང་སྔགས་བརྒྱད་སྟོང་སྟེ། །ལས་ལ་བརྒྱ་དང་བརྒྱད་དུ་གསུངས། །ོཾ་ཏ་རེ་ཏུ་ད་ཏ་རེ་ཏུ་རེ་བཛྲ་དྷརྨཱ་དྷརྨཱ་དྷ་ཧཱུཾ། །སྦོ་ཏ་ཡ་བ་སྨི་ཀུ་རུ་ཧཱུཾ་ཕཊ།། །། ་འཕགས་མ་སྒྲོལ་མ་ཡོངས་སུ་སྨིན་པར་བྱེད་པ་ཞེས་བྱ་བའི་ལས་ཀྱི་ཡན་ལག་འབྱུང་པོ་བཟློག་པའི་ལེའུ་སྟེ། བཅུ་གཉིས་པ་རྫོགས་སོ།། །།རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་བྱང་ཆུབ་སྒྲུབ་པ་ལ། །འཁོར་ལོས་བསྲུང་བའི་ཐབས་གསུངས ་པ། ཤིན་དུ་དཀར་ཞིང་འཇམ་པ་ཡི། །དར་ལ་དྲི་ཞིམ་བྱུག་པར་བྱ། །དབུས་སུ་པདྨའི་ཟེ་འབྲུ་ལ། །ོཾ་དང་སྭཱཧཱས་མཛའ་བརྟེན་པ། །འདབ་བརྒྱད་ལ་ནི་ལྷག་མའོ། །དེ་ཡི་མཛའ་ཡིག་རྟེན་འབྲེལ་ཅན། །དེ་ནས་སྣ་ཚོགས་རྡོ་རྗེ་ནི། །རིགས་ལྔའི་སྙིང་པོས་བརྒྱན་པའོ། །ཱ་ལི་ཀཱ་ལི་རིམ་པ ་བཞིན། །མུ་ཁྱུད་གཉིས་ལ་དགོད་པར་བྱ། །མཐར་བྱེད་སྔགས་དང་རལ་གྲི་ཡི། །རབ་ཕྱི་རོལ་གཉིས་ལ་དགོད། །དེ་ནས་འབར་བའི་ར་བསྟེ། རབ་ཏུ་ཤིས་པའི་སྣག་ཚས་བྱས། །དེ་ནས་ཡེ་ཤེས་འཁོར་ལོ་དགུག་།མཚད་ཅིང་ཆོ་གའི་ཡན་ལག་རྣམས། །རྫོགས ་པར་བྱས་ལ་སྙེན་པ་བསྐྱལ། །མེ་དམིགས་འཁོར་ལོའི་རང་བཞིན་ཏེ། །བར་ཆད་བསྲུང་ཕྱིར་དགོང་པར་བྱ། །གངས་ལ་བསྲུང་བ་འདིས་བརྒྱན་པ། །རྡོ་རྗེ་རིན་ཆེན་ལྟ་བུ་སྟེ། །དེ་ལ་བར་ཆད་གང་གིས་ཀྱང། །ནམ་ཡང་ཚུགས་པ་མ་ཡིན་ནོ།། །།འཕགས་མ་སྒྲོལ་མ་འགུགས་བེང? ་ཁྲོ་མོ་ཞེས་བྱ་བའི་ལས་ཀྱི་ཡན་ལག་བསྲུང་བའི་འཁོར་ལོ་ཞེས་པའི་ལེའུ་སྟེ། བཅུ་གསུམ་བརྫོགས་སོ།། །།རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །བགེགས་དང་ཡམས་ནད་ཞི་བ་དང། །ཚེ་དང་བསོད་ནམས་འཕེལ་བའི་ཕྱིར། །ཆུ་འགྲམ་ཤིང་དྲུང་བཞི ་མདོའམ། །ཁང་སྟོང་ལ་སོགས་དབེན་བར་བསྡད། །དཀྱིལ་འཁོར་གྲུ་བཞི་ལྷམ་པར་བྱ། །སྣ་ཚོགས་པདྨ་ལྔ་ཡི་དབུས། །ཉེས་པས་མ་གོས་བུམ་པ་བཟང། །ཆོ་ག་ལྡན་པས་བཅུད་བརྒྱན་བཅས། །ཕྱི་རོལ་རྡོ་རྗེའི་ར་བས་མཛེས། །ཕྱོགས་སྐྱོང་འཇིག་རྟེན་དབང་བྱེད་དང། །བཀྲ་ཤིས ་རྟགས་ཀྱིས་མཛེས་པར་བྱ། །སྒོ་ནི་ལྷོའམ་ནུབ་ཏུ་གདོང། །མངའ་དང་མེ་ལོང་རལ་གྲི་དང། །རྨ་བྱ་ཚོན་སྐུད་དག་ཀྱང་སྟེ། །གདུགས་དང་བླ་རེ་བ་དན་དང། །མེ་ཏོག་ཕྲེང་བ་སོགས་དགྲམ་བྱ། །མཆོད་དང་གཏོར་མ་རྒྱ་ཆེར་བཤམ། །རྗེ་བཙུན་མ་ཡི་རྣལ་འབྱོར་གྱིས། །དེ་ལས་རིན་ཆེན་ཁང ་བརྩེགས་ཏེ། །ནང་དུ་བདུད་རྩིའི་རྒྱ་མཚོའི་སྟོད། །ས་བོན་ལས་ནི་བཅོམ་ལྡན་མ། །ཆོག་གསུམ་གྱིས་བསྐྱེད་པར་བྱ། །དེ་ལ་ཡེ་ཤེས་སེམས་དཔའ་གཞུག། མཆོད་དང་བསྟོད་པ་བྱས་ནས་ནི། །འདོད་པའི་དོན་ཡང་གསོལ་བ་བདབ། །དེ་ནས་ལན་དྲངས་བརྒྱ་སྟོང་སྙེད། །བསྙེན་པ ་རྫོགས་བྱས་གཡས་སྐོར་བྱ་བདེ་ཉིད་དེ་ལ་ཐིམ་གྱུར་ཏེ། །དེ་ཡི་ཡིད་དུ་མི་འོང་བ། །བ་སྤུ་ཁོང་སོགས་ལས་འཐོན་པར། །དམིགས་པའི་ཚུལ་གྱིས་ཁྲུས་བྱས་ཏེ། །རྨ་བྱས་བྱ་བཅིང་བཀྲ་ཤིས་གདོན། །ནད་པ་ལ་ནི་ལོག་སུ་སྟེ། །གོས་བཅས་བཀྲུས་ནས་དོར་བར་བྱ། །ལྷག་བབ ་ནི་ལྷར་བསྐྱེད་དེ། །མཆོད་དང་བསྟོད་དང་འདོད་པའི་དོན། །གསོལ་བ་བཏབ་ལ་བཟོད་པར་གསོལ། །དེ་ནས་གཤེགས་སུ་གསོལ་བར་བྱ། །འཇིག་རྟེན་སྐྱོང་སོགས་དེ་བཞིན་ནོ། །དེ་ནས་དཀྱིལ་འཁོར་ལེགས་པར་བསྡུ། །དབེན་པར་དོར་ལ་བསྐོར་བར་བྱ། །འདིས་ནི་བཀྲ་ཤིས་ཐམས་ཅད་སྦྱིན། །ཡིད་དུ་མི ་འོང་སེལ་བར་བྱེད། །གང་ཡང་མི་འབྱུང་མེད་པའི་ཕྱིར། །རྣལ་འབྱོར་པ་ཡིས་རྟག་ཏུ་བྱ། །ན་མོ་རང་ན་ཏྲ་ཡཱ་ཡ། །ནམ་ཨརྱཱ་བ་ལོ་ཀི་ཏི་ཤྭ་ར་ཡ། བོ་ཏི་སྭཱཏྭ་ཡ། །མཱ་ཧཱ་སཏྭཱ་ཡ། མཧཱ་ཀ་རུ་ཎི་ཀ་ཡ། ཨོཾ་ཏཱ་རེ་ཏུ་ར་ཏཱ་རེ་ཏུ་རེ། སརྦ་གྲ་ཧེ། སརྦ་བྷཡ་དྷི། སརྦ་ཙོ་ར། སརྦ་བི་དྱ། །སརྦ་དུར་ས་མ་ནི་བྷཡ ་ཐ། སརྦ་པཱ་པཱི་བྲ་ཤམ་ན་ཡ་སྭཱཧཱ།། །།འཕགས་མ་སྒྲོལ་མ་ཞི་བ་ཆེན་མོ་ཞེས་བྱ་བའི་ལས་ཀྱི་ཡན་ལག་ཁྲུས་ཀྱི་ཆོ་གའི་ལེའུ་སྟེ། བཅུ་བཞི་པ་རྫོགས་སོ།། །།རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །འཁོར་བའི་རྩ་བ་རྨོངས་པས་ཏེ། །དེ? ་བསལ་བྱ་ཕྱིར་ཤེས་རབ་བསྐྱེད། །ཐུགས་རྗེ་ཆེན་པོའི་རང་བཞིན་སྐུ། །གཅིག་ཏུ་ཕན་མཛད་དངོས་གྲུབ་སྟེར། །ངག་གི་དབྱང་ཕྱུག་ཞི་པཝ?་མ། །བདག་བསམ་གཡས་གཡོན་མདུན་རྒྱབ་ཏུ། །ཡིད་གཞུངས་དྲན་པ་ཤེས་རབ་དང། །བློ་ཡི་རང་བཞིན་ལྷ་མོ་བཞི། །སྔ་མ་ལྟ་བུར་བསྒོམ་པར་བྱ། ། ་སྲིད་པའི་འཁོར་ལོ་ཟླ་བའི་འདུས་སོ། །རྣམ?་སྣང་ལས་བྱུང་ངག་རབ་བཞིན་རྒྱུན་མི་འཆད་འབྱུང་དེ་དབུས་གནས། །མི་སྨྲའི་སྦྱོར་བས་གསང་སྔགས་བཟླ། །འོ་མ་གསེར་མདོག་ཙ་བ་གསུམ། །པད་ཤུ་དག་རྒྱམ་ཚྭ་ལ། །ལན་བདུན་བཟླས་པས་བཅོམ་ལྡན་འགྲུབ། །འོ་མ་བྲ་བཞི་སང་གཅིག་སྨན། །མང་བྲེ་གང ་སྤྱད་མེ་ལ་བསྡུ། །ཟླ་བ་གཅིག་གིས་ཕན་མེད་ཅིང། །དྲུག་གིས་མངོན་སུམ་མཐོང་བར་འགྱུར། །ཤུ་དག་ཤིང་མདང?་སེན་དྷ་བ། །གསེར་མདོག་དོང་གྲ་ལ་ལ་བུད། །ཟིར་དུ་དྷ་པི་པི་ལིང། །ལན་བདུན་བཟླས་ནས་ཟོས་གྱུར་ན། །ཟླ་བ་དྲུག་དང་གསུམ་དང་གཅིག་།གོ་རིམ་བཞིན་དུ་ཐོས་འཛིན ་དང་?། ས་བདག་ཉིད་དང་བློ་ལྔ་??་ཞིང། །ཚམས་པའི་??་??་པ་དང་དབྱུར།?་།གངས་ལས་སྐྱས་པའི་གསེར་མདོག་དང། །ཤུ་དག་ཐོངས་ལན་བདུན་བཟླས། །ཟླ་བ་གཅིག་བརྟེན་དེ་ཉིད་དུ། །ཚིག་བདག་ཡིད་གཞུངས་དབྱངས་ལྷན་ཅིག། །ཤེས་རབ་ལྡན་དེ་ཟླ་དྲུག་གིས། །ངག་གིས ་དབང་ཕྱུག་རང་བཞིན་ཐོབ། །ོཾ་ཏཱ་རེ་ཏུ་ད་ཏཱ་རེ་ཏུ་རེ། ཧྲི་མ་ཧཱ་མ་ཡཾ་གེ་མ་ཧཱ་སྭ་ར་སྭ་ད་ཏྱཻ་ནཱ་མ་བྲ་ཀྲི་ཏ་བ་རི་ཤུདྡྷ་སརྦ་དྷརྨ་པྲི་ཀྲི་ཏི་པ་རི་ཤུད་དྷོ་ཧཾ། ས་པ་སྦྱ་ཨ་པ་ཡན་ཏ་ར་སྭཱཧཱ།། །འཕགས་མ་སྒྲོལ་མ་ཆོགས་པ་ཐམས་ཅད་འཇོམས་མ་ཞེས་བྱ་བའི་ལས ་ཀྱི་ཡན་ལག་བློ་འཕེལ་བར་བྱེད་བའི་ཆོ་གའི་ལེའུ་སྟེ། བཅོ་ལྔ་པ་རྫོགས་སོ།། །།རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་བར་ཆད་བསྲུང་བའི་ཕྱིར། །དབེན་པའི་ཕྱོགས་སུ་ཆག་ཆག་དང། །མཎྜལ་གཉིས་དང་མཆོད་སོགས་གཉིས། །བཤམ་བྱ་རྗེ་བཙུན་རྟེན ་ཡང་བཤམ། །སྟན་བདེ་ལ་གནས་སེམས་ཅན་ལ། །སྙིང་རྗེ་ཆེ་བསྐྱེད་འདི་རྣམས་ནི། །རྗེ་བཙུན་གནས་དགོད་དམ་བཅས་ནས། །དེ་ཡིས་གཏོར་མ་བཏང་བར་བྱ། །དེ་ནས་སྙིང་ཁའི་འོང་ཟེར་གྱིས། །ཐུན་མོ་ཁྱད་པར་སྤྱན་དྲངས་ཏེ། །མཆོད་པ་ཆ་རེས་མཆོད་པར་བྱ། །དེ་ནས་བདག་གི་སྤྱི་བོར་ཨ། །དེ ་ལས་ཟླ་བ་དེ་སྟེངས་ཏཾ། །གསུམ་པོ་ཡོངས་སུ་གྱུར་པ་ལས། །རྗེ་བཙུན་ཞལ་གཅིག་ཕྱག་གཉིས་མ། །མི་འཇིགས་ཨུ་དཔལ་གཡས་དང་གཡོན། །སྣ་ཚོགས་རིན་ཆེན་རྒྱན་གྱིས་བརྒྱན། །མགུལ་ཆངས་གདུབ་བུ་དོ་ཤལ་ཅན། །སྐུ?་གསུང་ཐུགས་མཚན་ཡེ་ཤེས་སེམས། །སྐྱེ་མཆེད་རྣམས ་དག་དབུ་རྒྱན་མཛེས། །ཕྱག་གི་བདུད་རྩི་བདག་རྒྱས་པར། །བསམ་ཞིང་གསང་སྔགས་གདོན་པར་བྱ། །ཕྱི་ཡི་ཕྱག་རྒྱ་རྫས་ཀྱིས་བསྡུ། །ནང་གི་ནང་དུ་བསྡུ?་བྱའི་ཚེ། །བསྒྲུབ་བྱ་བསྡུས་ཤིང་བཅིང་བར་བསམ། །དེ་ནས་གཏེར་མ་གཅིག་ཤོས་བཏང། །འགྲོ་བ་ཡི་ཕྱོགས་བཅོམ་ལྡན ་མ། ཞལ་བཟངས་བདག་ལ་གཟིགས་པར་བསམ། །དེ་ནས་བསྟོད་དང་བཟླས་པ་བྱ། །དེས་ནི་འཇིགས་པ་ཀུན་སྐྱོར་འགྱུར། །འོཾ་ན་མ་ཡ་རྱཱ་བ་ལོ་ཀི་ཏ་ཤྭ་རཱ་ཡ། བོ་དྷི་སྭཱཧཱ་ཡ། མ་ཧཱ་སྭ་ཏྭ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། །ཏད་ཡ་ཐཱ། ཨའོཾ་ཧ་རེ་ཏུ་ད་ཏཱ་རེ་ཏུ་རེ་སརྦ་དུཥྚཱ་ན། པྲ་དུ་ཥྚཱན་མ་མ ་ཀྲི་ཏེ། བཌཧཾ་བྷ། །སྟཾ་བྷ་ཡ། མོ་ཧ་ཡ། བན་དྷ་ཡ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། སརྦ་དུཥྚན་སྟཾ་བྷ་ནི་ཏྭཱ་རེ་སྭཱཧཱ།། །།འཕགས་མ་སྒྲོལ་མ་བདེ་བ་ཐམས་ཅད་སྒྲུབ་པ་ཞེས་བྱ་བའི་ལས་ཀྱི་ཡན་ལག་ཆོམ་རྐུན་བཅིང་བའི་ཆོ་གའི་ལེའུ་སྟེ་བཅུ་དྲུག་པ་རྫོགས་སོ།། །། ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །བག་མེད་ལ་སོགས་རྣམས་ལ། །གདུག་པའི་ཡིད་ལྡན་དུད་འགྲོའི་རིགས། །ཡིད་དང་བལྟས་དང་མཆེ་བ་དང། །རིག་པའི་སྒོ་ནས་འཚེ་བར་བྱེད། །གྲོག་པོ་རི་ཕུག་དོག་མོའི་སྒོར། །ལྷ་ཁང་འདམ་རྫབ་མི་སྡུག་གཟུགས། །ར་བཟར་འཛེག་དང་དུད་འགྲོས་འཚེ། ། ་མཚོ་འགྲམ་འདུག་སོགས་གནོད་པའི་རྟེགས། །གླུ་ལ་དགའ་དང་ནུབ་མོན། །ཡན་ལག་མི་བདེ་ལུས་ལྕི་ཞིང། །ཤུ་བ་གཡན་པ་བས་ལྡགས་དང། །འབྲུམ་བུ་ལ་སོགས་ཐེབས་ལཾས?་འབྱུང། །མི་དགའ་བ་དང་ཟ་འཕྲུག་དང། །ཤ་མདོག་ཉམས་དང་མེ་རས་དང། །རེས་འགའ་ཆུ་གྲང་བླུགས་བཞིན ་དང། བས་ལྔགས་ཤ་བཀྲ་འབྱུང་བ་ཡིན། །ཤ་འཕྲིག་སྤྲིད་དང་བེམས་པོར་འདུག་།མིག་ནི་ཚ་ཞིང་ཟླུམ་པ་དང། །སྨིན་མ་ལ་སོགས་ཀྱི་འགྱུར་ཏེ། །ལག་སོར་སྐམས་པར་གྱུར་པའོ། །ལུས་ལ་དྲི་ང་འབྱུང་འགྱུར་ཞིང། །ཆུ་བུར་དང་ནི་ཉ་ལྒངས་ཅན། །རྣག་དང་ཆུ་སེར་རུལ་དྲི་མན་མ། །རོ་སྟོང ་ངག་ཀྱང་ཟུག་པར་འགྱུར། །ཕྱི་ཡི་ཤ་སྐམ་མདོག་འཆོར་ཞིང། །ཤ་ཡི་མདངས་མེད་ཟུག་དང་བཅས། །གོས་ཀྱང་མདངས་དང་བྲལ་འགྱུར་ཏེ། །གློག་པ་ཆར་ལག་མ་བཞིན་ནོ། །དེ་དག་བསྲུང་བར་བྱ་བའི་ཕྱིར། །ལྷ་ཡི་སྦྱོར་བར་གནས་པ་ཡིས། །གུ་གུལ་གླ་རྩི་ཤུ་དག་དང། །རུ་རྟ ་བཙན་དུག་ཤིང་ཀུན་དང། །ད་ལིས་རྣམས་ལ་གསང་སྔགས་ཆེ། །འབུམ་ཕྲག་གསུམ་བསྙེན་བྱས་པ་ཡི། །དེ་བསྲུང་གླ་རྩི་མི་བསྐྱོད་སྦྱར། །གནས་ལྔར་བྱུག་ཅིང་བཀྲུ་བར་བྱ། །འདི་ནི་སྦྱོར་བ་ཟབ་མོ་སྟེ། །མི་ལ་རི་དགས་ཇི་བཞིན་དུ། །གང་ལ་བསྲུང་བ་འདིས་བརྒྱན་བ། །དེ་ལ ་སྔང་ལྡན་འབྲོས་པར་འགྱུར། །གཉིས་པ་ལ་ནི་ཤུ་དག་དང། །གླ་རྩི་རུ་རྟ་གུ་གུལ་དང། །མུ་ཟི་རོ་རས་རྒྱ་ཆིལ?་དང། །ཤི་བའི་དྲི་ཆེན་ཕག་བའི་བཅུད། །སྒོག་སྐྱ་དང་ནི་མ་དུ་དང། །མི་ཡི་བཅུད་དང་རུས་པའི་ཕྱེ། །མི་བཅུད་ཀྱིས་བསྡུས་རི་ལུ་སྟེ། །སྔ་མ་གཉིས་འགྱུར་བསྙེན་པ ་ཡིས། དབང་པོའི་སྒོ་རྣམས་བདུག་བྱ་སྟེ། །ཉི་མའི་འོད་ལ་མུན་པ་བཞིན། །དུག་ཅན་རྣམས་ནི་ནམ་དཱུང། །འོད་བར་ནུས་པ་མ་ཡིན་ནོ། །གསུམ་པ་ལ་ནི་གསུམ་འགྱུར་ཏེ། །གོད་མའི་རྫས་ཀྱིས་སྦྱོར་བ་དང། །ཀླུ་ཡི་དུག་དད་བདུང་རྩི་བསྟེན། །འབར་བའི་མེ་ཡིས་ནགས་ཚལ་བཞིན། ། ་དེས་བཞན་ནད་རྣམས་ཚིག་པ་འགྱུར། །བཞི་པ་ལ་ནི་བྱེ་བ་སྟེ། །གོ་མའི་རྫས་ཀྱིས་སྦྱོར་བ་དང། །ཀླུའི་དུག་དང་རྣམ་རྒྱལ་བརྟེན། །རྩ་མིག་དག་ཀྱང་བསལ་བར་བྱ། །ཉི་མས་གངས་བཞིན་དེ་འཇོམས་སོ། །ལྔ་པ་ལ་ཡང་དེ་བཞིན་ཏེ། །ཁྱད་པར་དུ་ནི་ཨ་རུ་ར། །དྲི་ཆུ་གླ་རྩི ་བརྟན་པར་བྱ། །རྡོ་རྗེ་ཡིས་ནི་རིན་ཆེན་བཞིན། །ཐོགས་པ་མེད་པར་འཇིགས་པར་འགྱུར། །འོཾ་ཏཱ་རེ་ཏུ་ད་ཏཱ་རེ་ཏུ་རེ་ཀུ་ལེ་ཀུ་ལླེ། སརྦ་ཤདྲུད?་བཀྵལ་བཀྵལ་ཧཱུཾ་ཧཱུཾ་ན་ག་སྟམ་བྷ་ཡ། །མོ་ཧ་ཡ། བན་དྷ་ཡ། ཡཾ་རཾ་སུཾ་ནེ་ར་བ་ནེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ།། །།རྗེ་བཙུན་མ་འཕགས་མ་སྒྲོལ་རྣམ ་པར་རྒྱལ་མ་ཤེས་བྱ་བའི་ལས་ཀྱི་ཡན་ལག་ཀླུ་ནད་གསོ་བའི་ཆོ་གའི་ལེའུ་སྟེ་བཅུ་བདུན་པ་རྫོགས་སོ།། །།རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །མི་ཡི་དབང་པོ་ལ་སོགས་པས། །ཤིན་ཏུ་དམ་པར་བསྡམས་པ་རྣམས། །རབ་ཏུ་ཐར་བར་བྱ་བའི་ཕྱིར། །བ ་གླང་ལྕི་བས་དཀྱིལ་འཁོར་བྱ། །དབུས་སུ་ཕྱག་མཚན་ས་བོན་བཅས། །དེ་ལ་དེ་ཉིད་སྤྱན་དྲངས་ལ། །མཆོད་པ་སྔོན་དུ་འགྲོ་བ་ཡིས། །དང་པོ་སྙེན་པ་རྫོགས་པར་བྱ། །དེ་ནས་སྦྱོར་གཞན་རབ་སྤངས་ཏེ། །བཅོམ་ལྡན་མཆོད་ནས་བརྒྱ་ཕྲག་བརྒྱད། །གསོལ་བའི་མཆོད་པ་དང་བཅས་པས། །ལེགས ་བར་བཟླས་ན་གྲོལ་བར་འགྱུར། །ན་མོ་རད་ན་ཏྲ་ཡཱ་ཡ། །ན་མ་ཨརྱཱ་བ་ལོ་ཀི་ཏེ་ཤྭ་ར་ཡ། །བོ་དྷཱི་སྭ་ཏཱ་ཡ། མ་ཧཱ་སྭ་ཏཱ་ཡ། །མ་ཧ་ཀ་རུ་ཎི་ཀ་ཡ། ཏད་ཡཱ་ཐཱ་རི་ཛུ་ཀ་དྷརྨཱི། ནིར་ཡ་ཏེ། ཏཱ་རེ་ཏཱ་ར་ཡཱ་བྷ་ག་བཱ་ཏི་ཏུད་ཏ་རེ། བྷྲ་མ་བྷ་ལ། མོ་ཙ་ནེ་ཏུ་རེ་སྭཱཧཱ།། །།འཕགས་མ་སྒྲོལ་མ ་སྡུག་བསྔལ་ཐམས་ཅད་བསྲེག་པའི་ལས་ཀྱི་ཡན་ལག་ཁྲི་མོན་ལས་ཐར་པར་བྱེད་པའི་ཆོ་གའི་ལེའུ་སྟེ་བཅཝོ་བརྒྱད་པ་རྫོགས་སོ།། །།རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །གང་གིས་གང་ལ་རབ་བསྔགས་པ། །དངོས་གྲུབ་དེ་ཉིད་བསྒྲུབ་པའི་ཕྱིར། ། ་མིག་དང་ལྕེ་དང་མཁྲིས་པ་རྣམས། །རིན་ཆེན་གདུའི?་ནང་དུ་གཞུག་།བདུད་རྩི་འཁྱིལ་པས་བསྲུང་བྱས་ནས། །འགྲུབ་པར་བྱེད་པའི་བསྙེན་པ་བརྩམ། །ཆོག་པར་ཤེས་ནས་པད་རྩར་སཱ?། །དག་པའི་མིག་ལས་དབེན་པར་འགྱུར། །ན་མོ་རད་ན་ཏྲ་ཡཱ་ཡ། ན་མ་ཨརྱཱ་བ་ལོ་ཀི ་ཏེ་ཤ་རཱ་ཡ། བོ་དྷི་སྭ་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏད་ཡ་ཐཱ། ཨོཾ་ཏཱ་རེ་ཏཱ་རེ་ཏཱ་ར་ཛ་ཡ། ཛ་ཡེ་ཛ་ཡེ། ཏུད་ཏཱ་རེ་ཛ་ཡ་བྷ་ཧེ་ཏུ་རེ་སྭཱཧཱ།། །།འཕགས་མ་སྒྲོལ་མ་དངོས་གྲུབ་ཐམས་ཅད་སྟེར་བར་བྱེད་མ་ཞེས་བྱ་བའི་ལས་ཀྱི་ཡན་ལག་མི་སྣང་བའི་ཆོ་གའི་ལེའུ་སྟེ་བཅུ་དགུ་པ ་རྫོགས་སོ།། །།རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །མཐོང་བའི་ཆོས་ལ་འོག་མིན་དུ། །འཕགས་རྣམས་སྤྱོད་ཡུལ་དང་གཅིག་ཅིང། །ཡིད་ཀྱི་ཤུགས་ཀྱིས་བསྐྱོད་བྱེད་པ། །ཟངས་དང་ལྕགས་དང་གསེར་དག་ལས། །འབར་བའི་རལ་གྲི་བྱས་ནས་སུ། །ཡུ་བ་གཞུང་དང་སོ་རིམ་བཞིན ་གཉིས་དང་བཅུ་གཅིག་སོར་དུ་ལྡན། ། ལི་ཀ་ལི་གཡས་གཡོན་ཏེ། །ཡི་གེ་བཅུ་པ་དབུས་སུའོ། །གནས་སྐབས་གསུམ་དུ་སྐུ་སོགས་གསུམ། །སྒྲ་དང་མེ་སྟག་འོད་འཕྲོ་བ། །རབ་འབྲིང་རྟག་དང་ལྡན་པ་ལས། །ཆགས་མེད་ཡིད་ཀྱིས་བསྐྱོད་བྱས་ཏེ། །འདབ་གཤོག་རྒྱས་པའི་བྱ་བཞིན ་དུ། གང་དང་གང་དུ་བསམས་པ་ཡི། །ཞིང་ཁམས་དག་ཏུ་འདོད་བའི་དོན། །ཐམས་ཅད་དེ་ཡི་དབང་དུ་འགྱུར། །འོཾ་ཏཱ་རེ་ཏུ་ད་ཏཱ་རེ་ཏུ་རེ་ཨ་མོ་གྷ་སིད་དྷི། ཁད་གྷེ་བྲི་སིད་དྷི། ལོ་ཀ་ཨ་ལོ་ཀ། ཏིཥྚ་རད་ན་ཙ་ལ་ཙ་ལ། ཧཱུཾ་ཧཱུཾ་བཾ་བཾ་ཨ་ཏི་སྠཱ་སྭཱཧཱ།། །།འཕགས་མ་སྒྲོལ་མ ་ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱ་བའི་ལས་ཀྱི་ཡན་ལག་མཆོག་སྒྲུབ་པའི་ལེའུ་སྟེ་ཉི་ཤུ་པ་རྫོགས་སོ།། །།རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །གསེར་སོགས་རབ་མཛེས་སྣོད་དག་ཏུ། །འོ་མ་མར་དང་སྲན་ཆན་དང། །ལ་ཕུག་མངར་དང་མེ་ཏོག་སྤོས། ། ་དག་པའི་ཆུ་དང་ཆད་ལ་སོགས། །སྐུ་གསུང་ཐུགས་ཀྱི་ཡི་གེ་ཡིས། །སྤངས་ནས་འབྱུང་པོ་རྣམས་ལ་སྦྱིན། །འོཾ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨ་ནཾ། ཨཱ་དྱ་ནུད་པན་ནད་ཏྭད། །འོཾ་ཨཱ་ཧཱུཾ་ཕཊ་སྭཱཧཱ།། །།གཏོར་མའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པ་རྫོགས་སོ།། །། ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །མཚོ་འམ་ཁྲོན་པ་འབབ་ཆུ་གཙང། །བཅོམ་ལྡན་མཆོག་སྦྱིན་བདུད་རྩི་ཡིས། ཨ།བདུང་བྲལ་འཕགས་པའི་རང་བཞིན་དུ། །བསྒྱུར་ནས་གསང་སྔགས་རྒྱལ་པོ་ནི། །བདུན་ཕྲག་གསུམ་གྱིས་ཡི་དགས་རྣམས། །རབ་ཏུ་ཚིམ་པའི་ཆོ་ག་བྱ། །ོཾ་ཏཱ ་རེ་ཏུད་ཏཱ་རེ་ཏུ་རེ་སརྦ་པྲེ་ཏེ་བྷཡ(རྒྱུད་འགྲེལ་བཞིན། །དེ་ལ་མཆོད་རྟེན་གདབ་བྱས་ལ། །དེ་དག་གནས་སུ་དམ་ཚིག་སྟེ། །དེ་ལ་ཡེ་ཤེས་དེ་དབང་བསྐུར། །དེ་ལ་བྱིན་བརླབ་དེ་ནས་མཆོད། །རབ་ཏུ་གནས་བྱས་དེ་ནས་ནི། །དག་པའི་གནས་སུ་བཞུགས་པར་བྱ། །འོཾ་ཏཱ་རེ་ཏུད་ཏཱ་རེ་ཏུ་རེ་སརྦ་ཏཱ་ཐཱ་ག་ཏ་ཧཱི་ད་ཡ་ཨ་དྷི་ཥྛི་ཏེ་སྭཱཧཱ།། །། ་ཚ་ཚ་གདབ་པའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པ་རྫོགས་སོ།། །།རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །གསོ་སྦྱོངས་དག་ལ་གནས་པ་ཡིས། །ཀ་ཏི་ཀ་ཡི་ཐལ་བ་ལ། །སྟོང་ཕྲག་བཅུ་ཡི་བསྙེན་པ་བྱ། །ཆུ་ཤེས་སྤྱོད་ཡུལ་ཡང་ངོ་ལ། །དྲི་དབང ་བྱེད་གཡས་སེངྒེའི་ཚུལ། །རྩེ་གཅིག་འདོད་པའི་དོན་བརྣགས་ཏེ། འདོད་པའི་ལྷ་དང་དུས་གསུམ་གྱི། །སྐྱེ་བའི་གནས་རྣམས་སྟོན་པར་མཛད། །ོཾ་ཏཱ་རེ་ཏུད་ཏཱ་རེ་ཏུ་རེ་ཏ་དྱ་ཐཱ། ཨོཾ་མུག་ཤི་རི་པྲ་མ་དན་དེ་ཁ་རྒོ་ཡ་ཤ། ཤོ་མ་དྷ་ར་རྩ་ར་ཕྱེ། མོ་ཧ་ནི་སྭཱཧཱ། །ང་ན་ཏི་ལ་སྭཱཧཱ།། །། ་དུས་གསུམ་བརྟག་པའི་ཆོ་གའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པ་རྫོགས་སོ།། །།རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྦྲུམ་མ་དང་ནི་མགོ་འཇུག་ལོག་།མོ་སྐམ་བུ་ནི་སྐྱེད་བྱེད་དང། །སྲིན་བུ་བསྲུང་དང་འབྱུང་པོ་བཟློད། །ལས་གང་བྱ་ང་པའི་ལྷག་གྱུར་བྱ། །དང་པོ་གོ་རོ་ཙ ་ན་དང། ཟུང?་བ་བ་བླའི་རིལ་ལུ་ལ། །སྣག་ཚ་བྱས་ལ་སྔགས་བྲིས་ལ། །བདུད་རྩི་ལྔ་དང་སྨན་སྣ་ལྔ། །རིན་ཆེན་ལྔ་དང་འབྲུ་སྣ་ལྔ། །བུམ་པར་བཅུག་ལ་གསང་སྔགས་འདི། །ཉི་ཤུ་རྩ་གཅིག་བཟླས་བྱིན་བརླབ། །སྔགས་ཆུས་ནམ་བྱེད་ཡོལ་བའི་དུས། །མཆོད་པ་བྱས་ལ་སྦྲུམ་མ་དེ། །ཁྲུས ་བྱས་བདེ་བར་བཙའ་ཞིང་འབྱུང། །གཉིས་པ་མང་དག་ལག་འཐིལ་དུ། །གཞན་ལ་གསང་སྔགས་ཉི་ཤུ་གཅིག་།བཟླས་ལ་མགོ་ལུས་བ་ག་བྱུག། དེ་ལྟར་བྱས་ན་བདེ་བར་སྐྱེ། །གསུམ་པོ་དེ་ཙེ་ཡི་འབྲུམ། །ཕྱེ་མ་དག་དང་བ་དམར་སེར། །འོ་མ་བསྲེས་ལ་བུམ་པར་བླུགས། །གསང་སྔཊ ་ཉི་ཤུ་རྩ་གཅིག་བཟླས། །ཟླ་མཚན་བྱུང་དུས་ཐ་མའི་ཆེ། །བླུད་ན་མྱུར་དུ་བུ་དག་སྐྱེ། །བཞི་པ་འཕྲལ་སྐྱེས་བྱིས་པ་དེ། །ཁྲུས་བྱས་བདེ་བར་འཚོ་བར་འགྱུར། །ལྔ་པ་གསང་སྔགས་དེ་ཉིད་ཀྱིས། །ཡུངས་དཀར་ཉི་ཤུ་གཅིག་བསྔགས་ནས། །གདོང་བུ་བྲབས་ན་འབྱུང་པོ་ལྡོག། །འོཾ་ཏཱ་ར་ནི་ཏ ་ར་ཡ། །ོཾ་མོ་ཙ་ནི་མོ་ཅ་ནི་ཡ། །འོཾ་མ་ཀ་ཤ་ནི་མོ་ཀ་ཤ་ཡ། ཛི་བ་བར་དྷི་སྭཱཧཱ།། །།བསྐྱོད་ཅིང་བསྲིད་པ་ལ་སོགས་པའི་ཆོ་གའི་ལེའུ་སྟེ་ཉི་ཤུ་ལྔ་པ་རྫོགས་སོ།། །།བདེ་གཤེགས་སྐྱེད་མཛད་རྗེ་བཙུན་གྱི། །རྣལ་འབྱོར་བྱང་ཆུབ་ཡན་ལག་བཟང། ། ་ཐབས་ཀྱི་ཁྱད་པར་མདོར་བསྡུས་པ། །ཞི་བ་ལ་སོགས་ལས་བཞིའི་ཚུལ། །བདག་གཞན་དོན་ཀུན་སྒྲུབ་བྱེད་པ། །ཐུགས་རྗེ་ཆུ་སྐྱེས་ལས་བྱུང་བའི། །སྦྲང་རྩི་འདི་ནི་བདག་གིས་བཞིས། །འགྲོ་ལ་ཕན་ཕྱིར་འདིར་བཀོད་དོ། །དེ་ལས་བྱུང་བའི་དགེ་བ་ཡིས། །འགྲོ་བ་མ་ལུས་བྱང་ཆུབ་ཆེ། །སྐུ ་གསུམ་རང་བཞིན་མཐར་ཕྱིན་པ། །མྱུར་བ་ཉིད་དུ་ཐོབ་པར་ཤོག། །།རྗེ་བཙུན་འཕགས་མ་སྒྲོལ་མའི་སྒྲུབ་ཐབས་ཉི་ཤུ་རྩ་གཅིག་པའི་ལས་ཀྱི་ཡན་ལག་དང་བཅས་པ་མདོར་བསྡུས་པ་ཞེས་བྱ་བ། ཁ་ཆེའི་སློབ་དཔོན་ཉི་མ་སྦས་པ་ཞེས་བྱ་བས་མཛད ་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་དང། བོད་ཀྱི་ལོ་ཙ་བ་མལ་གྱོ་བློ་གྲོས་གྲགས་པས་བཀྲི་མ་ཤཱི་ལའི་གཙུག་ལག་ཁང་ཆེན་པོ་དེ་ཉིད་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། བྷ་ག་བ་ཏི་ཏ་ར་དེ་བཱི་ཨེ་ཀ ་