CLOSE WINDOW

N1352: lha mo sgrol ma'i bstod pa nyi shu rtsa gcig pa'i sgrub thabs zhes bya ba
Wyliee-texts based on the ACIP/ALL Input

འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྗོག་སྟོ།། །*། །རྒྱ་གར་སྐད་དུ། ཏཱ་རེ་དེ་བི་སྟེ་ཏྲཾ་ཨེ་ཀ་བཱི་ཤ་ཏི་ཀ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། ལྷ་མོ་སྒྲོལ་མའི་བསྟོང་པ་ཉི་ཤུར་ཙ་གཅིག་པའི་སྒྲུབ་ཐབས་ཞེས་བྱ་བ། རྗེ་བཙུན་འཕགས་མ ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། །གེ་སར་ཕྱེ་བ་ལས་ནི་བྱུང་མ། །ངེ་ལ་དང་པོར་རེ་ཞིག་བཅོམ་ལྡན་འདས་མ་སྒྲོལ་མ་ནམ་མཁའ་ཨི་དཀྱིལ་ན་པདྨ་སེར་པོའི་སྟེང ་ན་བཞུགས་པ་སྐུ་མདོག་དམར་མོ་མེ་ལྟ་བུའི་འོད་འཕྲོ་བ་ཅན། །ཞལ་གཅིག་ལ་སྤྱན་གཉིས་མ་ཕྱག་བརྒྱད་པའོ། །ཕྱག་དང་པོ་གཉིས་སྒྲོག་བར་བཞེངས་པའི་རབ་ཏུ་དགའ་བའི་ཕྱག་རྒྱ་དང་ལྡན་པའོ། །དེའི་འོག་མ་གཉིས་ཀྱིས་མདའ་དང་གཞུ་གཞན་ལ་འཕེན་པ་ནི་ཐུགས ་ཁར་བཀང་བ། གཡས་ཀྱི་གསུམ་པ་འཁོར་ལོ། །བཞི་པ་ན་རལ་གྲི། གཡོན་གྱི་གསུམ་པ་ན་མདུང། །བཞི་པ་ན་ཞགས་པ་བསྣམས་པ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །འཕགས་མ་སྒྲོལ་མ་མྱུར་ཞིང་རབ་ཏུ་དཔའ་བ་ཞེས་བྱ་བའི་སྒྲུབས་ཐབས་ལེའུ་དང་པོ ་རྫོགས་སོ།། །།ཕྱག་འཚལ་སྟོན་གའི་ཟླ་བ་ཀུན་ཏུ། །གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །དེ་ལ་དང་པོར་རེ་ཤིག་སྟོན་ཁའི་ཟླ་བ་ལྟར་དཀར་པའི་སྒྲོལ་མ་དཀར་མོ ་ཞལ་གསུམ། །ཕྱག་བཅུ་གཉིས་མ། །ཞལ་གསུམ་ནི་གཡས་སྔོ་ཞིང་གཡོན་སེར་པའོ། །ཕྱག་དང་པོ་གཉིས་མཉམ་པར་གཞག་པ་གཡས་གཉིས་ཁ་ཏཱཾ་ག་།གསུམ་པ་ན་འཁོར་ལོ། །བཞི་པ་ན་རིན་པོ་ཆེ། །ལྔ་པ་ན་རྡོ་རྗེ། དྲུག་པ་ན་མེ་ཏོག་གི་ཕྲེང་བའོ། །གཡོན་གྱི་གཉིས་པ ་ན་རིལ་བ་སྤྱི་བླུགས་གསུམ་བ་ན་ཨུདྤ་ལ། བཞི་པ་ན་དྲིལ་བུ། ལྔ་པ་ན་བུམ་པ། དྲུག་པ་ན་པོ་ཏི་བསྣམས་པའི། །འཕགས་མ་སྒྲོལ་མ་སྟོན་ཁའི་ཟླ་བ་ལྟར་དཀར་བ་ཞེས་བྱ་བའི་སྒྲུབ་ཐབས་ལེའུ་གཉིས་པ་རྫོགས་སོ།། །།ཕྱག་འཚལ་སེར་སྔོ་ཆུ་ནས ་སྐྱེས་ཀྱི། །པདྨས་ཕྱག་ནི་རྣམ་པར་བརྒྱན་མ། །སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། །བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིང་མ། །རྗེ་བཙུན་མ་འཕགས་མ་སྒྲོལ་མ་གསེར་གྱི་མདོག་ཅན། །ཞལ་གཅིག་།ཕྱག་བཅུ་མ། སྣ་ཚོགས་པདྨའི་སྟེང་གི་ཉི་མ་ལ་གནས ་མ། ཕྱག་གཡས་ཀྱི་དང་པོ་ན་ཕྲེང་བ་ཐུགས་ཁར་འཛིན་པ། གཉིས་པ་ན་རལ་གྲི། གསུམ་པ་ན་མངའ་འཕེན་པར་གཟས་པ། བཞི་པ་ན་རྡོ་རྗེ། ལྔ་པ་ན་དཔྱུག་གུའོ། །གཡོན་གྱི་དང་པོ་ན་དར་སྤྱངས། །གཉིས་པ་ན་ཞགས་པ། གསུམ་པ་ན་པདྨ། ་བཞི་པ་ན་དྲིལ་བུ། ལྔ་པ་ན་གཞུ་བསྣམས་པའོ། །དེ་ཡང་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །འཕགས་མ་སྒྲོལ་མ་གསེར་མདོག་ཅན་གྱི་སྒྲུབ་ཐབས་ཞེས་བྱ་བའི་ལེའུ་གསུམ་པ་རྫོགས།། །།ཕྱག་འཚལ་དེ་བཞིན་གཤེགས་པའི ་གཙུག་ཏོར། མཛའ་ཡས་རྣམ་པར་རྒྱལ་བར་སྦྱོང་མ། །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་བ ་པདྨ་སེར་པོ་དང་ཟླ་བའི་དཀྱིལ་ན་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་བརྟན་པར་བཞུགས་པའི། རྗེ་བཙུན་མ་གསེར་གྱི་མདོག ་ཅན། །གཞལ་གཅིག་ཕྱག་བཞི་མ། །གཡས་དང་པོ་མཆོག་སྦྱིན་པ། །གཉིས་པ་ན་ཕྲེང་བ། གཡོན་དང་པོ་ན་རིལ་བ་སྤྱི་བླུགས། གཉིས་པ་ན་དབྱུག་གུ་བསྣམས་པའོ། །འཕགས་མོ་སྒྲོལ་མ་དེ་བཞིན་གཤེགས་པའི་གཙུག་ཏོར་རྣམས་པར་རྒྱལ་མ། །ཞེས་བྱ ་བའི་སྒྲུབ་ཐབས་ཀྱི་ལེའུ་སྟེ་བཞི་པ་རྫོགས་སོ།། །།ཕྱག་འཚལ་ཏུ་ཏ་རེ་ཧཱུཾ་ཡི་གེས། །འདོད་དང་ཕྱོགས་དང་ནམ་མཁའ་གང་མ། འཇིག་རྟེན་བདུན་བོ་ཞབས་ཀྱིས་མནན་ཏེ། །ལུས་པ་མེད་པར་འགུགས་པར་ནུས་མེ། །རྗེ ་བཙུན་མ་སྐུ་མདོག་སེར་མོ། །ཟླ་བའི་གདན་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། །ཞལ་གཅིག་།ཕྱག་གཉིས་མ་གཡས་སྐྱབས་སྦྱིན་པ། གཡོན་པདྨ་སེར་པོ་བསྣམས་པའོ། །འཕགས་མ་སྒྲོལ་མ་ཧཱུཾ་གི་སྒྲ་རབ་ཏུ་སྒྲོགས་མ་ཞེས་བྱ་བའི་སྒྲུབས་ཐབས་ཀྱི་ལེའུ་སྟེ ་ལྔ་པ་རྫོགས་སོ།། །།ཕྱག་འཚལ་བརྒྱ་ཕྱིན་མེ་ལྷ་ཚངས་པ། །རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །འབྱུང་བོ་རོ་ལངས་དྲི་ཟ་རྣམས་དང། །གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །རྗེ་བཙུན་མ་དམར་མོ། །པདྨ་དམར་པོ་དང། ཉིས་མའི་གདན་ལ ་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཞལ་གཅིག་།ཕྱག་བཞི་མ། གཡས་ཀྱི་དང་པོ་རྡོ་རྗེ། གཉིས་པ་རལ་གྲི་གཡོན་གྱི་དང་པོའི་སྡིགས་མཛུབ། །གཉིས་པ་ཞགས་པ་བསྣམས་པའོ། །འཕགས་མ་སྒྲོལ་མ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་མ་ཞེས་བྱ་བའི ་སྒྲུབ་ཐབས་ཀྱི་ལེའུ་སྟེ་དྲུག་པ་རྫོགས་སོ།། །།ཕྱག་འཚལ་ཏུད?་ཅེས་བྱ་དང་ཕཊ་གྱིས། །ཕ་རོལ་འཕྲུལ་འཁོར་རབ་ཏུ་འཇོམས་མ། །གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་མནན་ཏེ། །མེ་འབར་འཁྲུགས་མ་ཤིན་ཏུ་འབར་མ། །རྗེ་བཙུན་མ་ནག་མོ། །པདྨ་སེར་པོ། །ཉི་མའི་དཀྱིལ ་འཁོར་ལ་གཡོན་རྐྱང་པས་བཞུགས་པ། ན་བཟའ་སེར་མོ་མན་བས་པ། རིན་པོ་ཆེའི་ཅོད་པན་ཅན། རྐང་གདུབ་ལ་སོགས་པ་དང་ལྡན་པ། ཞལ་གཅིག་།ཕྱག་བཞི་མ། དབུ་སྐ་གྱེན་དུ་བརྫེས་ཤིང་སྤྲུལ་གྱིས་བརྒྱན་པ། གཡས་དང་པོ་ན་འཁོར་ལོ། །གཉིས་པ་ན་རལ་གྲི། གཡོན་དང ་པོ་སྐྱེས་གནས་ཀྱི་སྟེང་ན་ཞགས་པ་བསྣམས་པ། །གཉིས་པ་བརྐྱང་སྟེ་སྡིགས་མཛུད་མཛད་པའོ། །འཕགས་མ་སྒྲོལ་མ་གཞན་འཇོམས་མ་ཞེས་བྱ་བའི་སྒྲུབ་ཐབས་ཀྱི་ལེའུ་སྟོ་བདུན་བ་རྫོགས་སོ།། །།ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་པོ། །བདུད་ཀྱི་དཔའ་བོ་རྣམ་པར ་འཇོམས་མ། །ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །རྗེ་བཙུན་གསེར་གྱི་མདོག་ཅན་ཞལ་གཅིག་།ཕྱག་བཞི་མ། པདྨ་དམར་པོ་དང། ཟླ་བའི་སྟེང་དུ་ཆུ་སྲིན་ལ་སྐྱིལ་མོ་ཀྲུང་བྱེད་པས་བཞུགས་པ། གཡས་དང་པོ་ན་ཤིང་མྱ་ངན་མེད་པའི་ཡལ་ག་བཟུང་། གཉིས ་ཕན་རིན་པོ་ཆེ་བསྣམས་ཤིང་མཆོག་གསོལ་བ། གཡོན་དང་པོ་ན་པདྨ། གཉིས་པ་ན་བུམ་པ་བསྣམས་པའོ། །འཕགས་མ་སྒྲོལ་མ་བདུང་ཐམས་ཅད་འཇོམས་ཤིང་དབང་མཆོག་སྟེར་བར་བྱེད་པ་ཞེས་བྱ་བའི་སྒྲུབ་ཐབས་ཀྱི་ལེའུ་སྟེ་བརྒྱད་པ་རྫོགས་སོ།། །།ཕྱག་འཚལ་དཀོན་མཆོག་གསུམ ་མཚོན་ཕྱག་རྒྱའོ། །སོ་མོས་ཐུགས་ཁར་རྣམ་པར་བརྒྱན་མ། །མ་ལུས་ཕྱོགས་ཀྱི་འཁོར་ལོས་བརྒྱན་པའི། །རང་གི་འོད་ཀྱིས་ཚོགས་རྣམས་འཁྲུག་མ། རྗེ་བཙུན་མ་པདྨ་སཱ་གའི་མདོག་ཅན་པདྨ་དམར་པོ་དང་ཟླ་བའི་སྟེང་ན་བཞུགས་པ། །ཞལ་གཅིག། ཕྱག་བཞི་མ། རྒྱན་ཐམས་ཅད་ཀྱིས ་བརྒྱན་མ། །ཕྱག་དང་པོ་གཉིས་རབ་ཏུ་དགའ་བར་བྱ་བའི་ཕྱག་རྒྱ་སྟེ། དང་པོའི་ཕྱག་རྒྱ་ལྟ་བུའོ། །གཡས་གཉིས་པས་གར་བྱེད་པ། གཡོན་གཉིས་པ་ཤིང་མྱ་ངན་མེད་པའི་ཡ་ག་འཛིན་པའི་ཕྱག་གིས་སེམས་ཅན་ཐམས་ཅད་ལ་རིན་པོ་ཆེའི་ཆར་རྒྱུན་འབེབས་པར་མཛད་པའོ། །འཕགས ་མ་སྒོལ་མ་མཆོག་གསོལ་བ་ཞེས་བྱ་བའི་སྒྲུབ་ཐབས་ཀྱི་ལེའུ་སྟེ་དགུ་པ་རྫོགས་སོ།། །།ཕྱག་འཚལ་རབ་ཏུ་དགའ་བས་བརྗིད་པའི་དབུ་རྒྱན་འོད་ཀྱི་ཕྲེང་བས་སྦེལ་མ། །བཞད་པ་རབ་བཞད་ཏུ་ཏ་ར་ཡིས། །བདུད་དང་འཇིག་རྟེན་དབང་དུ་མཛད་མ། །རྗེ་བཙུན་མ་དམར ་མོ། །པདྨ་དམར་པོ་དང་ཟླ་བའི་གདན་ལ་རོལ་པས་བཞུགས་པ། །ཞལ་གཅིག། ཕྱག་བཞི་མ། ཕྱག་དང་པ་གཉིས་སྤྱི་བོར་རབ་ཏུ་དགའ་པའི་ཕྱག་རྒྱ་བཅིངས་པ། །གཡས་གཉིས་པ་ན་རལ་གྲིའི་ཕྱག་རྒྱ་དང་ལྡན་པ། གཡོན་གཉིས་པ་ན་ཤིང་མྱ་ངན་མེད་པའི་ཡལ་ག་གཟུང ་བའོ། །འཕགས་མ་སྒྲོལ་མ་མྱ་ངན་ཐམས་ཅད་སེལ་བར་བྱེད་བཞེས་བྱ་བའི། །སྒྲུབ་ཐབས་ཀྱི་ལེའུ་སྟེ་བཅུ་བ་རྫོགས་སོ།། །།ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ཅད་འགྲུབ་པར་ནུས་མ་ཉིད་མ། །ཀྲོ་གཉེར་གཡོ་བའི་ཡི་གེ་ཧཱུཾ་གིས། ་འཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། །རྗེ་བཙུན་མ་མུན་པའི་མདོག་ཅན་ཉི་མའི་དཀྱིལ་འཁོར་གྱི་སྟེང་ན་པདྨ་ལ་ཞབས་གཡས་པའི་རོལ་པས་བཞུགས། །ཞལ་གཅིག་།ཕྱག་གཉིས་མ། ཕྱོགས་མཚམས་བརྒྱད་ནས་གཟའ་བརྒྱད ་གཡས་ན་བསྣམས་པའི་ལྕགས་ཀྱུས་འགུགས་པ། ཕྱག་གཡོན་པས་རོལ་པའི་ལྕགས་ཀྱུ་སྣམས་པའོ། །འཕགས་མ་སྒྲོལ་མ་འགྲོ་བ་ཐམས་ཅད་འགུགས་ཤིང་ཕོངས་པ་ཐམས་ཅད་སེལ་པ་ཞེས་བྱ་བའི་སྒྲུབ་ཐབས་ཀྱི་ལེའུ་ལྟེ་བཅུ་གཅིག་པ་རྫོགས།། ་ཕྱག་འཚལ་ཟླ་བའི་དུམ་བུས་དབུ་བརྒྱན། །བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །རལ་པའི་ཁྲོད་ན་འོད་དཔག་མེད་ལས། །རྟག་པར་ཤིན་དུ་འོང་ནི་མཛད་མ། །རྗེ་བཙུན་མ་གསེར་གྱི་མདོག་ཅན། སྣ་ཚོགས་པདྨའི་སྟེང་ན་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས ་པ། ཞག་གཅིག་།ཕྱག་བརྒྱད་མ། གཡས་དང་པོ་ན་རྩེ་གསུམ་པ། གཉིས་པ་ན་ལྕགས་ཀྱུ། གསུམ་པ་ན་རྡོ་རྗེ། བཞི་པ་ན་རལ་གྲི། གཡོན་དང་པོ་ན་རིན་པོ་ཆེ་ཐུགས་ཁར་བསྣམས་པ། གཉིས་པས་ལྕགས་ཀྱུ། གསུམ་པས་དབྱུག་གུ་།བཞི་པས་བུམ་པ་བསྣམས ་པའོ། །འཕགས་མ་སྒྲོལ་མ་བཀྲ་ཤེས་ཐམས་ཅད་སྦྱིན་པ་ཞེས་བྱ་བའི་སྒྲུབ་ཐབས་ཀྱི་ལེའུ་སྟེ་བཅུ་གཉིས་པ་རྫོགས་སོ།། །།ཕྱག་འཚལ་སྐལ་པའི་ཐ་མའི་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། །གཡས་བརྐྱང་གཡོན་བསྐུམ ་བས་ཀུན་བསྐོར་དགའ་། །དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། །རྗེ་བཙུན་མ་དམར་མོ། །པདྨ་དམར་པོའི་སྟེང་དུ་ཉི་མའི་དཀྱིལ་འཁོར་འོད་ཟེར་དང་བཅས་པ་ལ་གཡས་བརྐྱང་པས་གནས་པ། ཞག་གཅིག། ཕྱག་བཞི་མ། སྨིན་མ་དང་མཆུ་གྱེན་དུ་རྩོས ་བས་བ་ལྟ་བ། གཡས་དང་པོ་ན་རལ་གྲི། གཉིས་པ་ནམ་པར། གཡོན་དང་པོ་ན་འཁོར་རོ། །གཉིས་པ་ན་གཞུ་བསྣམས་པའོ། །འཕགས་པ་མ་སྒྲོལ་མ་ཡོངས་སུ་སྨིན་པ་བྱེད་པ་ཞེས་བྱ་བའི་སྒྲུབ་ཐབས་ཀྱི་ལེའུ་སྟེ་བཅུ་གསུམ་པ་རྫོགས་སོ།། ་ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི་།མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ། །ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུཾ་གིས། །རིམ་པ་བདུན་པོ་རྣམས་ནི་འགེམས་མ། །རྗེ་བཙུན་མ་སྐུ་མདོག་ནག་མོ། ཉི་མའི་དཀྱིལ་འཁོར་སྟེང་ན་པདྨ་དམར་སེར་ལ་གཡས་བརྐྱང ་བའི་གར་གྱིས་ཡི་དག་མནན་ཅིང་བཞུགས་པ། ཞལ་གསུམ་ལ་སྤྱན་གསུམ་མངའ་བའི་རྩ་བའི་ཞལ་ནག་མོ། གཡས་དཀར་པ་གཡོན་དམར་བ། ཕྱག་དྲུག་པ་ཁྲོ་གཉེར་དང་ལྡན་ཞིང་ཞལ་དང་སྨིན་མ་བསྡུས་པ་ཅན། མིའི་རྒྱུ་མ་ཞལ་དུ་གསོལ་ཞིང་མགོ་བོའི་ཅོད་པན ་ཅན། ཐོད་པའི་ངོ་ཤལ་དང་ལྡན་པ། སྟག་གི་པགས་པའི་ཤམ་ཐབས་མན་བས་པ། སྦྲུལ་གྱིས་བརྒྱན་པ། ཕྱོགས་དང་མཚམས་བཞིར་མྱུ་གུ་འཛིན་པ། ཕྱག་གཡས་དང་པོ་རལ་གྲི། གཉིས་པ་ལྕགས་ཀྱུ། གསུམ་པ་དབྱུག་གུ་། གཡོན་དང་པོ་ཁྲག ་གིས་བཀང་བའི་ཐོད་པ། གཉིས་པ་ཞགས་པ། གསུམ་པ་ན་མགོ་བོ་བསྣམས་པའོ། །འཕགས་མ་སྒྲོལ་མ་འགུགས་པའི་ཁྲོ་བོ་ཞེས་བྱ་བའི་སྒྲུབ་ཐབས་ལེའུ་བཅུ་བཞི་པ་རྫོགས་སོ།། །།ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །མྱ་ངན་འདས་ཞིང ་སྤྱོད་ཡུལ་ཉིད་མ། །སྭཱཧཱ་ཨོཾ་དང་ཡང་དག་ལྡན་པས། །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །རྗེ་བཙུན་མ་དཀར་མོ། ཞལ་གཅིག་།ཕྱག་དྲུག་མ། པདྨ་དཀར་པའི་སྟེང་ན་ཟླ་བ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། གཡས་དང་པོས་ཕྲེང་བ་ཐུགས ་ཁར་བསྙམས་པ། གཉིས་པ་མཆོག་སྦྱིན། གསུམ་པ་དབྱུག་གུ། གཡོན་དང་པོ་ན་པདྨ། གཉིས་པ་ན་རིལ་པ་སྤྱི་བླུགས། གསུམ་པ་པོ་ཏི་Œབསྣམས་པའོ། །འཕགས་མ་སྒྲོལ་མ་ཞི་བ་ཆེན་པོ་ཞེས་བྱ་བའི་སྒྲུབ་ཐབས་ལེའུ་སྟེ་བཅཝ་ལྔ་པ ་རྫོགས་སོ།། །།ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །དགྲའི་ལུས་ནི་རབ་ཏུ་འགེམས་མ། །ཡི་གེ་བཅུ་པའི་སྔགས་ནི་བསྐོང་པས། །རིག་པའི་ཧཱུཾ་ལས་སྒྲོལ་མ་ཉིད་མ། །རྗེ་བཙུན་མ་དམར་མོ། །ཞལ་གཅིག་སྤྱན ་གསུམ་མ། ཕྱག་གཉིས་མ། པདྨ་དམར་སེར་གྱི་སྟེང་ན། ཉི་མའི་དཀྱིལ་འཁོར་ལ་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་བཞུགས་པ། གཡས་ཐུགས་ཁར་རྩེ་གསུམ་པ་བསྣམས་པ་གཡོན་སྙིང་པོ་དང་བཅས་པའི་ཕྱག་རྒྱ་དང་ལྡན་པའོ། །འཕགས་མ་སྒྲོལ ་མཆགས་པ་འཇོམས་པ་ཞེས་བྱ་བའི་སྒྲུབ་ཐབས་ལེའུ་བཅུ་དྲུག་པ་རྫོགས་སོ།། །།ཕྱག་འཚལ་ཏུ་རེ་ཞབས་ནི་བརྡབས་པས། །ཧཱུཾ་གི་རྣམ་པའི་ས་བོན་ཉིད་མ། །རི་རབ་མན་དྷ་ར་དང་འབིགས་བྱེད། །འཇིག་རྟེན་གསུམ་རྣམས་གཡོ་བ་ཉིང་མ། །རྗེ་བཙུན་མ ་སྐུ་མདོག་དམར་སེར། ཞལ་གཅིག་།ཕྱག་གཉིས་མ། པདྨ་དཀར་པོའི་སྟེང་ན་ཉི་མའི་དཀྱིལ་འཁོར་ལ་སེམས་དཔའ་ཨི་སྐྱིལ་ཀྲུང་གིས་བཞུགས་པ། །ཕྱག་གཉིས་ཀྱིས་ཐུགས་ཁར་ཟླ་བའི་དཀྱིལ་འཁོར་བསྣམས་པའོ། །འཕགས་མ་སྒྲོལ་མ་བདེ་བ་ཐམས་ཅད་སྒྲུབ་པ་ཞེས ་བྱ་བའི་སྒྲུབ་ཐབས་ལེའུ་བཅུ་བདུན་བ་རྫོགས་སོ།། །།ཕྱག་འཚལ་ལྷ་ཡི་འཚོ་ཡི་རྣམ་པའི། །རི་དགས་རྟགས་ཅན་ཕྱག་ན་བསྣམས་མ། །ཏར་གཉིས་བརྗོད་ཕཊ་ཀྱིས་ཡི་གེས། །དུག་རྣམས་མ་ལུས་པར་ནི་སེལ་མ། །རྗེ་བཙུན་མ་དཀར་མོ། །ཞལ་གཅིག་།ཕྱག ་བཞི་མ། པདྨ་དཀར་པོ་དང་ཟླ་བའི་གདན་ལ་དང་པའི་སྟེང་ན་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་དང་པོ་གཉིས་དགའ་བའི་ཕྱག་རྒྱ་དང་ལྡན་པ། གཡས་གཉིས་པས་མཆོག་སྦྱིན་པ། གཡོན་གཉིས་པ་སྙིང་པོ་དང་བཅས་པའི་ཕྱག་རྒྱ་དང་ལྡན་པའོ། །འཕགས ་མ་སྒྲོལ་མ་རྣམ་པར་རྒྱལ་མ་ཞེས་བྱ་བའི་སྒྲུབ་ཐབས་ལེའུ་བཅོ་བརྒྱད་པ་རྫོགས་སོ།། །།ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །ལྷ་དང་མི་འམ་ཅི་ཡིས་བསྟེན་མ། །ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། །རྩོད་དང་རྨི་ལམ་ངན་པ་སེལ་མ། རྗེ ་བཙུན་མ་དཀར་མོ། །ཞལ་གཅིག་ཕྱག་གཉིས་མ། པདྨ་དཀར་པོ་དང་ཉེ་མའི་དཀྱིལ་འཁོར་གྱི་སྟེང་ན། སེམས་དཔའ་ཨི་སྐྱིལ་ཀྲུང་གིས་བཞུགས་པ། འོད་ཟེར་གྱི་ཕྲེང་བས་བརྒྱན་པ། ཕྱག་གཉིས་ཀྱིས་ཐུགས་ཁར་མེའི་སྣོད་བསྣམས་པའོ། །འཕགས་མ་སྒྲོལ་མ་སྡུག་བསྔལ ་ཐམས་ཅད་སྲེག་པ་ཞེས་བྱ་བའི་སྒྲུབ་ཐབས་ལེའུ་བཅུ་དགུ་པ་རྫོགས་སོ།། །།ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །སྤྱན་གཉིས་པོ་ལས་འོད་རབ་གསལ་མ། །ཧ་ར་གཉིས་བརྗོད་ཏུ་ཏཱ་ར་ཡིས། །ཤིན་ཏུ་དྲག་པོའི་རིམས་ནི་སེལ་མ། །རྗེ་བཙུན་མ་དམར་སེར། ཞལ་གཅིག་།ཕྱག་གཉིས་མ། །པདྨ་དམར་པོ་དང ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན། སེམས་དཔའ་ཨི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཉིས་ཀྱིས་གསེར་གྱི་མདོག་ཅན་གྱི་དུམ་པ་བསྣམས་པའོ། །འཕགས་མ་སྒྲོལ་མ་དངོས་གྲུབ་ཐམས་ཅད་འབྱུང་བ་ཞེས་བྱ་བའི་སྒྲུབ་ཐབས་ལེའུ་ཉི་ཤུ་བརྫོགས་སོ།། །།ཕྱག་འཚལ་དེ་ཉིད་གསུམ་རྣམས ་བཀོད་པས། །ཞི་བའི་མཐུ་དང་ཡང་དག་ལྡན་མ། །གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །འཇེམས་པ་ཏུ་རེ་རབ་མཆོག་ཉིད་མ། །རྗེ་བཙུན་མ་དཀར་མོ། ཞལ་གཅིག་སྤྱན་གསུམ་པ། ཕྱག་གཉིས་པ། ཁྱུ་མཆོག་གི་སྟེང་ན་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ། སྐྱིལ་ཀྲུང་ཕྱེད་པས་བཞུགས ་པ། སྟག་གི་ཤམ་ཐབས་བནོམས?་པ། །གཡས་ཕྲེང་བ། གཡོན་མདུང་རྩེ་གསུམ་པ་བསྣམས་པའོ། །འཕགས་མ་ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱ་བའི་སྒྲུབ་ཐབས་ལེའུ་ཉི་ཤུ་རྩ་གཅིག་པ་རྫོགས་སོ།། །།འཕགས་མ་སྒྲོལ་མའི་བསྟོད་པ་ཉི་ཤུ་རྩ་གཅིག་པའི་སྒྲུབ་ཐབས ་ཞེས་བྱ་བ། ཁ་ཆེའི་པཎ་ཌི་ཏ་སློབ་དཔོན་ཉི་མ་སྦས་པས་མཛད་པ་རྫོགས་སོ།། །།པཎ་ཌི་མཉྫཽ་ཤྲཱི་དང། བོད་ཀྱི་ལོ་ཙ་བ་མལ་གྱོ་བློ་གྲོས་གྲགས་པས་བསྒྱུར་ཅིང་ཞུས་ཏེ། བཏན་ལ་ཕབ་པའོ།། །། *། །སྒྲོལ་མ་ཉི་བུ་རྩ་གཅིག་པའི་ཡན་འགད?་བཅས་ད་མདོར་བསྡུས ་