CLOSE WINDOW

N1337: dkyil 'khor thams cad kyi rjes su 'jug pa'i cho ga lnga pa zhes bya ba
Wyliee-texts based on the ACIP/ALL Input

མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིདྷ་དང། ཞུ་ཆེན་གྱི་ལོ་ཙ་བ་ལྷ་རིན་པོ་ཆེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།དཀྱིལ་འཁོར་ཐམས་ཅད་ཀྱི་རྗེས་སུ་འཇུག་པའི་ཆོ་ག་བཞུགས་སོ། *། །རྒྱ་གར་སྐད་དུ། ་སརྦ་མཎྜ་ལཱ་ནུཏཔི་ཏ་ར་ཤ་སྲ་པཉྩ་བི་དྷི་ནཱ་མ། བོད་སྐད་དུ། དཀྱིལ་འཁོར་ཐམས་ཅད་ཀྱི་རྗེས་སུ་འཇུག་པའི་ཆོ་ག་ལྔ་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གང་ཞིག་ཐོག་མཛའ་ཀུན་གཟིགས་ཤིང། །ཐམས་ཅད་དོན་འབྱུང་གསང ་བའི་ཚུལ། །ཕྱག་རྒྱའི་བདག་ཉིད་མ་འདྲེས་སྟོབས། །རིགས་ཀུན་འཁོར་ལོའི་གནས་རྫོགས་ཤོག་།རང་བཞིན་དཔའ་བོ་ཀུན་ཏུ་སྣང། །འཇོམས་བྱེད་ཆོས་ཀུན་མ་འདྲེས་པ། །ཡོན་ཏན་ཚོགས་བདག་རོལ་པའི་སྐུ། །རིགས་ཀྱི་ལྷ་མོ་ཚོགས་རྒྱལ་ཤོག་། ་དངོས་མེད་གསང་བའི་ཕྱག་རྒྱ་ཆེ། །དེ་དག་མ་ལུས་མཛའ་སེལ་མཛད། །ཀུན་འབྱུང་ཀུན་གྱི་བདག་ཉིད་དོན། །ཐབས་མང་ཆོ་ག་རྫོགས་པར་གསལ། །དེར་འཇུག་དེ་ཡི་གནས་ལྡན་པ། །སྒྲ་ཡི་རྒྱུན་གྱིས་དོན་ཚོགས་བསྐྱེད། །མངོན་འབྱུང་གནས་ཀུན་འགྲུབ ་བྱེད་པའི། །དཀྱིལ་འཁོར་ཐབས་རྣམས་འཇུག་པར་བཤད། །དཀྱིལ་འཁོར་ཐམས་ཅད་རྗེས་བསྟན་པའི། །འཇུག་ཐབས་ཆོ་ག་ལྔ་པའི་དོན། །སྟོན་པའི་ལུང་ལས་གསལ་བཤད་པ། །གཞུང་འདི་བསྡུ་བར་འོས་པ་ཡིན། །དོན་ཀུན་འདོད་པའི་རྣལ་འབྱོར ་བདག་།ཐབས་ཀྱི་ཆོ་ག་མང་པོ་ཡིས། །དེར་འཇུག་ལམ་ཀུན་རྫོགས་བྱེད་པས། །དྲི་མེད་དག་པའི་རྒྱུད་གཟུང་མཛོད། །ཇི་ལྟར་གསང་སྔགས་ལེགས་སྦྱར་བས། །དངོས་གྲུབ་ཚུལ་མང་ཐོབ་འགྱུར་བ། །དོན་དམ་བྱ་བ་མཐར་ཕྱིན་པས ་གཞན་དག་དོན་ཚོགས་རྣམ་པར་དག་།མྱུར་བར་ཕྱག་རྒྱ་སྔགས་ཚོགས་འཇུག་།བླ་མེད་དངོས་གྲུབ་དོན་ཀུན་རྟོགས། །བསྟན་པའི་ཚུལ་གྱིས་གདམས་པའི་རྒྱུན། །ཇི་ལྟར་བྱ་བའི་སྒོ་སྟོན་བྱེད། །ཤིན་ཏུ་སྦྱར་དཀའ་ཨི་ལས་རྣམས་དག་།རང་སྔགས་རྟེན ་འབྲེལ་མཐུ་ཡིས་འགྲུབ། །ཚུལ་རྣམས་མཉེས་དུས་མཚུངས་འཇིག་།གནས་དང་གནས་པའི་ཚོགས་རྣམས་རྒྱས། །རྒྱས་པར་འདི་དག་ཀུན་བསྟན་ཕྱིར། །ཐབས་མང་ཚུལ་གྱིས་ཐེག་པ་ཀུན། །ངོ་པོ་བྱང་ཆུབ་སེམས་གནས་སྐྱོང། །རང་བཞིན་བསྐྱེད་དུ ་མེད་པའི་ཆོས། །གཞན་དག་ཐེག་ཆེན་མཆོག་ཞུགས་པས། །སྔགས་ཚུལ་འདུས་པའི་ཆོ་ག་ཤེས། །བྱིན་བརླབས་བརྡ་དོན་ཡོན་ཏན་གནས། །དབང་བསྐུར་བྱང་ཆུབ་རྗེས་སུ་སློབ། །རང་སེམས་རྣམ་དག་དྲི་མ་མེད། །གསང་སྔགས་ཆོ་ག་རྫོགས་པར ་འགྱུར། །དེས་ནི་དངོས་གྲུབ་ཀུན་ཐོབ་ཅིང། །ཕྲིན་ལས་བྱ་བ་འགག་པ་མེད། །དང་པོར་བདག་གཞན་སྲུང་འདོད་པས། །བསོད་ནམས་ཡེ་ཤེས་ཚོགས་གནས་བྱ། །དེ་དག་འགྲུབ་བྱེད་ཡན་ལག་གཞན། །དངོས་ཀུན་གསང་བ་བསྟན་པའི་སྒོ། །ཐོག ་མར་སྐྱབས་སུ་འགྲོ་བ་ཡིས། །རྟེན་གཉིས་དག་པར་སྦྱང་བྱ་བ། །དེ་དག་ཐུན་མོང་ཁྱད་པར་གྱིས། །མངོན་པར་འགྱུར་བའི་དོན་ཆེན་འགྲུབ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །དུས་ཀུན་སྐྱབས་སུ་འགྲོ་བྱས་ན། །གཞན་གྱི་ཕྱོགས་རྣམས་འཇིག ་བྱེད་ཅིང། །བག་མེད་འཁྲུགས་པའི་ནང་ཀུན་ཞི། །རྒྱལ་བའི་འཁོར་དུ་གྱུར་པའི་ཕྱིར། །རང་གི་སྡོམ་པ་དམ་ཚིག་གཟུང། །དེ་ཡང་རྒྱ་ཆེ་བློ་དམིགས་ཏེ། །མ་ལུས་ཁམས་རྣམས་ཀུན་ཏུ་སྤྱད། །ཇི་སྲིད་རྟོག་པའི་རྒྱུན་གནས་པ། །དེ་སྲིད་རྟོག ་པས་ཉེས་པར་འགྱུར། །འདི་དག་སློབ་དཔོན་ལ་བརྟེན་ཏེ། །དམ་པའི་རྗེས་སུ་གཞོལ་པར་བྱ། །རྐང་གཉིས་རྣམས་ཀྱི་གཙོ་བོ་མཆོག་།སངས་རྒྱས་མཆོག་ལ་བདག་སྐྱབས་མཆི། །ཞི་ཚོགས་འདོད་ཆགས་སོགས་འཇོམས་པའི། །ཐེག་ཆེན་ཆོས་ལ་སྐྱབས ་སུ་མཆི། །ཐུགས་རྗེས་དོན་མི་གཏོང་བ་ཡི། །སྤྱོད་བཅས་དགེ་འདུན་ལ་སྐྱབས་གསོལ། །དུས་འདི་དག་ནས་གཟུང་བྱས་ཏེ། །ཇི་སྲིད་སྙིང་པོ་བྱང་ཆུབ་པར། །དད་བརྩོན་གུས་པས་དེ་དག་ཀུན། །མྱ་ངན་འདས་པའི་དོན་དུ་གཟུང། །སྲོག་གཅོད་པ་ཡི་སེམས ་ཅན་དང། །གཞན་གྱི་ནོར་ལ་འཕྲོག་པ་དང། །འདོད་པ་ལོག་པར་གཡེམ་པ་དག་།སེམས་ཅན་དམྱལ་བར་མྱུར་དུ་འགྲོ། །དབྱེན་བྱེད་པ་དང་ཚིག་རྩུབ་དང། །བརྫུན་དུ་སྨྲ་ཞིང་མི་སྡོམ་དང། །བྱིས་པ་ཁྱལ་བ་སྨྲ་བ་རྣམས། །སོ་སོ་སྐྱེ་བོ་སླུ་བས་བཅིངས། ་གཞན་གྱི་སྤྱོད་ལ་བརྣབ་སེམས་དང། །གནོད་སེམས་དག་ནི་མང་བ་དང། །མི་གང་ལྟ་བ་ལོག་ཞུགས་ལ། །ངན་འགྲོ་དག་ཏུ་འགྲོ་བར་འགྱུར། །དེས་ན་ལུས་ཀྱི་སྡིག་གསུམ་དང། །ངག་གི་སྡིག་པ་རྣམ་པ་བཞི། །ཡིད་ཀྱི་གསུམ་པོ་མ་ལུས་རྣམས།། ་སྡིག་པའི་ལས་ཀུན་ཟད་བྱེད་པར། །དེས་ནི་ངན་འགྲོར་ལྟུང་བས་ན། །བག་མེད་ལས་ཀུན་བཤགས་པར་བགྱི། །གཞན་ལ་འང་གདམས་པར་མི་བྱེད་དེ། །དུས་ཀུན་མ་འདྲེས་རྒྱ་ཆེན་བློས། །ཉིན་མཚན་དྲག་པོར་བཤགས་པར་བྱ། །ཁྱད་པར་སོ ་སོར་ཐར་པའི་ཚུལ། །རྩ་བ་དང་བཞི་ཡན་ལག་ཚོགས། །རྣམ་བཞི་འཁོར་ཚོགས་བཅས་སྡོམ་གང། །ཅི་ནུས་བདག་གིས་བླང་བྱ་ཞིང། །སྟོན་པ་སློབ་དཔོན་ལ་སོགས་མདུན། །བསྒོ་བའི་བཀའ་དོན་སྡོམ་པ་གཟུང། །ཅི་ནས་འགྲོ་ཀུན་བསྒྲལ་བའི ་ཕྱིར། །དཀོན་མཆོག་གསུམ་ལ་སྐྱབས་འགྲོའི་དོན། །ཡུན་རིང་མང་དུ་སྤེལ་བའི་ཡིད། །ཕྱོགས་རྣམས་ཀུན་ཏུ་རྒྱས་པར་གཟུང། །སྟོང་གསུམ་འཇིག་རྟེན་མ་ལུས་ཀྱི། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །བྱམས་པའི་སེམས་ནི་སྔོན་འགྲོ་བས། ། ་སྡུག་བསྔལ་གསུམ་དང་བརྒྱད་སོགས་ཀྱིས། །གདུངས་པ་རྣམས་ལ་བལྟ་བྱས་ལ། །བདེ་དང་སྡུག་བསྔལ་བརྗེ་བྱས་ཏེ། །ཀུན་གྱི་བདེ་བ་ཐོབ་འགྱུར་ན། །བདག་ཉིད་སྡུག་བསྔལ་གྱུར་ན་བླ། །འགྲོ་དོན་བསྒྲུབ་པར་བྱ་བའི་ཕྱིར། །ཐབས ་མང་རྣམ་པ་སྣ་ཚོགས་ཀྱིས། །ཇི་ལྟ་ཇི་ལྟར་འདུལ་འགྱུར་བ། །དེ་ལྟ་དེ་ལྟར་འགྲོ་བ་རྣམས། །སྡུག་བསྔལ་རྒྱུ་དང་དེ་ཉིད་ལས། །གྲོལ་ཞིང་ཐར་པར་བྱས་ནས་ནི། །བདེ་དང་ལྡན་པར་བྱ་བ་དང། །བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར། །དང་པོ་བདག་ཉིད ་བསྒྲལ་བྱས་ནས། །མི་ལྡོག་སེམས་ཀྱིས་དམ་བཅས་ཏེ། །སྨོན་པས་རྫུ་འཕྲུལ་དཔག་མེད་དང། །ཞི་གནས་ལྷག་མཐོང་མངོན་ཤེས་སོགས། །ཐོགས་པ་མེད་པར་འབྱུང་བ་ཡིས། །མྱུར་དུ་མཐུ་སྟོབས་རྟས་གྱུར་ནས། །གཡེང་མེད་འགྲོ་དོན་སྩོལ ་བྱེད་ཅིང། །དབུགས་དབྱུང་ཐེག་ཆེན་ལམ་ལ་དགོད། །དུས་གསུམ་གཞུགས་པའི་བླ་མ་དང། །དབྱེར་མེད་སློབ་དཔོན་མཉེས་བྱས་ལ། །ཡང་དང་ཡང་དུ་ཕྱག་འཚལ་ཞིང། །གསོལ་བཏབ་ལམ་ལ་གནས་པར་བྱ། །ཕྱོགས་བཅུར་བཞུགས་པའི་རྒྱལ ་སྲས་ཀུན། །མ་ལུས་ཕྱོགས་ནས་དགོངས་སུ་གསོལ། །བདག་གིས་མེ་ཏོག་ཕྲེང་སོགས་ཀུན། །ཁྱེད་ལ་ལེགས་པར་དབུལ་བར་བགྱི། །མཎྜལ་བཟང་བཅས་མཆོད་པའི་ཚོགས། །གནས་འདིར་རྒྱས་པར་བཀོད་བྱས་པས། །དེ་དག་འཁོར་ཚོགས་མཉེས ་གྱུར་ཅིག་།སྡོམ་པའི་མན་ངག་སྦྱིན་པར་བསམ། །དུས་དེ་ཉིད་ནས་དེ་སྲིད་པར། །ཞག་གཅིག་པར་ཡང་ལན་གསུམ་སོགས། །འགྲོ་དོན་དམིགས་པ་རྒྱ་ཆེན་གྱིས། །བྱང་ཆུབ་སེམས་མཆོག་བསྐྱེད་པར་བྱ། །བྲིས་སྐུ་ལ་སོགས་རྩེ་གཅིག་ཏུ། ། ་ཐལ་སྦྱར་གུས་པས་འདུག་བྱས་ཏེ། །བླ་མེད་བྱང་ཆུབ་འདོད་པ་ཡིས། །སེམས་ཉིད་རྒྱ་ཆེར་ངེས་པར་བསྐྱེད། །ཕྱོགས་བཅུ་དག་ན་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །གཞན་དུ་དབྱེ་བ་མེད་པའི་ཐུགས། །དུས་འདིར་བདག ་ལ། དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡི། །སྐྱེ་བ་འདི་དང་གཞན་དག་ཏུ། །སྦྱིན་པ་ལས་བྱུང་བསོད་ནམས་དང། །ཚུལ་ཁྲིམས་ལས་བྱུང་བསོད་ནམས་དང། །བསྒོམ་པ་ལས་བྱུང་བསོད་ནམས་ཀྱིས། །དགེ་རྩ་བདག་གིས་བགྱིས་པ་དང། །བགྱིད ་དུ་སྩལ་བ་ཉིད་དང་ནི། །གཞན་ཡང་རྗེས་སུ་ཡི་རང་བའི། །དགེ་བའི་རྩ་བ་དེ་དག་གིས། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས། །རྒྱལ་བ་སྲས་དང་བཅས་པ་རྣམས། །བླ་ན་མེད་པའི་བྱང་ཆུབ་ཏུ། །ཐུགས་མཆོག་རིན་ཆེན་བསྐྱེད་པ་ལྟར། །བདག་མིང་འདི་ཞེས་བགྱི་བས ་ཀྱང། །དུས་འདི་ནས་ནི་གཟུང་བྱས་ཏེ། །བླ་མེད་ཡང་དག་རྫོགས་པ་ཡིས། །བྱང་ཆུབ་ཆེན་པོར་སེམས་བསྐྱེད་དེ། །རྒྱལ་བ་རྣམས་ཀྱིས་རྗེས་སུ་སློབ། །སྔོན་ཚེ་འཕགས་པ་འཇམ་དཔལ་གྱིས། །ཇི་ལྟར་བྱང་ཆུབ་སེམས་རྒྱ་ཆེན། །གྲོང་ཁྱེར་རྒྱལ་བའི་རྒྱལ་བོར ་གྱུར། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ཅིང། །འགྲོ་བ་ཐམས་ཅད་དོན་དུ་གཉེར། །དེ་དག་འཁོར་བ་ལས་བསྒྲལ་ལོ། །གནོད་སེམས་དུས་མིན་ཁྲོ་བ་དང། །སེར་སྣ་དང་ནི་ཕྲག་དོག་ཉིད། །དེ་ནས་གཟུང་སྟེ་བྱང་ཆུབ་དག་།ཐོབ་འགྱུར་དོན་གཞན་དག་ཀྱང་སྤང།། ་དགེ་བ་བཅུ་སོགས་སྤྱང་བྱ་ཞིང། །སྡིག་དང་འདོང་པ་སྤང་བར་བྱ། །ཚུལ་ཁྲིམས་སྡོམ་པ་ལ་དགའ་བས། །སངས་རྒྱས་རྗེས་སུ་བརླབ་པར་བྱ། །བདག་ཉིད་མྱུར་བའི་ཚུལ་གྱིས་ནི། །བྱང་ཆུབ་ཐོབ་པར་མི་སྤྲོ་ཞིང། །སེམས་ཅན་གཅིག་གི་རྒྱུ་ཡིས་ནི། །ཕྱི་མའི ་མུ་མཐར་གནས་པར་བགྱི། །ཚད་མེད་བསམ་གྱིས་མི་ཁྱབ་པ། །ཞིང་ཁམས་རྣམ་པར་སྦྱང་བར་བྱ། །མིང་ལས་གཟུང་བ་བྱས་པ་དག་།ཕྱོགས་བཅུ་དག་ཏུ་རྣམ་མང་ཐོས། །བདག་གི་ལུས་དང་ངག་གི་ལས། །ཅི་ནུས་སུ་ནི་དག་པར་བྱ། །ཡིད་ཀྱི་ལས ་ཀྱང་དག་བྱ་ཞིང། །མི་དགེ་བ་རྣམས་མི་བྱའོ། །མ་བརྒལ་བ་རྣམས་བསྒྲལ་བ་དང། །མ་གྲོལ་བ་རྣམས་གྲོལ་བྱ་ཞིང། །དབུགས་མ་ཕྱིན་པ་དབུགས་ཕྱུང་ནས། །སེམས་ཅན་མྱ་ངན་འདས་ལ་དགོད། །སངས་རྒྱས་ཆོས་དང་ཚོགས་རྣམས་ལ། །བྱང ་ཆུབ་བར་དུ་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་ཤོག་།བྱང་ཆུབ་སྨོན་པའི་སེམས་དང་ནི། །འཇུག་པའི་སེམས་དག་ཅི་ནུས་པས། །ཡུལ་ངན་གནོད་པ་ཅི་བྱུང་ཡང། །དེ ་ལས་བཟློག་སྟེ་ཡང་དག་བཟུང། །སྙིང་སྟོབས་ཆེ་ཞིང་དཔའ་བ་ཡིས། །ལས་གཞན་རྣམ་པར་སྤང་བྱ་སྟེ། །བསམ་པ་རྩེ་གཅིག་གནས་པ་དང། །དང་བརྩོན་དགེ་བའི་ལས་ཀུན་གྱིས། །མི་མཐུན་ཕྱོགས་རྣམས་ཀུན་སྤངས་ཤིང། །ཤེས་རབ་རྣམ་གསུམ ་བསྐྱེད་བྱས་ནས། །ལོག་སེལ་རི་བོ་ཐམས་ཅད་འཇོམས། །དྲན་དང་ཤེས་བཞིན་བསྐྱེད་བྱས་པས། །རྟག་ཏུ་འགྲོ་དོན་བརྩོན་པར་བྱེད། །གྲོགས་འདིས་བདག་གཞན་གྲོལ་བར་བྱེད། །བྱང་སེམས་འཕེལ་བར་བྱེད་པ་ནི། །རྣམ་པ་བཞིར་ནི་ཤེས་བྱ་སྟེ། ། ་སྲོག་གི་ཕྱིར་ཡང་བསམ་བཞིན་དུ། །བརྫུན་ཚིག་སྨྲ་བར་མི་བྱེད་དང། །ལྷུག་པའི་བསམ་པ་རྣམ་དག་པས། །དུས་ཀུན་ཏུ་ནི་གནས་བྱ་ཞིང། །སེམས་ཅན་རྣམ་པ་ཐམས་ཅད་ལ། །གཡོ་རྒྱུ་བསླུ་བར་མི་བྱ་དང། །སེམས་བསྐྱེད་བྱང་ཆུབ་སེམས་དཔའ་ལ། །སྟོན ་པའི་འདུ་ཤེས་བསྐྱེད་བྱ་ཞིང། །ཡང་དག་པར་ནི་ཡོན་ཏན་དག་།ཕྱོགས་བཅུའི་ཞིང་ཁམས་བརྗོད་པར་བྱེད། །སེམས་ཅན་གང་ཞིག་དགེ་བ་དང། །བཀོད་བྱ་དེ་དང་ཉན་ཐོས་སོགས། །ཐེག་པ་དམན་པར་མི་སྦྱོར་ཞིང། །ཡང་དག་བྱང་ཆུབ་སེམས་དཔའ་ཚེ། །བྱང ་སེམས་འགྲིབ་པར་བྱེད་པ་ཡང། །རྣམ་པ་བཞིར་ནི་ཤེས་བྱ་སྟེ། །དམ་པའི་དཀོན་མཆོག་བླ་མ་སོགས། །མཆོད་པར་འོས་པ་བསླུས་པ་དང། །འགྱོད་པའི་གནས་པ་ཡིན་པ་ལ། །གཞན་དག་ཉེ་བར་སྦྱོར་བ་དང། །སེམས་བསྐྱེད་བྱང་ཆུབ་སེམས ་དཔའ་ཆེ། །ཞེ་སྡང་ཚིག་གིས་ཚར་གཅོད་ཅིང། །སེམས་ཅན་རྣམ་པ་ཐམས་ཅད་ལ། །གཡོ་དང་སྒྱུ་ཡིས་སྦྱོར་བྱེད་པའོ། །བྱང་ཆུབ་སེམས་ཀྱི་བསོད་ནམས་གང། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའ་ཨི་ཁམས་ནི་ཀུན་བཀང་ནས། །དེ་ནི་དེ ་ལས་ལྷག་པར་འགྱུར། །གངྒཱའི་བྱེ་མ་གྲངས་སྙེད་ཀྱིས། །སངས་རྒྱས་ཞིང་ཁམས་མི་གང་གིས། །རིན་ཆེན་རྫས་ཀྱིས་ཀུན་བཀང་སྟེ། །སྟོན་པ་མཆོག་ལ་ཕུལ་བྱས་པས། །གང་གིས་ཐལ་མོ་ཉེར་སྦྱར་ནས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །མཆོད་པ ་མཆོག་འདི་ཁྱད་པར་འཕགས། །དེ་ལ་མཐར་ཐུགས་མ་མཆིས་སོ། །འཁོར་ལོ་དཔག་ཚད་བཅུ་གཉིས་པ། །ལྕགས་ལས་བྱས་པ་མགོ་ལ་འཁོར། །བྱང་ཆུབ་སེམས་ནི་བསྐྱེད་པ་ཡིས། །གསལ་བར་གྱུར་ཞེས་རབ་ཏུ་གྲགས། །བྱང་ཆུབ་སེམས་མཆོག་མ་བསྐྱེད་པར། ། ་དགེ་གཞན་གང་གིས་གྲོལ་མི་འགྱུར། །འོ་མས་དུག་ནི་སེལ་ལོ་ཞེས། །འཇིག་རྟེན་པ་ལ་རབ་ཏུ་གྲགས། །དེ་ཉིད་སྤྲུལ་གྱིས་འཐུངས་པ་ནི། །ཤིན་ཏུ་དུག་ནི་འཕེལ་བར་བྱེད། །མར་དང་བུར་མ་སྨན་ཀྱི་མཆོག་།བྱིས་པས་བཟའ་ཉེས་དུག་ཏུ་འགྱུར། །འབྲུ་མར ་སྡོང་བུའི་ཕུང་པོས་ཀྱང། །མེ་མེད་པར་དུ་གསལ་བར་འགྱུར། །ཤེལ་གོང་དག་པར་གྱུར་པ་ཡང། །ཚོན་གཞན་དག་གིས་བསྒྱུར་བ་ཡིན། །ལོང་བ་དམིགས་བུ་མེད་པ་དང། །བརྒྱ་སྟོང་གྲོང་གཞན་རྒྱུ་མི་ཞུ། །རླུང་དང་བྲལ་བའི་མེ་ཉིད་ཀྱིས། །ནགས་ཚལ ་བསྲེག་པར་ག་ལ་ནུས། །གཤེར་བྲལ་རྡུལ་གྱི་ཕུང་པོའི་ཚོགས། །འདུ་བར་མི་འགྱུར་རླུང་གིས་མཐོར། །ཆུ་རྣམས་བསགས་པའི་ལྟེང་ཀ་དག་།གཉེན་བས་མོད་ལ་འཇོམས་པར་བྱེད། །སེམས་ཉིད་རབ་ཏུ་དང་བ་ཡིས། །དགེ་བའི་བཤེས་ལ་བརྟེན་བྱ་སྟེ། །བསྙེན ་བཀུར་ཆོ་ག་བཟང་པོའི་ཚོགས། །བྱ་བའི་ཁྱད་པར་གནས་ཀུན་འཕགས། །མངོན་འདོད་ཐེ་ཚོམ་མེད་པའི་ཡུལ། །དོན་ཀུན་གསང་བ་སྟོན་བྱེད་པ། །རབ་ཏུ་སྨིན་པ་འདི་ནས་འཇུག་།བླ་མའི་བྱིན་རླབས་མཐུ་ཡིས་གྲོལ། །ལན་གྲངས་མང་པོར་གསོལ་གདབ་ཅིང། ། ་ཕུན་སུམ་ཚོགས་པས་མཐུ་བསྐྱེད་ནས། །མོས་པའི་དཀྱིལ་འཁོར་གསང་བའི་སྐོར། །རང་རྒྱུད་དག་པས་སྡོམ་གནས་འདོད། །དབང་བསྐུར་ཆོ་ག་རྫོགས་པ་ཡིས། །ལས་ཀུན་རིམ་བཞིན་མངོན་གཉེར་ཞིང། །ཕྱག་རྒྱའི་བསམ་གཏན་མཐུ་བཅས་པས། ། ་ལས་ཀུན་གསང་བའི་སྔགས་རྒྱུན་འཇུག་།ཐུན་མོང་ཁྱད་པར་དམ་ཚིག་གིས། །ཉེས་བསྐྱེད་རྟེན་གནས་དག་པར་བྱ། །ཐམས་ཅད་སྡོམ་པས་རྗེས་གཟུང་ཞིང། །བདག་གཞན་བྱ་བ་མཐར་ཕྱིན་བརྩམ། །བྱང་ཆུབ་ཆེན་པོའི་གནས་སྦྱོང ་པ། །དེར་འཇུག་དེ་ཉིད་ལམ་ཆེན་སྒོམ། །དོན་ཀུན་ངོ་བོ་གསལ་བྱེད་པས། །སྒོ་གསུམ་བྱ་རྒྱུ་རྟག་ཏུ་བརྟག་།འགྲོ་གནས་སེམས་ཅན་རྒྱ་ཆེན་ཚོགས། །ཐེག་ཆེན་གསང་བས་གཟུང་བྱ་སྟེ། །མཐར་ཐུག་ཅིག་ཙམ་དོན་གྱི་ཕྱིར། །རྒྱལ་བའི་བཀའ་དོན་གུས ་པས་བཟུང། །རྡོ་རྗེ་བླ་མ་སངས་རྒྱས་མཆོག་།དུས་གསུམ་ཐུགས་རྗེ་གཙེར་ལྡན་པས། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །ཕྱག་འཚལ་མཆོད་པའི་གནས་ཉིད་ཡིན། །མི་མཁས་ཕྲག་དོག་ཉམས་པའི་གཞི། །དེ་རྒྱུད་གཏན་དུ་ཉམས་པར ་འགྱུར། །ཐོག་མར་དོན་ཀུན་སྒོ་འཇུག་པས། །བཅས་པའི་དམ་ཚིག་སྡོམ་ལ་གཟུང། །ཐབས་རྣམས་ཀུན་གྱིས་བསྟན་པའི་སྒོ། །མཚན་མེད་མཚན་མ་སྣ་ཚོགས་ཀུན། །མ་ནོར་དེ་བཞིན་སྟོན་བྱེད་པ། །རྡོ་རྗེ་ཐེག་པའི་སྔགས་ལམ་རྒྱུད། །ཕྱག་རྒྱ་ཀུན་ལས་མི ་འདའ་ཞིང། །མཆོད་བསྟོད་ཚོགས་ཀྱི་བྱ་བ་ཤེས། །སེམས་ཅན་དོན་སྤྱོད་འཚེ་བ་སྤང། །དེར་འཇུག་ཐུགས་རྗེས་རྣམ་པར་གཟུང། །རྟག་ཏུ་རང་གི་ལྷ་ཉིད་དང། །རང་གི་སྔགས་དང་ཕྱག་རྒྱའི་ཚོགས། །སྟོབས་ལྡན་རྣམས་ཀྱིས་སྤྱོང་བྱེད་པ། །དེ་དག་ཀུན་གྱི ་སྒོར་འཇུག་བརྩམ། །རྟག་ཏུ་དཀོན་མཆོག་མཆོད་བྱ་ཞིང། །རྟག་ཏུ་རང་གི་དམ་ཚིག་བསྲུང། །མཆོད་རྟེན་གཙུག་ལག་ཁང་བཟང་པོ། །ཡིད་དག་གུས་པའི་སེམས་ཀྱིས་གནས། །ལྷ་གཞན་དག་ལ་ཕྱག་བྱེད་དང། །ངན་པའི་སྤྱོད་ཡུལ་ཀུན་སྟོན་པའི། ། ་ཐེག་དམན་རྒྱུན་གཞན་སྟན་པའི་ཕྱིར། །དོན་ཀུན་ཚ་བའི་གནས་ཉམས་འགྱུར། །དྲན་ཚོགས་ཤེས་བཞིན་བློ་གྲོས་མཐུས། །དད་བརྩོན་ཏིང་འཛིན་བསྐྱེད་བྱས་ཏེ། །སྡོམ་བཅས་སྡོམ་མིན་གནས་དག་ལས། །མཆོད་བརྩོན་མཐུ་ཡིས་རྣམ་པར་གྲོལ། ། ་དཀྱིལ་འཁོར་ཀུན་ཏུ་མ་ཞུགས་ཤིང། །དམ་ཚིག་རྣམས་ནི་སྤངས་པ་དང། །གསང་བ་ཡང་དག་མི་ཤེས་པས། །སྒྲུབ་པ་ཅི་ཡང་གྲུབ་མི་འགྱུར། །བདག་ཉིད་ཆོས་ཉིད་དང་ལྡན་པས། །དམ་ཚིག་ལ་སྡང་སྐལ་བ་ངན། །སྲོག་ཆགས་བསད་པར་མི་བྱ་ཞིང། ། ་དཀོན་མཆོག་གསུམ་ནི་ཡོང་མི་སྤང། །བྱང་ཆུབ་སེམས་ཀྱང་མི་བཏང་སྟེ། །སྐལ་བཟང་སློབ་དཔོན་སྤང་མི་བྱ། །སྲིད་པ་ཤིན་ཏུ་སྒྲུབ་བྱེད་པའི། །མགོན་གྱུར་རྣམས་ལ་བདག་སྐྱབས་མཆི། །ཐོག་མར་བསླབ་པར་བྱ་བའི་ཚུལ་གྱིས་སྨིན་པར་བྱ་བའི་ཆོ་ག་སྟེ་དང ་པོའོ།། །།རྟེན་གྱི་དཀྱིལ་འཁོར་སྒྲུབ་པ་པོས། །མངོན་པར་བསྒྲུབ་བྱའི་གནས་གང་དག་།རྒྱུད་ལས་མངོན་པར་བསྔགས་པའི་གཞི། །ཕུན་སུམ་ཚོགས་པས་དོན་ཀུན་སྤྱད། །གནས་མལ་ཕྱག་དར་ལེགས་པའི་སར། །རྒྱན་ཚོགས་བཀོད་པ ་ལེགས་དགྲམ་ཞིང། །འཕགས་པའི་གནས་མཆོག་མཐུ་ལྡན་པའི། །རྟེན་གྱི་བྱ་བས་དོན་ཀུན་རྫོགས། །ས་ཆུ་ལྕི་བ་སྦྱིན་པའི་རྫས། །ལེགས་སྙོམས་བྱུགས་པ་ཚུལ་ཁྲིམས་མཆོག་།གྲོག་སྦུར་སྐྱོན་བསལ་བཟོད་པ་ཉིད། །ཀུན་ཏུ་སྤྲོ་བའི་བརྩོན་འགྲུས་དང། ། ་མི་གཡེང་བརྟན་བའི་བསམ་གཏན་དང། །ལེགས་པར་རི་མོ་ཤེས་རབ་རྫོགས། །ཕ་རོལ་ཕྱིན་དྲུག་དཀྱིལ་འཁོར་འདི། །རྩེ་གཅིག་སངས་རྒྱས་རྣམས་ལ་དབུལ། །གསེར་མདོག་ནང་རྣམས་ཀུན་ཞི་ཞིང། །ཟླ་བའི་བཞིན་རྒྱས་ལྷ་ཡིས་མཆོད། །ཁྱད ་པར་བླ་མ་ལྷག་པའི་ལྷ། །ཐུན་མོང་དཀོན་མཆོག་ལ་དམིགས་པས། །དུས་བཞིན་མཎྜལ་བཞི་དག་ལ། །མེ་ཏོག་སྔགས་སུ་བཅས་པས་དགྲམ། །ོཾ་བཛྲ་རེ་ཁེ་ཧཱུཾ། ཨོཾ་བཛྲ་ཙཀྲཱ་མཎྜ་ལ་ཧཱུཾ་བྷུཾ། དཀྱིལ་འཁོར་བཟང་པོ་གནས་དེ་ཉིད། །དོན་གྱི་བྱིན་རླབས་མཐུ ་ལྡན་པས། །སྟན་བཟང་ལེགས་པར་བཤམས་པ་ལ། །ཁྲུས་ཀྱི་དག་བྱས་བདེ་བར་གནས། །རྒྱུད་དང་པོ་ཡི་དབྱེ་བ་ཉིད། །བརྟན་པས་ཉིན་རེར་གསུམ་ཞི་བ། །བྱ་བ་ཐུན་མོང་བྱེ་བྲག་གིས། །ལས་ཀུན་ཡོངས་སུ་དག་པར་བརྩམ། །ཐོ་རངས་མལ་ནས་ལེགས་ལངས ་ཏེ། །བགེགས་ཀྱི་སྦྱོར་བ་སེལ་བྱེད་པའི། །སྔགས་ཀྱི་རྒྱལ་པོས་བསྲུངས་བྱས་ནས། །ཕ་རོལ་ཕྱིན་ཚོགས་མཛའ་ཡས་སྤྱད། །འགྲོ་བ་རྒྱ་ཆེ་ལ་དམིགས་ཏེ། །ཚད་མེད་བཞི་ནས་ཀུན་ཏུ་ཁྱབ། །བག་མེད་མཚན་མོའི་ཉེས་དམིགས་ཀུན། ། ་དྲན་པ་བསྐྱེད་ཅིང་བཤགས་པར་བྱ། །དེ་བཞིན་འབད་པས་དགོངས་མོའི་དུས། །རང་རྒྱུད་དམིགས་པས་རྣམ་པར་སྦྱད། །རྒྱན་རྣམས་ཀུན་གྱིས་ལེགས་མཛེས་བརྒྱན། །ཀུན་ཏུ་བཟེངས་སྟོད་དགའ་བའི་ཡིད། །ལྷག་པའི་ལྷ་ཡིད་རྒྱལ་ལྡན། །ཕྱག ་རྒྱ་སྔགས་ཀྱིས་བསྲུང་བྱས་པའོ། །མེ་ཏོག་ལ་སོགས་གཅལ་བཀྲམ་ཞིང། །མཆོད་ཚོགས་གཏོར་མ་རྒྱས་བྱས་ནས། རས་རིས་ལ་སོགས་གླེགས་བམ་ལ། །ཡང་དག་མོས་པ་དད་པ་སྐྱེས། །སྙིང་གའི་སྔགས་ཀྱི་འོད་ཟེར་གྱིས། །ཕྱོགས་བཅུར་ཁྱབ་པའི ་ཟླ་བ་བསམ། །སྦྱོར་བའི་རྒྱལ་པོའི་ཕྱག་རྒྱ་སྔགས། །གནས་ཀུན་དཀྱིལ་འཁོར་ལེགས་པར་བསྐྱེད། །རྣམ་པ་ཀུན་མཁྱེན་སངས་རྒྱས་གཙོ། །རིགས་ཀྱི་དཀྱིལ་འཁོར་ཚོགས་རྣམས་ཀུན། །སྐུ་རྒྱན་ཆ་ལུགས་བྱིན་རླབས་རྫོགས། །རིགས་ཀྱི་འོད་ཟེར་སྤྲུལ་པར ་བཅས། །ཐམས་ཅད་རྒྱུད་ཀུན་རྣམ་དག་པས། །ཕོ་བྲང་དཀྱིལ་འཁོར་སྒོ་བཞིར་ལྡན། །ོཾ་བཛྲ་ཙཀྲ་མཎྜ་ལ་ཧཱུཾ་བྷུཾ། དྲི་ཆབ་སྔགས་ཀྱི་བྱིན་བརླབས་པས། །ཕྱོགས་རྣམས་ཀུན་ཏུ་བསང་གཏོར་བྱ། །མེ་ཏོག་མར་མེ་མཛའ་རྒྱས་པས། །བཀྲ་ཤིས ་གཟི་མདངས་རྒྱ་ཆེར་བསྐྱེད། །གནོད་བྱེད་ཁྲོ་བོའི་སྔགས་ཀྱི་ཚོགས། །ཕྱོགས་བཅུ་ཁྲོ་བོའི་ཕྱག་རྒྱས་གནས། །བགེགས་ཀྱི་དངོས་པོ་བསྲེག་བྱས་ཏེ། །བསྲུང་བའི་འཁོར་ལོ་རྒྱ་ཆེན་ཚོགས། །དགའ་ཆེན་དཔལ་གྱི་རྡོ་རྗེ་ལས། །རྡོ་རྗེ་སེ་གོལ་རྣམ་པ་གཉིས ་རང་གི་སྔགས་བཅས་མཐུ་ལྡན་པས། །ལྷག་པའི་ལྷར་བཅས་དཀྱིལ་འཁོར་བསྐུལ། །ོཾ་བཛྲ་ས་མཱ་ཡ་ཛཱ་ཧཱུཾ། ཨོཾ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་ཉིད། །སྣ་ཚོགས་ལྷག་པའི་བསམ་པ་ཅན། །མ་ལུས་སེམས་ཅན་དོན་མཛད་པ། །ཡེ་ཤེས་ཆེ་གནས ་བྱིན་གྱིས་བརླབས། །ཛ(རྒྱུད་འགྲེལ་སྦྱོན། །ོཾ་བཛྲ་མཎྜ་ལ་ས་པ་རི་བཱ་ར་ཧཱུཾ། །འགྲོ་བ་རྣམས་ཀྱི་དོན་སླད་དུ། །ཕྱག་དང་ཞབས་ནི་བསིལ་མཛད་ཅིང། །དམ་ཚིག་དཀྱིལ་འཁོར་གནས་འདིར་བཞུགས། །ོཾ་བཛྲ་ས་མ་ཡ། པདྨ་མཎྜ་ལ་ཧཱུཾ། པྲ་ན་རཱ་ག་སྭཱ་ཧཱ། །གང་དག་བཞུགས་པའི་སངས་རྒྱས་སྤྱན།། ་སྐུ་མཆོག་གསུམ་མངའ་དུས་གསུམ་ཉིད། །རབ་མཆོག་ཐེག་ཆེན་བླ་ན་མེད། །བྱང་ཆུབ་དགེ་ཚོགས་ཐུགས་ལྡན་པ། །རིག་པ་གསང་སྔགས་ཚོགས་སུ་བཅས། །ཕྱག་རྒྱའི་དཀྱིལ་འཁོར་མཐར་ཕྱིན་པ། །བསམ་འདས་བརྗོད་པར་དཀའ་བའི་ཚོགས། །གཉིས ་མེད་སྦྱོར་བས་བསྟོད་པའི་གནས། །ཐམས་ཅད་དོན་ཀུན་སྟོན་མཛད་པའི། །དཀྱིལ་འཁོར་ཀུན་ལ་བདག་ཅག་འཚལ། །ོཾ་ན་མ(རྒྱུད་འགྲེལ་ཉོན་མོངས་རྒྱུ་དང་ཡན་ལག་གིས། །རྨོངས་པའི་ཚོགས་འཕེལ་འཁྲུལ་པ་བསྐྱེད། །སྒོ་གསུམ་མི་དགེ་སྡིག་པ་ལས། །དུས་ཀུན་རྒྱུན་གྱིས་བཤགས་པ་བྱ། །ཐུན་མོང་ཁྱད་པར་དཀོན་མཆོག་གི་།བསྟན་ལ་མངོན་པར་མ་དང་ཅིང། །དགེ་བཤེས་དམ་པ་སྟོན་པའི ་མཆོག་།ཁྱད་པར་ཞིང་དུ་གྱུར་ཀུན་ལ། །མི་དགེ་ལས་ཀུན་གང་བགྱིས་ལ། །ཐོག་མེད་འཁོར་བའི་ཁ་བརྒྱུད་ནས། །རང་བཞིན་བཅས་པའི་སྡིག་པ་ཀུན། །བདག་གཞན་རྒྱུད་ལས་གང་བྱུང་བ། །དུས་འདིར་བཤགས་ཤིང་བསྡམ་པར་བྱ། །གང་དག་ཕྱོགས་བཅུའི ་སངས་རྒྱས་དང། །འཕགས་པ་རྣམས་ཀྱིས་བྱང་བར་མཛོད། །ོཾ་སརྦ་པཱ་རི་སཕོ་ཊ་ད་ཧ་ན་བཛྲ་བཱ་པཾ་སྭཱ་ཧཱ། །གཉིས་མེད་ཡེ་ཤེས་འདག་པའི་ཕྱིར། །མི་འགྱུར་ཀུན་ཏུ་དག་པའི་བདག་།བཀོད་པ་ཆེ་སྣང་སྣ་ཚོགས་བཞི། །དོན་ཀུན་ཕྱག་རྒྱ་འབྱུང་བའི་ཚུལ། ་སྤྲུལ་པ་ཕྱོགས་བཅུར་མ་འགགས་པའི། །དབྱེར་མེད་པས་ནི་ལས་མཛད་པ། །ཐམས་ཅད་དོན་ཀུན་བསྐྱེད་པའི་མཆོག་།དུས་འདིར་སྐྱབས་སུ་གསོལ་བ་འདེབས། །ོཾ་བུདྡྷ་བོ་དྷི་སཏྭ། ཤ་ར་ཎཾ་གཙྪ་མི། བཛྲ་དྷརྨཱ་ཧྲི(རྒྱུད་འགྲེལ་པར་དག་པའི་སྒོ། །རྡུལ་ཕྲན་གྲངས་མེད་བསམ་འདས་པ། །བཞི་འབྱུང་མ་ལུས་ལྷག་པའི་ཚོགས། །བདེ་གཤེགས་ཀུན་ལ་དབུལ་བར་བགྱི། །ོཾ་སརྦ་ཏ་ཐཱ་ག་ཏ་པུ་ཛ་པྲ་བརྟ་ན་ཡ་ཨཱཏྨ་ནཱཾ་ནི་རྱ་ཏཱ་ཡཱ་མི། སརྦ་ཏ་ཐཱ་ག་ཏཱ་ཤ་ཨ་དྷི་ཏྲི་ཤཐ་ནཾ། སརྦ ་ཏ་ཐཱ་ག་ཏཱ་ཛྙཱ་ན་མཾ་ཨ་བྷི་ཥིཉྩན་ཏུ་སྭཱཧཱ། །སྐྱེ་རྒ་ན་འཆི་རྦ་གློང་གི་།ཆུ་བོ་ཀུན་ལས་སྒྲོལ་བྱེད་ཤོག་།མི་ཤེས་ལོག་རྟོག་ངེས་བཅོམ་དག་།ཐུགས་རྗེས་མགོན་ལ་སྐྱབས་སུ་མཆི། །འགྲོ་རྣམས་ཀུན་ལ་སྐྱབ་སླད་དུ། །སེམས་མཆོག་རིན་ཆེན་བདག་གིས ་སྦྱར། །དུས་ཀུན་སྲོག་ཆགས་རྣམས་ཀྱི་བདག་།སྐྱབས་རྣམས་དཔུང་གཉེན་སྐྱོབ་གྱུར་ཅིག་།ོཾ་བོ་དྷི་ཙིཏྟ་ཨུཏཔལ་ད་ཡ་ནི། སརྦ་པཱ་པཾ་བི་ཀ་ཏ་ཀ་ན་ཏྱ་ཏྲཊ་ཏཱ་ས་མ་ཡ་བོ་དྷེ་ཙིཏྟ་ཧཱུཾ་སྭཱ་ཧཱ། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི། །བསོད་ནམས་སྣ ་ཚོགས་མཁས་པའི་མཆོག་།འཕགས་དང་ལྷ་མི་དགེ་སྤྱོད་པའི། །བརྟུལ་ཞུགས་བཟང་པོ་བླ་མེད་པ། །བྱ་བ་རྒྱ་ཆེན་གནས་ཀུན་ཚོགས། །དེར་གཞོལ་དེ་ཉིད་སློབ་བྱེད་པའི། །བསོད་ནམས་ཚོགས་འགྱུར་གང་ཡིན་པ། །དེ་དག་ཀུན་ལ་རྗེས་ཡིད་རང།། ་ཨོཾ་སརྦ་ཏ་ཐཱ་ག་ཏཱ་བུ་ཛ་ཛྙཱ་ན་ཨ་ནུ་མོ་ད་ན་པཱུ་ཛ་མེ་གྷ་ས་མུ་དྲ་སཕར་ཎ་ས་མ་ཡེ་ཧཱུཾ། །ཐེག་ཆེན་གསང་བ་བླ་ན་མེད། །རྡོ་རྗེ་ལྟ་བུ་ཡོན་ཏན་བརྗོད། །རྣལ་འབྱོར་ཐེག་པའི་ལམ་གྱུར་པའི། །རིན་ཆེན་སྒྲོལ་མས་གསལ་བར་མཛོད། །དངོས་རྟོགས་རིགས་ཀུན ་སེལ་བྱེད་པའི། །ཡེ་ཤེས་ཉི་མའི་ཐུགས་རྗེ་བདག་།དུས་ཀུན་རྣམ་པར་གྲོལ་བ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བར་མཛོད། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ། །དུས་ཀུན་རྫོགས་པར་གྲོལ་བྱེད་པའི། །སྐྱོབ་པ ་རྣམས་ཀྱི་གསང་བའི་སྔགས། །ཉི་མའི་སྙིང་པོ་དྲི་མེད་པས། །རྒྱ་ཆེན་ཕྱོགས་རྣམས་ཁྱབ་བྱེད་པའི། །ཉེས་པའི་སྐྱོན་ཚོགས་རབ་ཏུ་ཞི། །དེ་དག་དེ་ལས་དེར་མཚུངས་སྟོན། །སྟོན་པ་འཇིག་རྟེན་སྒྲོན་མའི་ཚོགས། །དུས་ཀུན་མི་འགྱུར་བརྟན་པར་མཛོད།། ་ཨོཾ་སརྦ་ཏ་ཐཱ་ག་ཏ་ག་ནཾ་ཨ་ཏྱེ་ཤཱ་ཡ་མེ། སརྦ་ཏ་ཐཱ་ག་ཏཱ་ཨེ་ཏ་ར་ཏཱ་ཡ། དྷརྨཱ་ཏྲ་ཐཱ། སྟི་ཐིར་བྷ་བ་ཡེ་སྭཱ་ཧཱ། །འགྲོ་རྣམས་ཀུན་ལ་ཕན་པའི་ཕྱིར། །དགེ་བ་རྒྱ་ཆེན་གང་བསགས་པ། །འཁོར་བའི་ཆུ་བོ་འཇོམས་བྱེད་པའི། །མྱ་ངན་འདས་ལས་གྲོལ་བར ་ཤོག་།མ་ལུས་འདི་དག་གཅིག་པའི་བློས། །རྣམ་པར་སྦྱོར་བ་གང་དང་གང། །མཐར་ཐུག་དངོས་པོའི་ཞི་བྱེད་པ། །དོན་ཀུན་གསལ་བ་གཉིས་མེད་མཆོག་།ོཾ་ན་མ(རྒྱུད་འགྲེལ་པ་ཀུ་ཤའི་ཚོགས། །གནས་ཀུན་དྲི་སྦྱངས་དག་པར་བྱེད། །སོ་སོའི་སྔགས་དང་ཕྱག་རྒྱ་ཡིས། །དེ་དག་བྱིན་གྱིས་བརླབ་ཅིང་དབུལ། །དཀོན་མཆོག་གསུམ་ཉིད་གཙོར་གྱུར་པ། །ལྷག་པའི་ཡོན་ཏན་མཛའ་ཡས་ཚོགས། །སངས་རྒྱས་ལ་སོགས ་རྗེས་སུ་གཟུངས། །རྣམ་གྲོལ་མཛའ་ཡས་བརྗོད་ཅིང་བསྟོད། །རྩེ་གཅིག་འདུར་པའི་རྒྱུན་ཀུན་ཏུ། །འཁོར་ལོས་གནས་ཀུན་འཁོར་ལོར་སྦྱོར། །དགའ་དང་གུས་པའི་ཚོགས་ཀུན་གྱིས། །བསོད་ནམས་རྒྱ་ཆེན་མཛའ་ཡས་བའོ། །ོཾ་ན་མོ་བྷ་ག་བ་ཏི ་རཏན་ཀེ་ཏུ་རཱ་ཛཱ་ཡ། སརྦ་ཏ་ཐཱ་ག་ཏ་ཨ་ར་ཧ་ཏེ་སམྱཀ་སཾ་བུདྡྷ་ཡ། ཏདྱ་རྟཱ།?་ཨོཾ་རཏནོ་རཏནོ་ཏ་བྷ་བ། རཏན་དེ་རེ་ཡེ་སྭཱ་ཧཱ། །ལུས་སམ་ཡང་ན་སེམས་ཀྱང་རུང། །ཅི་ཙམ་ནུས་པར་བསྐོར་བ་བྱ། །རྒྱ་ཆེར་འགྲོ་བ་ལ་གནས་ཏེ། །སྨོན་ལམ་མཛའ་ཡས་གདབ ་པར་བྱ?། །རྟེན?་པ?་རྟེན་གནས་ཚོགས་རྣམས་ཀུན། །ཐམས་ཅད་བདག་ལ་རྣམ་བཏུད་ཅིང། །འགྲོ་བ་ཐམས་ཅད་འགྲོན་དུ་གཉེར། །དེ་དག་བྱང་ཆུབ་ལ་བཞུགས་ཕྱིར། །རྣམ་གྲངས་མཛའ་ཡས་འཇུག་པའི་སྒོ། །ཁྱད་པར་བརྟེན་གནས་སྐྱབས་འོས་གཟུང། ་བླ་མ་དམ་ཆོས་སངས་རྒྱས་དང། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང། །དུས་ཀུན་བཏུང་དེ་སྐབས་གསོལ་ཞིང། །མཆོད་འོས་རྣམས་ལ་འདུད་པར་བགྱི། །འདི་དག་སྡིག་ལས་ཟློག་བགྱིད་ཅིང། །བསོད་ནམས་ཚོགས་ཀུན ་ཡོངས་སུ་གཟུང། །ལུས་ཅན་རྣམས་ལ་བསོད་ནམས་དག་།དེ་དག་ཀུན་ལ་རྗེས་ཡི་རང། །ལུས་བཏུད་ཐལ་མོ་སྦྱར་བྱས་ཏེ། །གསང་བའི་ཐེག་ཆེན་བཤད་པ་དང། །འགྲོ་རྣམས་རབ་ཏུ་གཞུག་སླད་དུ། །རྫོགས་པའི་སངས་རྒྱས་རྣམས་ལ་གསོལ། ། ་འདི་དག་གིས་བགྱིས་བསོད་ནམས་དང། །བདག་གིས་བགྱིས་དང་མ་བགྱིས་དང། །དེ་གང་སེམས་ཅན་ཐམས་ཅད་ཀྱི། །བླ་མེད་བྱང་ཆུབ་སེམས་བསྐྱེད་ཤོག་།ཆོས་ཀུན་རྣམ་དག་དྲི་མེད་དབང། །ཡོངས་རྫོགས་མི་ཁོམ་ཀུན་སྤངས་ནས། །སྤྱོད་པ་རང ་དབང་ཡོད་པ་དང། །འཚོ་བ་བཟང་པོ་རྒྱུ་ལྡན་ཤོག་།ལུས་ཅན་དག་ནི་ཐམས་ཅད་ཀྱང། །ལག་ན་རིན་ཆེན་ཉིད་ལྡན་ཞིང། །ཡོ་བྱད་ཚོགས་རྣམས་མཛའ་ཡས་ལ། །འཁོར་འདས་སྲིད་དུས་གནས་པར་ཤོག་།བུད་མེད་ཐམས་ཅད་དུས་ཀུན་ཏུ། །སྐྱེས ་མཆོག་བྱང་ཆུབ་སེམས་ལྡན་ཞིང། །ལུས་ཅན་ཐམས་ཅད་རིག་པ་དང། །རྐང་པར་ལྡན་པ་ཉིད་དུ་ཤོག་།འགྲོ་རྣམས་ཁ་དོག་ལྡན་པ་རྣམས། །གཟུགས་བཟང་གཟི་བརྗིད་ཆེ་བ་དང། །བལྟ་ན་སྡུག་ཅིང་ནད་མེད་པར། །སྟོབས་ཆེན་ཚེ་རིང་བརྟན་པར ་ཤོག་།ཐམས་ཅད་ཐབས་ལས་མཁས་གྱུར་ཏེ། །སྡུག་བསྔལ་ཚོགས་རྣམས་ལས་གྲོལ་ཞིང། །དཀོན་མཆོག་གསུམ་ལ་གཞོལ་བྱེད་པར། །སངས་རྒྱས་ཐེག་པའི་རྒྱན་ལྡན་ཤོག་།བྱམས་སོགས་སྙིང་རྗེ་དགའ་བ་དང། །བཏང་སྙོམས་ཀུན་གྱི་གཞིར ་གྱུར་ཅིག་།སྦྱིན་རྣམས་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ཀྱིས་བརྒྱན་ཅིང། །ཚོགས་རྣམས་ཐམས་ཅད་ཡོངས་རྫོགས་ཤིང། །མཚན་དང་དཔེ་བྱད་གསལ་བར་བྱ། །བསམ་གྱིས་མི་ཁྱབ་ས་བཅུ་དང། །རྒྱུན་མི་འཆད ་བར་འགྲོ་བྱེད་ཤོག་།བདག་གིས་ཡོན་ཏན་དེ་དག་དང། །གཞན་ཚོགས་རྣམ་པར་བརྒྱན་པའི་སྟོབས། །ཉེས་པ་ཀུན་ལས་གྲོལ་བྱེད་ཅིང། །སེམས་ཅན་ཀུན་མཆོག་བྱམས་པའི་གཙོ། །སེམས་ཅན་ཀུན་ཡིད་རེ་བ་བཞིན། །དགེ་བ་ཐམས་ཅད་རྫོགས་བགྱིད་ཅིང། ་རྟག་ཏུ་ལུས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་རྟོག་པའི་རྒྱུན་སེལ་ཤོག་།ཁམས་གསུམ་ཀུན་གྱི་སྐྱེ་བ་གང། །གང་དག་སྡུག་བསྔལ་ཉེན་པའི་ཚོགས། །བདག་གིས་མིང་ཙམ་ཐོས་པའི་དུས། །ཤིན་ཏུ་འཇིགས་པ་མེད་གྱུར་ཅིག་།བདག་ཉིད་མཐོང་ཞིང་དྲན ་པ་དང། །མིང་ཙམ་གྲག་པོས་གཞན་དག་ཀུན། །རབ་ཏུ་འཁྲུག་མེད་རྣལ་མའི་ཡིད། །རྫོགས་པའི་བྱང་ཆུབ་དེས་གཞོལ་ཞིང། །ཚེ་རབས་ཀུན་ཏུ་རྗེས་འབྲེང་བའི། །མངོན་ཤེས་ལྔ་པོ་ཐོབ་པར་ཤོག་།སེམས་ཅན་ཀུན་ལ་རྣམ་ཀུན་ཏུ། །རྟག་ཏུ་ཕན་པར་བགྱིད ་གྱུར་ཅིག་།འཇིག་རྟེན་ཀུན་ལ་སྐྱེ་བོ་གང། །སྡིག་པའི་རྒྱུན་ཞུགས་འདོད་གྱུར་དག་།དེ་དག་ཐམས་ཅད་གནོད་མེད་པར། །རྟག་ཏུ་ཅིག་ཅར་ཟློག་གྱུར་ཅིག་།ས་ཆུ་མེ་རླུང་འགྱུར་ཚོགས་དང། །སྨན་དང་དགོན་པ་ཤིང་བཞིན་དུ། །རྟག་ཏུ་སེམས་ཅན་ཐམས ་ཅད་ཀྱི། །རང་དགར་འགག་མེད་སྤྱོད་པར་ཤོག་།སེམས་ཅན་རྣམས་ནི་སྲོག་བཞིན་ཕངས། །དེ་དག་ལ་བདག་ཆེར་ཕངས་ཤིང། །བདག་ལ་དེ་དག་སྡིག་སྨིན་ཅིང། །བདག་དགེ་མ་ལུས་དེར་སྨིན་ཅིག་།ཇི་སྲིད་སེམས་ཅན་དགའ་ཞིག་ཀྱང། །གང ་དུ་མ་གྲོལ་དེ་སྲིད་དུ། །དེ་ཕྱིར་བླ་ན་མེད་པ་ཡི། །བྱང་ཆུབ་ཐོབ་ཀྱང་གནས་གྱུར་ཅིག་།གང་དུ་ས་གཞི་ལེགས་པའི་གནས། །དེར་ནམ་རྟེན་གྱི་ལས་བྱས་ཏེ། །བར་ཆད་རྐྱེན་ཀུན་གསལ་ནས་ནི། །རིགས་ཀྱི་ཏིང་འཛིན་བསྒོམ་པར་བྱ། །ས་གཞི་འཇམ ་ཞིང་སྦྱིན་བདག་།གཙང་མའི་གནས་ནས་བླང་བྱ་སྟེ། །དྲི་ཞིམ་སྔགས་ཀྱི་ཆུས་བརླན་ནས། །སྐྱོན་མེད་ཕ་རོལ་ཕྱིན་དྲུག་སྦྱར། །ོཾ་ན་མ(རྒྱུད་འགྲེལ་གརྦྷེ་སྭཱ་ཧཱ། ལེགས་པར་སྣུམ་བསྐུ་ཕྱག་རྒྱ་གཞུག་།གདབ་པས་སྐུ་གསུམ་གསལ་གྱུར་པའོ། །མཎྜལ་མཆོད་པ་རྒྱན་དང་བཅས། །རོལ་ཆ་ཀུན་གྱིས་མངོན་པར་བསྟོད། །དམ་ཚིག་དཀྱིལ་འཁོར་རིམ་བཞིན་གསལ། །ཡེ་ཤེས ་དཀྱིལ་འཁོར་སྤྱན་དྲངས་གཞུག་།མཆོད་པའི་ཚོགས་མང་ལེགས་བསྔོས་ནས། །ལྷ་གནས་དབང་བསྐུར་བྱིན་བརླབ་ཅིང། །གཏོར་མས་མགྲོན་ཚོགས་ཚིམ་པར་བྱ། །ོཾ་བཛྲ་ཨཾ་ཀུ་ཤ་ཛ(རྒྱུད་འགྲེལ་བྷ་བཛྲ་ཡ་སྭཱ་ཧཱ། ཨོཾ་ན་མོ་བྷ་ག་བ་ཏེ་བཛྲ་སརྦ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ་ཨ་ར་ཧ་ཏེ། སཾ་མྱཀ་སཾ་བུདྡྷ་ཡ། ཏ་དྱ་ཡ། སུཀྵ་མེ་སུཀྵ་མེ། ས་མ་ཡེ་ས་མ་ཡེ། ཤཱནྟེ་ཤཱནྟེ། ས་མ་རོ་བཱ། ཨ་ན་ཡ། ཨ་བཾ་པེ། ཨ་པཾ་བེ་ཡ། ཤོ་པ་ཏི། མཧཱ་ཏེ་ཛ ་ནི་ར་ཀུ་ལེ་ར་པཱ་ནི་ར་བཱ་བུ་ཏྲཾ། ཨ་དྷིཥཔཱ་ན་ཨ་དྷིཥཔཱི་ཏེ་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་ནི་ཤ་ཏི་ཏ་བ་དེ་ཛ་ལ་ཛ་ལ་དྷརྨཱ་དྷ་ཏུ་གནཧེ་སྭཱ་ཧཱ། མཛའ་མར་བཟོད་པའི་གསོལ་བྱ་སྟེ། །བྱིན་རླབས་བརྟན་པར་མངའ་གསོལ་ཞིང། །བཀྲ་ཤིས་རྒྱ་ཆེར་བརྗོད་བྱས་པས།། ་དེ་དག་བསྡུ་ཞིང་གཤེགས་སུ་གསོལ། ཨོཾ་ཨཱ་ཀ་ཤ་གརྦྷེ་སྭཱ་ཧཱ། ཡེ་དྷརྨཱ་ཧེ་དུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱཾ་ཏ་ཐཱ་ག་ཏེ་ཧཡ་བ་ད་ཏ། ཏེ་ཥཱཾ་ཙ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མཧཱ་ཤྲ་མ་ཎ:། ཨོཾ་སྭ་བྷཱ་བ་བི་ཤུདྡྷེ། ཧ་ར་ཧ་ར། ཨ་ཀ་ཛཝ་ལ། ཨ་ཀ་ཛཝ་ལ། དྷརྨཱ་དྷཱ་ཏུ ་གརྦྷེ་སྭཱ་ཧཱ། །བྱ་བའི་ལས་ཀུན་བརྟན་འགྱུར་བས། །ཕྲིན་ལས་བཞི་བཅས་དངོས་གྲུབ་ཚོགས། །འབྱུང་བ་ལྔ་ཡི་ཁམས་རྣམས་ལ། །རང་གི་སྔགས་དང་ཕྱག་རྒྱས་གདབ། །བར་སྐབས་ཁྲུས་ཀྱི་དུས་རྟག་ཏུ། །དྲི་བཅས་ཆུ་རྒྱུན་བྱིན་བརླབས་པས། ། ་བདག་དང་འགྲོ་ལ་སོགས་པ་ཡི། །ཕྱི་ནང་གསུམ་གྱིས་གནས་གསུམ་སྦྱང། །ོཾ་ན་མ(རྒྱུད་འགྲེལ་ཁྲུས་གསོལ་ཟུག་རྔུ་སེལ་བར་བྱེད། །ོཾ་ཛཾ་བྷ་ལ་ཛ་ལེནྟཝ་ཡེ་སྭཱཧཱ། །སླར་ཡང་ཟས་ཀྱི་དུས་དག་ཏུ། །ཐོག་མར་བྱིན་བརླབས་དཀོན་མཆོག་མཆོད། །སྲུང་མ་རྒྱ་ཆེན་མཉེས་བྱས་ནས། །ལྷག་མས་འབྱུང་པོ་ཚིམ་པར་བྱ། །ོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཧཱུཾ།། ་ཨཱདྱ་ནུ་ཏཱ་ནཱ་དཏྱ། ཨོཾ་ཨཱ(རྒྱུད་འགྲེལ་རྣམས་ཀུན་ཏུ་ལོངས་སྤྱོད་བྱ། །རྟག་ཏུ་བསམ་གཏན་ལ་གནས་པས། །ཟབ་མོ་རྒྱ་མཚོའི་མདོ་གདོན་ཅིང། །སེམས་ཅན་ཀུན་གྱི་དོན་གྱུར་པའི། །ཕྱོགས་རྣམས་མཐུན་པར་འགྲོ་བར་སྒྲོ། །ལུས་ངག་སེམས་ཀྱི་བྱ་བ་ཀུན། །རྣམ་གྲོལ་ཐེག་པ ་བསོད་ནམས་ཚོགས། །ཕྱོགས་ཐམས་ཅད་ནས་བསླབ་པར་བྱ་བའི་ཆོ་ག་སྟེ་གཉིས་པའོ།། །།དགའ་ཆེན་དཔལ་གྱི་རྡོ་རྗེ་ལས། །རྡོ་རྗེ་སེམས་དཔའ་ཨི་སྦྱོར་གཉིས་བཅིང། །ཏིང་འཛིན་སྔགས་ཀྱིས་བསྐུལ་བའི་མཐུས། །ཕྱོགས ་བཅུའི་སངས་རྒྱས་ཀུན་གཤེགས་འགྱུར། །ཕྱི་ནང་ཕྱོགས་ཀུན་སྣང་བ་ཡི། །གདུག་པ་ཐམས་ཅད་ཞི་བྱེད་པ། །རང་བཞིན་སྐུ་གསུང་ཐུགས་ཀྱི་བདག་།བྱིན་བརླབས་གསལ་བས་བསྟན་པར་འགྱུར། །སངས་རྒྱས་ཐམས་ཅད་ཚོགས་པ་ཡི། །གང་ན ་འཛོམ་བཀའ་བགྲོས་དགྲ་མཛད་ཅིང། །བར་ཆད་བགེགས་ཀུན་བཞོམ་པའི་ཚོགས། །རང་གི་གནས་ནས་རྣམ་པར་སྤྲོ། །རྡོ་རྗེ་འཁོར་ལོ་རལ་གྲི་དང། །བེ་ཅོན་རྩེ་གསུམ་ལ་སོགས་ཀྱི། །ཕྱག་རྒྱ་སྔགས་ལ་རྣམ་འཕྲུལ་བས། །ཐམས་ཅད་འཇིག་ཅིང་འཐོར་བར་བྱེད།། ་རང་གི་གནས་གཟུང་བརྟན་པའི་ཕྱིར། །རང་ཉིད་རྡོ་རྗེ་ཧེ་རུ་ཀའི། །གནས་ཀུན་མཚན་མ་བཟང་པོས་བརྒྱན། །ཤིན་ཏུ་འཕྲོ་བའི་སེམས་ཀུན་གྱིས། །ཕྱོགས་བཅུ་སྤྲུལ་པའི་འཁོར་ལོ་བརྗོད། །འདོད་པའི་རྒྱལ་པོ་ཁྲོ་བོ་ཆས། ཕྱོགས་ཀུན་བགེགས་རྣམས ་གཟིར་བྱས་ཏེ། ཕྱག་རྒྱ་བཞིས་བཏབ་གནས་སུ་དགོད། །ཉི་མ་ལ་གནས་ཁྲོ་ཚོགས་བསྒོམ། །གྲངས་མེད་སྤྲུལ་པའི་ཚོགས་ལྡན་པས། །ཕྱོགས་བཅུའི་མཛའ་རྣམས་གཏམས་བྱས་ཏེ། །མི་རི་འབར་བའི་མཚོན་ཆར་བཅས། །ཕྱོགས ་རྣམས་བྱམས་པའི་ལྟ་བ་ཡིས། །སྙིང་རྗེ་ཆེན་པོའི་གནས་ཀུན་གསལ། །འདི་ལས་ལྷག་པའི་བསྲུང་བའི་མཆོག་།གཉིས་མེད་སྟོང་པའི་རང་བཞིན་ལས། །ཡེ་ཤེས་ལྔ་ཡི་འོད་འབར་བ། །ཟབ་མོའི་སྔགས་ཀྱིས་མཚམས་བྱས་པའོ། །ཕྱོགས་གཞན ་ཁྲོ་ཚོགས་བསྲུང་བའི་ཕྱིར། །རྡོ་རྗེ་ལ་སོགས་མཚོན་ཆ་དང། །ཉུངས་ཀར་ཐལ་བ་དྲི་ཡི་ཆུ། །ལེགས་སྦྱངས་བྱིན་བརླབས་རིགས་ཀྱི་ལྷ། །ཁྲོ་བོའི་དཀྱིལ་འཁོར་རབ་འབར་བས། །དེ་དག་མཐར་ཕྱིན་སེལ་བར་བྱེད། །དབྱིངས་དང་ཡེ་ཤེས་གཉིས ་མེད་པའི། །དོན་ཀུན་མཆོག་ཏུ་གསང་བའི་གནས། །རང་ཉིད་ངོ་བོ་མ་བཅོས་དབྱིངས། །ཆོས་ཀྱི་རྒྱུན་ཀྱི་ཏིང་འཛིན་གསལ། །ཕྱོགས་རྣམས་སྤྲུལ་པའི་དཀྱིལ་འཁོར་ལ། །དངོས་བྱུང་རྡོ་རྗེ་སེམས་དཔའ་ཆེ། །མ་ཆགས་གཡོ་བའི་དཀྱིལ་འཁོར་གྱི། ། ་གནས་ཀྱི་མཚན་མ་ཀུན་ལས་འཕགས། །དཀར་དམར་ཞལ་ཕྱག་བཞི་བཞིས་མཛེས། །གཡས་སྔོ་གཡོན་དམར་རྒྱབ་སེར་པོའོ། །དང་པོ་བ་དང་གསུམ་པ་ཡི། །ཕྱག་རྒྱ་རྡོ་རྗེ་རྩེ་ལྔ་འཛིན། །གཉིས་པ་རིན་ཆེན་མདའ་གསོར་ཞིང། །གཡོན ་གྱི་དང་པོ་ཁ་ཊཝཱཾ་ཉིད། །རྒྱ་གྲམ་བ་དང་དྲིལ་བུའི་སྒྲ། །གཉིས་པ་རིན་ཆེན་སྣ་ལྔའི་གཞུ། །མཚན་དཔེ་ཕྱག་རྒྱ་ལྔ་ཡིས་མཛེས། །ལས་བཞིར་གཟིགས་པའི་སྤྱན་ལྡན་པ། །འོད་གསལ་རིན་ཆེན་སྣ་ལྔའི་མདངས། །རིན་ཆེན་ཕྲེང་བས་རྒྱ་རྣམས་སྤྲས། །སྐུ ་སྟོང་དང་དཀར་གསེར་རིས་ལ། །སྐུ་སྨད་ཚིག་གུའི་ན་བཟའ་ཉིད། །སྤྱི་བོར་ཟླ་དཀྱིལ་སྐུར་ལྡན་པར། །སྐུ་ཡི་དཀྱིལ་འཁོར་དེ་ཉིད་སྔགས། །མགྲིན་པའི་པདྨ་གསུང་ལྡན་པར། །གསུང་གི་དཀྱིལ་འཁོར་དེ་ཉིད་སྔགས། །ཐུགས་ཀའི་ཉི་མའི་ཐུགས ་ལྡན་པར། །ཡེ་ཤེས་དཀྱིལ་འཁོར་རྟེན་གསལ་བའི། །སྔགས་ཀྱི་དཀྱིལ་འཁོར་ཕྲེང་བའི་ཚུལ། །འོད་ཀྱི་དཀྱིལ་འཁོར་སངས་རྒྱས་རྣམས། །རང་གི་གནས་ཀུན་གཞུག་པར་བྱ། །བྱིན་བརླབས་ཤེས་པས་ཡེ་ཤེས་ལྷ། །རང་རིག་ཚུལ་བཞིན་སྤྱན་དྲངས ་ཏེ། །མདུན་གྱི་དཀྱིལ་འཁོར་ལ་བཞག་ནས། །ཕྱག་འཚལ་མཆོད་པས་མཉེས་པར་བྱ། །དེ་རྗེས་ཕྱག་རྒྱ་རྣམ་པར་བཞིས། །རང་གི་གནས་ཀུན་བརྟན་བྱས་ལ། །བྱིན་བརླབས་འདོད་དོན་གསོལ་གདབ་ཅིང། །མཆོད་བསྟོད་མཉེས་པའི་རོལ་མོས་མཆོད ་དམ་ཚིག་གསུམ་གྱི་ཕྱག་རྒྱ་ཡིས། །མདུན་ནས་སེམས་དཔའ་ཨི་དཀྱིལ་འཁོར་ལ། །སྔགས་ཀྱི་ཕྲེང་བ་འཁོར་ལོའི་ཚུལ། །འཕྲོ་འདུ་གསལ་བའི་ངོ་བོར་བརྟག་།སྤྱོད་ལམ་ཀུན་ཏུ་མ་ཉམས་བློས། །དཀྱིལ་འཁོར་གཉིས་མེད་ཚུལ་བསྒོམ་ཞིང། ། ་བྱས་པའི་ཚོགས་གཉིས་རྒྱུར་ཤེས་པས། །རང་གི་བྱིན་རླབས་བརྟན་པར་བྱ། །ཇི་སྲིད་ཁ་ཟས་དུས་ཀུན་དང། །བྱ་བའི་ཚུལ་གཞན་དེ་བཞིན་ཉིད། །འདྲི་ཀློག་ཁ་དོན་ལ་སོགས་པའི། །དོན་ཀུན་སྔོ་བ་རྒྱ་ཆེན་ཚོགས། །རང་གི་དབང་པོ་གནས་ལས ་བྱུང། །དེ་དག་རོལ་པའི་ཚུལ་རྒྱུན་བཅས། །མ་ཉམས་དུས་ཀུན་སྣང་བྱེད་པས། །དེ་མཛའ་ཨི་ཆགས་པ་གྲོལ་བར་འགྱུར། །དེ་ལྟར་དཀྱིལ་འཁོར་རྒྱ་ཆེན་པོའི། །ཚུལ་རྣམས་གང་དག་བཤད་པ་ཡང། །ལས་སུ་བྱ་བས་འཇུག་པ་ཏེ། །མི་གནས་གསལ ་བར་གོམས་པ་ཉིད། །གདུལ་བྱའི་རྒྱུད་རྣམས་སྦྱང་བའི་ཕྱིར། །སྔོན་འབྱུང་སྤྲུལ་པའི་དཀྱིལ་འཁོར་བཞིན། །རིགས་ཀྱི་འཁོར་ལོ་གང་ནས་འཇུག་།དེ་དག་བསྡུས་དང་རྒྱ་ཆེན་ཚོགས། །བྱིན་བརླབས་གསལ་བས་བརྟན་བྱས་པའི། །སྦྱོར་བའི་དོན་ཀུན ་རྫོགས་པར་གནས། །བསྙེན་སྒྲུབ་ཡན་ལག་རྗེས་མཐུན་པའི། །ཕྱག་རྒྱའི་རིགས་ཀྱི་དཀྱིལ་འཁོར་དག་།དེ་དག་མཚན་མ་མེད་པའི་གནས། །རོལ་པའི་བྱིན་རླབས་ཆེ་ལས་འབྱུང། །ཇི་སྲིད་དེ་ཉིད་སྣང་བ་ཡི། །ཚུལ་བྱ་མི་དེ་རྒྱུད་གསལ་བར་བྱེད། ་དོན་འབྱུང་གསང་བའི་ཀུན་སྟོན་པས། །དཀྱིལ་འཁོར་ཀུན་གྱི་ངོ་བོ་ཉིད། །འདི་དག་ནང་གི་མཚན་ཉིད་དེ། །ཐམས་ཅད་སྤྱི་ཡིས་ཆོས་ཉིད་དོན། །ནམ་ཞིག་སྟོང་པར་འདོད་པའི་དུས། །དེ་དག་དངོས་ཀུན་ལས་གྲོལ་བ། །དཀྱིལ་འཁོར ་གཉིས་མེད་སྦྱོར་བྱེད་ཅིང། །བྱིན་བརླབས་མཆོག་ཀུན་རྣམ་པར་རོལ། །ནང་གི་ཏིང་འཛིན་གསལ་བ་ལས། །ཐིག་ལེ་ཕྲ་མོ་ལ་སོགས་སྦྱོར། །དམ་ཚིག་ཀུན་གྱི་གནས་རྒྱས་པས། །བརྟན་པའི་ཚོགས་ཀུན་མཐར་ཕྱིན་འགྱུར། །རྒྱ་ཆེན་དཀྱིལ་འཁོར ་རྣམ་དག་དང། །ལྷ་ཡི་རྣམ་དག་གསལ་པའི་མཐུས། །བྱང་ཆུབ་སེམས་སུ་སྒྱུ་མའི་དངོས། །ཆོས་རྣམས་ཀུན་གྱི་མཛའ་བྲལ་བའོ། །སྤྱོད་པ་ཡོངས་སུ་དག་པ་རྣལ་འབྱོར་པས་བར་ཆད་བསལ་བའི་ཆོ་ག་སྟེ་གསུམ་པའོ།། །།དེ་ནས ་བདག་གཞན་བསྲུང་འདོད་པས། །དབེན་པའི་གནས་སུ་ཚོགས་བསགས་ཅིང། །རྡོ་རྗེ་སེམས་དཔའ་ཨི་ཏིང་འཛིན་སྦྱོར། །བསྙེན་པའི་ཆོ་གས་བརྟན་པར་བྱ། །དུར་ཁྲོད་ལྷ་ཡི་གནས་རྣམས་དང། །མ་མོ་གནས་ཀྱི་ཐལ་བ་མཆོག་།ཐོད་པ་མཚན་ལྡན ་སྦྱར་མར་བཞག་།རིགས་ཀྱི་སྔགས་དང་ཕྱག་རྒྱས་བསྲུང། །སྙིང་པོ་ཉེ་བའི་སྙིང་པོ་དང། །རྩ་སྔགས་ལྷ་རྣམས་ཀུན་གྱིས་སྦྱིན། །ཏིང་འཛིན་འཕྲོ་འདུ་གསལ་རྫོགས་པའི། །བརྒྱ་སྟོང་ཁྲི་ཡི་བཟླས་བརྗོད་བྱ། །གང་དག་བསྲུང་བར་འདོད་པ་ལ། ་ཐོག་པེ་འམ་སོར་རིས་གསུམ་དུ་ཤིས། །ཕྱོགས་མཚམས་ནམ་མཁའ་ཨི་ས་བཅིངས་ན། །བསྲུང་བ་ཀུན་གྱི་བླ་མེད་ཡིན། །དེ་བཞིན་སྔ་མའི་སྦྱོར་ལྡན་པས། །རྒྱ་མཚོར་འབབ་པའི་ཆུ་བླངས་ཏེ། །རིན་ཆེན་སྣོད་བཟང་བྱིན་བརླབས་ནས། །དཀྱིལ ་འཁོར་རྐྱན་པ་ལ་བཞག་ཅིང། །ཀུ་ཞའི་ཆུ་རྒྱུན་སྔགས་ཐིམ་པར། །ལྷ་རྫས་ཞི་བའི་ཆུ་མཆོག་གིས། །གཏོར་བ་དང་ནི་བླུགས་པ་དག་།ཁྲུས་བྱས་ཕོག་པས་སྔོན་བཞིན་འགྲུབ། །མི་ཡི་ཐོད་པའི་ནང་དུ་ནི། །ཉུངས་ཀར་རྒྱལ་པོ་སྔགས་ཀྱིས ་བསྐྱེད། །ཚུལ་བཞིན་ཆུང་ནས་ས་གཞི་ལ། །ཡུན་རིངས་གོམས་པའི་བརྟུལ་བཞུགས་ལྡན། །ཕྱག་རྒྱལ་རིགས་ཚོགས་སྣ་ཚོགས་པ། །རབ་ཏུ་གྲོལ་བས་གཞན་དགུག་ཅིང། །བཟང་པོ་ཁྲུས་ཀྱི་ཆོ་ག་ཉིད། །དུས་གསུམ་བཟླས་བརྗོད་མཚམས་སྦྱར ་ཏེ། །རིགས་ཚོགས་བརྟེན་གནས་གདན་བཅས་པའི། །རབ་ཏུ་སྤྲུལ་པའི་ཁྲོ་བོ་བསྐྱེད། །ཞི་དང་རྒྱས་སོགས་ལས་རྣམས་ལ། །དུས་བཞི་རྟེན་འབྲེལ་མཐུན་པར་སྤྱད། །དེ་ལས་བྱུང་བའི་རྫས་རྣམས་ཀྱིས། །དེ་ཉིད་ལས་ཀུན་བྱེད་པར་འགྱུར། །དཔའ་བོ ་གཅིག་པའི་ཕྱག་རྒྱ་ཉིད། །བྱིན་བརླབས་ཚོགས་ཀྱིས་རྣམ་པར་བརྒྱན། །རང་རིག་སྣང་བའི་དཀྱིལ་འཁོར་ཀུན། །ཕྱོགས་བཅུར་སྤྲོ་ཞིང་གསལ་བར་བྱ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས་།གནས་གསུམ་མཚན་མའི་ཚོགས་འཇོམས་ཤིང། །ཕྱོགས ་མཚམས་བླ་འོག་ཐམས་ཅད་ཀུན། །གང་འདོད་དེ་ཉིད་ངོ་བོར་འགྱུར། །གཞུག་དཀའ་བདག་ཉིད་ངན་པའི་རྣམས། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །དཀྱིལ་འཁོར་རྒྱས་པ་ལ་དམིགས་ཏེ། །སྦྱོར་བ་བཞི་ཡིས་རྫོགས་བྱས་པའི། ། ་རིགས་ཀྱི་དཀྱིལ་འཁོར་མཉམ་པར་སྦྱོར། །གནས་ཀུན་ཕྱག་བརྒྱ་གསོལ་བར་མཛད། །ཐམས་ཅད་སྤྲུལ་པའི་བྱང་ཆུབ་སེམས། །རིགས་རྣམས་ཕྱོགས་བཅུར་རྣམ་བཀོད་པས། །བསྒྲུབ་བྱ་གང་དག་དེ་ཉིད་ལ། །གསང་བའི་གནས་སུ་སྦྱོར་བར་བྱེད ་དོན་མཐུན་ཕྱག་བརྒྱ་འདི་ཡིས་ནི། །འགྲོ་གནས་ཐམས་ཅད་བསྲུང་བར་འགྱུར། །ཆོས་དབྱིངས་ཡེ་ཤེས་ཕྱག་རྒྱ་ལས། །འོད་འབར་འཁོར་ལོའི་གཞལ་ཡས་ཁང། །རྡོ་རྗེ་སེམས་དཔའ་ལས་བྱུང་བའི། །རྣམ་པར་སྣང་མཛད་སྦྱོར་ལྡན་པས། ། ་ཕྱོགས་བཅུ་ལེགས་པར་འཁོར་ལོའི་ཚུལ། །བླ་འོག་དག་ཏུ་བྱིན་བརླབ་ཅིང། །དཀྱིལ་འཁོར་བསྡུས་དང་རྒྱས་པ་ཡིས། །ཐམས་ཅད་བསྲུང་བ་བླ་ན་མེད། །རྡོ་རྗེ་སེམས་དཔའ་ཨི་སྦྱོར་བ་ལས། །ཞེ་སྡང་ལ་སོགས་འཇོམས་བྱེད་པའི། །དྲག་པོ་ཆེན ་པོའི་སྐུ་སྦྱོར་ཞིང། །བསྡུས་དང་རྒྱས་པའི་དཀྱིལ་འཁོར་ཆེན། །ཕྱག་བརྒྱ་རྡོ་རྗེའི་ཚོགས་སྤྲོ་ཞིང། །རང་གི་སྔགས་དང་རྣལ་འབྱོར་པས། །བརྟན་གཡོ་ཐམས་ཅད་བསྲུང་བར་བྱེད། །དེ་བཞིན་ཚར་གཅོད་རེངས་པ་འགྲུབ། ། ་སངས་རྒྱས་གར་གྱི་རྣམ་འཕྲུལ་པ། །སྦྱོར་ལྡན་རྡོ་རྗེ་སེམས་དཔའ་བཞིན། །བསྡུས་དང་རྒྱས་པའི་དཀྱིལ་འཁོར་གྱིས། །གསང་སྔགས་ཕྱག་རྒྱ་བསམ་གཏན་ལས། །སྣ་ཚོགས་པདྨ་ལ་བརྟེན་བྱ། །ཕྱག་རྒྱའི་ཚོགས་ཀུན་ཁ་འབྱེད་པས། །སྒྲིབ་པའི ་ལས་ཀུན་རྣམ་གྲོལ་ཞིང། །ཐམས་ཅད་དག་པའི་ལས་ལ་སྦྱོར། །སེམས་དཔའ་ཆེན་པོའི་ཆ་ལུགས་ཀྱིས། །སེམས་དང་ངོ་བོ་ལ་གནས་བྱ། །དེ་བཞིན་ཉིད་ལ་སྣང་བ་ཡི། །རྡོ་རྗེ་སེམས་དཔའ་ཨི་རྣལ་འབྱོར་ལྡན། །རིན་ཆེན་ཚོགས་འབར་བརྗོད་པའི་གནས། །འབར་བའི ་ལྟ་བའི་ཚུལ་བཞུགས་པ། །རྡོ་རྗེ་རབ་ཏུ་དྲག་པོའི་མེ། །རབ་འཇིགས་འབར་བ་མི་བཟད་འགྲུབ། །གང་དག་རྒྱས་པའི་ཚུལ་སྦྱོར་ཞིང། །ལས་རྣམས་དངོས་གྲུབ་སྐྱེད་བྱེད་པས། །དཀྱིལ་འཁོར་བསྡུས་དང་རྒྱས་པའི་ཚུལ། །གནས་རྣམས་ཀུན་ཏུ་འགྲོས་པའོ། །ཐམས ་ཅད་དག་པའི་ལས་ལ་སྦྱར། །མི་གཉིས་ཏིང་འཛིན་བརྟན་པའི་མཐུས། །རྡོ་རྗེ་སེམས་དཔའ་ལས་བྱུང་བ། །ལས་ཀྱི་ཕྲིན་ལས་ཀུན་གྱི་བདག་།སོ་སོའི་ཕྱག་རྒྱ་སྔགས་ཀྱིས་སྦྱོར། །ཇི་ལྟར་ཕྲིན་ལས་གྲུབ་པ་ཡིས། །ོཾ་ཊུཾ་རྡོ་རྗེ་ཁུ་ཚུར་གཉིས། །གོ་ཆ་བགོས ་པའི་ཚུལ་དུ་བྱ། །གནས་ལྔར་རང་གི་སྔགས་དང་རྒྱས། །ཉིས་འགྱུར་དག་ཏུ་བཅིངས་ནས་ཀྱང། །སངས་རྒྱས་གཙུག་གི་ནོར་བུ་དག་།དར་དབྱངས་འགྱིད་དང་བཅས་པས་དགྲོལ། །ཐལ་མོ་བརྡབས་པས་བརྟན་བྱེད་པ། །བསྲུང་བ་ཀུན་གྱི་བླ་མེད་པའོ། །ཕྱི་ནང ་གདུལ་དཀའ་དྲག་པོའི་ཚོགས། །འདི་དག་མཐུ་ཡིས་འཇིགས་པར་འགྱུར། །ཐམས་ཅད་ཀུན་གྱིས་སྲུང་བྱེད་པའི། །བླ་ན་མེད་པའི་གོ་ཆ་མཆོག་།བསོད་ནམས་ཡེ་ཤེས་ལས་བརྒྱུད་སྟོབས། །མཐུ་ཡིས་ཐམས་ཅད་འཇིགས་འགྱུར་བ། །དོན་ཀུན་གསང ་བའི་ཕྱག་རྒྱ་དང། །གསང་སྔགས་ཏིང་འཛིན་གནས་ལས་སྐྱེས། །རྡོ་རྗེ་སེམས་དཔའ་ཨི་ཏིང་འཛིན་གྱིས། །ཆོས་སེམས་རྩེ་གཅིག་གནས་པ་ཡི། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །ཞི་བའི་ལྟ་བས་བལྟས་ནས་ནི། །ཕྱོགས་ཀྱི་རིགས་ཀུན་གཡོ་འགྱུར་ཞིང།། ་རིགས་དུག་གདོན་རྣམས་སེལ་བྱེད་འགྱུར། །འདི་དག་བསམ་གཏན་གྱིས་འགྲུབ་པ། །བསམ་གཏན་གོམས་པའི་སྟོབས་ཀྱིས་ནི། །དང་པོ་ལས་ཀྱི་སྦྱོར་བྱེད་ན། །ཕྱག་རྒྱ་སྔགས་ཀྱི་མཐུ་ལྡན་པའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །མཐེ་ཆུང་ལྕགས་ཀྱུ་རྩེ་མོས ་མནན། །བསམ་གཏན་སྔགས་ཀྱི་གནས་རྫོགས་འགྱུར། །རྩེ་གཅིག་ལྷ་ཡི་ཏིང་འཛིན་གྱི། །ཕྱག་རྒྱ་བསྒྱུར་ཏེ་དཔྲལ་བར་བཞག་།མི་མཐུན་གནས་ཀུན་ལྟ་བའི་ཚུལ། །རྡོ་རྗེ་བསྡམ་པ་བསྟན་བྱས་པའི། །མཛུབ་མོ་ཕན་ཚུན་སྐམ་པའི་ཚུལ། །ནང ་དང་ཟུག་རྔུ་མ་ལུས་ཀུན། །འདྲེན་བྱད་ཕྱག་རྒྱའི་གཙོ་བོ་མཆོག་།རྟག་ཏུ་རང་གི་ཏིང་འཛིན་གནས། །བྱམས་དང་སྙིང་རྗེ་ལྟ་བར་ལྡན། །གྲུབ་པ་དཔལ་གྱི་སྤྱན་བཅིངས་ནས། །མིག་གསལ་ཕྱག་རྒྱའི་སྦྱོར་བ་ཡིས། །ཤེས་རབ་ཡེ་ཤེས་མིག་བསྐྱེད་ཅིང།། ་ལོང་བ་དག་ཀྱང་མཐོང་བར་འགྱུར། །རིགས་ཀྱི་སྦྱོར་བ་མངོན་ལྡན་པར། །ཕྱག་རྒྱའི་ཡན་ལག་བརྟན་བྱས་པས། །གླད་པའི་ནང་རྣམས་ཀུན་བསྡུས་ཏེ། །ཁ་ཕྱོགས་དང་ཞིང་བཏུང་བར་བྱ། །རྩེ་གཅིག་བརྟན་པས་ཡང་དང་ཡང། །རྡོ་རྗེ་ཁུ་ཚུར་དཔལ་སྦྱོར ་བས། །ནད་ཀྱི་ཟུག་རྔུ་ན་སོགས་ཀུན། །གང་ལ་དམིགས་པ་སེལ་བར་འགྱུར། །དེ་དག་ཀུན་གྱི་གསང་སྔགས་འདི། །དོན་བཞིན་བརྩོན་པས་རྣ་ལ་གྲགས། །ོཾ་སརྦ་ཏ་ཐཱ་གཏ་ཀརྨ་སྟ་མ་སིདྡྷ་ཧོ(རྒྱུད་འགྲེལ་པར་འཕྲུལ་བྱེད་པས། །ལག་གཡས་སེམས་དཔའ་ཨི་གཙུག་ཏོར་བཅིང། །བྱིས་པ་ནད་མེད་བདེ་བའི་མཆོག་།འོད་འབར་པདྨའི་དཀྱིལ་འཁོར་དུ། །བདུད་རྩི་བྱང་ཆུབ་སེམས་དཔའ་སྟེ། །ལག་གཡས་ཀླུ་ཡི་གདེངས་ཀ་བྱ། །འབར་བའི་ཚུལ་སྟོན་འབེབས ་པར་བཅས། །མི་མཐུན་གནས་རྣམས་དུག་རྒྱས་བཏབ། །ཐམས་ཅད་སེལ་བའི་ལས་བྱེད་པའོ། །བདེ་གཤེགས་སྐུ་ནི་རིགས་ཆེན་པོས། །འཁོར་ལོའི་ཕྱག་རྒྱ་མངོན་སྦྱར་ཏེ། །བསྲུང་བ་སྔགས་ཀྱི་རྒྱུད་ལྡན་དག་།དགའ་བའི་རྒྱུད་ཀྱིས་གྲོལ་བར ་འགྱུར། །དྲག་པོ་ཆེ་མཆོག་སྦྱོར་བ་ཡིས། །མཛེས་པའི་ཕྱག་རྒྱ་སྨིན་མཚམས་བཞག་།རུ་ལུའི་སྔགས་ཀྱི་དོན་སྦྱར་བས། །མཁའ་འགྲོའི་ལས་ཀུན་འགྲུབ་པར་འགྱུར། །འགྲོ་གཞན་དུད་འགྲོ་ཕྲ་མོ་སོགས། །ཐམས་ཅད་རིགས་ཀྱིས་སྦྱངས་བྱས་ཏེ། ། ་རྟེན་དང་སྦྱོར་བ་རྣམ་ཚོགས་དང། །སྔགས་བཅས་བསམ་གཏན་རྩེ་གཅིག་མཐུས། །དེ་དག་ནད་མེད་བདེ་བ་དང། །གཟི་བྱིན་མཐུ་རྩལ་ཕུན་སུམ་ཚོགས། །མེ་ཏོག་འབྲས་བུ་སྐྱེ་ཤིང་རྣམས། །རྟེན་འབྲེལ་ཆོ་ག་ཇི་ལྟ་བར། །ཕྱག་རྒྱ་སྔགས་ཀྱིས་སྦྱོར ་བྱས་ཤིང། །རིགས་པའི་ཏིང་ངེ་འཛིན་བསྐྱེད་པ་ཡིས། །དེ་དག་ཐམས་ཅད་བཅུད་རྫོགས་ཏེ། །རྟག་ཏུ་གཟི་མདངས་རྒྱས་པར་འགྱུར། །ཕ་རོལ་གནོན་པའི་རྩལ་དག་གིས། །འཁྲུལ་འཁོར་མཚོན་ཆའི་ཕྱག་རྒྱ་རྣམས། །མཉམས་རང་གི་མཚན་ཉིད ་རྫོགས། །སྔགས་དང་ཕྱག་རྒྱས་སྦྱངས་བྱ་སྟེ། །ཁྲོ་བོ་བརྗིད་པའི་སྟོབས་ལྡན་པས། །མི་མཐུན་གནས་ཀུན་གཞོམ་པའི་ཕྱིར། །ཇི་སྲིད་བརྟན་པར་མ་གྱུར་པ། །དེ་སྲིད་བསྒོམ་བཟླས་རྩེ་གཅིག་ཏུ། །ཁྲོ་བོའི་ཚོགས་ཀུན་ལེགས་གཞུག་ཅིང། ། ་འཕྲོ་འདུ་ཡང་ཡང་དོན་སྤྱོད་པ། །རིགས་ཀྱི་དཀྱིལ་འཁོར་མངོན་སྦྱོར་མཐུས། །སྡེ་དཔུང་འཇོམས་པའི་སྟོབས་རྫོགས་འགྱུར། །དེ་དག་དཀྱིལ་འཁོར་ཇི་ལྟ་བུར། །ཡང་དག་བརྟན་པས་སྔགས་རྣམས་དང། །ཕྱག་རྒྱའི་སྟོབས་བསྐྱེད་སྦྱོར་བྱས་ནས ་མཚོན་ཆ་སོ་སོའི་ཚུལ་བཞིན་དུ། །འདེབས་ཤིང་འཕངས་པ་དྲག་པོའི་ཚོགས། །ཚར་བཅད་བསྒྲལ་ཞིང་བརླག་པར་འགྱུར། །མི་གཉིས་ཡེ་ཤེས་ཆེ་སྦྱོར་བའི། །ཟབ་ཅིང་རྒྱ་ཆེ་དཀྱིལ་འཁོར་ཉིད། །ཐོག་མཛའ་ཨི་ཡུལ་ལས་འདས་པའི་དངོས། ། ་དཔལ་མཆོག་དང་པོའི་མཚན་ཉིད་ཅན། །ཉོན་མོངས་དྲག་པོའི་གནས་ཚོགས་བསྐྱེད། །དོན་ཀུན་འཇོམས་བྱེད་ཐམས་ཅད་སྐུ། །ཆ་ལུགས་ཇི་བཞིན་གསལ་ལྡན་པ། །ཐབས་དང་ཤེས་རབ་སྙོམས་འཇུག་ནས། །རྣམ་པར་སྤྲོས་པའི་ལས་རྣམས ་ཀུན། །དེ་ལྟར་སྡེར་བཅས་མནན་པའི་ཚུལ། །རྐང་པ་བརྐྱང་དང་གནོན་པ་དང། །བསྐུམ་ནས་འདེགས་པའི་སྟབས་དག་ནི། །ཕྲིན་ལས་བཞི་ཡི་སྦྱོར་བས་ཏེ། །ཕྱག་རྒྱ་བསམ་གཏན་སྔགས་བཅས་པས། །གཡས་གཡོན་སྦྱོར་བའི་རྒྱ་གཟུང་ཞིང། ་གཟུགས་རྣམས་གཞོམ་ཞིང་མནན་པར་བྱ། །རིགས་ཀུན་སྦྱོར་བའི་ཏིང་འཛིན་གྱིས། །ལས་ཀུན་དཀྱིལ་འཁོར་རྣམ་པར་འཕྲུལ། །གཟུགས་སོགས་ཕུང་པོ་ལྔ་རྣམས་དང། །དེ་རྒྱུ་ཉོན་མོངས་དྲུག་ལྔའི་ཚོགས། །ཡུལ་བཅས་རྣམ་པར་དག་པའི ་མཐུས། །ཐམས་ཅད་གཉིས་མེད་སངས་རྒྱས་སུ། །ཡོན་ཏན་ཕྲིན་ལས་རོལ་པའི་སྟབས། །རིགས་ཀྱི་དཀྱིལ་འཁོར་ཆེན་པོ་རྣམས། །ཡོངས་བཀུག་དབང་དུ་བསྡུ་བྱ་སྟེ། །བསམ་གཏན་སྔགས་དང་ཕྱག་རྒྱ་མནན། །རང་བཞིན་གཅིག་པའི་བཙུན་མོ ་རྣམས། །དགའ་ཞིང་ལོངས་སྤྱོད་དགྱེས་པས་སྤྱད། །འདི་དག་ཟག་མེད་མཐུ་ལྡན་པས། །གཉིས་མེད་འབྲས་བུ་ཆེན་པོར་སྦྱོར། །ཇི་སྙེད་རྒྱུ་དང་ལས་ཀྱི་ཆོས། །སོ་སོའི་ཐེག་པ་གཞུང་བཞིན་དུ། །བྱང་ཆུབ་ཕ་རོལ་ཕྱིན་པ་དང། །གྲུབ་དང་གཟུང་དང ་མདངས་རྣམས་དང། །རིགས་དང་ཕྱག་རྒྱའི་ཁྱད་པར་ཀུན། །སོ་སོའི་ལས་ཀུན་སྤྱོད་ཅིང་གནོན། །རྒྱུ་འབྲས་གཉིས་སུ་མེད་པའི་ཚུལ། །སོ་སོའི་མཐུ་ཡིས་སྦྱོར་བྱེད་ཅིང། །རྣམ་པའི་དོན་ཀུན་ལས་རྣམས་སྦྲེལ། །བསོད་ནམས་ཡེ་ཤེས་རྫོགས་པའོ། །ཉེ ་བར་སྤྱོད་པ་ལྷ་མོའི་ཚོགས། །དོན་གྲུབ་གསང་བ་ཀུན་ནས་འཇུག་།རིགས་མཐུན་གཙོ་བཟུངས་སྦྱོར་བ་ཡིས། །ཕྱག་རྒྱ་འཕྲུལ་པས་དེ་ནོན་འགྱུར། །ཉོན་མོངས་གནས་ཀུན་རྒྱུ་རྫོགས་པ། །དྲེགས་བྱེད་ལྷ་རྣམས་དབང་མཛད་དེ། །རིགས་ཀུན་དཀྱིལ ་འཁོར་ཆ་ལུགས་ཀྱིས། །བྱིན་བརླབས་གསང་བ་ལྷ་མོ་དག་།རང་གི་སྔགས་དང་ཕྱག་རྒྱའི་མཐུས། །འཇིག་རྟེན་གསུམ་ཚོགས་རྣམ་བཀུག་ཅིང། །མཐུ་རྩལ་རྫུ་འཕྲུལ་འབྲོག་བྱ་སྟེ། །འདའ་བ་མེད་པར་ལས་བཞིན་དགུག་།རིགས་ཀུན ་ཕྲིན་ལས་རྣམ་པའི་སྟོབས། །དྲེགས་བྱེད་སྡེར་བཅས་མནན་བྱས་ཏེ། །ཆུང་མ་རྒྱན་ཚོགས་ཡོ་བྱད་རྣམས། །མཐུ་ཡིས་དབྲོག་ཅིང་ལོངས་སྤྱོད་དོ། །དེ་བཞིན་འཇིག་རྟེན་གསུམ་དག་གི་།མཐུ་ཆེན་སྡེ་བརྒྱད་དབང་ལྡན་སོགས། །ཕྱོགས་སྐྱོང་བཅུ་པོ ་ལ་སོགས་རྣམས། །ཡུད་ཙམ་ཞིག་གིས་འདིར་བཀུག་སྟེ། །གང་གི་རྟེན་ལ་སྦྱོར་བསྟིམས་ནས། །སྔགས་དང་ཕྱག་རྒྱས་དབང་དུ་བྱེད། །མ་ལུས་འཇིག་རྟེན་ཀུན་གྲགས་པའི། །ཞི་དང་རྒྱས་སོགས་ལས་རྣམས་ཀུན། །དེ་དག་རྣམས་འབྱོར་མཐུ ་སྦྱོར་བས། །འབད་པ་མེད་པར་འགྲུབ་པར་འགྱུར། །ལས་ཀུན་དངོས་གྲུབ་ཚོགས་ཤེས་པས། །བདག་གཞན་དོན་ཀུན་སྤྱད་པའི་རྣམས། །མི་འཇིགས་གནས་གསུམ་ཐེག་པ་དང། །རྟེན་འབྲེལ་གསང་བས་ཀུན་བསྟན་པའོ། །དེ་ལྟར་དགུག་དང་དབྱེ་བ ་དང། །བསོད་དང་སྐྲོད་དང་རིངས་པ་དང། །རྨུགས་པ་ལ་སོགས་ལས་རྣམས་ཀུན། །འདི་ཉིད་མཐུ་ཡིས་གྲུབ་པར་འགྱུར། །སོ་སོའི་ཏིང་འཛིན་སྔགས་བཅས་པས། །རྟེན་ཅིང་འབྲེལ་པས་སྤྱང་བྱས་ཏེ། །དོན་ཀུན་གསང་བས་སྣ་ཚོགས་པའི། ། ་ཚུལ་རྣམས་སྣ་ཚོགས་བརྗོད་པ་བཞིན། །བསོད་ནམས་ཡེ་ཤེས་ཚོགས་ཀུན་གྱི། །ཐུན་མོང་ཆོ་ག་བཞིན་གྱུར་པའི། །ཡི་གེ་ཕྲེང་བའི་འཁོར་ལོ་དག་།བྱིན་རླབས་ཚོགས་བསྐྱེད་བརྩམ་པར་བྱ། །རང་གི་ལྷ་ཡི་རྣལ་འབྱོར་གྱིས། །བསྙེན་རྫོགས ་སྒྲུབ་པ་ཚུལ་བཞིན་དུ། །རྟེན་ཅིང་དཀྱིལ་འཁོར་ལ་སྦྱོར་བས། །དེ་དག་གསང་སྔགས་བརྗོད་པ་གདོན། །ཐོག་མར་འཁོར་ལོ་ཚུལ་བཞིན་དུ། །རྩིབས་བརྒྱད་བཅུ་དྲུག་མུ་ཁྱུད་གཉིས། །ཱ་ལི་ཀཱ་ལི་མཉན་བྱས་ཏེ། །ཤར་གྱི་གནས་སུ་སྦྱོར་བར་བྱ། ། ་འཁོར་ལོ་མུ་ཁྱུད་བཞི་རྣམས་ལ། །ཡི་གེ་གསང་སྔགས་རྫོགས་པར་དགོད། །དྲག་དལ་རིང་ཐུང་ཚུལ་བཞིན་དུ། །གཡས་གཡོན་ཕྲེང་བ་ཐབས་ཤེས་རྒྱ། །ོཾ་ཨཱ(རྒྱུད་འགྲེལ་སྔགས་ཕྲེང་བས་བསྒྱུར་བྱས་པའི། །འཁོར་ལོས་གནས་ཀུན་དག་པར་འགྱུར། །འདི་ནས་དམ་ཚིག་དཀྱིལ་འཁོར་རྣམས། །གསལ་བར་བསྐྱེད་ཅིང་བརྟན་བྱས་ནས། །ཡེ་ཤེས་ལྷ་དང་གཉིས་མེད་པར། །ཕྱག་རྒྱ་བཞི་ཡིས་རྒྱས་བཏབ་ཅིང། །མཆོད་བསྟོད ་ལྷག་གནས་ཆོ་ག་རྫོགས། །དུས་ཀུན་ཚོགས་བསགས་དངོས་གྲུབ་བཞི། །འཇུག་པ་པོ་རྣམས་ཕྲིན་ལས་སྣ་ཚོགས་འགྲུབ་པའི་ཆོ་ག་སྟེ་བཞི་པའོ།། །།དེ་ནས་དངོས་གྲུབ་བཟང་པོ་ནི། །བདག་གཞན་ཀུན་ལ་ཕན་ཕྱིར་དུ།། ་མཉམས་ཀུན་ལ་འཇུག་པའི་སྒོ། །དོན་ཀུན་གསང་དང་སྤྱད་པར་བྱ། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་ཞིང། །གཟུགས་དབྱིབས་ཐམས་ཅད་ལྡན་པའི་རྒྱ། །བྱིན་བརླབས་དབང་བསྐུར་གནས་རྫོགས་པས། །སྔོན་དུ་བསྙེན་ཅིང་སྒྲུབ་པ་དང། །རྟེན་གྱི ་མཚན་མ་གོམས་བྱས་ཏེ། །ལས་ཀུན་བྱ་བའི་སྒོ་རྣམས་དང། །ཕྱི་རོལ་པྲ་སེ་ཆོ་ག་དང། །རྟེན་འབྲེལ་མཐུ་ལས་བརྟག་པར་བྱ། །འབྱུང་བ་ལྔ་ཡི་ཁམས་ཀུན་ལས། །རང་རིག་སྦྱོར་བའི་ཕྱག་རྒྱ་སྔགས། །སྦྱང་ཞིང་བྱིན་བརླབས་བསྲུང་བྱས་པས།། ་དོན་ཀུན་ལྷ་ཡི་ངོ་བོ་ཉིད། །ཡང་དང་ཡང་དུ་སྔགས་བརྗོད་ཅིང། །ཡི་གེ་གཅིག་ལས་ཀུན་སྟོན་འགྱུར། །དེ་ལྟར་ཕྱི་ནང་སྣ་ཚོགས་བདག་།རིགས་ཀྱི་དཀྱིལ་འཁོར་ཆེར་རྣམས་ཀྱི། །ཕྱག་རྒྱས་བརྟན་པའི་ལས་བྱས་པས། །བདེན་བརྗོད་མཚན་མ ་སྣ་ཚོགས་སྟོན། །ནང་གི་ཡེ་ཤེས་ཟག་པ་མེད། །རིགས་ཀྱི་དཀྱིལ་འཁོར་ཆེ་གནས་སྦྱོར། །དེ་ཉིད་ཐུགས་ཀྱི་གསང་བ་མཆོག་།སོ་སོའི་རྟེན་ལ་བསྒྲུབ་བྱ་སྟེ། །སྔགས་བཅས་བདེན་པ་བརྗོད་ཅིང་བརྟག་།དོན་ཀུན་གསང་བ་སྟོན་པར་འགྱུར། །དེ་དག ་ཏིང་འཛིན་གོམས་པ་ལས། །བདེན་བརྗོད་སྔགས་ཀྱི་མཐུ་བསྐྱེད་ཅིང། །དུས་གསུམ་ཆོས་རྣམས་མ་ལུས་པའི། །རང་རིག་ཚུལ་གྱིས་གསལ་བར་བྱེད། །རྡོ་རྗེ་སེམས་དཔའ་ཨི་ཏིང་འཛིན་གནས། །དཀྱིལ་འཁོར་ཕྱག་རྒྱའི་ཆོ་ག་རྫོགས། ་སོ་སོའི་རྟེན་འབྲེལ་རྫས་རྣམས་ལ། །ཕྱག་རྒྱ་སྔགས་བཅས་དོན་རྣམས་བསྒྲུབ། །འདི་དག་རྒྱུ་རྐྱེན་ཚོགས་པའི་མཐུས། །རང་གི་ངོ་བོ་བརྟན་པར་འགྱུར། །རི་ལུ་མིག་སྨན་བཅུད་ཀྱིས་ལེན། །རལ་གྲི་གསེར་འགྱུར་ལ་སོགས་རྫས། །དེ་དག་དམིགས ་པའི་ཡན་ལག་གིས། །ལས་ཀུན་རྫོགས་པའི་དངོས་གྲུབ་འགྱུར། །དཀྱིལ་འཁོར་ཆེན་པོ་ཉམས་དགའ་ཨི་གནས། །ཆོ་ག་ཚོགས་རྣམས་རྫོགས་པའི་གཞི། །དེར་ནི་རང་གི་རྫས་དག་ལས། །དོན་ཀུན་དངོས་གྲུབ་སྐྱེ་བར་འགྱུར། །སོ་སོའི་རིག་པ ་ཕྱག་རྒྱར་བཅས། །ཡུན་རིངས་མཛའ་ཨི་ལས་རྫོགས་པ། །ཇི་བཞིན་འཇུག་པའི་བྱིན་རླབས་ཀྱིས། །བདེན་པའི་ཆོས་ཀུན་གསལ་བར་སྟོན། །ཕུན་སུམ་ཚོགས་པ་བཞིར་ལྡན་པས། །སྔོན་དུ་འགྲོ་བའི་ཡན་ལག་རྫོགས། །ཕྱི་དང་ནང་གི་ཁྲུས་བྱས ་ནས། །སྒྲུབ་པ་ཆེན་པོ་ལ་འཇུག་བྱ། །རིགས་ཀྱི་དཀྱིལ་འཁོར་གང་རུང་བར། །སྔོན་དུ་བསྙེན་པ་རྫོགས་བྱས་ཏེ། །བདུད་རྩི་རྣམ་པ་ལྔ་པོ་དག་།ཤ་ལྔའི་གྲོགས་དང་བཅས་པར་བསགས། །བནདྷ་མཚན་དང་ལྡན་པ་རྣམས། །ཕྱོགས་མཚམས ་དབུས་ཀྱི་གནས་སུ་དགོད། །རིགས་ཀྱི་དཀྱིལ་འཁོར་ཇི་བཞིན་པའི། །ཕོ་བྲང་གདན་ཁང་པ་རྫོགས་ནས། །ཡིག་འབྲུ་ཕྱག་མཚན་སྐུ་ཕྲ་མོ། །སྤྲོ་དང་བསྡུ་བས་ཡོངས་སུ་རྫོགས། །སངས་རྒྱས་ཀུན་གྱི་དམ་ཚིག་ཉིད། །གཉིས་མེད་བསྒོམས་པས་གསལ ་པར་འགྱུར། །འདི་དག་རང་རང་མཐུ་བསྐྱེད་པའི། །བྱིན་རླབས་རྟེན་འབྲེལ་སྟོབས་རྫོགས་ནས། །ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་བསྟིམས། །དགུག་གཞུག་གཉིས་སུ་མེད་པར་གནས། །རང་གི་ལྷ་ཡི་སྦྱོར་ལྡན་པས། །སྲིན་ལག་དང་ནི་མཐེ་བོང་རྩས། །ཞི ་བའི་བཏུང་བ་བཞིན་མྱངས་ན། །རྟག་པ་ཡི་ནི་དངོས་གྲུབ་ཐོབ། །ཚུལ་བཞིན་རིགས་ཀྱི་དཀྱིལ་འཁོར་ཆེ། །འཁོར་ལོ་ཆེན་པོ་གནས་རྒྱས་པར། །བདུད་རྩི་གསང་བ་བསྒྲུབ་བྱ་སྟེ། །རང་རིག་རྒྱུར་རྐྱེན་ཚོགས་པས་སོ། །བསྙེན་བསྒྲུབ་ཡན་ལག ་རྣམ་བཞི་ཡིས། །བྱིན་བརླབས་དཀྱིལ་འཁོར་རྫོགས་བྱས་ཏེ། །རིགས་དང་རིགས་ཀྱི་དཀྱིལ་འཁོར་ཚུལ། །གཉིས་མེད་ཐབས་དང་ཤེས་རབ་གསལ། །འོད་དང་དུ་བ་དྲི་སྒྲ་རྒྱུན། །ལྷ་མོའི་གཟུགས་དང་མང་དུ་འཕེལ། །ཡི་གེ་དགུ་དང་བཅུ་གཅིག་དང། ། ་བཅུ་བདུན་ཉི་ཤུ་རྩ་གཅིག་སོགས། །བར་སྐབས་སྔགས་ཀྱིས་གསལ་བྱས་པས། །ཕྱག་རྒྱའི་གནས་ཀུན་རྫོགས་པར་འགྱུར། །ཉི་ཟླའི་དཀྱིལ་འཁོར་ལ་གནས་པའི། །དམར་པོ་ཧྲཱི(རྒྱུད་འགྲེལ་དཀྱིལ་འཁོར་ཀུན་མཉེས་མཛད། །ཚོགས་ཆེན་ཡོངས་སུ་རྫོགས་པ་ཡི། །དཀྱིལ་འཁོར་གནས་ཀུན་སྤྲོ་བསྡུ་བ། །ཡེ་ཤེས་འཁོར་ལོ་གཞུག་བྱས་ཏེ། །བདུད་རྩི་གསང་བ་ཆེན་པོའི་རྒྱུན། །རྡོ་རྗེ་སེམས་གཙོ་ལྷ་མོར་བཅས། །བསྡུས་དང་རྒྱས་པའི ་འཁོར་ལོ་རྣམས། །དེ་དག་རིམ་གྱིས་ཁྱབ་བྱེད་པའོ། །བདུད་རྩི་ཤེལ་གོང་དག་པའི་གཟུགས། །བསྙེན་སྒྲུབ་ཡན་ལག་རྣམ་པ་བཞི། །ཆོ་གའི་དོན་ཀུན་རབ་ཏུ་རྫོགས། །འདི་དག་སྐྱེད་དང་སྤྲོ་བ་དང། །རྒྱ་ཆེན་སྤྲོས་པས་ཀུན་གསལ་ཞིང། །སངས ་རྒྱས་རིགས་སོགས་འགྲོ་བའི་ཚོགས། །ཀུན་གྱིས་དངོས་པོར་འདི་གྱུར་ཅིག་།ཐམས་ཅད་བསྒྲུབ་པའི་བདག་ཉིད་ཀྱི། །ར་ས་ཡ་ནའི་བདེ་བའོ། །འདིས་ནི་བསྲུང་བ་བྱས་ན་དཔལ། །རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར། །དེ་ནས་ཚེ་གནས་བསྐྱེད་པའི་ཕྱིར ་མཁས་པ་དེ་ཉིད་དཀྱིལ་འཁོར་བཞིན། །ཆོ་ག་རྫོགས་པས་བརྩམས་བྱས་ཏེ། །ཕུན་སུམ་ཚོགས་པས་ཀུན་སྤྱད་རྫོགས། །མགོན་པོ་ཚེ་དཔག་མེད་པའི་སྐུ། །ཆོ་ག་ཤེས་པས་བསྒོམ་པར་བྱ། །བྱིན་བརླབས་རང་གི་ངང་ཚུལ་བསྟན། །ལྷ ་མོའི་ཚོགས་རྣམས་རྫོགས་པར་གནས། །རྟག་ཏུ་བསྙེན་སྒྲུབ་ཡན་ལག་བཞི། །སྦྱོར་བ་བཞི་རྒྱུན་ཆོ་ག་ཚོགས། །ཕྱོགས་དུས་དཀྱིལ་འཁོར་རྟེན་སྡུད་ཅིང། །བཟླས་བརྗོད་གསལ་བས་བརྩོན་པས་འགྲུབ། ཐོད་པ་མཆན་དང ་ལྡན་སྔགས་པ། །རང་གི་དཀྱིལ་འཁོར་གནས་སུ་བཞག་།ཐབས་དང་ཤེས་རབ་འཕྲོ་འདུ་ཡིས། །ཕྱོགས་ཀུན་སངས་རྒྱས་གསལ་བར་འགྱུར། །ཉི་མའི་འོད་ཟེར་སྣ་ཚོགས་པས། །ཚེ་གནས་བྱིན་བརླབས་བསྐྱེད་པར་བྱ། །ཡེ་ཤེས་འཁོར་ལོ ་ཀུན་བསྡུས་ཏེ། །རང་རིག་གནས་ཀུན་རྒྱས་པར་མཛད། །འོད་འབར་གཡོ་བ་ལ་སོགས་ཀྱི། །དངོས་གྲུབ་བཟང་པོ་རྟགས་རྣམས་ཀུན། །ཡི་གེ་བདུན་དང་བཅུ་གཅིག་པ། །བཅོ་ལྔས་འཕྲོ་འདུ་རྫོགས་པར་འགྱུར། །རྟག་ཏུ་རང་གི་དམ་ཚིག་ནི། །གནས ་ཀུན་རྒྱས་པར་བྱེད་པའི་མཆོག་།རིགས་ཀུན་དཀྱིལ་འཁོར་གནས་གསལ་བས། །ཕྲིན་ལས་བཞི་ཡི་དངོས་གྲུབ་འགྲུབ། །དེ་དག་དཀྱིལ་འཁོར་རྒྱ་ཆེན་དང། །སྡུས་ཚོགས་གང་ལ་མོས་པ་བཞིན། །དམིགས་པར་བྱ་བའི་བསྒྲུབ་བྱ་རྣམས། །ཕྱག ་རྒྱའི་དཀྱིལ་འཁོར་སོ་སོའི་གནས། །ཕྲིན་ལས་གསང་བ་འདི་རྒྱུད་ཀྱིས། །སོ་སོའི་ཕྲིན་ལས་མཉམ་པར་སྦྱོར། །རང་གི་གསང་སྔགས་ཇི་ལྟ་བ། །རང་གི་ཏིང་འཛིན་རྩེ་གཅིག་ཉིད། །དོན་ཀུན་གསང་བ་ལ་དམིགས་ཏེ། །ཕྱག་རྒྱའི་གནས་ཀུན ་རྫོགས་པར་སྤྱད། །དེས་ནི་ཞི་རྒྱས་དབང་དྲག་གི་།དངོས་གྲུབ་ཐུན་མོང་ལས་འཕགས་པའི། །རྣམ་པ་མང་པོ་མཚན་ལྡན་ཞིང། །དེ་དག་ལས་ཀུན་རྫོགས་པར་བྱེད། །དོན་འདི་གསང་བ་ལ་བརྟེན་ནས། །རྒྱ་ཆེན་སྔགས་དོན་ཚུལ་མང་པོ། །དེ་ཉིད ་རྣམ་ཀུན་གསལ་འགྱུར་ཏེ། །ཐོགས་པ་མེད་པར་འགྲུབ་པའོ། །རྟག་ཏུ་རང་གི་དམ་ཚིག་གནས། །དེས་ནི་དངོས་གྲུབ་ཀུན་སྦྱོར་ཞིང། །འགྲོ་བ་རྒྱ་ཆེན་ལ་དམིགས་པས། །མཆོག་གི་ཡེ་ཤེས་བསྒྲུབ་པར་བྱ། །བསྙེན་སྒྲུབ་ཀུན་གྱི་སྔོན་འགྲོ་བའི། །ཆོ་ག་རྒྱ ་ཆེན་རྫོགས་གྱུར་ནས། །རིགས་ཀྱི་དཀྱིལ་འཁོར་ཚུལ་བཞིན་དུ། །རང་རིགས་དངོས་གྲུབ་རྣམ་པར་སྦྱོར། །རྟེན་གྱི་དབྱེ་བ་རྣམ་བཞི་སྟེ། །དབང་པོ་ཡུལ་དུས་བསྙེན་སྒྲུབ་སོགས། །རང་གི་འཇུག་པ་ཚུལ་བཞིན་དུ། །ཆོ་ག་རྫོགས་པའི་ཡན་ལག་རྣམས། ། ་ཕྱག་རྒྱའི་གནས་ཀུན་ལ་བརྟེན་ནས། །དོན་དམ་གསང་བ་སྤྱད་པར་བྱ། །གཅིག་བཞིན་དུ་ནི་གཅིག་སྤྱོད་པ། །ལྷན་ཅིག་སྤྱོད་པ་རྗེས་སྤྱད་སྡུག་།གོ་རིམ་སོ་སོའི་ཁྱད་པར་དག་།མ་འདྲེས་གསལ་བས་དོན་ཀུན་རྫོགས། །ང་ཡི་དམ་ཚིག་དེ་འབྱུང་བ། ། ་སྡུག་པའི་དམ་ཚིག་བདག་རྗེས་འབྲང། །ཤིན་ཏུ་སྦྱོར་དང་སྦྱོར་ཆེན་པོ། །ཐམས་ཅད་བདག་ཉིད་དམ་ཚིག་མཆོག་།དེ་དག་ཚུལ་གྱིས་ལས་ཀུན་ལ། །རྣམ་པར་སྦྱོར་བས་རྫོགས་པར་འགྱུར། །དངོས་གྲུབ་མཆོག་གི་མཆོག་སྦྱོར་བ། །ཕྱག་རྒྱ་ལ་གནས ་གསང་བས་འགྲུབ། །རྣལ་འབྱོར་ཐམས་ཅད་བདེ་བ་ཡི། །རྗེས་སུ་སྦྱོར་བས་མཆོད་བྱེད་ཅིང། །ཀུན་ལ་མྱང་བར་བྱེད་པས་ན། །ཤིན་ཏུ་སྦྱོར་བས་རབ་འགྲུབ་འགྱུར། །སངས་རྒྱས་ཐམས་ཅད་བདག་ཉིད་ཀྱི། །ར་ས་ཡ་ནའི་བདེ་བ་ངེས། །རྡོ་རྗེ་སེམས་དཔའ་ ་ཚེ་འགྲུབ་པའི། །ལང་ཚོ་དང་མེད་བདེ་མཆོག་འགྲུབ། །སངས་རྒྱས་ཀུན་གྱི་སྐུ་ཆེན་དང། །སངས་རྒྱས་ཀུན་གྱི་གསུང་སྙན་པ། །སངས་རྒྱས་ཀུན་གྱི་ཐུགས་ཆེན་པོ། །སངས་རྒྱས་ཀུན་གྱི་མཆོད་པ་ཆེ། །སངས་རྒྱས་ཀུན་གྱི་རྒྱལ་ཆེན་པོ། །རྡོ་རྗེ ་འཛིན་པ་ཀུན་གྱི་བདག་།འཇིག་རྟེན་དབང་པོ་ཀུན་གྱི་གཙོ། །རིན་ཆེན་དབང་ཕྱུག་ཀུན་གྱི་བདག་།དེ་དག་དང་ནི་དགའ་སྤྱད་ན། །འདོད་པ་བཞིན་དུ་འགྲོ་འོང་ལྡིང། །ལྷ་མོ་ཀུན་གྱི་གྲུབ་ཆེན་པོ། །འཁོར་ལོ་གྲུབ་པ་རབ་ཏུ་གྲུབ། །ཐེག་ཆེན་གསང་བ ་གཉིས་མེད་པའི། །དོན་མཆོག་འབྲས་བུའི་ལམ་སྟོན་པ། །རྒྱལ་བ་ཀུན་གྱི་དགོངས་མཛད་དེ། །རྗེས་སུ་འཇུག་པས་སྤྱད་པའི་ལམ། །འདི་དག་དོན་ཚོགས་རྒྱ་ཆེན་ལས། །ཉེ་བར་བསྟན་པའི་ཆོ་ག་རྣམས། །བདག་དོན་སྒྲུབ་པའི་ཐབས་ཙམ་ཞིག་། ་ལེགས་བཤད་གསལ་བར་བྱས་པ་ཡིན། །སངས་རྒྱས་རྣམས་ཀྱིས་གང་བསྟན་པ། །དེ་དག་བྱང་ཆུབ་སེམས་དཔའ་ཨི་ཡུལ། །མཆོག་ཏུ་གྱུར་པའི་རྣལ་འབྱོར་པས། །དེ་གསལ་སྒོ་རྣམས་གཟུང་བར་འོས། །ཐུན་མོང་དང་མཆོག་གི ་དངོས་གྲུབ་བསྟན་པའི་ཆོ་ག་སྟེ་ལྔ་པའོ།། །།དམ་པའི་བཀའ་དོན་རྒྱ་ཆེན་པོ། །རྣམ་ཀུན་སྡུད་པར་སུ་ཡི་ནུས། །དེ་དག་དོན་ནི་འདོར་བྱེད་པ། །ཚུལ་ལྡན་གསང་བའི་མན་ངག་མཆོག་།ལེགས་བཤད་དྲི་མེད་དགེ་བ ་བཟང། །ཆོ་གའི་གནས་ཀུན་རྣམས་གསལ་བས། །འཇིག་རྟེན་འདི་དག་ཀུན་སྒྲོལ་ཞིང། །ཐམས་ཅད་མཁྱེན་ཉིད་རྫོགས་གྱུར་ཅིག་།དཀྱིལ་འཁོར་ཐམས་ཅད་ཀྱི་རྗེས་སུ་བསྟན་པ་ལ་འཇུག་པའི་ཆོ་ག་ལྔ་པ་ཞེས་བྱ་བ། །སློབ་དཔོན་ཆེན་པོ་ཀུ ་ཀུ་རཱ་ཛས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་བཛྲ་ཧ་ས་དང། སྒྲ་བསྒྱུར་གྱི་ལོ་ཙ་བ་?་རིན་མཆོག་གིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །། *། །སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་དཀྱིལ ་