| Wylie | e-texts based on the ACIP/ALL Input |
ལ་ཕབ་པའོ།། །།རྡོ་རྗེ་ཉི་མའི་གསང་དོན་རྣམ་པར་དགོད་པ་བཞུགས་སོ། *། །རྒྱ་གར་སྐད་དུ། ཤྲཱི་བཛྲ་རཏན་པྲ་བྷ་གུ་ཧཡཱ་རྠ་དྷ་རོ་བྱཱུ་ཧེ་ནཱ་མ། བོད་སྐད་དུ། དཔལ་རྡོ་རྗེ་རིན་ཆེན་ཉི་མའི། གསང་བའི་དོན་རྣམ་པར་དགོད་པ་ཞེས་བྱ་བ། ་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་བདག་རྣམ་འཕྲུལ་སྟོན། །མི་འགྱུར་འཇོམས་མཛད་ཆགས་པ་མེད། །ཟག་མེད་འབྱུང་གནས་ལས་ཀུན་དག་།མུན་སེལ་དཀྱིལ་འཁོར་ལ་ཕྱག་འཚལ། །ཞེན་ཆགས་འཇུངས་དང་བཀྲེན ་སོགས་འཇོམས། །རིན་ཆེན་ནོར་སོགས་སྦྱིན་མཛད་པའི། །རྡོ་རྗེ་ཉི་མའི་གསང་དོན་དགོད། །རབ་བསྡུས་དེ་འཇུག་དོན་ཕྱིར་བཤད། །རང་བཞིན་ངང་ཚུལ་བཟང་ལས་བྱུང། །གཉིས་མེད་ཡོན་ཏན་སྐྱེ་བས་ཐོབ། །སྐྱབས་འགྲོ་བྱང་སེམས་སྡོམ་པ་ཅན། །དབང་ཐོབ ་དམ་ཚིག་འཇིགས་མེད་པ། །ཐེག་ཆེན་གསང་སྔགས་བློ་གྲོས་མཆོག་།རྡོ་རྗེ་ཉི་མ་ལ་དགའ་བས། །ཕྱི་ནང་གཡེང་བ་རབ་སྤངས་ཏེ། །རང་གི་འདོད་དོན་འབྲས་བུ་གཉེར། །རྒྱལ་པོའི་ཕོ་བྲང་དགའ་བ་དང། །པདམོ་སྐྱེད་མོས་ཚལ་ཉིད་དུ། །རྣམ་པ་སྣ་ཚོགས་དུ་མ་ཡི། ་རྒྱལ་པོའི་དགོས་པ་བསྒྲུབ་པར་བྱ། །འགྲོ་ལ་སྙིང་རྗེ་ཆེན་པོ་ཡིས། །བདག་གཞན་སྒྲོལ་བར་དམ་བཅས་ནས། །སྦྱོར་ལྡན་ནུས་མཐུ་གསུམ་བསྐྱེད་པས། །བདག་དང་འགྲོ་བ་སྦྱང་བ་དང། །དབང་པོའི་དཀྱིལ་འཁོར་མདུན་དམིགས་ཏེ། །དང་པོ་བྱ་བའི་རིམ་རྫོགས ་སྦྱང། །སྒྲིབ་ཚོགས་ལས་སྒྲོལ་དག་བྱེད་པའི། །སེམས་ཅན་ཚད་མེད་བློ་ཡིས་གཟུང། །བར་ཆད་བགེགས་བསལ་སྲུང་བྱེད་པའི། །འཁོར་ལོ་མེ་འོང་ར་བ་གུར། །ཕྱོགས་བཅུ་ཁྲོ་བོའི་ཚོགས་བསྐྱེད་པའི། །ཆོ་གས་རང་གི་ལས་བཞིན་བསྒོམ། །ཐམས ་ཅད་སྤྲོས་བྲལ་དེ་བཞིན་ཉིད། །གཉིས་མེད་བྱང་ཆུབ་སེམས་དབྱིངས་ལས། །འགྲོ་བ་ཁྱབ་པའི་སྙིང་རྗེའི་རྒྱུན། །སྟོང་གསལ་ནམ་མཁའ་ཨི་ཤུགས་ལྟར་འབྱུང། །རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ། །རྣམ་འཕྲུལ་ཏིང་འཛིན་གནས་པ་བཞུགས། །ེ་ཡཾ་བཾ་ལཾ ་མཾ་སུཾ་རཾ། ཨོཾ་ན་མ(རྒྱུད་འགྲེལ་གཤེགས་ཡོན་ཏན་སྣང་བའི་གནས། །སྣ་ཚོགས་པདྨ་རིན་པོ་ཆེ། །འཁོར་ལོ་སྣ་ཚོགས་རྡོ་རྗེའི་དབུས། །ཁང་པ་གྲུ་བཞི་སྒོ་ཁྱུད་དང། །རྟ་བབས་བཞི་ཡིས་མཛེས་བྱས་པ། །ས་གཞི་ནམ་མཁའ་ལོགས་ཀྱི་ཕྱོགས། །རིགས་ཀྱི་རིན་ཆེན་འཚེར་བ་དང། ། ་རང་བྱུང་ཉི་ཤུ་རྩ་ལྔའི་འོད། །?་ལྔའི་རྩིག་པ་དྲ་བར་ལྡན། །དྲ་ཕྱེད་རིན་ཆེན་ཕ་གུས་མཚན། །ནོར་བུས་མཚན་པའི་ཀ་བ་བརྒྱད། །རིན་ཆེན་མུ་ཏིག་མེ་ཏོག་ཕྲེང། །རྒྱན་མཚན་བླར་རྔ་ཡབ་གདུགས། །འདོད་ཡོན་ལྔ་ཡི་ལྷ་མོ་འཁྲུངས། །ཟླ ་ཕྱེད་རྡོ་རྗེ་རིན་ཆེན་དང། །བ་དན་དྲིལ་བུ་སྒྲ་སྙན་སྒྲོགས། །ཕོ་བྲང་རིན་ཆེན་ཟུར་བརྒྱད་པ། །ཐིག་བཞིས་ཕྱེ་བའི་རིའུ་མིག་བརྒྱད། །མཚམས་ཕྱེད་རིན་ཆེན་ཕྲེང་བས་མཛེས། །པད་མཚན་རིན་ཆེན་མུ་ཁྱུད་ཕྲེང། །མཚམས་སུ་བུམ་པ་གང་བ་བཞི?། །རིགས ་ཀྱི་མཚན་མས་རྣམ་པར་མཛེས། །བར་ཁྱམས་ཆ་ཡི་མཚམས་བཞི་དང། །སྒོ་ནས་ལ་སོགས་པདྨའི་གདན། །ཕྱི་རོལ་ར་བ་རིམ་གསུམ་བརྒྱན། །ཕྱོགས་བརྒྱད་དུར་ཁྲོད་ཆེན་པོ་བརྒྱད། །དེ་མཛའ་འདོད་པའི་ལོངས་སྤྱོད་དང། །རྡོ་རྗེ་ར་བས ་བསྐོར་བའོ། །ཤིན་ཏུ་གདུག་ཅིང་དྲག་པོ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་སྦྱོར་བ་ཡིས། །རྣམ་པར་རྒྱལ་ཕྱིར་རབ་ཏུ་གྲགས། །དངོས་པོ་མེད་པར་བདག་སྦྱོར་བས། །ནམ་མཁའ་ཀུན་དང་མཉམ་པའོ། །རྣམ་ཐར་སྒོ་བཞི ་སྙོམས?་འཇུག་གི?་འགོག་གནས་གདུལ་བྱའི་དོན་བྲལ་བ། །ཕྱོགས་བཅུའི་རྒྱལ་བས་བསྐུལ་མཛད་དེ། །མངོན་བྱང་ལྔ་ཡི་རྫོགས་སྐུར་གྱུར། །སེམས་དང་སེམས་དཔའ་ཨི་ཏིང་ངེ་དང། །བྱང་ཆུབ་སྤྱོད་པ་སྣ་ཚོགས་ཉིད། །དེ་བཞིན་བདུད་དང་བདུད་ལས་རྒྱལ། ་དོན་བྱང་ཆུབ་སངས་རྒྱས་ཡིན། །ོཾ་མཧཱ་སུ་ཁ་བཛྲ་སཏྭ་ཨཱ:། ཛ(རྒྱུད་འགྲེལ་ཊཝཱཾ་དྲིལ་བཅས་འཁྲོ་བ། །འོག་མ་གཉིས་ཀྱིས་མངའ་དང་གཞུག་མཚན་དཔེ་ཕྱག་རྒྱ་ལྔ་ཡིས་མཛེས། །སྟོད་གཡོགས་དར་དཀར་གསེར་རིས་ཅན། །སྐུ་སྨད་ཚིགས་གུའི་ན་བཟའ་ལ། །རིན་ཆེན་ཕྲེང་བའི་རྐེད་ཆིངས་འདྲིལ། །མགུལ་དུ་དོ་ཤལ་དཔུང་རྒྱན ་??་ཕྱག་ཞབས་དཔུང་རྒྱན་སེ་མོ་དོ། །རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་ནི། །གནས་ལྔ་དག་ཏུ་གཏུག་བྱ་སྟེ། །སྔགས་ཀྱི་བདེ་གཤེགས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་སོགས་རྣམ་པར་བསམ། །ོཾ་ན་མ(རྒྱུད་འགྲེལ་ཨཱཏྨ་ཀོཉཧཾ། ལུས་ཀྱི་བ་སྤུའི་གནས་རྣམས་སུ། །དཀྱིལ་འཁོར་དྲུག་གི་རྡུལ་ཕྲན་གནས། །མཁའ་དབྱིངས་དབང་ཕྱུག་ཕྱག་རྒྱ་ཡིས། །གནས་ཀུན་བྱིན་གྱིས་བརླབ་པར་བྱའོ། །ོཾ་དྷརྨཱ་དྷཱ་ཏུ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ། །རྡོ་རྗེ་ཐལ་མོ་མཉམ་སྦྱོར་བ། ། ་མཛུབ་མོ་མཉམ་སྡེའི?་རོལ་དགུག་།མཐེ་བོང་གཉིས་ནི་རབ་ཏུ་བརྒྱན། །རྡོ་རྗེ་ནོར་བུ་ཞེས་ཀྱང་བྱ། །དཔྲལ་བར་མི་གུ་བཞག་པ་ནི། །བསམ་པ་ཐམས་ཅད་རྫོགས་བྱེད་པའོ། །ཏྲཾ་ཨ་བྷ་ཥིཉྩ་མཾ། རཏན་མ?་ལེ་ཨ་བྷི་ཥིཉྩ་ཨོཾ། པཊཊ་ལཾ་ཨ་བྷི་ཥིཉྩ་ཨོཾ། ་?་ཤཱུ?་?་ཧོ། །བྱིན་རླབས་རིགས་ཀྱིས་དབུ་རྒྱན་གྱིས། །རྒྱུ་ཡི་མགོན་པོ་རྡོ་རྗེ་འཆང། །དཔལ་ལྡན་རྡོ་རྗེ་ཉི་མ་རུ། །མ་ལུས་མཚན་མ་རྒྱན་གསལ་གྱུར། །གསེར་གྱི་རིལ་ཉི་ཤར་བཞིན། །ཞལ་བཞི་ཕྱག་བཞིས་རྣམ་མཛེས་པ། །གཡས་ན་མངའ་ ་དང་རལ་གྲི་འཛིན། །གཡོན་གཞུ་ཉི་དཀྱིལ་རྡོ་རྗེས་མཚན། །འོད་ཀྱིས་དཀྱིལ་འཁོར་རྣམ་ལྔས་བསྐོར། །འཛུམ་བཅས?་གཡོན་མིག་གྱེན་དུ་བཏེག་།ལ་ལར་ཉུང་ཞིག་ཁྲོམ་པ་ལ། །བྱུ་རུ་དམར་པོའི་མདངས་ལྡན་སྐུ། །ཞབས་གཉིས་སྐྱིལ་ཀྲུང་ལེགས ་བཞུགས་ཤིང། །སྔ་མའི་རྒྱན་གྱིས་བྱས་པའོ། །རང་འོད་ངོ་བོར་ལས་བྱུང་བའི། །མཐིང་ཤུན?་མདོག་འདམ་མ་ཀཱི། །ཞལ་གཅིག་ཕྱག་གཉིས་སྒྱུ?་རྩལ་ཅན། །ཕྱག་གཉིས་རིན་ཆེན་ཐོད་པ་འཛིན། །རིན་ཆེན་སྣ་ཚོགས་ཕྲེང་བ་དང། །ན་བཟའ་དྲིལ་བུ་རྐེད ་བཅིངས་ཅན། །ཕྱུང་ནས་བྱིན་གྱིས་རླབས་མཛད་དེ། །ཐབས་དང་ཤེས་རབ་ལྡན་པར་གྱུར། །གནས་བཞི་ཡིག་མཚན་མ་སྔགས། །དཀྱིལ་འཁོར་གདན་ལ་ལེགས་གནས་རྣམས། །སྤྲོ་དང་བསྡུ་བའི་རིམ་པ་ཡིས། །ཕྱག་རྒྱ་བཞི་ཡི་རྣམ་པར་གསལ། །?? ་མོའི་བུམ་པས་ཁྲུས་བྱས་ཏེ། །དབང་བསྐུར་རིགས་ཀྱི་བདག་པོར་བསམ། །ཏྲཾ་ལས་བསྐྱེད་པའི་ལིང་ག་ནི། །རིན་ཆེན་གསལ་ལམ་ཕཊ་ཀྱིས་མཚན། ། ཡིས་དག་བྱས་བྷ་གའི་དབྱིབས། །པད་འདབ་བརྒྱད་ལ་ཨེ་གནས་པ། །སྣ་ཚོགས ་བརྡའ་ཡིས་བསྐུལ་བྱས་ནས། །ཐབས་ཤེས་གཉིས་མེད་རོལ་པར་མཛད། །ཏྲཾ་པྲ་བེ་ཤ་ཕཊ། ཨ་ལ་ལ་ལ་ཧོ། བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས། །ཕྱོགས་བཅུའི་དཀྱིལ་འཁོར་མཉེས་པར་མཛད། །ལྷ་རྣམས་རང་ལ་གཞུག་བྱ་སྟེ། །གཉིས་ཀའི ་དགའ་བ་རབ་ཏུ་སྤེལ། །ཁམས་གསུམ་འགྲོ་གནས་དག་པ་དང། །རྣལ་འབྱོར་མཚན་མ་རྣམ་པར་སྦྱང། །གསང་བའི་གནས་སུ་གཞལ་ཡས་ཁང། །རྒྱན་སོགས་ན་བཟའ་སྔོན་བཞིན་འབྱུང། །ཐིག་ལེ་གནས་སུ་མཚན་བྱས་ནས། །སྤྲོས་པ་ཡི་གེའི ་དཀྱིལ་འཁོར་གསལ། །ཏྲཾ་ལས་རྡོ་རྗེ་ཉི་མ་སྟེ། །གནས་ནས་དབུས་ཀྱི་པདྨ་ལ། །ོཾ་ལས་ལྷ་མོའི་དབང་བསྐུར་མའོ། །ཧྲི(རྒྱུད་འགྲེལ་ལྷ་མོ་མདའའཛིན་ཏེ། །ཧཱུཾ་ལས་དེ་བཞིན་རལ་གྲི་འཛིན། །པཾ་ལས་ལྷ་མོ་ཉི་མའོ། །དེ་དག་ནང་གི་རེའུ་ཆ་དང། །རིན་ཆེན་རྩེ་མོའི་ཕྱོགས་བཞིར་གནས། །ོཾ་ལས་གླིང་བུ་ཏྲཾ་པི་བཾ། །པཾ་ལས་རྔ་ཆེན་ཛ་རྫ་རྔ། །མེ་མཚམས་ལ་སོགས་རེའུ་མིག་ཏུ། །ལྷ་མོ ་བཞི་ནི་གནས་པ་ཡིན། ། ཨ་མེ་ཏོག་སྤོས་མེ་མ། ། ཨ(རྒྱུད་འགྲེལ་མེ་འབར་མ། །ཧོ(རྒྱུད་འགྲེལ་བན་ཅན། །བཛྲ་རཏན་ཧཱུཾ། གཏེར་ལྡན་དམར་སེར་ཕྱག་གཉིས་མ། །རིན་ཆེན་གཉིས་ཀྱི་བུམ་པ་བསྣམས། །བཛྲ་དྷརྨཱ་པཾ། རྒྱལ་མཚན་མཆོག་ལྡན་དཀར་མདོག་མ། །རིན་པོ་ཆེ་ཡི་རྒྱལ་མཚན་མཆོག་།ོཾ་བཛྲ་ཀརྨ་ཧོ:། མཆོག་ཆེན་ལྗང་སྔོན་རིན་ཆེན་མདོག ་ཚུལ་དང་གཟི་བརྗིད་ཆེན་པོ་སྟོན། །གཞུ་དང་མདའ་དང་རལ་གྲི་དང། །དེ་བཞིན་དུ་ནི་འབར་བའི་མེ། །མདངས་གསལ་འཛུམ་དང་བཅས་པའི་རྒྱན། །གཡོན་པ་འབྱེད་ཅིང་གྱེན་དུ་འདེགས། །རྡོ་རྗེ་པུས་མོ་གཉིས་བཅིངས་ཏེ། །སྐྱིལ་ཀྲུང་གདན་ལ་ལེགས་པར ་བཞུགས། །བཛྲ་རཏན་བཱ་བྷ་ཏ་ཏ་ཏྲཾ་ཛ། །དབང་བསྐུར་མ་ཡི་དབུ་རྒྱན་ཏེ། །གཏེར་ལྡན་མ་ཡི་རིན་ཆེན་བུམ། །རྒྱལ་མཚན་མཆོག་ལྡན་རིན་ཆེན་ཏོག་།མཆོད་ཆེན་རིན་ཆེན་གཞོང་པ་འགེངས། །མངའ་གཞུ་མ་དང་ཁ་ཊཝཱཾ་ག་།ཉི་མ་མོ་དང་མེ་མོ་ཞི། །རང་གི་མཚན ་གྱི་ཕྱག་རྒྱ་བཞིན། །འགྱིངས་བཅས་གཙོ་བོའི་ཕྱོགས་སུ་འདུད། །གླིང་བུ་མ་སོགས་ལྷ་མོ་ཡི། །ཕྱག་རྒྱའི་དཀྱིལ་འཁོར་སྔ་མ་བཞིན། །རང་བྱུང་ལྷ་མོ་དང་བཅས་པའི། །ཕྱག་རྒྱ་སྔགས་ཀྱིས་གཉིས་མེད་གྱུར། །ཁམས་གསུམ་ཀུན་གྱི་རྒྱལ་སྲིད་སྣ་ཚོགས ་མཆོག་གི་ནོར་ལྡན་པས། །འཇལ་དུ་མ་གཡུལ་འགྱེད་རྣམ་པར་ཁྱད་པར་གྱིས་འདུལ་བ། །རྣམ་པ་སྣ་ཚོགས་འཇལ་དུ་མ་རྣམ་པར་རྒྱས་པའི་རྒྱལ་མཚན་ཅན། །རྡོ་རྗེ་ཉི་མ་རྒྱལ་པོ་བདེ་མཆོག་སྒྱུ་མ་བསྟན་དུ་གསོལ། །སེམས་ཅན་སྤྲིན་ལ་བྱང་ཆུབ ་མཆོག་སྤྲིན་སྣ་ཚོགས་ཆར?་འབེབས་པ། །བདག་གི་རེ་བ་ཀུན་སྒྲུབ་མྱུར་དུ་སྟོན། ། ལ་ལ་ལ་ལ་ཧོ། །མི་ཟད་གཏེར་གྱི་དབང་བསྐུར་ཁྱད་པར་བདག་ལ་སྩལ་དུ་གསོལ། །ཁྱད་པར་འདི་དག་ཐམས་ཅད་བུད་མེད་རྣམས་ཀྱི་ཕྱིར། །རིན་ཆེན་ཚོགས་ཀུན ་ནང་ན་བུད་མེད་རིན་ཆེན་གཅིག་པུ་མཆོག་།བུད་མེད་དྲིན་ཆེན་དག་པ་དམ་པའི་རིན་དུ་ཐམས་ཅད་འགྲོ་། ལ་ལ་ཧོ། །སོ་སོའི་ལྕགས?་ཀྱི་པདྨ་ལ། །ཆོས་ཀྱི་སྙིང་པོ་མཚན་མའི་དཀྱིལ། །ཏྲཱཾ་པ་པ་ཏ་ཊ་ཊ་ཊ་ཏྲ་ཊ། རྡོ་རྗེ་ཐལ་མོ་མཉམ་སྦྱར་ལ། །མཛུབ་མོ་མཉམ ་པར་ཕྱིར་བཀུག་སྟེ། །མཐེ་བོང་རྡོ་རྗེས་གཡོག་པ་ནི། །རྡོ་རྗེ་དཔལ་གྱི་ནོར་བུ་ཡིན། །སྔགས་བཅས་གནས་ནས་དགྲོལ་བར་བྱའོ། །ོཾ་ཨཱ(རྒྱུད་འགྲེལ་ཚིག་དམ་པ་གྲུབ་པར་མཛད་དུ་གསོལ། །མཆོད་པ་ཆེན་པོ་ཐམས་ཅད་དག་པར་མཛོད། །མཆོད་པ་ཆེན་པོ་ཐམས་ཅད་གྲུབ་པར་མཛོད། །མཉམ་པ་ཆེན་པོའི་གནས་ལ་རོལ་ཏུ་གསོལ། །ཐམས་ཅད་དབང་བསྐུར་དབང་ཕྱུག་དམ་པ་མི་ཟད་གཏེར ་མཆོག་བདག་ལ་གྲུབ་པར་མཛད་དུ་གསོལ། །ཀུན་མཆོག་རྒྱལ་མཚན་རྣམ་རྒྱལ་བསྒྲེང་བ་རྡོ་རྗེ་རིན་ཆེན་ཤིན་ཏུ་ཆེ་བ་བདག་ལ་མཛོད། །མཆེ་བ་ཅུང་ཟད་གཙིགས་པའི་ཞལ། །ཁྲོ་ཞིང་འཛུམ་དང་བཅས་པའི་བཞིན། །ཁྲོ་ལས་གྱུར་ཀྱང ་བཅས་ཤིང་འཛུམ། །གསལ་བར་བལྟ་ཞིང་ལེགས་པར་གནས། །སྣ་ཚོགས་བནདྷ་བརྟགས་པ་ལ། །སྣ་ཚོགས་བདུད་རྩིས་རྣམ་པར་བཀད། །ལྔ་ལྔ་ལྔ་ཡི་འཕྲོ་འདུ་ཡིས། །མཚན་མ་རྣམ་པ་ལྔ་དང་ལྡན། །འོད་དང་དུ་བ་དྲི་དང་སྒྲ། །ལྷ་མོའི་གཟུགས ་སྟོན་བདུད་རྩི་འགྲུབ། །རང་བྱུང་གདོང་ནས་རྣམ་པར་དག་།མཉམ་པའི་དོན་ལྡན་རོལ་པར་མཛད། །བྱིན་རླབས་རྒྱན་དང་མཚན་ལྡན་པའི། །མི་མོ་རྣམས་ཀྱི་རེག་བྱའི་མཆོག་།བྱིན་གྱིས་རློབས་ཤིག་རྣལ་འབྱོར་པ། །གསང་བ་ཆེན་པོ་རྣམ་པར ་རོལ། །གྲུབ་པའི་རྫས་འདི་ཐམས་ཅད་ལ། །ཧཱུཾ་དང་ཕཊ་ཀྱིས་ལྡན་པར་མཛོད། །མཉམ་ཉིད་མི་གཡོ་ལ་སོགས་པའི། །བསྟོད་པའི་གླུ་རྣམས་བླང་བྱས་ནས། །སིལ་སྙན་ཀུན་གྱི་སྒྲ་རྣམས་དང། །གར་གྱིས་ལྷ་རྣམས་མཉེས་པར་བྱ། །ཏྲཾ་ཏྲཾ་ཏྲཾ། ་བ་བ་བ་བ་བ་བ་བ་བ?། ཊ་ཊ་ཊ་ཊ་ཊ་ཊ་ཊ་ཊ། ཏྲ་ཏྲ་ཏྲ་ཏྲ་ཏྲ་ཏྲནྟ་ཏྲེ། ཏྲ་ཊ་ཊ་ཏུཏྟེ། ཏ་དུ་ར་ཏྲ། བུ་ཏྲ་ཊ་ཏྲ། བདག་ཅག་དམ་ཚིག་འདི་ལ་མངོན་དུ་ཞུགས་པ་རྣམས། །བཅད་གཏུབས་ལུས་ལ་འབྱུང་བར་མི་འགྱུར་ཞིང། །གྲིབ་མས་ཕོག་པའི་སྡུག་བསྔལ ་མི་བཟོད་པ། ?སྐུ་ཡི་ཕྱོགས་ཙམ་མཐོང་བས་མོད་ལ་འཚོ་བ་དང། །གཟི་མདངས་ལུས་ལ་འཇུག་པར་བྱེད་པ་སྟོང་ཕྲག་གིས། །འོད་ཀྱིས་ཕོག་པས་འཇིག་རྟེན་ཁམས་སུ་སྣང་བ་དང། །ལུས་ངག་སེམས་དང་ཚེ་ན་རྡོ་རྗེར་རབ་གནས་པ། །རེ་སྨོན་ཐམས་ཅད་དུས ་འདིར་གྲུབ་པར་མཛད་དུ་གསོལ། །དེ་ནས་བཟླས་པ་རྣམ་གཉིས་སམ། །ཐིག་ལེ་གཉིས་སམ་ཕྲ་མོ་གཉིས། །རྣམ་དག་མཚན་མ་གསལ་བ་དང། །མཚན་མ་མེད་པའི་དོན་བསམ་བྱ། །མཉམ་ཉིད་དཀྱིལ་འཁོར་ཅཀུན་གྱི་མཆོག་།དོན་དམ་བདེ་བ ་ཆེན་པོའི་སྐུ།?་།དེ་བཞིན་དབྱིངས་དང་ཡེ་ཤེས་ཀྱི། །ལྷ་ཉིད་བརྩོན་པས་བསྒྲུབ་པར་བྱ། །ཐུན་བཞིའི་སྐབས་སུ་གཏོར་མ་གཏད། །རྫོགས་ནས་དཀྱིལ་འཁོར་མཆོད་བསྟོད་ཅིང། །རང་ལས་བྱུང་སྟེ་མདུན་བཞག་ནས། །གསོལ་བཏབ་ལས་ལ་བསྐུལ་བར་བྱ། ། ་ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང། །སླར་ཡང་འགྲོ་བའི་དོན་ལ་དགོངས། །ོཾ་བཛྲ་གཙྪ་མུ(རྒྱུད་འགྲེལ་རྣམ་གསུམ་སེམས་དཔའ་ཧཱུཾ་ལ་ཐིམ། །རིམ་བཞིན་ཐིག་ལེ་མཉམ་པའི་དབྱིངས། །རྗེས་འབྱུང་མཚན་མའི་སྐུར་གནས་ཏེ། །མཚན་དཔེས་རྒྱན་དང་ཆ་ལུག་གསལ། །གོ་ཆ་གོ་བཅིངས་བསྲུང་བྱ་ཞིང། །དབང་བསྐུར་དབུ་རྒྱན་ཅོད་པན་ཅན། །ཀཾ་ཧཾ་ཨོཾ་ཊུ། ཨོཾ ་རཏན་མཱ་ལེ་ཨ་བྷི་ཥིཉྩ་ཏྲཾ། པཊཊ་ལཾ་བ་ཨ་བྷི་ལཾ་བ་ཧཱུཾ། སྤྱོད་ལམ་ཀུན་ཏུ་མ་ཉམས་པར། །ལྷ་ཉིད་དུ་ནི་བསྒོམ་བྱ་སྟེ། །དབང་པོ་སྣང་བ་ཡུལ་དུས་རྣམས། །དཀྱིལ་འཁོར་རོལ་པའི་ཚུལ་དུ་རྟག་།བཟའ་བཏུང་བྱིན་རླབས་མ་ཉམས་བཟླས། །སྒྱུ་མ ་གཉིས་མེད་ཡེ་ཤེས་རོལ། །བྱེད་སྤྱོད་ཚོགས་གཉིས་རྒྱུ་རུ་བརྟག་།ཐམས་ཅད་འགྲོ་བའི་དོན་ཕྱིར་སྤྱད། །ལེགས་དགོས་སྒྲུབ་ཐབས་བསྡུས་པ་ཡིས། །རབ་སྤྱོད་ནོར་བུ་རིན་ཆེན་ངེས། །ཁམས་གསུམ་རྒུད་པ་སེལ་མཛད་ནས། །རིགས་ཀྱི ་དཀྱིལ་འཁོར་གསལ་བྱེད་ཤོག་།དཔལ་རྡོ་རྗེ་རིན་ཆེན་ཉི་མའི་གསང་བའི་དོན་རྣམ་པར་དགོད་པ་ཞེས་བྱ་བ།། །།སློབ་དཔོན་ཆེན་པོ་ཀུ་ཀུ་རཱ་ཛས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ ་བིདྱཱ་ཀ་ར་སིདྷ་དང། ཞུ་ཆེན་གྱི་ལོ་ཙ་བ་བནདེ་ལྷ་རིན་པོ་ཆེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།རྟ་མཆོག་རོལ་པའི་གསང་དོན་རྣམ་པར་དགོད་པ་བཞུགས་སོ།། *། །རྒྱ་གར་སྐད་དུ། ཤྲཱི་གུ་ཀྲ་ལ་བྷ་ཏ་གུ་ཧཡཱརྠ་དྷ་རོ་བྱཱུ་ཧེ་ནཱ་མ། བོད ་