CLOSE WINDOW

N1333: dpal rdo rje he ru ka'i gsang ba'i don rnam par dgod pa zhes bya ba
Wyliee-texts based on the ACIP/ALL Input

ཆེན་གྱི་ལོ་ཙ་བ་བནདེ། ལྷ་རིན་པོ་ཆེས་བསྒྱུར་ཞིང། གཏན་ལ་ཕབ་པའོ།། །།དཔལ་ཧེ་རུ་ཀའི་གསང་དོན་བཞུགས།། *། །རྒྱ་གར་སྐད་དུ། ཤྲཱི་བཛྲ་ཧེ་རུ་ཀ་གུ་ཧཡཱརྠ་དྷ་རོ་བྱུ་ཧ་ནཱ་མ། །བོད་སྐད་དུ། དཔལ་ཧེ་རུ་ཀའི་གསང་བའི་དོན་རྣམ་པར་བཀོད་པ ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་པ་ལ་ཕྱག་འཚལ་ལོ། །ཐམས་ཅད་འབྱུང་གནས་གསལ་བྱེད་ཅིང། །གཉིས་མེད་མ་འདྲེས་མཛད་མཐར་ཕྱིན། །སྟོང་ཉིད་ཡེ་ཤེས་དྲུག་གི་བདག་།ཐུགས་མཆོག་ཁྲོ་བདག་ཕྱག་འཚལ་ཏེ། །དྲེགས་བྱེད་ཞེ་སྡང་ལ་སོགས ་སྐྱེས། །ཉོན་མོངས་ལམ་ཞེན་རུ་ཏྲ་སོགས། །འཇོམས་མཛད་དཔལ་ལྡན་ཧེ་རུ་ཀའི། །གསང་དོན་རྣམ་བཀོད་བཤད་པར་བྱ། །རང་བཞིན་དང་ཚུལ་བཟང་ལས་བྱུང། །གཉིས་མེད་ཡོན་ཏན་སྐྱེ་བས་ཐོབ། །སྐྱབས་འགྲོ་བྱང་སེམས་སྡོམ་པ་ཅན། ། ་དབང་ཐོབ་དམ་ཚིག་འཇིགས་མེད་པ། །ཐེག་ཆེན་གསང་སྔགས་བློ་གྲོས་མཆོག་།ཧེ་རུ་ཀ་དཔལ་ལ་དགའ་བས། །ཕྱི་ནང་གཡེང་བ་རབ་གསལ་ཏེ། །རང་གི་འདོད་དོན་འབྲས་བུ་གཉེར། །དུར་ཁྲོད་དང་ནི་ལྷ་རྟེན་དང། །མ་མོའི་གནས་ལ་སོགས ་འདུག་ནས། །རྡོ་རྗེ་འཛིན་པའི་དགོངས་པ་དག་།རྣམ་པ་དུ་མ་འགྲུབ་པར་འགྱུར། །འགྲོ་ལ་སྙིང་རྗེ་ཆེན་པོ་ཡིས། །བདག་གཞན་སྒྲོལ་བར་དམ་བཅས་ནས། །སྦྱོར་ལྡན་ནུས་མཐུ་གསུམ་བསྐྱེད་པས། །བདག་དང་འགྲོ་བ་སྦྱང་བ་དང། །དབང་པོའི་དཀྱིལ་འཁོར ་མདུན་དམིགས་ཏེ། །དང་པོ་བྱ་བའི་རིམ་རྫོགས་སྦྱང། །སྒྲིབ་སོགས་ལས་གྲོལ་དག་བྱེད་པའི། །སེམས་ཅན་ཚད་མེད་བློ་ཡིས་གཟུང། །བར་ཆད་བགེགས་བསལ་སྲུང་བྱེད་པའི། །འཁོར་ལོ་མེ་འོད་ར་བ་གུར། །ཕྱོགས་བཅུ་ཁྲོ་བོའི་ཚོགས་བསྐྱེད་པའི། ། ་ཆོ་ག་རང་གི་ལས་བཞིན་བསྒོམ། །ཐམས་ཅད་སྤྲོས་བྲལ་དེ་བཞིན་ཉིད། །གཉིས་མེད་བྱང་ཆུབ་སེམས་དབྱིངས་ལས། །འགྲོ་ལ་ཕན་པའི་ཐུགས་རྗེའི་རྒྱུན། །སྟོང་གསལ་ནམ་མཁའ་ཨི་ཤུགས་ལྟར་བྱུང། །རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ། །རྣམ ་འཕྲུལ་ཏིང་འཛིན་གནས་ལ་བཞུགས། །ེ་ཡཾ་བཾ་ལཾ་སུཾ་རཾ། །ོཾ་ན་མ(རྒྱུད་འགྲེལ་ཁ་དོག་དབྱིབས་རྒྱལ་མཚན་མར་བཅས། །བདེ་གཤེགས་ཡོན་ཏན་སྣང་བའི་གནས། །སྣ་ཚོགས་པདྨ་རིན་པོ་ཆེ། །འཁོར་ལོ་སྣ་ཚོགས་རྡོ་རྗེ་དབུས། །ཁང་པ་རྡོ་རྗེ་སྒོ་ཁྱུད་དང། །རྟ་བབས་བཞི་ཡིས་མཛེས་བྱས་པ། །ས་གཞི་ནམ་མཁའ་ལོགས ་ཀྱི་ཕྱོགས། །རིགས་ཀྱི་རིན་ཆེན་འཚེར་བ་ལ། །རང་འབྱུང་ཉི་ཤུ་རྩ་ལྔའི་འོད། །སྣ་ལྔའི་རྩིག་པ་དྲ་བ་དང། །དྲ་བྱེད་རིན་ཆེན་ཕ་གུས་མཆན། །རྡོ་རྗེས་མཚན་པའི་ཀ་བ་བརྒྱད། །རིན་ཆེན་མུ་ཏིག་མེ་ཏོག་ཕྲེང། །རྒྱན་མཚན་བླ་རེ་རྔ་ཡབ་གདུགས། ། ་འདོད་ཡོན་ལྔ་ཡི་ལྷ་མོ་འཁྱུག་།ཟླ་ཆེད་རྡོ་རྗེ་རིན་ཆེན་དང། །བ་དན་དྲིལ་བུ་སྒྲ་སྙན་སྒྲོགས། །ཕོ་བྲང་ཟླ་ཁམས་སྒོ་ཅན་ལ། །རེའུ་མིག་དགུ་པ་ཐོད་པས་མཚན། །སྣ་ཚོགས་པདྨའི་གདན་མཛེས་ཤིང། །རྡོ་རྗེ་ཕྲེང་བས་རྣམ་པར་མཚན། །རྡོ་རྗེ་ར་བས་བསྐོར་བ་ཡིས། ། ་ཐམས་ཅད་ནམ་མཁའ་ཨི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ཁམས་གསུམ་དག་ནི་མ་ལུས་པ། །ཐམས་ཅད་སྒྱུ་མ་ལྟ་བུ་སྟེ། །ཇི་ལྟར་སྒྱུ་མ་ཐམས་ཅད་དུ། །མཐོང་བ་དག་ནི་རེག་པར་འགྱུར། །དམིགས་སུ་ཡོད་པ་མ་ཡིན་ཏེ། །དེ་བཞིན་འགྲོ་བ ་ཀུན་གྱིས་ཚུལ། །རྣམ་ཐར་སྒོ་བཞི་སྙོམས་འཇུག་གོ་།འགོག་གནས་འདུལ་བྱའི་དོན་བྲལ་བ། །ཕྱོགས་བཅུའི་རྒྱལ་བས་བསྐུལ་མཛད་དེ། །མངོན་བྱང་ལྔ་ཡིས་རྫོགས་སྐུར་འགྱུར། །སེམས་དང་སེམས་དཔའ་ཨི་ཏིང་འཛིན་དང། །བྱང་ཆུབ་སྤྱོད་པ་སྣ ་ཚོགས་ཉིད། །དེ་བཞིན་བདུད་དང་བདུད་ལས་རྒྱལ། །དེ་ནི་བྱང་ཆུབ་སངས་རྒྱས་ཡིན། །ོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨཱ(རྒྱུད་འགྲེལ་གཟིགས་ཕྱག་བཞི་པ། །དང་པོ་རྡོ་རྗེ་རྩེ་ལྔ་འབར། །རྡོ་རྗེ་ཁ་ཊཝཱཾ་དྲིལ་བཅས་འཁྲོལ། །འོག་མ་གཉིས་ཀྱིས་མདའ་དང་གཞུ། །མཚན་དཔེ་ཕྱག་རྒྱ་ལྔ་ཡིས་བརྒྱན། །སྟོང་གཡོགས་དར་སེར་ངང་རིས་ཙན། །སྐུ་སྨད་ཚིག་གུའི་ན་བཟའ་ལ། །རིན་ཆེན་ཕྲེང ་བའི་རྐེད་འཆང་འདྲིལ། །མགུལ་དུ་དོ་ཤལ་དཔུང་རྒྱན་དང། །ཕྱག་ཞབས་གདུ་བུ་སེ་མོ་དོ། །རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་ནི། །གནས་ལྔ་དག་ཏུ་གཏུག་བྱ་སྟེ། །སྔགས་ཀྱི་བདེ་གཤེགས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་སོགས་རྣམ་པར་བསམ། །ོཾ་ན ་མ(རྒྱུད་འགྲེལ་ཨཱཏྨ་ཀོ་ཧཾ། ལག་པ་ཤིན་ཏུ་བརྐྱང་བ་ཡི། །མཛུབ་མོ་གཉིས་ནི་མདུད་བར་བཅིང། །གུང་མོ་མཐེ་བོའི་རྩེ་མོ་ཅན། །རྡོ་རྗེ་ཕྱག་རྒྱ་ཡོངས་བསྒྱུར་བཏེག་།བསྐོར་ཞིང་ཀུན་ཏུ་བསྐོར་ནས་ཀྱང། །ཁྲོ་གཉེར་དུ་ནི་ལེགས་བཞག ་བྱ། །ཧི་ཨ་བྷི་ཥིཉྩ་མཾ། རཏན་མ་ལེ་ཨ་བྷི་ཥིཉྩ་ཏྲཾ། པ་ཊ་ལཾ་བྷི་ཥིཉྩ་ཨོཾ། །བཛྲ་ཏུ་ཥྱཱ་ཧོ། །བྱིན་བརླབས་རིགས་ཀྱི་དབུ་རྒྱན་གྱིས། །རྒྱུ་ཡི་མགོན་པོ་རྡོ་རྗེ་འཆང། །དཔལ་ལྡན་ཧེ་རུ་ཀ་ཡི་སྐུ། །ཁྲག་འཐུ་མཐིང་ནག་འཇིགས་པའི་རྒྱལ། ་འབར་བ་ཆེན་པོའི་འོད་ཟེར་ཅན། །ཞལ་གཡས་ཞི་བའི་རང་བཞིན་དཀར། །དབུས་མ་མཐིང་ནག་དྲག་པོའི་ཞལ། །གཡོན་པ་རྨོངས་བྱེད་སེར་པོ་སྟེ། །རྒྱབ་མ་ཆགས་མཛད་དམར་བའོ། །སྨིན་མཚམས་ཁྲོ་གཉེར་གློག་བཞིན་འགྱུ། །སྤྱན ་དམར་མཆེ་གཙིགས་འཇིགས་པའི་ཞལ། །དབུ་སྐྲ་སྨ་ར་སེར་གནག་ལས། །སྤུ་རྣམས་རྡོ་རྗེ་གྱེན་དུ་འཁྱིལ། །སྒེག་པ་དཔའ་བོ་འཇིགས་སུ་རུང། །རྒོད་དང་གཤེ་དང་འཇིགས་པར་བྱེད། །སྙིང་རྗེ་རྔམ་དང་ཞི་བ་ཡིས། །སྐུ་གསུང་ཐུགས་ཀྱི་གར ་ཐབས་ཅན། །གཡས་གཡོན་དང་པོ་རྡོ་རྗེ་དང། །རྡོ་རྗེ་ཁ་ཊཝཱཾ་དྲིལ་བུར་བཅས། །དེ་འོག་གཉིས་ཀྱིས་འཇིགས་བྱེད་ཀྱི། །པགས་པ་རླུང་གི་ཚུལ་དུ་བསྐོར། །གསུམ་པ་གཉིས་ན་མདའ་དང་གཞུ། །གཡས་ཀྱིས་བཞི་པས་དུད་ཁྲག་འཛིན། ། ་གཡོན་གྱི་བཞི་པས་ཐོད་པ་རུ། །སྙིང་ཆེན་པོ་ཡིས་བཀང་པའོ། །ལ་ལར་ཞལ་གཅིག་ཕྱག་བཞི་པ། །གཡས་གཉིས་རྡོ་རྗེ་དུང་ཁྲག་འཛིན། །གཡོན་གཉིས་ཐོད་པ་ཞགས་པར་བཅས། །རྡོ་རྗེ་ཁ་ཊཝཱཾ་སེ་རལ་ཁ། །ལ་ལར་རྡོ་རྗེ་བནདྷ ་དམར། །ཁ་ཊཝཱཾ་ག་ལ་རྒྱབ་རྟེན་མཛད། །གླང་ཆེན་སྟག་གི་པགས་པ་ཡིས། །སྟོད་སྨད་སྐུ་ཡིན་བཟར་མནབས། །ཀླུ་རྒྱལ་ཐོད་པའི་ཕྲེང་བ་ཡིས། །སྐུ་ཡི་གནས་བརྒྱད་རྣམས་སྤྲས་ཤིང། །ལྷ་ཆེན་དཔའ་བོའི་གཡང་གཞི་དག་།མཚན ་མ་ཆེན་པོ་ན་བཟར་གསོལ། །སྐུ་ལ་ཐལ་བས་བྱུགས་པ་ལ། །ཁྲག་དང་ཞག་གི་རི་མོས་མཚན། །ཕྱག་རྒྱ་ལྔ་ཡི་མཚན་པ་ལ། །སྙན་གོང་ཉིན་ཟླ་རིན་ཆེན་ཕྲེང། །ཐུན་མོང་རྒྱན་སོགས་ཚང་པ་ལ། །ཁྱད་པར་རྟགས་ཀྱིས་རྣམ་སྤྲས་པའོ། །རང་བྱུང་ངོ་བོ་ལས་བྱུང་བའི། ། ་ཀྲོ་དྷི་ཤྭ་རིའི་འཇོ་སྒེག་སྟབས། །སྐུ་མདོག་སྔོ་སྐྱ་ནམ་མཁའ་ཨི་ལུས། །སེ་རལ་ཁ་ཡི་ཚུལ་དག་ཏུ། །ཁ་ཊཝཱཾ་ག་ལ་རྒྱབ་རྟེན་བཅས། །ལག་པ་གཡོན་པས་ཐོད་པ་ཐོགས། །གཡས་པ་བ་དན་གསུམ་པའི་ཕྱག་།རིན་ཆེན་འབར་བའི་རྒྱན་གྱིས་མཚན། །ཕྱུང་ནས་བྱིན་གྱིས ་བརླབས་མཛད་དེ། །ཐབས་དང་ཤེས་རབ་ལྡན་པར་འགྱུར། །གནས་བཞི་ཡི་གེ་མཚན་མ་སྔགས། །དཀྱིལ་འཁོར་གདན་ལ་ལེགས་གནས་རྣམས། །སྤྲོ་དང་བསྡུ་བའི་རིམ་པ་ཡིས། །ཕྱག་རྒྱ་བཞི་ཡི་རྣམ་པར་གསལ། །ལྷ་མོའི་བུམ་པས་ཁྲུས་བྱས ་ཏེ། །དབང་བསྐུར་རིགས་ཀྱི་བདག་པོར་བསམ། །ཧྲི(རྒྱུད་འགྲེལ་གཉིས་མེད་རོལ་པར་མཛད། །ོཾ་པྲ་བེ་ཤ་ཕཊ། ཨ་ལ་ལ་ལ་ལ་ཧོ། །བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས། །ཕྱོགས་བཅུའི་དཀྱིལ་འཁོར་མཉེས་པར་མཛད། །ལྷ་རྣམས་རང་ལ་གཞུག་བྱ་སྟེ། །གཉིས་ཀའི་དགའ་བ་རབ་ཏུ་སྤེལ། །ཁམས་གསུམ་འགྲོ ་གནས་དག་པ་དང། །རྣལ་འབྱོར་མཚན་མ་རྣམ་པར་སྦྱང། །གསང་བའི་གནས་སུ་གཞལ་ཡས་ཁང། །རྒྱན་སོགས་གདན་རྣམས་སྔོན་བཞིན་འབྱུང། །ཐིག་ལེས་གནས་སུ་མཚན་བྱས་ནས། །སྤྲོས་པས་ཡི་གེའི་དཀྱིལ་འཁོར་གསང། །ཧྲཱི་ལས་རྡོ་རྗེ ་ཧེ་རུ་ཀ་།གསང་གནས་དབུས་ཀྱི་པདྨ་ལའོ། །ཧྲཱི(རྒྱུད་འགྲེལ་ལས། །མངའ་རྣོན་འཛིན་མ་ལ་སོགས་རྣམས། །མེ་མཚམས་སོགས་ཀྱི་གྲུ་ཆད་ལ། །རིམ་པ་བཞིན་དུ་གནས་པ་ཡིན། ། ཨཱ་མེ་ཏོག་སྤོས་མེ་མ། །ཾ་ཨ(རྒྱུད་འགྲེལ་མོ་བཞི་རུ་གནས་པ་ཡིན། །ཛ(རྒྱུད་འགྲེལ་བྷཉྩ་ཀྲ་ཧཱུཾ་ཕཊ། །ཕྱོགས་བཅུའི་འགྲོ་བ་སྦྱང་མཛད་ནས། །ཡབ་ཡུམ་སྐུ་ལ་གཞུག་པར་བྱ། །ཧཱུཾ་བཛྲ་གྷ་ཧེ་སིདྡྷེ་པ་ར་མ་ཧཱ་ཡོ་གི་ཤྭ་རི་དི། །ཀེའུ་རེ་དམར་སེར་ཞི་བ་མོ། །ཞལ་བཞི་གཡོན་རྐྱང་གར་གྱིས་བཞུགས། །ཕྱག་བརྒྱད་གཡས ་ཀྱི་མངའ་བཞི་ལ། །ཚངས་པ་ཆེན་པོའི་མགོ་བཞི་སྦྱངས། །ཧཱུཾ་ཧཱུཾ་བཛྲ་ཙཎྜ་ཤི་ཁ་ཊཝཱཾ་ག་མ་ཧཱ་བཛྲ་ཀ་པཱ་ལ་མཱ་ལ་མ་གྷུ་གེ་རུ་རུ། །ཙཽ་རི་དམར་སེར་དྲག་པ་མོ། །གཡོན་ན་ལྕགས་ཀྱུ་གཡས་པ་ཡི། །གུང་མོས་འཁོར་ལོ་རྩེ་བརྒྱད་བསྟོང།། ་ཁཊཱཾ་ལ་བརྟེན་ཞབས་གཡས་བཏེག་།ོཾ་བཛྲ་མ་ར་ཡོ་གི་ཛ(རྒྱུད་འགྲེལ་ཛི། པྲེ་ཏ་དཀར་མོ་སློང་མཛད་ཚུལ། །དགའ་བའི་གར་ཐབས་གཡས་པ་ན། །ཐོད་པ་མཚན་ལྡན་བདུད་རྩིས་བཀང། །གཡོན་པ་བ་དན་གསུམ་པའི་ཕྱག་།ོཾ་བཛྲ་པྲ་ཧ་རི་ནི་ཏྭཾ། པུཀྐ་ཕྲག་མོ་སྣ་ཚོགས་མདོག་།གཡས་པས་རྡོ་རྗེ་རྩེ་ལྔ ་གསོར། །གཡོན་པས་དཔག་བསམ་ལྕུག་མ་འཛིན། །གར་གྱིས་གཟིགས་ཐབས་འགྱུར་བ་བཞིན། །ཧཱུཾ་བཛྲ་ཤཱུ་ལ་ཨ་།ཀ་བི་དང་ཕཊ། ཙཎྜ་སྔོ་གནག་དབུགས་འབྱིན་ཚུལ། །གཡས་ན་བསྐྱེས་རྡོ་རྗེས་མཚན། །རླུང་འཐོར་གཡོན་པས་ཏྲི ་ཤུལ་གར། །གཞན་གྱི་སྲོག་འཕྲོག་ལས་ལ་བརྩོན། །ཧཱུཾ་བཛྲ་ཀྲོ་དྷ་ཙྪིནད་ཀ་མཊ། གྷསྨ་སེབ་གནག་རོ་ལྡེགས་ཚུལ། །གཡས་པས་རལ་གྲི་གཡོན་མེ་ཐབ། །གཡོན་བརྐྱང་གར་གྱིས་གྱུར་བག་ཅན། །མྱུར་བའི་ཕྲིན་ལས་གྲུབ་པ་མཛོད། །ོཾ་བཛྲ་ས་མ་ཡ ་པཱ་ཤེ་ཕཊ། །སྨེ་ཤ་མཐིང་ནག་ཕྱག་བཞི་པ། །ཕྱག་གཉིས་རྡོ་རྗེ་དུང་ཁྲག་འཛིན། །གཡོན་གཉིས་ཐོད་པ་ཞགས་པར་བཅས། །རྡོ་རྗེ་ཁ་ཊཝཱཾ་སེ་རལ་ཁ། །ཀུན་ཀྱང་ཐོད་ཕྲེང་སྤྲུལ་གདུག་དང། །ཞིང་ལྤགས་རློན་པའི་རིན་ཆེན་ཕྲེང། །གདན་ནི་སྣ་ཚོགས ་པདྨ་ལ། །ཞིང་དང་ཉི་མས་མཚན་པའོ། །ཧེ་བཛྲ་ར་ཏི་ཕཊ། །མངའ་འཛིན་དཀར་མོ་མདའ་དང་གཞུ། །མེ་མཚམས་ཕྱོགས་ཀྱི་པདྨ་པ་ལ། །པཾ་མ་ཧཱ་ར་ཏི་བཛྲ་ཧོ། །ཁ་ཊཝཱཾ་སེར་མོ་ཁ་ཊཝཱཾ་ག་།རྡོ་རྗེ་དྲིལ་འཕན་བདེན་བྲལ་མཚམས། །ོཾ་བཛྲ་ལོ་ཙ་མེ་ཡཾ་ཡ། ། ་འཁོར་ལོ་འཛིན་པ་དམར་སེར་མོ། །རྩིབས་བརྒྱད་འཛིན་མ་རླུང་གི་ཕྱོགས། །ར་མ་ཧཱ་ཤྲཱི་བཛྲ་ར་ཏྲ་ཧྲི། །སྣ་ཚོགས་བ་དན་ལྗང་གུ་ལ། །སྣ་ཚོགས་བ་དན་དྲིལ་དབང་མཚམས། ། བཛྲ་པུཥཔེ། མེ་ཏོག་ལྗང་སེར་རྡོ་རྗེས་མཚན། །གཞོང་ཐོགས་མེ་ཡི ་མཚེམས་སུ་གནས། །ཱ་བཛྲ་དྷུ་པེ། སྤོས་མེ་བཀར་སེར་རྡོ་རྗེས་མཚན། །ཕོག་ཕོར་བདེན་བྲལ་ཕྱོགས་སུ་གནས། །ོཾ་བཛྲ་ཨཱ་ལོ་ཀེ་།མར་མེ་དམར་མོ་རྡོ་རྗེས་མཚན། །གསལ་འཛིན་རླུང་གི་མཚམས་སུ་གནས། །(རྒྱུད་འགྲེལ་རྡོ་རྗེས་མཚན། །དག་འཐོར་དབང་ལྡན་མཚམས་སུ་གནས། །ོཾ་བཛྲ་ཨཾ་ཀུ་ཤ་ཛ(རྒྱུད་འགྲེལ་བཛྲ་ཤི་པ་ལེ་འཾ། །སྣང་པ་དམར་མོ་ཕྱག་གཉིས་ཀྱིས། །ཉི་ཟླ་ལྕགས་སྒྲོག་ནུབ་གྱི་ཕྱོགས། །ོཾ་བཛྲ་གཎྜེ་ཧོ(རྒྱུད་འགྲེལ་མཛེས་ཁྲོས་པའི་མཚན་མ་འཛིན། །སྒོ་པ་ཅུང་ཟད་འགྱིང་བའི་ཚུལ། །མགོན་པོ་རོ་མཉམ་ལ་བཞུགས་གནས། །ཆོས་དབྱིངས་ཡེ་ཤེས་སྙོམས་འཇུག་ལས། །ལྷ་མོས་བདག་པོ་བསྐུལ་མཛད་དེ། །སེམས་ཅན་ཀུན་དོན་རྣམ་འཕྲུལ ་མཛད། །བརྟེན་པའི་དཀྱིལ་འཁོར་ལྷ་རྣམས་ཀྱིས། །སྐྱེ་མཆེད་དྲུག་ལ་སངས་རྒྱས་དྲུག་།ཕྱག་རྒྱ་བཞི་ཡི་མཚན་མ་དང། །རིགས་ཀྱི་བདག་པོས་བརྒྱན་པར་བྱ། །ཐུགས་ཀྱི་འོད་ཟེར་འཕྲོ་འདུ་ཡིས། །ཡེ་ཤེས་དཀྱིལ་འཁོར་བསྐུལ་མཛད་ཅིང། །ཛ: ་ཧཱུཾ་བཾ་ཧོ(རྒྱུད་འགྲེལ་ཨེ་ཧཡེ་ཧི་བྷ་ག་བཱན་མ་ཧཱ་ཀཱ་རུ་ཎི་ཀ་ཤྲཱི་དྲི་ཤྱ་ཧོ། །ས་མ་ཡ་ཧོ། །ས་མ་ཡསྟཝཾ། བདེ་གཤེགས་ཕོ་བྲང་དཀྱིལ་འཁོར་འདིར། །འགྲོ་བ་མ་ལུས་བསྒྲལ་བའི་ཕྱིར། །དོན་གྱི་དབང་གིས་དགོངས་ནས་ཀྱང། །འཁོར་བཅས་གཤེགས་ཤིང་བཞུགས་སུ་གསོལ། །ཀཱ་ཡ ་བཱཀྩི་ཧཱུཾ་ཧཱུཾ། །སྒྱུ་འཕྲུལ་དགའ་བའི་རྡོ་རྗེ་རོལ་བའི་ཚོགས། །གཞན་ལ་སྣང་བའི་དཀྱིལ་འཁོར་རྣམ་པར་མཛེས། ཨ་ལ་ལ་ཧོ། །ཚངས་པའི་ཚོགས་རྣམས་ཟིལ་གྱི་གནོན་མཛད་ཅིང། །རྟོག་བ་དུ་མའི་སྒྲོ་འདོགས་གཅོད་བར་མཛད། ། ལ་ལ་ཧོ། ། ་གཉིས་མེད་ཡེ་ཤེས་གཉིས་ཅན་རྣམ་མཛའ་ཡས། །སྣང་སྟོང་བདེ་ཆེན་མཉམ་ཉིད་དབྱིངས་ལ་རོལ། ། ལ་ལ་ཧོ། །ཀུན་འབྱུང་ཡོན་ཏན་རྩོལ་མེད་ལྷུན་གྲུབ་གང། །རྒྱན་གྱི་དཀྱིལ་འཁོར་རྣམ་བཀོད་རང་ལས་བྱུང། ། ལ་ལ་ཧོ། །མཛད་པ་རྒྱ་ཆེན ་འགོག་མེད་ཀུན་གྲུབ་པས། །ཚོགས་བཅས་རོལ་པས་བྱ་བ་ཀུན་རྫོགས་པ། ། ལ་ལ་ཧོ། །སྐུ་གསུང་ཐུགས་མཆོག་ཡོན་ཏན་ཕྲིན་ལས་བརྒྱན། །དཀྱིལ་འཁོར་མཛེས་པའི་ལྷ་ལ་ཕྱག་འཚལ་ལོ། ། ལ་ལ་ཧོ། །སྨིན་མ་གཡོ་བ་འདེགས་ཚུལ་གྱིས།། ་རུ་ལུ་རུ་ལུང་བཅས་དགོང་འདུད། །ཧཱུཾ་ཨ་ཏི་བྷུ་ཧོ། །བནད་ནཾ་ཀཱ་རོ་ཡ་མི། །གུ་རུ་པ་ཏི། ཨ་ལ་ལ་ཧོ། །ོཾ་འབྱུང་བ་ཆེ་ལས་ཐམས་ཅད་འབྱུང། །སྟོང་གསུམ་རྡུལ་སྙེད་མ་ལུས་པའི། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །མེ་ཏོག་བདུག་པ་མར་མེ་དང། །དྲི་ཚོགས་ཀུན་གྱིས ་མཆོད་པའི་ཕྱིར། །ལྷ་མོའི་ཚོགས་རྣམས་མ་ལུས་སྤྲོ། །ོཾ་པ་ན་པེ་ན་པེ་ནུ་སུ་ར་ཏ་ཏི་པུ་པ་ར་མུ། སརྦ་ཏ་ཐཱ་ག་ཏ་ས་མ་ཡོ་ག་ཙིཏྟ་ཨ(རྒྱུད་འགྲེལ་མོ་ཆེ། །མཁུར་པ་དཔུགས་ཀྱི་རླུང་འབྱིན་ཅིང། །འབྲུག་གི་སྒྲ་ལྟར་ཟག་པ་ཡི། །རུ་ལུ་རུ་ལུའི་སྒྲ་བརྗོད་དོ། །ཛ(རྒྱུད་འགྲེལ་ཕྱག་རྒྱ་གསལ། །ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་རྣལ་འབྱོར་གྱིས། །རྣལ་འབྱོར་བདེ་མཆོག་དམ་བར་འགྱུར། །སངས་རྒྱས་ཁྲོ་འབྱུང་ཁྲོ་བོ་ནི། །ཐལ་བར་འཇིག་པའི་མཆོག་ཡིན་ཏེ། །སེམས ་དཔའ་སྔོན་པོ་འབར་བའི་ངང། །འོད་ཀྱི་དཀྱིལ་འཁོར་དམར་པོ་སྣང། །རྡོ་རྗེ་ཁ་ཊཝཱཾ་རྡོ་རྗེར་བཅས། །དྲིལ་བུ་འཁྲོལ་བའི་སྒྲར་བཅས་པ། །གོས་ཆེན་པོ་དང་བྱུག་པ་ཆེ། །ཤ་ཆེན་པོ་དང་སྦྲང་རྩི་ཚེ། །དུར་ཁྲོད་ཀུན་གྱི་འབྱུང་བ་ཡི། །ཕྱག་རྒྱ་དཔལ་ལྡན་དབང་ཕྱུག ་མཆོག་།ཤིན་ཏུ་ཁྲོ་གཏུམ་གདུག་པ་ཡི། །སེམས་ཅན་ཁམས་ནི་རྣམ་སྦྱང་ཕྱིར། །འདི་ནི་དཔལ་ལྡན་ཧེ་རུ་ཀའི། །རྡོ་རྗེ་རྒྱ་ཆེན་དབང་ཕྱུག་མཆོག་།ཐོད་བའི་ཕྲེང་བའི་དབུ་རྒྱན་དང། །སངས་རྒྱས་གཙུག་གི་ནོར་བུ་དག་།དཔལ་ལྡན་ཧེ་རུ་ཀ་བཅས་པའི། །ཕྱག་རྒྱ་སྣ ་ཚོགས་རྣམ་འཕྲུལ་པའོ། །སེ་རལ་ཁ་ཡི་ཚུལ་དག་ཏུ། །ཁ་ཊཝཱཾ་ག་ལ་རྒྱབ་རྟེན་བཅས། །ལག་པ་གཡོན་པར་ཐོད་པ་ཐོགས། །གཡས་པ་བ་དན་གསུམ་པར་བྱ། །ནམ་མཁའ་ཨི་ཕྱག་རྒྱ་རྣལ་འབྱོར་པ། །ནམ་མཁའ་ཀུན་ཏུ་འགྲོ་བར་འགྱུར། །བུད་མེད་ལ་སོགས་རིན ་ཆེན་མཆོག་།དངོས་པོ་ཐམས་ཅད་མཁའ་ལ་འབྱིན། །གཡས་དང་གཡོན་གྱི་སྦྱོར་བ་ཡིས། །བདེ་བར་འབབ་པའི་གར་བྱེད་པས། །སྐྱིལ་མོ་ཀྲུང་ནི་ཕྱེད་བཅས་ལ། །རྐང་པས་རང་གི་བརླ་མནན་ནས། །ལེགས་པར་བསྡམས་པའི་སྦྱོར་བ་ཡིས། །ཡང ་ནས་ཡང་དུ་བསྐྱོད་པ་ཡིས། །ོཾ་བཛྲ་ཤྲཱི་ཧེ་རུ་ཀ་།ས་མ་ཡསྟཝཾ། ཞི་དང་དྲག་པོ་རྨོངས་པའི་མཆོག་།དགའ་བར་གར་བྱེད་འགྱུར་བས་བཅས། །ཤི་བ་ལྡང་བའི་སྦྱོར་བ་ཡིས། །བདེ་བའི་ཕྱག་རྒྱ་རབ་ཏུ་གནས་།ཞིང་དང་དྲག་པོ་རྨོངས་བྱེད་དང། །གྱེན་ཏུ་འབུགས ་བྱེད་གར་བྱེད་ལུས། །ལྟ་བའི་ཕྱག་རྒྱ་གྲུབ་པའི་མཆོག་།གསང་བའི་སྦྱོར་བ་བདེ་མཆོག་གིས། །མེ་ཏོག་བདུག་པའི་སྦྱོར་བ་མཆོག་།ཆང་དང་ཆུ་དང་ལྕུག་མ་དང། །རས་དང་མེ་ཏོག་གྲུབ་པ་ཡིས། །ཁྱད་པར་དུ་ནི་རྒྱས་འདེབས་སོ། །རྩེ་གཅིག་མཉམ་པར་སྦྱོར་བ་ཡིས ་སྦྱོར་བའི་གཉེར་བ་བདེ་བ་བཞིན། །མངོན་པར་གཏོར་ཞིང་སེ་གོལ་བརྡབ། །དལ་བུས་གྱེན་དུ་དབུགས་འབྱིན་པས། །གཡོན་དུ་བལྟ་ཞིང་ལག་པས་དྲུང། །འོ་བྱེད་འཁྱུད་པ་དེ་བཞིན་ཏེ། །གར་བྱེད་རབ་ཏུ་རྨོངས་པ་དང། །ཟས་དང་གསང་བའི་ལུས་རྣམས་དང། ། ་ཚངས་པ་ཆེན་པོའི་མགོ་དང་ནི། །དེ་བཞིན་འཇིག་རྟེན་གསུམ་ལས་རྒྱལ། །དེ་བཞིན་ས་ལས་འདྲེན་པ་དང། །རང་གི་ཕྱག་རྒྱའི་ཚུལ་བསྟན་དང། །དུར་ཁྲོད་དག་གིས་གར་བྱེད་དང། །དེ་བཞིན་རླུང་གི་དཀྱིལ་འཁོར་དང། །རབ་ཏུ་འཇིགས་པ་བསྲེག་པའི་མེ། ། ་ལས་ཀྱི་ཕྱག་རྒྱ་རབ་ཏུ་གནས། །དང་པོ་རྒྱས་འདེབས་མ་ཡིན་རྒྱ། །སྙིང་འདྲེན་མ་ཡི་གཉིས་པའོ། །གསུམ་པ་ཤིན་ཏུ་རྨོངས་བྱེད་མའི། །དེ་བཞིན་བཞི་པ་འདེབས་བྱེད་མའི། །ལྔ་པ་གར་བྱེད་མ་ཡི་རྒྱ། །དྲུག་པ་གསོང་མ་ཡིན་པར་བཤད། །བདུན་པ་ཟ་བ་མོ་ཡི ་རྒྱ། །བརྒྱད་པ་ལས་ཀྱི་ཕྱག་རྒྱ་ཡིན། །མདའ་རྣོན་འཛིན་པ་ལ་སོགས་པའི། །ལྷ་མོ་བཞི་པོ་སྔ་མ་བཞིན། །མེ་ཏོག་ལ་སོགས་བརྒྱད་རྣམས་ནི། །དཀྱིལ་འཁོར་ཕྱག་རྒྱ་ལྔ་མའི་ཚུལ། །རང་འབྱུང་མོ་དང་བཅས་པ་ཡི། །ཕྱག་རྒྱ་སྔགས་ཀྱིས་གཉིས་མེད་འགྱུར། ། ་གཟིགས་པ་རྣམ་པ་སྣ་ཚོགས་འགྱུར་བའི་རྒྱས་ཐོབ་ལ། །རྣམ་པ་སྣ་ཚོགས་འོ་བྱེད་འཁྱུད་པས་རྨེངས་མཛད་དེ། །རྣམ་པ་སྣ་ཚོགས་བདེ་བའི་མཆོད་སྟོན་ཀུན་གསོལ་ལ། །རྣམ་པ་སྣ་ཚོགས་བདེ་མཆོག་ངོ་མཚར་བསྟན་དུ་གསོལ། །རྒྱས་བཏབ་རྨོངས་བྱས ་མན་བསུ་གསོལ། །བདེ་མཆོག་ངོ་མཚར་བདེ་ལ་བཞུགས། །ཧཱུཾ་ཨ་ལ་ལ་ཧོ། །སྣང་བར་མཛོད། །རྣལ་འབྱོར་བདེ་མཆོག་སྒྱུ་མས་སྤྲུལ། །དམ་ཚིག་དག་ལ་འཇུག་ཏུ་གསོལ། །ཉོན་མོངས་ཀུན་ལས་རྒྱལ་བར་མཛོད། །སོ་སོའི་སྔགས་ཀྱི་པདྨ་ལ། །ཆོས་ཀྱི ་སྙིང་པོ་མཚན་མའི་དཀྱིལ། །སུ་བྷ་གསྟ་མ་ཧ་ན་དེ་བོ་ཧི་རི་མི་རི། མི་ཏི་རི་རི་ཤྲཱི་ཡེ། རྡོ་རྗེ་ཐལ་མོ་གྱེན་དུ་དབྱེ། །མཛུབ་མོ་གཉིས་ཀྱི་རྩེ་མོ་དགུག་།མཐེ་བོ་གཉིས་ཀྱི་མཆེ་བ་གཙིགས། །འཇིགས་པ་རྡོ་རྗེ་གནོད་སྦྱིན་མ། །སྔགས་བཅས་གནས་སུ་བཞག ་བྱས་ཏེ། །རིམ་བཞིན་མཛའ་ནས་དགྲོལ་བྱའོ། །ོཾ་ཨཱ(རྒྱུད་འགྲེལ་མཆོད་པ་ཆེན་པོ་ཐམས་ཅད་གྲུབ་པར་མཛོད། །མཉམ་པའི་གནས་ལ་རོལ་ཏུ་གསོལ། །ཧཱུཾ་རྡོ་རྗེ་ལས་ཀྱི་མདའ་གཞུ་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་ཆགས་པའི་དམ་ཚིག་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཁ་ཊཝཱཾ་ག་རབ་ཏུ་འཇིགས་པ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་དྲིལ་བུ་རབ ་ཏུ་འཁྲོལ་མ་ལ་ཕྱག་འཚལ་ལོ། །སྣ་ཚོགས་བནདྷ་བརྟགས་པ་ལས། །སྣ་ཚོགས་བདུད་རྩིས་རྣམ་པར་བཀང། །ལྔ་ལྔ་ལྔ་ཡི་འཕོར་འདུ་ཡིས། །མཚན་མ་རྣམས་པ་ལྔ་དང་ལྡན། །འོད་དང་དུ་བ་དྲི་དང་སྒྲ། །ལྷ་མོའི་གཟུགས་སྟོན་བདུད་རྩི་བསྒྲུབ། །རབ་བྱུང་གདོང་ནས ་རྣམ་པར་དག་།མཉམ་པའི་དོན་ལ་རོལ་པར་མཛོད། །བྱིན་བརླབས་རྒྱན་དང་མཚན་ལྡན་པའི། །མི་མོ་རྣམས་ཀྱིས་རེག་བྱའི་མཆོག་།བྱིན་གྱིས་རློབས་ཤིག་རྣལ་འབྱོར་པ། །གསང་བ་ཆེན་པོ་རྣམ་པར་རོལ། །གྲུབ་པའི་རྫས་འདི་ཐམས་ཅད་ལ། །ཧཱུཾ་དང་ཕཊ་ཀྱིས ་ལྡན་པར་མཛོད། །མཉམ་ཉིད་མི་གཡོ་ལ་སོགས་པའི། །བསྟོད་པའི་གླུ་རྣམས་བླངས་བྱས་ནས། །སིལ་སྙན་ཀུན་གྱི་སྒྲ་རྣམས་དང། །གར་གྱིས་ལྷ་རྣམས་མཉེས་པར་བྱ། །དྷེ་ཀོཾ་ཀོཾ་།ཀཾ་ཀཾ་།དྷེ་བཛྲ་བཛྲ། ?་?། ཀཱཾ་ཀཱཾ་ཀཱཾ་ཀཱཾ། ཧཱུཾ་བྷཡོ་ཧཱུཾ་བྷཡོ་ཧཱུཾ་བྷཡོ་ཧཱུཾ ་བྷཡོ། དྷེ་ཀཽཾ་ཀཽཾ་ཀཽཾ་ཀཽཾ་ཀཽཾ་ཀཽཾ། དྷེ་ཀཽཾ་ཀཽཾ་ཀཽཾ། བདག་ཅག་དམ་ཚིག་འདི་ལ་མངོན་དུ་ཞུགས་པ་རྣམས། །བཅད་བཏུབས་ལུས་ལ་འབྱུང་བར་མི་འགྱུར་ཞིང། །གྲིབ་མས་ཕོག་པའི་སྡུག་བསྔལ་མི་བཟོད་པ། །སྐུ་ཡི་ཕྱོགས་ཙམ་མཐོང་བས་མོད་ལ་འཚོ་བ་དང། །གཟི་མདངས ་ལུས་ལ་འཇུག་པ་བྱེ་བ་སྟོང་ཕྲག་གིས། །འོད་ཀྱི་ཕོག་པས་འཇིག་རྟེན་ཁམས་སུ་སྣང་བ་དང། །ལུས་ངག་སེམས་དང་ཚེ་ན་རྡོ་རྗེ་རབ་གནས་ཤིང། །རེ་སྨོན་ཐམས་ཅད་དུས་འདིར་གྲུབ་པར་མཛད་དུ་གསོལ། །དེ་ནས་བཟླས་བརྗོད་རྣམ་གཉིས་སམ། །ཐིག ་ལེ་གཉིས་སམ་ཕྲ་མོ་གཉིས། །རྣམ་དག་མཚན་མ་གསལ་བ་དང། །མཚན་མ་མེད་པའི་དོན་བསམ་བྱ། །མཉམ་ཉིད་དཀྱིལ་འཁོར་ཀུན་གྱི་མཆོག་།དོན་དམ་བདེ་བ་ཆེན་པོའི་སྐུ། །དེ་བཞིན་དབྱིངས་ཉིད་ཡེ་ཤེས་ཀྱི། །ལྷ་ཉིད་བརྩོན་པས་བསྒོམ་པར ་བྱ། །ཐུན་བཞིའི་སྐབས་སུ་གཏོར་མ་བཏང། །རྫོགས་ནས་དཀྱིལ་འཁོར་མཆོད་ཅིང་བསྟོད། །རང་ལས་བྱུང་སྟེ་མདུན་བཞག་ནས། །གསོལ་བཏབ་ལས་ལ་བསྐུལ་བར་བྱ། །ོཾ་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་གསོལ། ་སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང། །སླར་ཡང་འགྲོ་བའི་དོན་ལ་དགོངས། །ོཾ་བཛྲ་གཙྪ་མུ:། །དེ་ནས་ཕྱག་རྒྱ་རྣམ་བཀོད་པ། །རིམ་བཞིན་བདག་ལ་བསྡུ་བྱས་ནས། །རྣམ་གསུམ་སེམས་དཔའ་ཧཱུཾ་ལ་ཐིམ། །རིམ་བཞིན་ཐིག་ལེ་མཉམ་པའི་དབྱིབས། ་རྗེས་འབྱུང་མཚན་མའི་སྐུར་གནས་ཏེ། །མཚན་དཔེ་རྒྱན་དང་ཆ་ལུགས་ལ། །གོ་ཆ་གོ་བཅིངས་བསྲུང་བྱ་ཞིང། །དབང་བསྐུར་དབུ་རྒྱན་ཅོད་པན་ལྡན། །ཀཾ་ཧཾ་ཨོཾ་ཊཡཾ། ཨོཾ་རཏན་མ་ལེ་ཨ་བྷི་ཥིཉྩ་ཏྲཾ། ཨོཾ་པ་ཊ་ལཾ་བ་ཨ་བྷི་ལཾ་བ་ཧཱུཾ། སྤྱོད་ལམ་ཀུན་ཏུ་མ་ཉམས ་པར། །ལྷ་ཉིད་དུ་ནི་བསྒོམ་བྱ་སྟེ། །དབང་པོ་སྣང་བ་ཡུལ་དུས་རྣམས། །དཀྱིལ་འཁོར་རོལ་པའི་ཚུལ་དུ་བརྟག་།བཟའ་བཏུང་བྱིན་རླབས་མ་ཉམས་བཟླས། །སྒྱུ་མ་གཉིས་མེད་ཡེ་ཤེས་རོལ། །བྱེད་སྤྱོད་ཚོགས་གཉིས་རྒྱུ་རུ་བརྟག་།ཐམས་ཅད་འགྲོ ་བའི་དོན་ཕྱིར་སྤྱོད། །ཉོན་མོངས་དཔའ་རླབས་འཇིགས་ལས་སྒྲོལ། །སྐྱབས་མཛད་དཔལ་ལྡན་ཧེ་རུ་ཀའི། །དོན་བཀོད་འགྲོ་བ་མ་ལུས་ཀུན། །རིགས་ཀྱི་དཀྱིལ་འཁོར་ལ་གནས་ཤོག་།དཔལ་ཧེ་རུ་ཀའི་གསང་བའི་དོན་རྣམ་པར་དགོད་པ་ཞེས་བྱ་བ། ་སློབ་དཔོན་ཀུ་ཀུ་རཱ་ཛས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིཾ་ཧ་དང། ཞུ་ཆེན་གྱི་ལོ་ཙ་བ་བན་དེ་ལྷ་རིན་པོ་ཆེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།དཔལ་པདྨ་གར་དབང་གི་གསང་དོན་རྣམ་པར་དགོད ་