CLOSE WINDOW

N1329: rtog pa thams cad 'dus pa zhes bya ba sangs rgyas thams cad dang mnyam par sbyor ba mkha' 'gro ma sgyu ma bde ba'i mchog gi rgyud phyi ma'i phyi ma rnam par bshad pa
Wyliee-texts based on the ACIP/ALL Input

རྒྱ་གར་གྱི་མཁན་པོ་ཨཱ་ཙཨཱརྱ་ཤྲདྡྷཱ་ཀ་ར་པདྨ་དང། །ཞུ་ཆེན་གྱི་ལོ་ཙ་བ་དགེ་སློང་རིན་ཆེན་བཟང་པོས་བཅོས་ཤིང་བསྒྱུར་ཏེ་གཏན་ལ་ཕབ་པ།། །།སངས་རྒྱས་མཉམ་སྦྱོར་གྱི་འགྲེལ་བས་ཞུགས། *། །རྒྱ་གར་སྐད་དུ། ་སརྦ་ཀལྤ་ས་མུཙྪ་ཡ་ནཱ་མ་སརྦ་བུདྡྷ་ས་མ་ཡོ་ག་ཌཱ་ཀི་ནི་ཛཱ་ལ་སཾ་བ་རོཏྟ་རོཏྟ་ར་ཏནྟྲ་ཊཱི་ཀཱ། བོད་སྐད་དུ། རྟོག་པ་ཐམས་ཅད་འདུས་པ་ཞེས་བྱ་བ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་གི་རྒྱུད་ཕྱི་མའི་ཕྱི་མ ་རྣམ་པར་བཤད་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དེ་ལྟར་རྣམ་པར་བཤད་པ་ཆེན་པོས་རྟོག་པ་བཅུའི་བདག་ཉིད། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ། །མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་གི་དེ་ཁོ་ནའི་རྟོག་པ་ཐམས་ཅད ་བསྡུས་པ་ཞེས་བྱ་བའི་རྒྱུད་ཕྱི་མའི་ཡང་ཕྱི་མ་ཡིས། །རྩ་བའི་རྒྱུད་ལ་སོགས་པ་ལ་བརྗོད་པའི་རྟོག་པའི་དོན་དང། རྒྱུད་ཕྱི་མའི་དང་པོའི་ས་ཆོག་དང། གདོད་མ་དང་ཐ་མ་མེད་པའི་རྡོ་རྗེ་སེམས་དཔའ་དང། ཡིད་འབྲུ་དང། སྔགས་དབྱུང་བ་དང། ཤིན་ཏུ ་དགའ་བ་དང། ཤིན་ཏུ་བཟང་བ་ཉིད་དང། རྡོ་རྗེ་སྙིང་པོའི་གཙོ་བོ་ཉིད་དང། སེམས་དང་སེམས་དཔའ་དང། ཏིང་ངེ་འཛིན་དང། རྡོ་རྗེ་དང། རྡོ་རྗེ་འཛིན་པ་དང། རྡོ་རྗེ་འཛིན་པ་ཆེན་པོ་ཉིད་དང། བྱང་ཆུབ་སྤྱོད་པ་དང། བདུད་དང་བདུད་ལས་རྒྱལ་བ་དང། བྱང ་ཆུབ་དང། སངས་རྒྱས་ཉིད་དང། རྡོ་རྗེ་གཏུམ་པོ་ཐར་བྱེད་དང། ཕྱག་ན་རྡོ་རྗེ་དང། དང་པོའི་རིགས་བསྐྱེད་པ་དང། འདོད་པའི་ཐར་པ་དང་རྣམ་པ་གསུམ་ཐམས་ཅད་ཉིད་དང། དང་པོའི་སྙིང་པོ་འབྱུང་བ་དང། ཉེ་བའི་སྙིང་པོ་དེ་ཉིད་དང། བདེ་བ་ཆེན་པོ་དང། རྡོ་རྗེ ་དང། དོན་ཡོད་པའི་དམ་ཚིག་དང། དཀྱིལ་འཁོར་གྱི་དོན་ཤེས་པ་དང། དཀྱིལ་འཁོར་དུ་བཅུག་པའི་རྣམ་པར་སྨིན་པ་དང། དཀྱིལ་འཁོར་གྱི་ཐིག་གདབ་པ་དང། རྟོག་པའི་དངོས་གྲུབ་དང་གསང་བ་ཆེན་པོ་ལྔ་དང། དེ་བཞིན་ཉིད་ཆེན་པོ་དང། དཀྱིལ ་འཁོར་གྱི་གཙོ་བོ་དང། རིགས་དང། དབང་ཐམས་ཅད་བསྐུར་བ་དང། སྐུ་ཕྱག་རྒྱ་ཆེན་པོའི་ཚོགས་ཀྱི་དེ་ཉིད་དང། ཐམས་ཅད་དགུག་པ་དང། མཆོད་པ་ཆེན་པོ་དང། བྱིན་གྱིས་བརླབ་པ་ལ་སོགས་པ་དང་འགྲུབ་པའོ། །དེ་རྣམས་ཀྱི་ཚིག་དང་དོན་གྱི་འཁྲུལ་?བསལ ་བར་བྱ་བའི་ཕྱིར་བསམ་གཏན་དང། བསམ་གཏན་གྱི་བདག་ཉིད་ཀྱི་དོན་དུ་རིག་པའི་ལས་ཐམས་ཅད་བསལ་བར་བྱ་བའི་དངོས་གྲུབ་ཐམས་ཅད་འགྲུབ་པར་བྱེད་པ་རྣམས་གསུངས་པ། སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ཏེ། ཞེས་པ་ལ་སོགས་པ ་སྟེ། ད་ལ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་སེམས་དང་སེམས་ལས་བྱུང་བ་དང། དེ་དང་རྒྱུ་མཐུན་པ་རྣམས་སྦྲུལ་པ་དང་འདྲ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནི། སངས་རྒྱས་ཐམས་ཅད ་ཅེས་པའོ། །དེ་དག་ལ་ཕྱག་འཚལ་ཏེ། ཞེས་པ་ནི་ཏེ་ཞེས་པའི་སྒྲ་ནི་ངེས་པའི་དོན་ཏེ། སངས་རྒྱས་དེ་དག་ཁོ་ན་ལ་ཕྱག་འཚལ་བ་ཡིན་གྱི། གཞན་ནི་མ་ཡིན་ཞེས་པའི་ཐ་ཚིག་གོ་།མ་ལུས་ལུས་པ་མེད་པ་ཅེས་པ་ལ་སོགས་པ་ནི། དེ ་ལ་མ་ལུས་ཞེས་པ་ནི་ཆོས་ཀྱི་དབྱིངས་དང། འཇིག་རྟེན་གྱི་ཁམས་ཐམས་ཅད་ལའོ། །ལུས་པ་མེད་ཅེས་པ་ནི་ཐམས་ཅད་མ་ལུས་པའོ། །གྲུབ་པ་ཞེས་པ་ནི། ཐབས་དང་ཤེས་རབ་ཀྱི་དངོས་པོ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྒྲུབ་པར་བྱེད་པའི་སྒོམ་པའི ་སྟོབས་ཀྱིས་མངོན་དུ་གྱུར་པའོ། །རྣམ་རྟོག་མེད་པའི་སེམས་ལ་ནི་ཞེས་པ་ནི། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་མེད་པ་མི་རྟོག་པའི་སེམས་རྩེ་གཅིག་པའོ། །ཡང་དེ་ཁོ་ན་གསུངས་པ་དེ་ཁོ་ན་ཉིད་ངེས་པར་ཞེས་པ་སྟེ། རྟོག་པའི་དོན་ཞེས་པ་ལ་སོགས་པའི་ངོ ་བོ་ནི་དེ་ཁོ་ན་ཉིད་ཅེས་བྱའོ། །དེའི་ངེས་པ་ལ་བཟུང་བའི་ངོ་བོས་གནས་པ་ནི་ངེས་པར་གནས་ཞེས་པའོ། །དོན་ནི་འདི་ལྟར་གསུངས་པར་འགྱུར་ཏེ། རང་བཞིན་དག་པའི་ཆོས་ཐམས་ཅད་དཔྱད་པ་ལ་གནས་པའི་སེམས་འདི་ནི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ཏེ། ་ཞེས་པའོ། །དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཐབས་དང་ཤེས་རབ་ཀྱི་རང་བཞིན་བསྐྱེད་པའི་ཆོས་ཀྱི་ཡི་གེས་ནི། ཡང་ནས་ཡང་དུ་གཏན་ལ་ཕབ་སྟེ་བསྐྱེད་ནས་སྒྲུབ་པ་པོས་མངོན་དུ་བྱེད་པ་ནི་རྟོག་པའི་དོན་ཤེས་པ་རྣམས་ཀྱི་གཞིར་གྱུར་པའོ། །དེ་བས ་དེ་འདྲ་བ་ལ་ནི་དེ་ཁོ་ན་ཉིད་ངེས་པར་གནས་ཞེས་སོ། །དེས་ནི་ཆོས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གསལ་བར་བྱེད་པའི་རྒྱུ་འདི་ཡིན་ནོ། །དཔལ་རྡོ་རྗེ་སེམས་དཔའ་རིགས་སུ་གསུངས་པའི་ཆོས་ཀྱི་ཕྱག་རྒྱ་ཡིས་ནི་རྟོག་པ་ཐམས ་ཅད་འདུས་པ་འཇུག་པ་ལ་བཤད་པར་བྱེད་དོ། །ད་ནི་ཆོས་ཀྱི་ཕྱག་རྒྱས་གང་གྲུབ་པར་བྱེད་པ་དེ་སྟོན་པ་ནི་སེམས་དཔའ་སངས་རྒྱས་ཀྱི་དངོས། །ཞེས་པ་ལ་སོགས་པ་སྟེ། དེ་དག་ཀྱང་བཤད་ཟིན་ཏོ། །དེ་ལྟར་གཟུང་བའི་ཚིག་གིས་ཆོས་ཀྱི་ཕྱག་རྒྱ་ལ་དེ ་ཁོ་ན་ཉིད་གནས་པར་གསུངས་ནས། དེ་གནས་པའི་མན་ངག་གི་ཚིག་གིས་རེ་ཞིག་གསུངས་པ། འདོད་ཆགས་ཆེན་པོ་བདེ་ཆེ་ལ། ཞེས་པ་ནས་བརྩམས་ནས། ཐམས་ཅད་མི་གསུང་འོས་མ་ལགས། ཞེས་ཇི་སྙེད་པའི་བར་དུའོ། །ད་ནི་མན་ངག་གི་ཚིག་རྣམས་སྟོན་པས ་གསུངས་པ། དེ་ནས་སྟོན་པ་རྡོ་རྗེ་འཛིན་ཞེས་པ་ལ་སོགས་པ་སྟེ། དེ་ལ་དེ་ནས་ཞེས་པ་ནི་ཞུས་པའི་དེ་མ་ཐག་པའི་ཚིག་ཁོ་ནའོ། །སྐལ་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་ཁམས་ལ་རང་གི་བཀའ་འབྱོར་བར་བྱེད་པས་སྟོན་པ་ཞེས་པའོ། །རྡོ་རྗེ་འཛིན་ཞེས་པ་ནི་དཔལ ་རྡོ་རྗེ་སེམས་དཔའ་སྟེ། བཀའ་སྩལ་པ་ཞེས་པ་དང་འབྲེལ་ཏོ། །དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་གྱི་རང་བཞིན་རྟོག་པ་ལ་ནི་རྟོག་པ་ཀུན་གྱི་ཅེས་པའོ། །དེ་དག་གི་གཙོ་བོ་ཆེན་པོ་ཞེས་པ་ནི་ནམ་མཁའ་ཨི་ཁམས་ཐམས་ཅད་ལ་རྟག་ཏུ་གནས་པའི་སྐུ་དང ་གསུང་དང་ཐུགས་རྡོ་རྗེ་བཅོམ་ལྡན་འདས་བསྐྱེད་པའི་རྐྱེན་ཏོ། །ཐེ་ཚོམ་དག་གིས་ཞེས་པ་ལ་སོགས་པ་ནི་གོ་སླའོ། །རྣམ་པར་མི་རྟོག་ཆོས་དག་ལ། ཞེས་པ་ནི་ཇི་ལྟར་གསུངས་པའི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་བཞིན་གཟུང་འཛིན་རྣམ་པར་རྟོག་པ་མེད ་བ་ལ་ཞེས་པའི་ཐ་ཚིག་གོ་།སེམས་ཅན་དོན་དུ་ཡོངས་སུ་རྟོག་ཅེས་པ་ནི་འདུལ་བའི་སེམས་ཅན་དེ་དག་གི་དོན་དུ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་མངོན་པར་འདོད་པའི་དོན་གྲུབ་པ་ནི་སེམས་ཅན་དོན་དུ་ཡོངས་སུ་རྟོག་ཅེས་པའོ། །དེའི་དོན་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི ་དཀྱིལ་འཁོར་ལ་སོགས་པའི་དེ་ཁོ་ན་ཉིད་འདི་སྒྲའི་དོན་དུ་ཤེས་པ་རྗེས་སུ་འགྲོ་བའི་ཤེས་རབ་ཀྱིས་ཕྱོགས་བཅུར་རྣམ་པར་བཞག་པ་ཡོངས་སུ་རྟོག་ཅེས་པའོ། །དེ་ཕྱིར་རྟོག་པར་ཡང་དག་བཤད་ཅེས་པ་ནི་འདུལ་བའི་སེམས་ཅན་གྱི་དོན་གྱི་རྒྱུད་ཡིན་པའི་ཕྱིར་དཔལ་རྡོ་རྗེ་སེམས ་དཔའ་ཁོ་ནས་རྟོག་པར་བཤད་དོ། །རྟོག་པ་ཡོངས་སུ་དག་ཕྱིར་རོ། །ཞེས་པ་ནི་འདུལ་བའི་སེམས་ཅན་གྱི་ཁམས་ཀྱི་གཟུང་འཛིན་གྱི་རྣམ་པར་རྟོག་པ་སྤང་བའི་དོན་དུ་ཞེས་པའི་ཐ་ཚིག་གོ་།དེ་ལྟར་རྟོག་པའི་དོན་ཤེས་པས་དངོས་གྲུབ་གསུངས་ནས། རྒྱུད་ཕྱི་མའི་དོན་ཤེས ་པ་མེད་ན་དངོས་གྲུབ་མི་འགྱུར་ཏེ། དེ་གསལ་བའི་དོན་དུ་རྒྱུད་ཕྱི་མའི་དོན་ཤེས་པར་གསུངས་པ། འདི་ལ་ཇི་ལྟར་རྒྱུད་ཕྱི་མ་ཡིན་ཞེ་ན་ཞེས་པ་ལ་སོགས་པ་སྟེ། རྒྱུད་ནི་རབ་ཏུ་འབྲེལ་པར་བཤད་ཅེས་པ་ནི་རིགས་འདི་ལྷ་ཐམས་ཅད་ཀྱི་ཐུན་མོང་གི་དཀྱིལ ་འཁོར་དེ་ཁོ་ན་ཉིད་ལ་སོགས་པ་འབྲེལ་པ་སྟེ། གསལ་བར་བྱེད་པའི་སྒྲ་འདུས་པ་ཉེ་བར་སྤྱོད་པ་ནི་དེ་བཞིན་གཤེགས་པའི་རྒྱུད་ཅེས་གསུངས་སོ། །ཕྱི་མ་གོང་དུ་ཕྱུང་བ་ཡིན། ཞེས་པ་ནི་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་བསྐལ་པ་བཟང་པོ་ལ ་སོགས་པའི་སྔོན་དུ། ད་ལྟའི་དུས་ཀྱི་རང་བཞིན་ཉིད་ཀྱིས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་བཞིན་རྟག་པར་གནས་གཅིག་ཅིང་ཆོག་ཏུ་འཇིག་རྟེན་ལས་འདས་པ་དམ་ཚིག་ཆེན་པོ་འབྱུང་བ་གང་ཡིན་པ་དེ་ནི་རྒྱུད་ཕྱི་མའི་གོང་དུ་བྱུང་བའོ། །དེ་ཁོ་ན་ཡང་གསུངས་པ། དེ་ཉིད ་གསང་བ་གསང་ཆེན་དག་།དེ་ཡང་རྒྱུད་ནི་ཕྱི་མར་འདོད་ཅེས་པ་སྟེ། དེ་ཉིད་གསང་བ་གསང་ཆེན་ནི་གོང་དུ་བསྟན་པ་ཤེས་པར་བྱའོ། །དེ་ཡང་ཞེས་པ་ནི་དོན་དེ་ཁོ་ན་ཉིད་གསུངས་པའོ། །དེས་ནི་འདི་གསུངས་པར་འགྱུར་ཏེ་དེ་ཉིད་དང། གསང་བ་དང། གསང་ཆེན་དུ་གང་དང་གང་སྟོན་པ་དེ་དང ་དེ་ནི་རྒྱུད་ཕྱི་མ་དེས་འདིར་འདོད་པའོ། །དེ་ལྟར་ཡང་གསུངས་པ། གང་དག་འཇིག་རྟེན་གྱི་སྤྱོད་པ་དང། འཇིག་རྟེན་ལས་འདས་པའི་ཆོས་དེ་ཁོ་ན་ཉིད་ལ་སོགས་པ་རྣམས་དེ་དག་ནི་རྩ་རྒྱུད་ཅེས་པ་དང། གང་དག་འཇིག་རྟེན་ལས་འདས་པ་དམ་ཚིག་ཆེན་པོའི་དེ་ཉིད་རྣམས་དེ་དག་ནི་རྒྱུད་ཕྱི་མ་ཞེས་འདོད ་དང།?་དེ་ལྟར་རྒྱུད་ཕྱི་མ་ཞེས་པ་བསྟེན་ནས། དང་པོའི་སའི་དེ་ཉིད་ཅེས་པ་གསུངས་ཏེ། འདི་ལ་ཇི་ལྟར་དང་པོའི་ས་ཞེས་པ་ལ་སོགས་པ་སྟེ། ཕྱོགས་བཅུ་ནས་རྫས་ཐམས་ཅད་དངོས་པོའི་རང་བཞིན་དངོས་པོ་ཐམས་ཅད་གོ་འབྱེད་པ་སྦྱིན་པའི་ངོ་བོ་ནི་ནམ་མཁའ་ཀུན་ཏུ་ཞེས་པའོ། །དེ་རབ་ཏུ་གནས་པ ་གཞན་གང་དེ་དེ་ལྟར་རོ། །དབང་པོ་རྡོ་རྗེ་དང། རིན་ཆེན་དང། པདྨ་དང། སྣ་ཚོགས་རྡོ་རྗེ་དག་གིས་བྱམས་པ་དེ་ནི་རྡོ་རྗེ་ཀུན་གྱི་དངོས་པོ་མཆོག་ཅེས་པའོ། །དེ་ཉིད་བདེ་བ་ཆེན་པོ་བསྐྱེད་པའི་ཕྱིར། བདེ་བ་ཆེན་པོ་ཞེས་པའོ། །སེམས་ཅན་ཐམས་ཅད་ཀྱི་རེ་བ་ཀུན་ཡོངས་སུ་བསྐང་བའི་ཕྱིར་དེ་ཉིད་དགྱེས་པ་ཆེ ་ཞེས་པའོ། །ད་ལྟའི་དུས་ཀྱི་རང་བཞིན་ཉིད་ཀྱིས་རྟག་པར་གནས་པས་ན། དམ་པའི་ཡི་གེ་གཞལ་ཡས་ཁང་ཞེས་པ་སྟེ་བརྟན་པའོ། །དེ་ལྟར་དང་པོའི་སའི་དེ་བཞིན་ཉིད་ཀྱི་ཞེས་པ་བསྟན་ནས། ད་ནི་རང་བྱིན་གྱིས་བརླབ་པ་ལ་སོགས་པའི་ཆོ་ག་བརྩམས་པ་ནས། དཀྱིལ་འཁོར་བསྒོམ་པ་ལ་དེ་ཁོ་ན་ཉིད ་བསམ་པ་འམ། སྦྱོར་བ་ལ་སོགས་པ་སྒོམ་པར་བྱེད་འདོད་པས། མི་སྐྱེ་བར་སྟོན་པའི་སྒྲ་ཡིག་དང་པོ་ལ་ཡིག་འབྲུ་ཀ་ཁ་ལ་སོགས་པ་རྣམས་དང། སྒྲ་ཡིག་ཨ་ལ་སོགས་པ་བཅོ་ལྔ་ནི། དེ་བཞིན་ཉིད་ཀྱི་སྦྱོར་བས་བཙུད་ནས། རང་གི་རིགས་གཙོ་བོ་དང་པོའི་རྡོ་རྗེ་ལ་སོགས་པའི་གཟུགས་བསམས ་ཏེ་ཟླ་བའི་དཀྱིལ་འཁོར་གཉིས་ཀྱིས་བསྐོར་བའི་སྤྱི་བོས་ནས་མ་རག་པར་ཟླ་གམ་གྱིས་བརྒྱན་པར་བསམས་ཏེ། དེའི་དབུས་སུ་ཟླ་བའི་ཡི་གེ་རྣམས་ཡིད་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་རི་མོ་བྲིས་ནས་དེ་ཁོ་ན་བརྗོད་པས། བཟླས་པའི་དོན་དུ་དཀྱིལ་འཁོར་ལ་སོགས་པ་སྒོམ་པར་བྱའོ།། ་ཞེས་པ་སྟོན་པའི་དོན་འདི་ལ་ཇི་ལྟར་གདོང་མ་དང་ཐ་མ་མེད་པའི་རྡོ་རྗེ་སེམས་དཔའ་ཡིན་ཞེ་ན། ལན་བཏབ་པ། ཤེས་རབ་མདུན་དུ་བྱས་པའི་ཡི་གེ་ཀ་ལ་སོགས་པས་གདོང་མ་ཐ་མ་མེད་པའི་རྡོ་རྗེ་སེམས་དཔའ་དེ་ཉིད་ཅེས་པས་གསུངས་པའོ། །དེ་ལ་ཡི་གེ་ཀ་ལ་སོགས་ཞེས་པ་ནི་ཟླ་བའི ་དཀྱིལ་འཁོར་ལ་བྲི་བར་བྱའོ་ཞེས་པ་དང་འབྲེལ་ལོ། །དེ་ཇི་ལྟར་བྲི་བ་ཡིན་ཞེ་ན་གསུངས་པ། དྷ་ཡིག་མཛའ་དང་ང་ཉ་སྤངས་ནས་འཇུག་པར་བྱ་ཞེས་པ་སྟེ། ཀའི་སྡེ་ལ་ཡི་གེ་ང་དང། ཙའི་སྡེ་ལ་ཡི་གེ་ཉ་སྤངས་ནས། རང་གི་སྙིང་གའི་ཟླ་བ་ལ། གཡས་ཀྱི་གློ་ནས་ཡི་གེ་ཀ་ལ་སོགས་པ་དའི་བར་གྱི ་ཡི་གེ་འབྲུ་བཅུ་དྲུག་གི་ཕྲེང་བ་ཡིད་ཀྱིས་བྲི་བ་དང། ཡང་གཡོན་གྱི་གློ་ནས་ཡི་གེ་ད་ལ་སོགས་པའི་ཀྵའི་བར་ཡིག་འབྲུ་བཅུ་དྲུག་གི་ཕྲེང་བ་དང། དེ་ལྟར་ཕྲེང་བ་གཉིས་ཀྱི་བསྐོར་བ་བྲི་བར་བྱའོ། །ད་ནས་ཕྲེང་བ་གཉིས་ཀྱི་དབུས་སུ་སེ་རལ་ཁའི་སྐུད་པ་བཞིན་དུ། སྒྲ་ཡིག་ཨ་ལ་སོགས་པ་བཅུ་དྲུག ་གི་ཕྲེང་བ་གི་བར་བྱའོ། །དེའི་ཕྱིར་གསུངས་པ། དབུས་གནས་པར་ནི་ཨ་ཡིག་ཕྲེང། ཟླ་བའི་དཀྱིལ་འཁོར་ལ་བཀོད་དེ་ཞེས་པའོ། །ཐིག་ལེ་ཟླ་ཚེས་ལྡན་པར་ཞེས་པ་ནི་སྒྲ་ཡིག་བཅོ་ལྔ་པ་ལ་གང་ཐིག་ལེའི་གཟུགས་སུ་གནས་པ་ཟླ་ཚེས་ཀྱི་ཚུལ་དུ་ཡོངས་སུ་བརྟགས་པའོ། །པར་ཞེས་པའི་སྒྲ་ནི་? ་ཚིག་ཡིན་པས་ཟླ་ཚེས་ཀྱི་ཚུལ་ཁོ་ན་ཞེས་པའོ། །ཚིག་དྲག་ཟླ་བ་གཉིས་ཡིན་ཏེ། སྒྲ་ཡིག་བཅུ་དྲུག་ཚེས་དྲག་ཏུ་གནས་པ་དེ་ནི་ཡོངས་སུ་དག་པའི་ཟླ་བ་གཉིས་ཀྱི་གཟུགས་སུ་བསམ་པའོ། ། ཡིག་མི་འགྱུར་བསྒོམ་པར་བྱའོ། །ཞེས་པ་ནི་སྒྲ་ཡིག་བཅོ ་ལྔ་པ་ལ་རང་བཞིན་གྱིས་ཟླ་བ་གཉིས་མེད་པས་ཡི་གེ་ཨ་མི་སྐྱེ་བའི་མྱུ་གུ་བསྒོམ་སྟེ་ཡི་གེ་ཨ་དེ་ཁོ་ན་མྱུ་གུའི་གཟུགས་སུ་ཕྱིར་གྱུར་པར་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །གནས་གང་དུ་རང་བཞིན་གང་ལྟར་སྒྲ་ཡིག་མྱུ་གུ་དེ་བསྒོམ་པར་བྱ་ཞེས་ན། གསུངས་པ། དབུས་སུ་རྡོ་རྗེ་དངོས ་པོར་གནས་ཞེས་པ་ནི་རང་གི་སྙིང་གའི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་སྒྲ་ཡིག་རྣམས་ཀྱི་དབུས་སུ་དང་པོ་རྡོ་རྗེ་ལ་སོགས་པའི་རང་བཞིན་གནས་པ་དེ་བསྒོམ་མོ། །དེའི་དབུས་རྟག་ཏུ་བསྒོམ་པ་ནི། འདོད་ཆགས་ཆེན་པོ་བདེ་བ་ཆེ། ཞེས་པ་ནི་དང་པོའི་རྡོ་རྗེ་ལ་སོགས་པའི་བུམ་པའི་ནང་དུ ་རྟག་པར་སྦྱོར་བ་ཡིས་བསྒོམས་ནས། ཡང་ནས་ཡང་དུ་མངོན་དུ་བྱས་པའི་ཡི་གེ་ཧཱུཾ་ལ་སོགས་པའི་རང་བཞིན་སྙིང་པོ་དང་སྔགས་དང་ཕྱག་རྒྱ་དང། རིག་པའི་ཡི་གེ་བདག་ཉིད་ཇི་ལྟར་གསུངས་པའི་དབུས་སུ་སངས་རྒྱས་པའི་ཡི་གེ་བྲིས་ནས་ཇི་ལྟ་བ་བཞིན་དུ་རྣལ་འབྱོར་པས། ་འདོད་ཆགས་ཆེན་པོ་བདེ་བ་ཆེས་རྟག་པར་བསྒོམས་པ་ཡིན་ཏེ། འདོད་ཆགས་ཆེན་པོ་དང་བདེ་བ་ཆེན་པོ་དང་གཉིས་ཀྱིས་སྟོན་པ་དང། བསྐྱེད་པར་བྱ་བའི་ཕྱིར་ཡང་དེ་ལས་བྱུང་བ་ཉིད་ཀྱི་ཕྱིར་རོ། །འདོད་ཆགས་ཆེན་པོ་བདེ་བ་ཆེ་ཞེས་གསུངས་པ་ནི་ཕྱག་རྒྱ་དང། སྔགས་དང། རིག་པའི ་བདག་ཉིད་དཔལ་རྡོ་རྗེ་སེམས་དཔའ་ཞེས་པའོ། །དེ་བསྒོམ་པའི་མན་ངག་ཀྱང་གོང་དུ་བཤད་ཟིན་པས་མ་བཤད་དོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །སངས་རྒྱས་རི་མོར་གྲགས་པ་ཡིན། ཞེས་པ་ནི་ཨཱ་ལི་ཀཱ་ལི་མཉམ་པར་བྱས་པའི་འོག་ནས་ཕྱིར་གྱུར་པ་དེའི་འོག ་ཏུ་རི་མོས་ཡི་གེ་ཐམས་ཅད་བཅུད་པ་ཞེས་པ་སྟེ། གང་དུ་གསུངས་པ་འདི་དེ་ཞེས་པའི་དོན་ཏོ། །གང་གི་དོན་དུ་རང་གི་སྙིང་གར་གནས་པའི་རྡོ་རྗེའི་དབུས་སུ་བཟླས་པའི་ཡི་གེ་བཙུང་ནས་བསྒོམ་པར་བྱ་བ་ཡིན་ཞེ་ན། གསུངས་པ་དེ་ལས་འགྲོ་བ་ཞེས་པ་ལ་སོགས་པ་སྟེ། ཅིའི་ཕྱིར་ན་འདི་ལས? ་ཐམས་ཅད་ལུས་པ་མེད་པའི་ཕྱོགས་བཅུ་ན་སྐྱེ་བ་དང། འབྱུང་བ་དང། གཡོ་བའི་བདག་ཉིད་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་བཞིན་འགྲོ་བ་རྣམས་ཡིན་པ་དེའི་ཕྱིར་རྣལ་འབྱོར་པས་ཀྱང་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་བཞིན་དུ་དེ་དག་ཐམས་ཅད་རང་གི་རྒྱུད ་སྐྱེད་པར་བྱེད་འདོད་པས། ཇི་ལྟར་གསུངས་པའི་རྡོ་རྗེའི་དབུས་སུ་དཔལ་སངས་རྒྱས་ཀྱི་རི་མོ་ཟླ་བའི་ཡི་གེ་རྣམས་ཡིད་ཀྱིས་བཀོད་དེ་བསྒོམ་པར་བྱའོ། །རྒྱུ་ཅིའི་ཕྱིར་ན་དང་པོའི་རྡོ་རྗེ་ཉེ་བར་བརྟག་པའི་བཅོམ་ལྡན་འདས་གདོད་མ་དང་ཐ་མ་མེད་པའི་གསུང་ཞེ་ན། ལན་གསུངས་པ། ནམ ་མཁའ་ལས་བྱུང་མཚན་ཉིད་ཕྱིར། ཞེས་པ་ལ་སོགས་པ་སྟེ། ཁ་ཅིག་གིས་ཇི་ལྟར་གསུངས་པ། ས་ཕྱོགས་འདི་ལ་རི་ལ་སོགས་པ་བཙལ་བས་ནམ་མཁར་བྱའོ་ཞེས་པ་སྟེ། དེ་ནི་ལེགས་པར་ལྡན་པ་སྟེ། གསལ་བ་ཁོ་ནར་གསུངས་པར་འགྱུར་ཏེ། རི་ལ་སོགས་པ་བསལ ་ནས་ནམ་མཁར་བྱ་བའོ། །དེ་བཞིན་དུ་རྣལ་འབྱོར་པས་ཀྱང་ཡང་དག་པ་མ་ཡིན་པའི་ཀུན་བརྟགས་བསལ་མ་ཐག་ཏུ་རྡོ་རྗེ་སེམས་དཔའ་བསྐྱེད་དེ་ཞེས་བཏགས་པ་སྟེ། དེ་བཞིན་གཤེགས་པའི་སྙིང་པོ་ཡི་ངོ་བོ་ཡིས་ནམ་མཁའ་བཞིན་དུ་རྟག་པར་གནས་པའི་ཕྱིར་རོ། །དེ་བས ་ན་གདོང་མ་ཐ་མ་མེད་མཆོག་ཡིན་ཞེས་པའོ། །ཅི་འདྲ་བ་ཡིན་ཞེ་ན་གསུངས་པ་རྡོ་རྗེ་ཆེན་པོ་དངོས་ཞེས་པ་སྟེ། དེ་བཞིན་ཉིད་རྡོ་རྗེ་ཆེན་པོའི་རང་བཞིན་ཞེས་པའི་དོན་ཏོ། །དེ་ཁོ་ན་སེམས་ཅན་གྱི་དོན་ལ་ཆགས་པའི་ཕྱིར་སེམས་ནི་ཞེས་པའོ། །རྡོ་རྗེ་སེམས་དཔའ་ཞེས ་འདོད་དོ། །ཞེས་པ་ནི་རྒྱུད་འདི་ཁོ་ན་ལའོ། །དེའི་བདེ་བ་ཞེས་ཁོ་ནས་དངོས་གྲུབ་འགྱུར་རོ་ཞེས་སྟོན་པས། འདི་ལ་བཅོམ་ལྡན་འདས་གང་ཡིན་ཞེས་པའི་དྲི་ཚིག་སྔོན་དུ་བྱས་ནས། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག་།ཅེས་པ་ལ་སོགས་པ་གསུངས་པ། དངོས་གྲུབ ་ཆེན་པོ་ཡང་དེ་སྟེ། ཀུན་གྱི་མཆོག་ཀྱང་དེ་ཉིད་པས། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག་ཅེས་ཏེ་གདོད་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་མངོན་དུ་བྱས་པའི་ཕྱིར་རོ། །དེ་ཉིད་དབང་ཕྱུག་ཆེན་པོ་ཞེས་ཏེ་ཁམས་གསུམ་ན་ཆོས་ཀྱི་རྒྱལ་པོ་ཐོར་བའོ། །དེའི་མཚན་མ་དབང་ ་དུ་བྱེད་པའི་ལྷ་ནི་རིག་པའི་ལྷ་ཞེས་པའོ། །ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ནི་དཔལ་རྡོ་རྗེ་སེམས་དཔའ་ནི་སྐྱེས་བུ་འམ། ལྷག་པའི་ལྷ་ཞེས་གསུངས་པའི་ཕྱིར་རོ། །རྒྱལ་པོ་རྡོ་རྗེ་ཆེན་པོ་འཛིན། ཞེས་པ་ནི་དེ་ལ་གཟུགས་ཐམས་ཅད་ཡང་དག ་པར་སྣང་བར་བྱེད་པས་རྒྱལ་པོ་ཞེས་སོ། །རྡོ་རྗེ་འཛིན་ཡང་དེ་ཆེན་པོ་ཡང་དེ་ཉིད་པས་རྡོ་རྗེ་འཛིན་ཆེན་པོ་ཞེས་ཏེ་དེ་བཞིན་ཉིད་དང། རོ་གཅིག་པའི་ཆོས་ཐམས་ཅད་བདག་མེད་པའི་ཡེ་ཤེས་ཀྱིས་དངོས་པོ་ཐམས་ཅད་རྗེས་སུ་རྟོགས་པའི་རང་བཞིན་འཛིན་པས་ན། རྡོ ་རྗེ་སེམས་དཔའ་ནི་རྡོ་རྗེ་འཛིན་ཞེས་པའོ། །དགའ་བ་དམ་པ་ཟད་མེད་ཡིན་ཞེས་པ་ནི་བཤད་ཟིན་ཏོ། །དེ་ལྟར་གདོང་མ་དང་ཐ་མ་མེད་པའི་རང་བཞིན་གྱིས་བཅོམ་ལྡན་འདས་ཀྱི་གསང་བ་དང། བདེན་པ་དམ་པའི་རང་བཞིན་གྱིས་སྐུའི་གསང་བ་བསྟན་ནས། ད་ནི་ཁྱད་པར ་དུ་བསྒྲུབ་པའི་ངོ་བོ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཆོས་ཀྱི་ཡི་གེའི་སྔགས་རྣམས་གསུང་གི་གསང་བ་གསལ་བར་བྱ་བའི་དོན་དུ་གསུངས་ཏེ། དེ་ལ་ཇི་ལྟར་ཡི་གེ་རྟོགས་པ་ཡིན་ཞེས་པའི་དྲི་ཚིག་ཏུ་བྱས་ནས། ཡི་གེ་ཨ་ལ་སོགས་པ་ཞེས་པ་ལ་སོགས ་བའོ། །དེ་དག་ཀྱང་གོ་སླའོ། །ཡིག་འབྲུ་ཞེས་པ་དང། མི་ཟད་དགའ་བའི་ཞེས་པ་ནི་བཤད་ཟིན་ཏོ། །རྡོ་རྗེ་ཅན་ཞེས་པ་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི་རྒྱུ་ཅིའི་ཕྱིར་རོ། ། ལ་སོགས་པའི་ཡིག་འབྲུའི་རང་བཞིན་དགའ་བའི་རྡོ་རྗེ་ཅན་ཞེས་པ་ཡིན་ཞེ་ན་གསུངས་པ། དེ་ཉིད་ཀུན ་དོན་མཚན་ཉིད་ཕྱིར་ཞེས་པ་སྟེ། དཀྱིལ་འཁོར་ལ་སོགས་པ་དེ་ཉིད་བཅུ་ནི་དེ་ཉིད་ཀུན་ཞེས་པའོ། །དེ་དག་གི་དོན་ཞེས་པ་ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན་ནོ། །དེའི་མཚན་ཉིད་ཅེས་པ་ནི་གསུངས་པའོ། །དེའི་ཕྱིར་ཡི་གེ་ཨ་ལ་སོགས་པའི་གསུང་གི་བྱས་པ ་ཡིས་མཚན་མའི་ཕྱིར་ཡི་གེ་ཞེས་གསུངས་ཏེ། ཉེ་བར་སྟོན་པའི་ཕྱིར་དེ་ལྟར་ཕྱི་ནང་གི་རང་བཞིན་སེམས་ཅན་གྱི་དོན་བྱ་བའི་ཐབས་ཀྱི་ངོ་བོ་བཅོམ་ལྡན་འདས་ཡི་གེ་ཨ་ལ་སོགས་པའི། ངོ་བོའི་རྣམ་པར་བསྒོམ་པའི་དོན་གསུངས་ནས། དེ་ནི་ངེས་པར་སྟོན་པའི ་དོན་གསུངས་པ་འདི་ལ་ཇི་ལྟར་སྔགས་དག་འབྱུང་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །རེའུ་མིག་སུམ་ཅུ་ཐམ་པ་ལ། བཅུ་དགུ་དང་ནི་ལྡན་པར་བྱ། ཞེས་པ་ནི་ནུབ་ཕྱོགས་སུ་ཁ་བལྟས་ནས་འདུག་པས། ཇི་ལྟར་གསུངས་པའི་གྲུ་བཞིར་བྱས་པས། ཕྱོགས་ལ་ཇི་ལྟར་འདོད་པའི་ཆ་མཉམ ་པར་བྱས་པའི་རེའུ་མིག་བཞི་བཅུ་རྩ་དགུ་ཐིག་བཅུ་དྲུག་གིས་བྱའོ། །བརྒྱ་ཕྱེད་བསྟན་ལ་ཞེས་པ་ལ་སོགས་པ་ནི་དབུས་ཀྱི་རེའུ་མིག་ལ་ཡི་གེ་ཀྵ་ཐིག་ལེ་དང་ང་རོས་བརྒྱན་པ་མགོ་ནུབ་ཏུ་བལྟས་པ་བྲི་བར་བྱའོ། །མཚམས་དང་ཕྱོགས་ཀྱི་རེའུ་མིག་ལ་ཞེས་པ་ལ་སོགས་པ་ནི། ཇི་ལྟར ་གསུངས་པའི་ཡི་གེ་ཀྵ་དེ་དབང་ལྡན་གྱི་རེའུ་མིག་ལ་ཡི་གེ་ཡ་དང། ཤར་ན་ཡི་གེ་ཤ་དང། མེ་མཚམས་ན་ཡི་གེ་ར་དང། ལྷོ་ན་ཡི་གེ་ཥ་དང། བདེན་བྲལ་ན་ཡི་གེ་ཡ་དང། ནུབ་ན་ཡི་གེ་ས་དང། རླུང་མཚམས་ན་ཡི་གེ་ཝ་དང། བྱང་ཕྱོགས་ན་ཡི་གེ་ཧ་རྣམས་བྲི་བར་བྱའོ། །མེ ་མཚམས་ལ་སོགས་རེའུ་མིག་ལ་ཞེས་པ་ལ་སོགས་པའི་རེའུ་མིག་དགུའི་ཕྱི་རོལ་གྱི་མེ་མཚམས་ཀྱི་རེའུ་མིག་ལ་བརྩམས་ནས་སྒྲ་ཡིག་བཅུ་དྲུག་ཕྲི་བར་བྱའོ། །ཞེས་པའི་ཐ་ཚིག་གོ་།འདི་ལྟ་སྟེ་གཡས་སུ་བསྐོར་བའི་རིམ་པས་དང་པོར་རེ་ཞིག་སྒྲ་ཡིག་བདུན་པ་དང། དེ་ནས་བཞི་བ ་དང། དེ་ནས་ལྔ་པ་དང། དྲུག་པ་དང། བརྒྱད་པ་དང། བཅུ་གཅིག་པ་དང། བཅུ་གཉིས་པ་དང། བཅུ་གསུམ་པ་དང། དགུ་པ་དང། བཅུ་བཞི་པ་དང། བཅོ་ལྔ་པ་དང། བཅུ་དྲུག་པ་དང། བཅུ་པ་དང། དང་པོ་དང། གཉིས་པ་དང། གསུམ་པའི་སྒྲ་ཡིག་རྣམས་བྲི་བར་བྱའོ། །དེ་ལ་སྒྲ་ཡིག ་རྣམས་ནི་འདི་ལྟ་སྟེ། རི་ཨི། ཨུ་ཨའུ་རཱི། ཨི་ཨི། ཨོ་ལི། ཨཽ་ཨཾ་ཨ(རྒྱུད་འགྲེལ་གཡས་སུ་བསྐོར་བའི་རིམ་པས་ཡི་གེ་ཀ་ནས་ཡི་གེ་བྷའི་མཐར་ཐུག་པའི་ཡིག་འབྲུ་ཉི་ཤུ་རྩ་བཞི་བྲི་བར་བྱའོ། །ཡིག་འབྲུ་དེ་དག་ཐམས་ཅད་ཀྱང་ཤར་གྱི་ཕྱོགས་སུ་མགོ་བསྟན་ལ་བྲིའོ། །སྒྲ་ཡིག་ཀྱང་དེ་བཞིན་ནོ། །ཡིག་འབྲུ་དམ་པ་དབྱུང་བར་བྱ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །རེའུ་མིག ་ཉི་ཤུ་རྩ་བཞི་ལ་གནས་པ་ཞེས་པ་ལ་སོགས་ནི་ཡི་གེ་ཧའོ། །ཟླ་ཕྱེད་གཙུག་ཕུད་ཞལ་ཞེས་པ་ནི་ཟླ་ཚེས་ཐིག་ལེ་དང་ལྡན་པའོ། །འོག་གི་དྲུག་ཅེས་པ་ནི་སྒྲ་ཡིག་དྲུག་དང་ལྡན་པའོ། །དཔལ་རྡོ་རྗེ་སེམས་དཔའ་ཨི་ཆོས་ནི་ཡི་གེ་ཧཱུཾ་ངོ། །རེའུ་མིག་བཅུ་བཞི ་ཞེས་པ་ལ་སོགས་པ་ནི་ཚེག་དྲག་དང་ལྡན་པའི་ཡི་གེ་ཛ(རྒྱུད་འགྲེལ་པ་ནི་ཡི་གེ་ཝའོ། །གནས་པ་ང་རོ་ཐིག་ལེར་ལྡན་ཞེས་པ་ནི་ཟླ་ཚེས་དང་ཐིག་ལེར་ལྡན་པའི་བ་སྟེ་མར་མེ་མའོ། །རེའུ་མིག་ཉི་ཤུ་རྩ་བཞི་ལ་གནས་པ་ཞེས་པ་ནི་ཡི་གེ་ཧའོ། །ཚེག་དྲག་སྦྱོར་བར་བྱ་ཞེས་པ་ནི་སྒྲ་ཡིག་བཅུ་གསུམ་དང་ལྡན་པ་སྟེ་ལྷ་མོ་ཟླ་བ་མོའི་ས་བོན ་ཧའོ། །རེའུ་མིག་བཅུ་གཅིག་པ་ལ་གནས་པ་ཞེས་པ་ནི། སྒྲ་ཡིག་གཉིས་པའོ། །ཐིག་ལེ་ང་རོ་ཡང་དག་ལྡན་ཞེས་པ་ནི་ཟླ་ཚེས་དང་ཐིག་ལེར་ལྡན་པའི་ཡི་གེ་ཨོཾ་ནི་སངས་རྒྱས་བྱང་ཆུབ་མ་ཡིའོ། །རེའུ་མིག་བརྒྱད་པ་ལ་གནས་པ་ཞེས་པ་ནི་ཡི་གེ་དྷ་སྟེ། དེ་ལ་ཟླ་ཚེས ་དང་ཐིག་ལེར་བརྒྱན་པའི་འོག་ཏུ་ཡི་གེ་ང་དང་སྒྲ་ཡིག་དྲུག་པ་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་ས་བོན་ཡི་གེ་བྷྲུཾ་མོ། །རེའུ་མིག་ཉི་ཤུ་རྩ་བཞི་ལ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཧ་ས་ཚེག་དྲག་དང་བཅས་པའི་ཁམས་གསུམ་རྣམ་པར་རྒྱལ་བའི་ས་བོན་?་ཡི་གེ ་ཧའོ། །རེའུ་མིག་གཉིས་པ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཁ་ལ་ཐིག་ལེ་དང་ང་རོ་ལྡན་པར་བྱ་སྟེ། འདོད་པ་ཀུན་མཛད་མའི་ས་བོན་ཁཾ་ངོ། །རེའུ་མིག་སུམ་ཅུ་རྩ་བརྒྱད་ཅེས་པ་ལ་སོགས་པ་ནི་སྒྲ་ཡིག་བཅུ་གསུམ་པ་སྟེ། ཐིག་ལེ་དང་ང་རོས་བརྒྱན་པའི་གླིང་བུ་མའི ་ས་བོན་ཡི་གེ་ཨོཾ་མོ། །དབུས་གནས་བཅོ་ལྔ་ཞེས་པ་ནི་ཡི་གེ་ཏ་ལ་སྒྲ་ཡིག་ཏ་ལ་སྒྲ་ཡིག་བཅུ་གཅིག་པའི་ཐིག་ལེ་དང་ལྡན་པར་བྱ་སྟེ། པི་བང་མའི་ས་བོན་ཡི་གེ་ཏཾ་ངོ། །རེའུ་མིག་སུམ་ཅུ་གཅིག་ཅེས་པ་ལ་སོགས་པ་ནི་ཡི་གེ་ཝ་ལ་སྒྲ་ཡིག་ཨེ་དང་ཐིག ་ལེ་དང་ལྡན་པར་བྱས་ཏེ། རྔ་ཆེན་མའི་ས་བོན་ཡི་གེ་ཝེཾ་ངོ། །རེའུ་མིག་ཉི་ཤུ་རྩ་གཅིག་ཅེས་པ་ལ་སོགས་པ་ནི་ཡི་གེ་ས་ལ་ཐིག་ལེ་དང་སྒྲ་ཡིག་གཉིས་པ་དང་ལྡན་པར་བྱས་ལ་རྫ་རྔ་ཆེན་མོའི་ས་བོན་ཡི་གེ་སཾ་ངོ། །རེའུ་མིག་བཅུ་པ་ལ་གནས་པ་ཞེས་བ་ནི་སྒྲ་ཡིག་དང ་པོ་སྟེ། མེ་ཏོག་མའི་ས་བོན་ཡི་གེ་ཨའོ། །བཅུ་གཅིག་པ་ཡང་དེ་བཞིན་ཏེ་ཞེས་པའི་སྒྲ་ནི་སྒྲ་ཡིག་གཉིས་པ་སྟེ། སྤོས་མེ་མའི་ས་བོན་ཡི་གེ་ཨའོ། །རེའུ་མིག་ཉི་ཤུ་རྩ་གསུམ་པ་ཞེས་པ་ལ་སོགས་པ་ནི་སྒྲ་ཡིག་བཅོ་ལྔ་པ་མར་མེ་མའི་ས་བོན་ཡི་གེ་ཨོཾ་ངོ། །བཅུ་དྲུག ་བའང་དེ་བཞིན་ཏེ་ཞེས་པ་ནི་སྒྲ་ཡིག་བཅུ་དྲུག་པ་སྟེ། དྲི་ཆབ་མའི་ས་བོན་ཡི་གེ་ཨའོ། །རྟ་མགྲིན་འཕང་མཐོ་ལྕགས་ཀྱུ་ལ་སོགས་ཞེས་པ་ནི་རྟ་མགྲིན་འཕང་མཐོ་མའི་ས་བོན་ཡི་གེ་ཛའོ། །ཕག་མགོ་མའི་ཧཾ་ངོ། །ཐལ་བར་འཇིག་པའི་རོ་ལངས་མའི་ཧའོ། །ཆོས ་ཀྱི་ཡིག་འབྲུ་རྣམས་སོ། །དེ་ལྟར་དཔལ་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པའི་ཁྱད་པར་གྱི་ཡི་གེ་འབྲུ་རྣམས་སྟོན་ནས། ད་ནི་དཔལ་རྣམ་པར་སྣང་མཛད་འཁོར་དང་བཅས་པའི་གསུངས་ན། རེའུ་མིག་གཉིས་པ་ཅན་ཁོ་ན་ཞེས་པ་ལ་སོགས་པ་སྟེ། ཡི་གེ་ཁ་ལ ་ཟླ་ཚེས་བརྒྱན་པར་བྱས་པ་དཔལ་རྣམ་པར་སྣང་མཛད་ཀྱི་ཆོས་ཀྱི་ཡི་གེ་ཁཾ་ངོ། །རེའུ་མིག་བཅོ་བརྒྱད་ལ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཤ་ལ་ཐིག་ལེ་དང་ང་རོར་ལྡན་པར་བྱས་ལ། ཕྱག་རྒྱའི་དཀྱིལ་འཁོར་ལ་སངས་རྒྱས་ཆོས་གོས་མའི་ཕྱག་རྒྱ ་སྟེ་ཡི་གེ་ཤཾ་ངོ། །རེའུ་མིག་བཅུ་དགུ་ཅེས་པ་ལ་སོགས་པ་ནི་ཡི་གེ་ང་ལ་ཐིག་ལེ་དང་ང་རོར་ལྡན་པར་བྱས་ནས། སངས་རྒྱས་ལྷུང་བཟེད་མའི་ཕྱག་རྒྱ་སྟེ་ཡི་གེ་རཾ་ངོ། །རེའུ་མིག་ཉི་ཤུ་རྩ་ལྔ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཀྵ་ལ་ཐིག་ལེ་དང་ང་རོར་ལྡན་པར་བྱས་ནས ་སྲག་ཤོད་མའི་ཆོས་ཀྱི་ཕྱག་རྒྱ་སྟེ། ཡི་གེ་ཀྵཾ་ངོ། །དབུས་གནས་ཉི་ཤུ་པ་ཞེས་པ་ལ་སོགས་པ་ནི། ཡི་གེ་ཐ་ལ་ང་རོ་དང། ཐིག་ལེ་ལྡན་པར་བྱས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་གྱི་ཕྱག་རྒྱ་སྟེ་ཡི་གེ་ཐཾ་ངོ། །རེའུ་མིག་ཉི་ཤུ་རྩ་བཞི་ཞེས ་པ་ལ་སོགས་པ་ནི་ཡི་གེ་ཨ་ང་རོ་དང་ཐིག་ལེ་ལྡན་པར་བྱས་ལ། དཔལ་སངས་རྒྱས་དབྱངས་མའི་ལྗགས་ཀྱི་ཕྱག་རྒྱ་སྟེ། ཡི་གེ་ཧཾ་ངོ། །རེའུ་མིག་བདུན་པ་དེ་བཞིན་དུ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཚ་ལ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའི་ཐིག ་ལེ་ང་རོས་བརྒྱན་པར་བྱས་པ་ལ། དཔལ་བོ་མའི་སིལ་སྙན་གྱི་ཕྱག་རྒྱ་སྟེ་ཡི་གེ་ཚཾ་ངོ། །དབུས་ནས་ཉི་ཤུ་རྩ་གཅིག་ཅེས་པ་ལ་སོགས་པ་ནི་ཡི་གེ་ཏ་འོག་ཏུ་ཡི་གེ་ར་དང་ལྡན་པར་བྱས་ནས་ཐིག་ལེ་དང་ང་རོས་བརྒྱན་པ་ཀུན་ཏུ་བཟང་མོའི་ཕྱག་རྒྱ་སྟེ་ཡི་གེ་ཧྲཾ་ངོ། ། ་དབུས་ནས་བཅོ་བརྒྱད་ཅེས་པ་ལ་སོགས་པ་ནི་ཡི་གེ་དྷ་ལ་ཐིག་ལེ་དང་ང་རོ་དང་ལྡན་པར་བྱས་པ། ཟད་མེད་སྣོད་ཀྱི་དེའི་ཕྱག་རྒྱ་སྟེ་ཡི་གེ་དྷཾ་ངོ། །ལྷག་མ་ལྷ་མོ་རྣམས་ཀྱི་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཁོ་ན་ལ་གསུངས་པའི་ཆོས་ཀྱི་ཡི་གེ་བཟུང་བར་བྱའོ། །དེ ་ལྟར་དཔལ་རྣམ་པར་སྣང་མཛད་འཁོར་དང་བཅས་པའི་ཆོས་ཀྱི་ཡི་གེ་བསྟན་ནས། ད་ནི་དཔལ་ཁྲག་འཐུང་འཁོར་དང་བཅས་པའི་གསུངས་པ། ཉི་ཤུ་རྩ་བཞིའི་རེའུ་མིག་ཅེས་པ་ལ་སོགས་པ་སྟེ། ཡི་གེ་ཧ་ལ་སྒྲ་ཡིག་བཞི་པ་དང་ལྡན་པར་བྱས་ནས། དཔལ་ཁྲག ་འཐུང་གི་ཆོས་ཀྱི་ཕྱག་རྒྱ་ཡི་གེ་ཧའོ། །རེའུ་མིག་ཉི་ཤུ་རྩ་བཞི་ཞེས་པ་ལ་སོགས་པ་ནི། ཧ་ལ་འོག་ཏུ་ར་བཏགས་ནས་སྒྲ་ཡིག་གསུམ་པ་དང་ལྡན་པ་གློ་ན་ཚེག་དྲག་ཅན་བྱས་ཏེ། དཔལ་གཽ་རཱི་མའི་ས་བོན་ཡི་གེ་ཧྲི(རྒྱུད་འགྲེལ་བཅུ་གཅིག་དང་ལྡན་པ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཧ་ལ་འོག་ཏུ་བཏགས་ནས། མགོ་ལ་ཡང་སྒྲ་ཡིག་གསུམ་པ་ཚེག་དྲག་དང་བཅས་པ་ནི་ཙཽ་རཱི་མའི་ས་བོན་ཡི་གེ་ཧྣི(རྒྱུད་འགྲེལ་མགོ་ལ་ཡང་སྒྲ་ཡིག་གསུམ་པ་དང། ཚེག་ཅན་པྲ་མོ་ཧའོ་ས་བོན་ཏེ་ཡི་གེ་ཛཛི(རྒྱུད་འགྲེལ་ཤུ་རྩ་བཞི་ལ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཧ་ལ་སྒྲ་ཡིག་ལྔ་པ་དང་ལྡན་པ་ལ་ཐིག་ལེ་དང་ང་རོར་ལྡན་པར་བྱས་པའོ། །ཐིག་ལེ་འབྱུང་གནས་གསུམ་པ་ཅན་ཞེས་པ་ལ་སོགས་པ་ནི་ཡི་གེ་ཧཱུཾ་དེ་ཁོ་ན་ཡི་གེ་མ་དང་ལྡན་པར་བྱས་པའོ། །དབུས་གནས་བཅུ་པ་གང་ཡིན་ལ། དྲག་ཏུ་ཨ ་མེད་པར་འགྱུར་བ་ཞེས་པ་ནི་ཡི་གེ་ཊ་ལ་ཨ་མེད་པར་བྱ་བའོ། །ཡི་གེ་ནི་འདི་ལྟར་གསུངས་པར་འགྱུར་ཏེ་ཧཱུཾ་ཕཊ་ཅེས་སོ། །པུཀྐ་སཱི་དང། ཙཎྜ་ལི་དང། གྷསྨ་རི་དང། དཔལ་ཁྲག་འཐུང་དང་འདྲ་བའི་སྨ་ཤཱ་ནའི་ལྷ་མོ་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱ་འདི་ཡིན་ནོ། །རེའུ་མིག་ཉི་ཤུ་རྩ་ལྔ ་ཞེས་པ་ལ་སོགས་པ་ནི་ཡི་གེ་མ་ཐིག་ལེ་དང་ལྡན་པར་བྱས་ལ་མངའ་རྣོན་འཛིན་མའི་ས་བོན་ཡི་གེ་མཾ་ངོ། །དབུས་ན་དྲུག་པ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཝ་ལ་ཐིག་ལེ་དང་དངོས་བརྒྱན་པར་བྱས་པ། ཁ་ཊཝཱཾ་འཛིན་མའི་ས་བོན་ཡི་གེ་ཝཾ་ངོ། །རེའུ་མིག་དེ་བཞིན་བཅུ་བདུན་པ ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཡ་ལ་ཐིག་ལེ་དང་ང་རོས་བརྒྱན་པར་བྱས་ལ། འཁོར་འཛིན་མའི་ས་བོན་ཡི་གེ་ཡཾ་ངོ། །རེའུ་མིག་བཅུ་དགུ་ཞེས་པ་ལ་སོགས་པ་ནི་ཡི་གེ་ར་ལ་ངོར་ཐིག་ལེར་ལྡན་པར་བྱས་ནས་སྣ་ཚོགས་བ་དན་འཛིན་མའི་ཡི་གེ་རཾ་ངོ། །གླིང་བུ་མ་ལ་སོགས ་པའི་ལྷ་མོ་བཞི་ནི་དཔལ་ཁྲག་འཐུང་གི་དཀྱིལ་འཁོར་ལ་ལྷག་པར་འགོག་པ་ཡིན་པས། དེའི་ཆོས་ཀྱི་ཕྱག་རྒྱ་མ་གསུངས་སོ། །མེ་ཏོག་མ་ལ་སོགས་པའི་ལྷ་མོ་བཞི་དང། དཔལ་རྟ་མགྲིན་འཕང་མཐོ་མ་ལ་སོགས་པའི་ལྷ་མོ་བཞི་ནི་དཔལ་རྡོ་རྗེ་སེམས་དཔའ་ལས་བྱུང་བའི ་ཆོས་ཀྱི་ཡི་གེ་རྣམས་བཟུང་བའོ། །དེ་ལྟར་དཔལ་ཁྲག་འཐུང་འཁོར་དང་བཅས་པའི་ཆོས་ཀྱི་ཕྱག་རྒྱ་བསྟན་ནས། ད་ནི་དཔལ་པདྨ་གར་གྱི་དབང་ཕྱུག་འཁོར་དང་བཅས་པའི་གསུངས་པ། རེའུ་མིག་ཉི་ཤུ་རྩ་བཞི་ལ་ཞེས་བྱ་བ་ལ་སོགས་པ་སྟེ། ཡི་གེ་ཧའི་འོག་ཏུ་ར་བཏགས ་ནས་མགོ་ལ་ཡང། སེའི?་སྒྲ་ཡིག་བཞི་པ་དང། ཚེག་དྲག་དང་ལྡན་པར་བྱས་པ་དཔལ་པདྨ་གར་གྱི་དབང་ཕྱུག་གི་ཆོས་ཀྱི་ཕྱག་རྒྱ་ཡི་གེ་ཧྲི(རྒྱུད་འགྲེལ་ས་བོན་ཡི་གེ་ཛ(རྒྱུད་འགྲེལ་དང་ལྡན་པར་བྱས་ནས། ས་འཛིན་མའི་ས་བོན་ཡི་གེ་ཝཾ་ངོ། །རེའུ་མིག་ཉི་ཤུ་རྩ་བཞི་ཞེས་པ་ལ་སོགས་པ་ནི་ཡི་གེ་ཧ་ལ་སྒྲ་ཡིག་བཅུ་གསུམ་པ་གཏགས་ནས་ཚེག་དྲག་དང་ལྡན་པ་ཁྲོ་གཉེར་མའི་ས་བོན་ཡི་གེ་ཧོ(རྒྱུད་འགྲེལ་ལ་སོགས་པ་ནི་ཡི་གེ་ཧ་ལ་ཐིག་ལེ་དང་སྒྲ་ཡིག་དྲུག་པ་བཏགས་པ་རྡོ་རྗེ་གཏུམ་པའི་དབང་ཕྱུག་མའི་ས་བོན་ཡི་གེ་ཧཱུཾ་ངོ། །རེའུ་མིག་ཉི་ཤུ་རྩ་བཞི་པ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཧ་ལ་སྒྲ་ཡིག་བཅུ་གཅིག་པ་བཏགས་པ། སྣ་ཚོགས་པདྨའི་ས་བོན་ཧེ་འོ། ། ་རེའུ་མིག་བཅུ་གཅིག་ཅེས་པ་ལ་སོགས་པ་ནི་སྒྲ་ཡིག་གཉིས་པ་ལ་ཚིག་དྲག་དང་བཅས་པ་པདྨའི་ན་བཟའ་ཨི་ས་བོན་ཡི་གེ་ཨཱ(རྒྱུད་འགྲེལ་མོའི་ས་བོན་ཡི་གེ་ཧའོ། །ལྷག་མ་རྣམས་ཀྱི་དཔལ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཁོ་ན་ལ་གསུངས་པའི་ཆོས་ཀྱི་ཡིག་འབྲུ་རྣམས་སོ། །དེ་ལྟར་དཔལ་པདྨ་གར་གྱི་དབང་ཕྱུག་འཁོར་དང་བཅས་པའི་ཕྱག་རྒྱ་བསྟན་ནས། ད་ནི་དཔལ་རྡོ་རྗེ་ཉི་མ་འཁོར་དང་བཅས་པའི ་གསུངས་པ། ཉི་ཤུ་རྩ་གཅིག་ཅེས་པ་ལ་སོགས་པ་སྟེ། ཡི་གེ་ཏ?་སྒྲ་ཡིག་གཉིས་པ་དང་ལྡན་པའི་ཐིག་ལེ་ཅན་ཡི་གེ་ར་བཏགས་པ། དཔལ་རྡོ་རྗེ་ཉི་མའི་ཆོས་ཀྱི་ཕྱག་རྒྱའི་ཡི་གེ་ཏྲཾ་ངོ། །དབུས་ནས་བཅུ་གསུམ་ཞེས་པ་ལ་སོགས་པ་ནི་སྒྲ་ཡིག་བཅུ ་གསུམ་པ་ལ་ཟླ་ཚེས་ཀྱིས་བརྒྱན་པ་དབང་བསྐུར་བ་སྟེ་ཡི་གེ་ཨོཾ་མོ། །རེའུ་མིག་ཉི་ཤུ་རྩ་བཞི་ལ་ཞེས་པ་ལ་སོགས་པ་ནི་ར་ལ?་གདན་བྱས་པའི་ཡི་གེ་ལ་སྒྲ་ཡིག་བཞི་པ་དང། ཚེག་དྲག་དང་ལྡན་པར་བྱས་པ་ལྷ་མོ་གཏེར་ལྡན་མའི་ས་བོན་ཡི་གེ་ཧྲི(རྒྱུད་འགྲེལ་རེའུ་མིག་ཉི་ཤུ་རྩ་བཞི་ཞེས་པ་ལ་སོགས་པ་ནི་ཡི་གེ་ཧ་ལ་སྒྲ་ཡིག་བཅུ་གསུམ་པ་ལྡན་པར་བྱས་པ་ལ། ཚེག་དྲག་ལྷ་མོ་རྒྱལ་མཚན་མཆོག་ལྡན་མའི་ས་བོན་ཡི་གེ་ཧོ(རྒྱུད་འགྲེལ་ལྡན་པ་ཟླ་ཚེས་ཀྱིས་བརྒྱན་པའི་ལྷ་མོ་མཆོད་པ་ཆེན་པོའི་ས་བོན་ཡི་གེ་ཧཱཾ་ངོ། །རེའུ་མིག་བཅུ་བཞི་ལ་གནས་པ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཛ་ལ་ཚེག་དྲག་ཅན་མངའ་གཞུ་འཛིན་མའི་ས་བོན་ཡི་གེ་ཛ(རྒྱུད་འགྲེལ་ཡི་གེ་ཧ་ལ་སྒྲ་ཡིག་དྲུག་པ་དང་ལྡན་པའི་ཟླ་ཚེས་ཀྱིས་བརྒྱན་པ། རྡོ་རྗེ་རལ་གྲི་མའི་ས་བོན་ཡི་གེ་ཧཱུཾ་ངོ། །རེའུ་མིག་སུམ་ཅུ་རྩ་གཅིག་གནས་ཞེས་པ་ལ་སོགས་པ་ནི། ཡི་གེ་ཝ་ལ་ཟླ་ཚེས་དང་ཐིག་ལེས་བརྒྱན་པ་རྡོ་རྗེ་ཉི་མའི་ས་བོན་ཡི་གེ་ཝཾ་ངོ། །རེའུ་མིག ་ཉི་ཤུ་རྩ་བཞིར་གནས་ཞེས་པ་ལ་སོགས་པ་ནི་ཡི་གེ་ཧ་ལ་སྒྲ་ཡིག་བཅུ་གསུམ་པ་དང་ལྡན་པ་ཚེག་དྲག་ཅན་རྡོ་རྗེ་སྦྱིན་སྲེག་མའི་ས་བོན་ཡི་གེ་ཧོ་འོ། །གླིང་བུ་མ་ལ་སོགས་པ་རྣམས་ཀྱིས་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཁོ་ན་ལ་གསུངས་པའི་ཆོས ་ཀྱི་ཕྱག་རྒྱ་རྣམས་གཟུང་བར་བྱའོ། །དེ་ལྟར་དཔལ་རྡོ་རྗེ་ཉི་མའི་དཀྱིལ་འཁོར་དང་བཅས་པ་བསྟན་ནས། ད་ནི་དཔལ་རྟ་མཆོག་འཁོར་དང་བཅས་པས་གསུངས་པ། རེའུ་མིག་ཉི་ཤུ་རྩ་བཞིར་གནས་ཞེས་པ་ལ་སོགས་པ་སྟེ། ཡི་གེ་ཧ་ལ་སྒྲ་ཡིག་ལྔ་པ་དང ་ལྡན་པ་ཟླ་ཚེས་དང་ཐིག་ལེས་བརྒྱན་པ། དཔལ་རྟ་མཆོག་གི་ཆོས་ཀྱི་ཕྱག་རྒྱ་ཡི་གེ་ཧཱུཾ་ངོ། །རེའུ་མིག་བཅུ་བཞི་ལ་གནས་པ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཛ་ལ་རས་གདན་བྱས་པ་སྟེ། སྒྲ་ཡིག་བཞི་པ་དང་ལྡན་པ་ཚེག་དྲག་ཅན་སྣ་ཚོགས་པདྨའི་ཕྱག་རྒྱ་སྟེ་ཡི་གེ་རྫཱ? ་རེའུ་མིག་ཉི་ཤུ་རྩ་བཞི་ལ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཧ་ལ་ཚེག་དྲག་ཅན་སྣ་ཚོགས་རྡོ་རྗེ་མའི་ཆོས་ཀྱི་ཕྱག་རྒྱ་སྟེ་ཡི་གེ་ཧ(རྒྱུད་འགྲེལ་ཆོས་ཀྱི་ཕྱག་རྒྱ་བསྟན་ནས། ང་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི་སྔགས་འབྱུང་བ་གསུངས་པ། འདབ་བརྒྱད་པདྨའི་ཕྱི་རོལ་ཏུ་ཞེས་པ་ལ་སོགས་པ་སྟེ། ཇི་ལྟར་འདོད་པའི་ཚད་རི་མོ་ཟླུམ་པོ་གཅིག་གིས་འཁོར་ལོ་བྲིས་ཏེ། དེའི་ཕྱི་རོལ་ཏུ་ཡང་དེ་ཡང ་འགྱུར་གྱི་ཚང་བྱས་ཏེ། དེའི་ནང་དུ་བྱས་ནས་གཉིས་པ་ཟླུམ་པོར་རི་མོ་བྲི་བར་བྱའོ། །དེ་ལྟར་རི་མོ་གཉིས་པའི་འཁོར་ལོར་འགྱུར་རོ། །དེ་ནས་དེའི་ཕྱི་རོལ་ཏུ་ལེགས་པར་བྲིས་པས། ཕྱོགས་བཞི་ན་འདབ་མ་བརྒྱད་བྲིས་ཏེ། འཁོར་ལོ་རི་མོ་གཉིས་ཀྱི་དབུས་སུ་དབང་ལྡན ་གྱི་མཚམས་ནས་བརྩམས་ནས། གཡས་སུ་བསྐོར་བའི་སྦྱོར་བ་ཡིས། ། ཨཱ། ཨི་ཨའི། ཨུ་ཨའུ། རི་རཱི། ལི་ལཱི། ཨེ་ཨི། ཨོ་ཨཽ། ཨཾ་ཨ:། ཡི་གེ་ཨ་ལ་སོགས་པའི་སྒྲ་ཡིག་བཅུ་དྲུག་དང། ཀ་ཁ་ག་གྷ་ང། ཞེས་པའི་ཀའི་སྡེ་ཤར་པདྨའི་འདབ་མ་ལ། ཙ་ཚ་ཛ་ཛཧ་ཉ། ་ཞེས་པ་ལྷོའི་ན། ཊ་ཋ་ཌ་ཌཧ་ཎ་ཞེས་པ་ནུབ་ན། ཏ་ཐ་ད་དྷ་ན་ཞེས་པ་བྱང་ཕྱོགས་ཀྱི་པདམོའི་འདབ་མ་ལ་བྲིས་ནས། འཁོར་ལོའི་ལྟེ་བར་པ་ཕ་བ་བྷ་མ་ཞེས་བྱ་བའི་ཡི་གེ་སྟེ། ཡི་གེ་ཀྵ་དང་ལྷན་ཅིག་པ་དེ་བྲིའོ། །དེ་ནས་དབང་ལྡན་གྱི་པདྨའི་འདབ་མའི་དབུས་སུ་ཡི་གེ ་ཡ། མེ་མཚམས་ཀྱི་དབུས་སུ་ཡི་གེ་ར། བདེན་བྲལ་གྱི་མཚམས་སུ་ཡི་གེ་ལ། རླུང་མཚམས་ཀྱི་པདྨའི་འདབ་མའི་ཡི་གེ་ཝ། ཡང་དབང་ལྡན་གྱི་འདབ་མའི་ཕྱི་རོལ་ཏུ་ཡི་གེ་ཤ་།མེ་མཚམས་ན་ཡི་གེ་ཥ། བདེན་བྲལ་གྱི་མཚམས་པདྨའི་ཕྱི་རོལ་ཏུ་ཡི་གེ་ས། རླུང ་མཚམས་ཀྱི་པདྨའི་ཕྱི་རོལ་ཏུ་ཧ་བྲི་བར་བྱའོ། །དབུས་ཀྱི་མཛའ་རུ་གང་ཡིན་པ་ཞེས་པ་ལ། འཁོར་ལོའི་ལྟེ་བར་གནས་པའི་སྡེ་ཐ་མར་ཡི་གེ་མའོ། །ཐིག་ལེ་ལྡན་པའི་ཡི་གེ་ཨོ་ཞེས་པ་ནི་སྒྲ་ཡིག་བཅུ་གསུམ་པའི་ཐིག་ལེ་ཅན་ནོ། །རླུང་མཚམས་ཀྱི་ཕྱི་རོལ་ཅེས ་པ་ལ་སོགས་པ་ནི་ཡི་གེ་ཧ་ལ་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །བདེན་བྲལ་གྱི་ཕྱི་རོལ་གནས་པ་ལ་ཞེས་པ་ལ་སོགས་པ་ནི་ཡི་གེ་ས་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །ཤར་གྱི་འདབ་མ་གཉིས་པ་ནི་ཞེས་པ་ནི་ཡི་གེ་ཁའོ། །དབུས་ལས་དབུ་མའི་དེ་བཞིན་ཏེ ་ཞེས་པ་ནི་པའི་སྡེ་ལ་ཡི་གེ་བ་ནི་དབུས་མའོ། །ལྷོ་ནས་དེ་བཞིན་དབུས་མ་ལས་ཞེས་པ་ལ་སོགས་པ་ནི་ཙའི་སྡེ་ལ་ཛ་ནི་དབུ་མ་སྟེ། ཡི་གེ་ར་གདན་དུ་བྱས་པའོ། །བདེན་བྲལ་གྱི་ཕྱི་རོལ་ལ་གནས་པ་ནི་ཡི་གེ་སའོ། །དེ་ནས་བྱང་གི་དང་པོའོ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཏལ་ཝ ་བཏགས་པའོ། ། ཡིག་ཚེག་དྲག་ཅེས་པ་ལ་སོགས་པ་ནི་སྒྲ་ཡིག་གཉིས་པ་ཚེག་དྲག་དང་བཅས་པའོ། །ལྷོ་ན་དབུས་མ་གང་ཡིན་ཞེས་པ་ལ་སོགས་པ་ནི་ཡི་གེ་ཛ(རྒྱུད་འགྲེལ་པའི་ཐིག་ལེ་ཅན་ནོ། །དབུས་ལས་དབུ་མ་ཞེས་པ་ལ་སོགས་པ་ནི་བ་ཐིག་ལེ་དང་བཅས་པའོ། །རླུང་མཚམས་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་བཅུ་གསུམ་པ་དང་ལྡན་པ་ཚེག་དྲག་ཅན་ནོ། །བདེན་བྲལ་ཞེས་སོགས་ནི་ཡི་གེ་ས་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །མེ་མཚམས ་འདབ་མ་ལ་གནས་པ་ནི་ཡི་གེ་རའོ། །བྱང་ནས་དང་པོ་པ་དང་ཡང་ཞེས་པ་ནི་ཡི་གེ་ཏའོ། །བདེན་བྲལ་ཕྱི་རོལ་ཞེས་སོགས་ནི་ཡི་གེ་སའི་འོག་ཏུ་ཏ་དང་ལྡན་པ་ལ་ཐིག་ལེ་ཅན་ནོ། །ཡི་གེ་དེ་དག་འདུས་ན་ནི་འདི་ལྟར་གསུངས་པར་འགྱུར་ཏེ། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨ: ་ཛ(རྒྱུད་འགྲེལ་སོགས་ནི་ཡི་གེ་ཇ?་ར་ལ་གདན་བྱས་པའོ། །བྱང་ནས་དབུ་མ་ཞེས་སོགས་ནི་ཡི་གེ་དར་ལ་གདན་བྱས་པ་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །མེ་མཚམས་ཕྱི་རོལ་ཞེས་སོགས་ནི་སྡེ་བདུན་པའི་གཉིས་པ་མེ་མཚམས་ཀྱི་ཕྱི་རོལ་གྱི་ཡི་གེ་ཥ་སྭ་ཡིག་གསུམ་པའི ་ཡི་གེ་ད་གཟུང་བར་བྱའོ། །བདེན་བྲལ་གྱི་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ས་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །དེ་བཞིན་དབང་ལྡན་འདབ་མ་ལ་ཞེས་པ་ནི་ཡི་གེ་ཡ་དབང་ལྡན་གྱི་འདབ་མ་ཅན་ནོ། །སྒྲ་ཡིག་ཨེ་དང་འབྱོར་བའི་ཞེས་པ་ནི་ཡི་གེ་ཀ་ལ་སྒྲ་ཡིག་བཅུ ་གཅིག་པ་དང་ལྡན་པའོ། །དེ་ནས་དབུ་མའི་ཐ་མ་ལ་ཞེས་པ་ནི་དབུས་ཀྱི་སྡེ་ཚན་ལ་ཡི་གེ་མའོ། །ནུབ་ཀྱི་དང་པོ་ལ་བཟུང་ནས་ཞེས་སོགས་ནི་ཡི་གེ་ཊ་ཨ་མེད་པའོ། །ཡི་གེ་དེ་དག་འདུས་པ་ནི་འདི་ལྟར་གསུངས་པར་འགྱུར་ཏེ། ཛ(རྒྱུད་འགྲེལ་ཀེ་མ་ཊ་ཅེས་དཔལ་བདེ་མཆོག་མའི་སྔགས་སོ། །རླུང་མཚམས་ཕྱི་རོལ་པ་བཟུང་ནས་ཞེས་པ་ལ་སོགས་པ་ནི་ཡི་གེ་ཧ་སྒྲ་ཡིག་དྲུག་པ་དང་ལྡན་པ་ཟླ་ཚེས་དང་ཐིག་ལེས་བརྒྱན་པའོ། །དེ་ནས་དབུས་ནས་དབུ་མའོ། ཞེས་པ་ནི་ཡི་གེ་བའོ། །ལྷོ་ནས་དབུས་མ་ཞེས་པ ་ལ་སོགས་པ་ནི་ཡི་གེ་ཛ་ལ་ར་བཏགས་པའོ། །ཤར་ནས་དང་པོ་ཞེས་པ་ལ་སོགས་པ་ནི། ཡི་གེ་ཀ་ལ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །བདེན་བྲལ་འདབ་མར་གནས་པ་ཞེས་པ་ལ་སོགས་པ་ནི་ཡི་གེ་ལ་ལ་སྒྲ་ཡིག་བཞི་པ་དང་ལྡན་པའོ། །ཤར་གྱི་དང ་པོ་བཟུང་ནས་ཞེས་པ་ལ་སོགས་པ་ནི་ཡི་གེ་ཀ་ལ་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །བདེན་བྲལ་འདབ་མ་ར་ལ་གནས་ཞེས་པ་ལ་སོགས་པ་ནི་ཡི་གེ་ལ་ལ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །རླུང་མཚམས་ཕྱི་རོལ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཧ་སྒྲ་ཡིག ་དྲུག་པ་དང་ལྡན་པ་ལ་ཐིག་ལེ་དང་དངོས་བརྒྱན་པའོ། །འདུས་པ་ནི་འདི་ལྟར་འགྱུར་ཏེ། ཧཱུཾ་བཛྲ་ཀཱི་ལི་ཀཱི་ལེ་ཧཱུཾ་ཞེས། ཨེ་མ་བདེ་བ་ཆེན་མོའི་སྔགས་སོ། །དབུས་ནས་དབུ་མ་ཞེས་སོགས་ནི་ཡི་གེ་བ་ཐིག་ལེ་དང་ལྡན་པའོ། །དེ་བཞིན་དབུས་ནས་དབུ་མ་ཡང་ཞེས་པ་ནི་ཡི་གེ ་བ་ཁོ་ནའོ། །ལྷོ་ནས་དབུས་མ་ཞེས་སོགས་ནི་ཡི་གེ་ཛ་ར་ལ་གདན་བྱས་པ་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །ནུབ་ནས་ཐ་མ་ཞེས་སོགས་ནི་ཡི་གེ་ཎ་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །བདེན་བྲལ་ཞེས་སོགས་ནི་ཡི་གེ་ས་ལ་མ་ལྡན་པའི། །མེ་མཚམས་ལན ་གཉིས་བརྗོད་ནས་སུ་ར་ར་ཞེས་པར་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །ནུབ་ལས་དང་པོ་ཞེས་སོགས་ནི་ཡི་གེ་ཊ་ཨ་མེད་པར་གཟུང་བའོ། །འདི་ལྟར་གསུངས་པར་འགྱུར་ཏེ། བེ་བཛྲི་ཎི་སྨ་ར་རཱ་ཊ་ཞེས་སྣང་མཛད་མའི་སྔགས་སོ། །རླུང་མཚམས་ཕྱི་རོལ་པ་ཞེས་སོགས་ནི ་ཡི་གེ་ཧ་སྒྲ་ཡིག་བཅུ་གསུམ་དང་ལྡན་པ་ཚེག་དྲག་བཟུང་བར་བྱའོ། །དབུས་ནས་དབུ་མ་དེ་བཞིན་དུ་ཞེས་པ་ནི་ཡི་གེ་པའོ། །མེ་མཚམས་པ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཛ་ར་དང་ལྡན་པའོ། །ཤར་ནས་དང་པོ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཀ་སྒྲ་ཡིག་གཉིས་པ་དང་ལྡན ་པའོ། །དབུས་ལས་ཐ་མ་ཞེས་པ་ལ་སོགས་པ་ནི་ཡི་གེ་མ་ལ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །དབང་ལྡན་གྱི་ཕྱི་རོལ་ཏུ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཤ་ལ་ཡི་གེ་བ་ལྡན་པའོ། །མེ་མཚམས་ཀྱི་འདབ་མ་ཡི་གེ་ར་སྒྲ་ཡིག་གསུམ་པ་དང་ལྡན་པའོ། ། ་བྱང་ནས་དང་པོ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཏ་ར་ཡིས་གདན་བྱས་པ་ཅན་ལ་སྒྲ་ཡིག་གཉིས་པ་དང་ལྡན་པའི་ཐིག་ལེས་བརྒྱན་པའོ། །དེ་དག་ནི་འདི་ལྟར་གསུངས་པར་འགྱུར་ཏེ། ཧོ་བཛྲ་ཀཱ་མེ་ཤྭ་རི་ཏྭཱཾ་ཞེས་ལྷ་མོ་ཟླ་བ་མོའི་སྔགས་སོ། །ོཾ་ཡིག་ཐིག་ལེ་དང་ལྡན ་པ་ཞེས་པ་ནི་སྒྲ་ཡིག་བཅུ་གསུམ་པ་ལ་ཐིག་ལེ་དང་ལྡན་པའོ། ། ཡིག་ཐིག་ལེ་དང་ལྡན་པ་ཞེས་པ་ནི། སྒྲ་ཡིག་གཉིས་པ་ཐིག་ལེ་དང་བཅས་པའོ། །དབུས་ལ་ཐ་མ་གཟུང་ནས་སུ་ཞེས་པ་ནི་ཡི་གེ་མའོ། །ཡི་གེ་ཨུ་དང་ལྡན་པ་ཡི་ཞེས་པ་ལ་སོགས་པ་ནི་ཡི་གེ་ང ་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །དབུས་ནས་དབུ་མ་བཟུང་ནས་སུ་ཞེས་པ་ནི་པའི་སྡེ་ལ་ཡི་གེ་བའོ། །ལྷོ་ནས་དབུ་མ་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཛ་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །ཤར་ནས་བཞི་པ་ལ་སོགས་པ་ནི། ཡི་གེ་བྷ་སྒྲ་ཡིག་དྲུག ་པ་དང་ལྡན་པའོ། །ཐིག་ལེ་དང་བཅས་པ་ལན་གཉིས་བརྗོད་པའོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། ཨོཾ་ཨཱཾ་མ་དུ་བཛྲི་གྷུཾ་གྷུཾ་ཞེས་སངས་རྒྱས་བྱང་ཆུབ་མའི་སྔགས་སོ། །ོཾ་ཡིག་ཐིག་ལེ་དང་ལྡན་པ་ཞེས་པ་ནི་སྒྲ་ཡིག་བཅུ་གསུམ་པ་ལ་ཐིག་ལེ་དང་བཅས་པའོ། །དབུ་མ་ལ ་ནི་དབུ་མ་ཡང་ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་འདབ་མ་ཞེས་སོགས་ནི་རའི་གདན་ཅན་ཡི་གེ་ཛའོ། །དབུས་ནས་ཐ་མ་ཞེས་པ་ལ་སོགས་པ་ནི་ཡི་གེ་མ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །ཤར་ནས་བཞི་པ་ལ་སོགས་པ་ནི་གྷ་ལ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། ། ་ཤར་ལས་གསུམ་པ་ཞེས་སོགས་ནི་ཡི་གེ་ག་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །བདེན་བྲལ་འདབ་མ་ཞེས་སོགས་ནི། ཡི་གེ་ལ་སྒྲ་ཡིག་ལྔ་པ་དང་ལྡན་པར་བྱས་ཏེ། ལན་གཉིས་བརྗོད་པ་ཤེས་པར་བྱའོ། །དབུས་ལས་བཞི་པ་ཞེས་སོགས་ནི། རའི ་གདན་ལ་གནས་པའི་ཡི་གེ་བྷ་སྒྲ་ཡིག་དྲུག་པ་དང་ལྡན་པ་ཟླ་ཚེས་དང་ཐིག་ལེས་བརྒྱན་པའོ། །ངས་ནི་འདི་གསུངས་པར་འགྱུར་ཏེ། ཨོཾ་བཛྲ་མེ་བྷེ་གུ་ལུ་གུ་ལུ་བྷྲུཾ་ཞེས་ཆོས་ཀྱི་འཁོར་ལོ་མའི་སྔགས་སོ། །ོཾ་ཡིག་ཐིག་ལེ་དང་ལྡན་པ་ཞེས་པ་ནི་སྒྲ་ཡིག་བཅུ་གསུམ ་པ་ཐིག་ལེ་ཅན་ནོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི། ཚེག་དྲག་ཅན་ཡི་གེ་ཧ(རྒྱུད་འགྲེལ་པའོ། །ལྷོ་ནས་དབུ་མ་ཞེས་སོགས་ནི་རའི་གདན་ཅན་ཡི་གེ་ཛ་སྒྲ་ཡིག་གསུམ་པ་དང་ལྡན་པའོ། ། ཡིག་ཐིག་ལེ་ཞེས་སོགས་ནི་ཤེས་སླའོ། །དེས་ཀྱང་འདི་གསུངས་པར་འགྱུར་ཏེ། ཨོཾ་ཧ(རྒྱུད་འགྲེལ་མའི་སྔགས་སོ། །ོཾ་ཡིག་ཐིག་ལེ་དང་ལྡན་པ་ཞེས་པ་ནི་བཤད་ཟིན་ཏོ། །ཟླ་ཚེས་ཐིག་ལེ་གཙུག་གི་ཞལ་ཞེས་པ་ནི་ཡི་གེ་ཁ་ཐིག་ལེ་དང་བཅས་པའོ། །དབུས་ནས་དབུ་མ་དེ་བཞིན་དུ་ཞེས་པ་ནི་ཡི་གེ་བའོ། །ལྷོ་ནས་དབུ་མ་ཞེས་སོགས་ནི་རའི་གདན་ཅན ་ཡི་གེ་ཛའོ། །དབང་ལྡན་གྱི་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཤཻ་སྒྲ་ཡིག་བཅུ་བཞི་དང་ལྡན་པའོ། །དེ་ཉིད་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཤ་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །མེ་མཚམས་འདབ་མ་ཞེས་སོགས་ནི་ཡི་གེར་སྒྲ་ཡིག་གསུམ་པ་དང་ལྡན་པའོ། ་རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཤེས་པའོ། །དེས་འདི་གསུངས་པར་འགྱུར་ཏེ། ཨོཾ་ཁཾ་བཛྲ་ཤཻ་ཤི་རི་ཧཱུཾ་ཧཱུཾ་ཞེས་འདོད་པ་ཀུན་མཛད་མའི་སྔགས་སོ། །ོཾ་ཡིག་ཐིག་ལེ་དང་ལྡན་པ་ཞེས་པ་ལ་སོགས་པ་ནི་བཤད་ཟིན་ཏེ། ཡི་གེ་ཨེ་ཡིས་སྦྱོར་བ་དང ་ཞེས་སོགས་ནི་ཡི་གེ་ཨ་སྒྲ་ཡིག་བཅུ་དྲུག་དང་ལྡན་པའོ། །མེ་མཚམས་འདབ་མ་དེ་བཞིན་ཞེས་སོགས་ནི་ཡི་གེ་རའོ། །ེ་ཡིས་མཉམ་ལྡན་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །དབུས་ལས་དབུ་མ་དེ་བཞིན་དུ་ཞེས་པ་ནི་ཡི་གེ་བའོ། །མེ་མཚམས ་འདབ་མ་ཞེས་སོགས་ནི་རའི་གདན་ཅན་ཡི་གེ་ཛའོ། །ཡི་གེ་ཨི་དང་མཉམ་ལྡན་ཞེས་སོགས་ནི་ཡི་གེ་བ་སྒྲ་ཡིག་གསུམ་དང་ལྡན་པའོ། །བདེན་བྲལ་འདབ་མ་ཞེས་སོགས་ནི་ཡི་གེ་ལ་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །བདེན་བྲལ་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ས་སྒྲ ་ཡིག་གསུམ་པ་དང་ལྡན་པའོ། །བྱང་ནས་ཐ་མ་ཞེས་སོགས་ནི་ཡི་གེ་ནི་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །བྱང་ནས་དང་པོ་ཞེས་སོགས་ནི་རའི་གདན་ཅན་ཡི་གེ་ཏའོ། །ནུབ་ནས་དང་པོ་ཞེས་སོགས་ནི་ཡི་གེ་ཊ་ཨ་མེད་པའོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། ཨོཾ་ཨཾ་ར་ཏི ་བཛྲ་བ་ལཱ་སི་ནི་ཏྲཊ་ཞེས་གླིང་བུ་མའི་སྔགས་གསུངས་སོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །མེ་མཚམས་འདབ་མར་གནས་པ་ནི་ཡི་གེ་པའོ། །སྒྲ་ཡིག་ཨི་དང་ཞེས་སོགས་ནི། ཡི་གེ་ཏ་སྒྲ་ཡིག་གསུམ་པ་དང་ལྡན ་པའོ། །དབུས་ནས་དབུ་མ་གཟུང་ནས་ཞེས་སོགས་ནི་ཡི་གེ་བའོ། །མེ་མཚམས་འདབ་མ་ཞེས་སོགས་ནི་རའི་གདན་ཅན་ཡི་གེ་ཛའོ། །ཤར་ནས་གསུམ་པ་ཞེས་སོགས་ནི་ཡི་གེ་ག་སྒྲ་ཡིག་བཞི་པ་དང་ལྡན་པའོ། །བྱང་ནས་དང་པོ་ཞེས་སོགས་ནི་ཡི་གེ་ཏ་སྒྲ་ཡིག ་བཅུ་གཅིག་པ་དང་ལྡན་པ་ལན་གསུམ་བརྗོད་པར་བྱའོ་ཞེས་ཤེས་པར་བྱའོ། །ང་རོ་བཞི་པ་དང་ལྡན་པ་ཞེས་པ་ནི་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །ཡི་གེ་ཏ་ང་རོ་དང་ལྡན་པ་བཞི་པར་གྱུར་པའི་དོན་ཏོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། ཧེ་ར་ཏི་བཛྲ་གཱི་ཏེ་ཏེ་ཏེ་ཏེ ་ཞེས་པའི་པི་བང་མའི་སྔགས་གསུངས་སོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །མེ་མཚམས་འདབ་མ་ལ་ཡང་ཞེས་པ་ནི་ཡི་གེ་རའོ། །སྒྲ་ཡིག་ཨི་ནི་ཞེས་སོགས་ནི་ཡི་གེ་ཏ་སྒྲ་ཡིག་གསུམ་པ་དང་ལྡན་པའོ། ། ་དབུས་ནས་དབུ་མ་བཟུང་ནས་སུ་ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་འདབ་མ་ཞེས་པ་ནི་ཡི་གེ་ཛ་ལ་ར་བཏགས་པའོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །དེ་བཞིན་བདེན་བྲལ་ཞེས་སོགས་ནི་ཡི་གེས ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་ལན་གཉིས་བརྗོད་པའོ་ཞེས་ཤེས་པར་བྱའོ། །དབུས་ནས་དབུ་མ་ཞེས་སོགས་ནི་ཡི་གེ་བ་ཐིག་ལེ་དང་ལྡན་པའོ། །འདི་ལྟར་གསུངས་པར་འགྱུར་ཏེ། ཧེ་ར་ཏི་བཛྲ་ཧཱ་སེ་ཧ་ཧ་བཾ་ཞེས་རྔ་ཆེན ་མའི་སྔགས་གསུངས་སོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །མེ་མཚམས་འདབ་མར་གནས་པ་ཡང་ཞེས་པ་ནི་ཡི་གེ་རའོ། །སྒྲ་ཡིག་ཨི་ནི་ཞེས་སོགས་ནི་ཡི་གེ་ཏ་ལ་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །དབུས་གནས ་དབུ་མ་དེ་བཞིན་དུ་ཞེས་པ་ནི་ཡི་གེ་པའོ། །མེ་མཚམས་འདབ་མ་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཛའོ། །བྱང་ནས་ཐ་མ་ཞེས་སོགས་ནི་རའི་གདན་ལ་གནས་པའི་ན་ལ་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །བྱང་ནས་དང་པོ་ཞེས་སོགས་ནི་ཡི་གེ་ཏ་སྒྲ ་ཡིག་བཅུ་གཅིག་པ་དང་ལྡན་པ་ལ་འོག་ཏུ་ཡི་བཏགས་པའོ། །དེ་བཞིན་དུ་དབུས་ལས་ཞེས་སོགས་ནི་ཡི་གེ་བ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །དབུས་ནས་དང་པོ་ཞེས་པ་ནི་ཡི་གེ་བ་ལན་གཉིས་བརྗོད་པའོ། །དེ་ནི་ལན་གཉིས་བརྗོད་པར་བྱ་ཞེས་གོ་སླའོ། །ལྷོ་ནས ་བཞི་པ་ཞེས་སོགས་ནི། ཡི་གེ་ཛ་ང་རོ་དང་ལྡན་པ་ལ་སྒྲ་ཡིག་གཉིས་པ་ལྡན་པའོ། །དེས་འདི་ལྟར་གསུངས་པར་འགྱུར་ཏེ། ཧེ་ར་ཏེ་བཛྲ་ནརེ་ཏྱེ་བེ་པ་བཛྲཾ་ཞེས་རྫ་རྔ་མའི་སྔགས་སོ། ། ཡིག་དང་པོ་བྱང་ནས་སུ་ཞེས་པ་ནི་སྒྲ་ཡིག་དང་པོའོ། །དབུས་ནས་དབུ་མ་པ ་ལ་ཡང་ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་ཞེས་སོགས་ནི་ཡི་གེ་ཛ་ལ་འོག་ཏུ་ར་བཏགས་པའོ། དབུས་ནས་དང་པོ་ཞེས་སོགས་ནི་ཡི་གེ་པ་སྒྲ་ཡིག་དྲུག་པ་དང་ལྡན་པའོ། །མེ་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཥ་ལ་བ་འདོགས་པ་སྒྲ་ཡིག་བཅུ་གཅིག་པ་དང ་ལྡན་པའོ། །དེས་ནི་འདི་ལྟར་གསུངས་པར་འགྱུར་ཏེ། ཨ་བཛྲ་པུཥཔེ་ཞེས་མེ་ཏོག་མའི་སྔགས་སོ། ། ཡིག་དང་པོ་བྱས་ནས་སུ་ཞེས་པ་སྒྲ་ཡིག་གཉིས་པའོ། །དབུས་ནས་དབུ་མ་པ་ལ་ཡང་ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་འདབ་མ་ཞེས་སོགས་ནི་ནའི་སྟན་ལ་གནས་པའི་ཡི ་གེ་ཛའོ། །བྱང་ནས་བཞི་པ་ཞེས་སོགས་ནི་ཡི་གེ་དྷ་ལ་སྒྲ་ཡིག་དྲུག་པ་འདོགས་པའོ། །དབུས་ནས་དང་པོ་ཞེས་སོགས་ནི་ཡི་གེ་པ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། ཨ་བཛྲ་དྷཱ་པེ་ཞེས་སྤོས་མེ་མའི་སྔགས་གསུངས་སོ། ། ཡིག ་དང་པོ་བྱང་ནས་སུ་ཞེས་པ་ནི་སྒྲ་ཡིག་དང་པོ་ཐིག་ལེ་དང་ལྡན་པ་ལ་ཡང་སྟེ། དབུས་ནས་དབུ་མ་ལ་ཡང་སྟེ། ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་འདབ་མ་ཞེས་སོགས་ནི་རའི་སྟན་ལ་གནས་པའི་ཡི་གེ་ཛ་ལ་སྒྲ་ཡིག་གཉིས་པ་འདོགས་པའོ། །བདེན་བྲལ་འདབ ་མང་ཞེས་སོགས་ནི་ཡི་གེ་ལ་སྒྲ་ཡིག་བཅུ་གསུམ་པ་དང་ལྡན་པའོ། །ཤར་གྱི་དང་པོ་ཞེས་སོགས་ནི་ཡི་གེ་ཀ་ལ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། ཨོཾ་བཛྲ་ཨཱ་ལོ་ཀེ་ཞེས་སྣང་བཞེས་བྱ་བ་མར་མེ་མའི་སྔགས་གསུངས ་སོ། ། ཡིག་དང་པོ་བྱས་ནས་སུ་ཞེས་པ་ནི་སྒྲ་ཡིག་དང་པོ་ཚེག་དྲག་ཏུ་བཅས་པའོ། །དབུས་ལས་དབུ་མ་དེ་བཞིན་ཡང་ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་འདབ་མ་ཞེས་སོགས་ནི་ཡི་གེ་ཛ་ལ་འོག་ཏུ་ར་འདོགས་པའོ། །ཤར་གྱི་གསུམ་པ་ཞེས་པ་ལ་སོགས ་ནི་ཡི་གེ་ག་ཐིག་ལེ་ཅན་ནོ། །བྱང་ནས་བཞི་པ་ཞེས་སོགས་ནི་ཡི་གེ་དྷ་ལ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། ཨ་བཛྲ་གནདྷེ་ཞེས་དྲི་ཆབ་མའི་སྔགས་གསུངས་སོ། །ོ་ཡིག་ཐིག་ལེ་དང་ལྡན་པ་ཞེས་པ་ནི་སྒྲ་ཡིག་བཅུ ་གསུམ་པ་དང་ལྡན་པ་ཐིག་ལེ་དང་བཅས་པའོ། །དབུས་ནས་དབུ་མ་ཞེས་པ་སྟེ། ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་འདབ་མ་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཛ་ལ་སྒྲ་ཡིག་གཉིས་པ་ཐིག་ལེ་དང་ལྡན་པའོ། །ཤར་ལས་དང་པོ་ཞེས་སོགས་ནི། ཡི་གེ། ་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །དབང་ལྡན་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཤ་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །ཆོག་དྲག་མཉམ་པོ་ཞེས་སོགས་ནི་ཡི་གེ་ཛ་ཚེག་དྲག་དང་བཅས་པའོ། །ངེས་ནི་འདི་གསུངས་པར་འགྱུར་ཏེ། ཨོཾ་བཛྲ་ཨཱ ་ཀཱ་ཤི་ཛ(རྒྱུད་འགྲེལ་པའི་ཡི་གེ་ཛའོ། །དབུས་ནས་དང་པོ་ཞེས་སོགས་ནི་ཡི་གེ་པ་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །དབང་ལྡན་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཤ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །མེ་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་དྲུག་པ་དང་ལྡན ་པའི་ཟླ་ཚེས་དང་ཐིག་ལེས་བརྒྱན་པའོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། །ོཾ་བཛྲ་པཱ་ཤེ་ཧཱུཾ་ཞེས་ཕག་མགོ་མའི་སྔགས་སོ། །ོཾ་ཡིག་ཐིག་ལེ་དང་ལྡན་པ་ཞེས་པ་ནི་སྒྲ་ཡིག་བཅུ་གསུམ་པ་ཐིག་ལེ་དང་བཅས་པའོ། །དབུས་ལས་དབུ་མར་འགྱུར་བས ་ཏེ་ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་འདབ་མ་ཞེས་སོགས་རའི་གདན་ལ་གནས་པའི་ཡི་གེ་ཛའོ། །དབང་ལྡན་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཐིག་ལེ་དང་ང་རོས་བརྒྱན་པའོ། །ཤར་གྱི་དང་པོ་གཟུང་ནས་སུ་ཞེས་པ་ནི་ཡི་གེ་ཀའོ། །སྒྲ་ཡིག་ཨོཾ་དེས? ་ཞེས་སོགས་ནི་ཡི་གེ་ལ་ལ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །དེ་བཞིན་དབུས་ལས་ཞེས་སོགས་ནི་ཡི་གེ་བ་ཐིག་ལེ་དང་བཅས་པའོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། ཨོཾ་བཛྲཱ་ཤཾ་ཀ་ལེ་བཾ་ཞེས་རྡོ་རྗེ་སྣང་མཛད་མའི་སྔགས་སོ། །ོཾ་ཡིག ་ཐིག་ལེ་དང་ལྡན་པར་ཞེས་བཅུ་གསུམ་པ་ཐིག་ལེ་དང་བཅས་པའོ། །དབུས་ནས་དབུ་མ་ཡང་ཡིན་ཞེས་པ་ཡི་གེ་བའོ། །མེ་མཚམས་འདབ་མ་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཛའོ། །ཤར་ལས་བཞི་པ་ཞེས་སོགས་ནི་ཡི་གེ་བྷ་ང་རོ ་དང་ཐིག་ལེས་བརྒྱན་པའོ། །ནུབ་ལས་དང་པོ་ཞེས་སོགས་ནི་ཡི་གེ་ཊ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་བཅུ་གསུམ་པ་དང་ལྡན་པ་ལ་ཆེག་དྲག་དང་བཅས་པའོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། ཨོཾ་བཛྲ་བྷཾ་ཊ ་ཧོ(རྒྱུད་འགྲེལ་དང་བཅས་པའི་གསུངས་པ། ཨོ་ཡིག་ཐིག་ལེ་དང་ལྡན་པར་ཞེས་པ་ལ་སོགས་པ་སྟེ། སྒྲ་ཡིག་བཅུ་གསུམ་པ་ཐིག་ལེ་དང་བཅས་པའོ། །དབུས་ནས་བཞི་པ་ཞེས་སོགས་ནི་ཡི་གེ་བྷ་སྒྲ་ཡིག་དྲུག་པ་དང་ལྡན་པ་ལ་ཚེག་དྲག་དང་བཅས་པའོ། །ཤར་ལས་གཉིས་པ ་ཞེས་སོགས་ནི་ཡི་གེ་ཁ་ཐིག་ལེ་དང་དངོས་བརྒྱན་པའོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། ཨོཾ་བྷུ(རྒྱུད་འགྲེལ་ཞེས་པ་ནི་ཡི་གེ་པའོ། །མེ་མཚམས་འདབ་མ་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཛའོ། །བདེན་བྲལ་ཕྱི་རོལ་བཟུང་ནས་ཞེས་པ་ནི་ཡི་གེ་སའོ། །བྱང་ནས་དང་པོ་ཏ་ཡང་སྟེ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཏ་བ་འོག་ཏུ་བཏགས་པའོ། །དབང་ལྡན་ཕྱི་རོལ་ཞེས་སོགས ་ནི་ཡི་གེ་ཤ་ཐིག་ལེ་དང་དངོས་བརྒྱན་པའོ། །དེས་ནི་འདི་གསུངས་པར་འགྱུར་རོ། །ོཾ་བཛྲ་སཏྭ་ཤཾ། ཞེས་སངས་རྒྱས་དབྱངས་མའི་སྔགས་སོ། །ོ་ཡིག་ཐིག་ལེ་དང་ལྡན་པར་ཞེས་པ་ནི་སྒྲ་ཡིག་བཅུ་གསུམ་པ་ཐིག་ལེ་ཅན་ནོ། །དབུས་ལས་དབུ་མ་ཡང་ཡིན་ཏེ་ཞེས་པ ་ནི་ཡི་གེ་བའོ། །མེ་མཚམས་འདབ་མ་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཛའོ། །མེ་མཚམས་འདབ་མ་གནས་དེ་བཞིན་ཞེས་པ་ནི་ཡི་གེ་རའོ། །བྱང་ལས་དང་པོ་ཞེས་སོགས་ནི་ཡི་གེ་ཏའི་འོག་ཏུ་ན་འདོགས་པའོ། །འཇུག་ཏུ་མེ་མཚམས་ཞེས་སོགས་ནི ་ཡི་བེར་ལ་ཟླ་ཚེས་དང་ཐིག་ལེས་བརྒྱན་པའོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། ཨོཾ་བཛྲ་ར་ཏ་ནརཾ་ཞེས་དཔའ་བོ་མའི་སྔགས་སོ། །ོ་ཡིག་ཐིག་ལེ་དང་ལྡན་པར་ཞེས་པ་ནི་སྒྲ་ཡིག་བཅུ་གསུམ་པ་ཐིག་ལེ་དང་བཅས་པའོ། །དབུས་ལས་དབུ་མར ་ཐར་བར་འགྱུར་ཏེ་ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་འདབ་མ་ཞེས་སོགས་ནི་རའི་གདན་ལ་གནས་པ་ཡི་གེ་ཛའོ། །བྱང་ནས་བཞི་པ་གང་ཡིན་པ་ཞེས་པ་ནི་ཡི་གེ་དྷའོ། །དབུས་ནས་ཐ་མ་ཡོན་ཏེ་ཞེས་པ་ནི་ཡི་གེ་མའི་མགོ་ལ་ར་བཞག་པའོ། །དབུས་ལས་དང་པོ ་ཞེས་པ་ནི་ཡི་གེ་བཟླ་ཆོས་དང་ཐིག་ལེས་བརྒྱན་པའོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། ཨོཾ་བཛྲ་དྷརྨཱ་བཾ་ཞེས་ཀུན་ཏུ་བཟང་མོའི་སྔགས་སོ། །ོ་ཡི་གེ་ཐིག་ལེ་དང་ལྡན་པ་ཞེས་པའི་སྒྲ་ནི་སྒྲ་ཡིག་བཅུ་གསུམ་པ་ཐིག་ལེ་དང་བཅས་པའོ། །དབུ་ལ་དབུ་མར ་འགྱུར་བྱས་ཏེ་ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་འདབ་མ་ཞེས་སོགས་ནི་ཡི་གེ་ཛའི་འོག་ཏུ་ར་འདོགས་པའོ། །ཤར་ལས་དང་པོ་གཟུང་ནས་སུ་ཞེས་པ་ནི་ཡི་གེ་ཀའོ། །མེ་མཚམས་ཅན་གྱི་ཞེས་སོགས་ནི་ཡི་གེ་རལ་འོག་ཏུ་མ་བཞག་པར་བྱའོ། །བྱང་ནས ་གཉིས་པ་ཞེས་སོགས་ནི་ཡི་གེ་ཐ་ཟླ་ཚེས་དང་ཐིག་ལེ་དང་ང་རོས་བརྒྱན་པའོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། ཨོཾ་བཛྲ་ཀརྨ་ཐཾ་ཞེས་ཟད་མེད་སྣོད་ཀྱི་སྔགས་སོ། །རླུང་མཚམས་ཕ་རོལ་ཞེས་སོགས་ནི་ཡི་གེ་ཧ་ཡིག་ཐིག་ལེ་དང་ང་རོས་བརྒྱན་པའོ། །བདེན ་བྲལ་གྱི་ཕྱི་རོལ་གཟུང་ནས་ཞེས་པ་ནི་ཡི་གེ་སའོ། །དབུས་ལས་དབུ་མ་ཞེས་སོགས་ནི་ཡི་གེ་ཏ་ལ་འོག་ནས་བ་བཏགས་པའོ། །དབུས་ནས་དབུ་མ་དེ་བཞིན་དུ་ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཛ་སྒྲ་ཡིག ་བཅུ་གཅིག་པ་དང་ལྡན་པའོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། ཧཾ་སཏྭ་བཛྲེ་ཞེས་སངས་རྒྱས་སྐུ་ལྡན་མ་ཡིའོ། །ལྷོ་ནས་དབུ་མ་ཞེས་སོགས་ནི་ཡི་གེ་ཛ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པ་ལ་ཐིག་ལེ་ཅན་ནོ། །དབུས་ནས་དབུ་མ་དེ་བཞིན་དུ་ཞེས་པ་ནི་ཡི་གེ ་བའོ། །མེ་མཚམས་ཞེས་སོགས་ནི་ཡི་གེ་ཛ་ལ་འོག་ཏུ་ར་བཏགས་པའོ། །མེ་མཚམས་འདབ་མར་གནས་པ་ཉིད་ཅེས་པ་ནི་ཡི་གེ་རའོ། །བྱང་ལས་དང་པོ་ཞེས་པ་ནི་ཡི་གེ་ཏ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པ་ལ་འོག་ཏུར་བཏགས་པའོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། ་ཛཾ་བཛྲ་རཏྭེ་ཞེས་ཞལ་མཛེས་མའོ། །བྱང་ནས་དང་པོ་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཏ་ཐིག་ལེ་དང་ལྡན་པའོ། །དབུས་ནས་དབུ་མ་དེ་བཞིན་དུ་ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་པ་ལ་སོགས་པ་ནི་རའི་གདན་ལ་གནས་པའི་ཡི་གེ་ཛའོ། །དབུས ་ནས་དང་པོ་གཞུང་ནས་སུ་ཞེས་པ་ནི་ཡི་གེ་བའོ། །བྱང་ནས་དབུ་མ་ཞེས་སོགས་ནི་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའི་ཡི་གེ་རའི་འོག་ཏུ་མ་འདོགས་པའོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། ཏྭཾ་བཛྲ་པདྨ་ཞེས་སྤྲིན་ཆེན་མོའི་སྔགས་སོ། །བྱང་ནས་བཞི་པ་ཞེས་སོགས་ནི ་ཡི་གེ་བྷ་ཐིག་ལེ་དང་ང་རོ་ཅན་ནོ། །དབུས་ནས་དབུ་མ་ཞེས་སོགས་ནི་ཡི་གེ་བ་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །དཔལ་ལྡན་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཤའི་འོག་ཏུ་བ་བཏགས་པའོ། །དབུས་ནས་དབུ་མ་དང་ལྡན་ཞེས་པ་ནི་ཡི་གེ་བའོ། །ེ་ཡིག་མེ་མཚམས ་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཛ་ལ་སྒྲ་ཡིག་བཞི་པ་འདོགས་པའོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། དྷཾ་བི་ཤྭ་བཛྲཱི་ཞེས་ནི་ནམ་མཁའ་སྤྱན་མའི་སྔགས་སོ། །གླིང་བུ་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱི་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ལ ་གསུངས་པའི་ཁོ་ན་གཟུང་བར་བྱའོ། །དཔལ་རྣམ་པར་སྣང་མཛད་འཁོར་དང་བཅས་པའི་སྔགས་འབྱུང་བ་རྫོགས་སོ།། །།དེ་ལྟར་དཔལ་རྣམ་པར་སྣང་མཛད་འཁོར་དང་བཅས་པའི་གསུངས་ནས། ད་ནི་དཔལ་ཁྲག་འཐུང་དང་བཅས་པའི་གསུངས་པ་། ་ཨོཾ་ཡིག་ཐིག་ལེ་དང་ལྡན་པར་སོགས་ཏེ་འགྱུར་ཞེས་པ་དང་འབྲེལ་ཏོ། །དེ་ལ་ཨོ་ཡིག་ཐིག་ལེ་དང་ལྡན་པར་ཞེས་པ་ནི་སྒྲ་ཡིག་བཅུ་གསུམ་པ་ཐིག་ལེ་དང་བཅས་པའོ། །ཡི་གེ་ཨེ་ཡིས་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །མེ་མཚམས ་འདབ་མ་ཞེས་སོགས་ནི་ཡི་གེར་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །ཤར་ནས་དང་པོ་དེ་བཞིན་དུ་ཞེས་པ་ནི་ཡི་གེ་ཀའོ། །དབུས་ལས་དབུ་མ་ཡང་ཡིན་ཏེ་ཞེས་པ་ནི་ཡི་གེ་པའོ། །མེ་མཚམས་འདབ་མར་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ ་ཛའོ། །བདེན་བྲལ་ཕྱི་རོལ་གཟུང་བྱས་ཏེ་ཞེས་པ་ནི་ཡི་གེ་སའོ། །དབུས་ནས་ཐ་མ་ཡང་སྟེ་ཞེས་པ་ནི་ཡི་གེ་མའོ། །དབང་ལྡན་འདབ་མར་ཡང་ཉིད་ཅེས་པ་ནི་ཡི་གེ་ཡའོ། །ཡི་གེ་ཨི་དང་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་བཞི་པ་དང་ལྡན་པ་ཚེག་དྲག་ཅན། །བདེན ་བྲལ་ཕྱི་རོལ་གནས་པ་ལ་ཞེས་པ་ནི་ཡི་གེ་སའོ། །མེ་མཚམས་འདབ་མ་ཞེས་སོགས་ནི་ཡི་གེ་བ་ལ་འོག་ཏུ་ར་བཏགས་པའོ། །བྱང་ལས་དབུ་མ་དེ་བཞིན་དུ་ཞེས་པ་ནི་ཡི་གེ་དུའོ། །མེ་མཚམས་ཕྱི་རོལ་ཞེས་པ་ནི་ཡི་གེ་ཥ་ལ་འོག་ཏུ་ཊ་འདོགས་པའོ། །བདེན ་གྲལ་ཕྱི་རོལ་པ་ལ་ཡང་ཞེས་པ་ནི་ཡི་གེ་སའོ། །དབུ་མའི་ཐ་མ་ཡང་ཡིན་ཏེ་ཞེས་པ་ནི་ཡི་གེ་མའོ། །དབང་ལྡན་འདབ་མར་གནས་པ་ཉིད་ཅེས་པ་ནི་ཡི་གེ་ཡའོ། །ཡི་གེ་ཨུ་དང་མཉམ་ལྡན་ཞེས་སོགས་ནི་མ་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །མེ་མཚམས ་པ་སྟན་ཞེས་སོགས་རའི་གདན་ལ་གནས་པའི་ཊ་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །དབུས་ནས་དང་པོ་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་བའོ། །དབུས་ནས་བཞི་པ་ཞེས་སོགས་ནི་ཡི་གེ་བྷ་ཐིག་ལེ་དང་བཅས་པའོ། །ལྷོ་ལས་དབུ་མར ་བཞིན་དུ་ཞེས་པ་ནི་ཡི་གེ་ཛའོ། །ཤར་ལས་དང་པོ་ཡང་ཡིན་ཏེ་ཞེས་པ་ནི་ཡི་གེ་ཀའོ། །ཀླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་ལ་ཐིག་ལེ་དང་བཅས་པའི་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །དབུས་ལས་གཉིས་པ་ཞེས་སོགས་ནི་ཡི་གེ་ཕའོ། །ནང ་ཀྱི་དང་པོ་ཨ་མེད་པར་ཞེས་པ་ནི་ཡི་གེ་ཊ་ཨ་མེད་པའོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། ཨོཾ་ཧེ་རུ་ཀ་བཛྲ་ས་མ་ཡ་ཧཱི། སརྦ་དུཥྚ་ན་ས་མ་ཡ་མུ་དྲཱ་པྲ་བྷཱཾ་ཛ་ཀ་ཧཱུཾ་ཕཊ། ཅེས་དཔལ་ཁྲག་འཐུང་གི་སྔགས་སོ། །རླུང་མཚམས་ཕྱི་རོལ་ཞེས་སོགས ་ནི་ཡི་གེ་ཧ་ཐིག་ལེ་དང་བཅས་པ་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །དབུས་ལས་དབུ་མ་དེ་བཞིན་དུ་ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་སྟན་ལྡན་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཛའོ། །ཤར་ལས་གསུམ་པ་ཞེས་སོགས་ནི་ཡི་གེ་ག་སྒྲ་ཡིག་ལྔ་པ་དང ་ལྡན་པའོ། །དབང་ལྡན་འདབ་མར་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པ་ལ་འོག་ན་ཡ་འདོགས་པའོ། །བདེན་བྲལ་ཕྱི་རོལ་ཞེས་སོགས་ནི་ཡི་གེ་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །བྱང་ནས་བཞི་པ་གང་ཡིན་པ། སྒྲ་ཡིག་ཨི་སྦྱོར་བྱས་ཏེ་ ་ཞེས་པ་ནི་ཡི་གེ་དྷ་སྒྲ་ཡིག་གསུམ་པ་དང་ལྡན་པའི་འོག་ནས་བ་འདོགས་པའོ། །དབུས་ལས་དང་པོ་ཞེས་སོགས་ནི་ཡི་གེ་པ་དང། ཡི་གེ་ར་དང་མའོ། །དབང་ལྡན་འདབ་མར་ཞེས་སོགས་ནི་ཡི་གེ་ཡ་སྒྲ་ཡིག་བཅུ་གསུམ་པ་དང་ལྡན་པའོ། །ཤར་ལས་གསུམ་པ ་ཞེས་སོགས་ནི་ཡི་གེ་ག་སྒྲ་ཡིག་བཞི་པ་དང་ལྡན་པའོ། །དབང་ལྡན་ཕྱི་རོལ་གནས་ཞེས་སོགས་ནི་ཡི་གེ་ཤ་འོག་ན་བ་འདོགས་པའོ། །མེ་མཚམས་དང་མར་ཞེས་སོགས་ནི་ཡི་གེ་ར་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །རླུང་མཚམས་ཕྱི་རོལ་ལ་གནས་པ་ཞེས ་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཧ་སྒྲ་ཡིག་བཞི་པ་དང་ལྡན་པ་ལ་ཚེག་དྲག་དང་བཅས་པའོ། །ངེས་ནི་འདི་གསུངས་པར་འགྱུར་ཏེ། ཧཱུཾ་བཛྲ་གུ་ཧཡེ་སིདྡྷི་པ་ར་མཧཱ་ཡོ་གཱི་ཤྭ་རི་ཧྲཱི(རྒྱུད་འགྲེལ་ཧ་ཐིག་ལེ་དང་བཅས་པའི་སྒྲ་ཡིག་ལྔ་པ་དང་ལྡན་པར་བྱས་ཏེ། ལན་གཉིས་བརྗོད་པའོ། །དབུ་ལས་དབུ་མ་ཡང་གཟུང་སྟེ་ཞེས་པ་ནི་ཡི་གེ་བའོ། །ལྷོ་ནས་དབུ་དེ་བཞིན་དུ་ཞེས་སོགས་ནི་ཡི་གེ་ཛ་ལ་འོག་ན་ར?་འདོགས་པའོ། །ལྷོ་ནས་དང་པོ་ཞེས་སོགས་ནི་ཡི་གེ་?་ཐིག ་ལེ་དང་བཅས་པའོ། །ནུབ་ནས་དབུ་མ་ཞེས་སོགས་ནི་ཡི་གེ་ཌ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །དབང་ལྡན་ཕྱི་རོལ་གང་ཞེས་སོགས་ནི་ཡི་གེ་ཤར་འོག་ཏུ་བ་འདོགས་པའོ། །མེ་མཚམས་འདབ་མ་ལ་ཞེས་པ་ནི་ཡི་གེ་ར་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །ཤར་ནས་གཉིས ་པ་གང་ཡིན་པ་ཞེས་པ་ནི་ཡི་གེ་ཁའོ། །ནུབ་ནས་དང་པོ་ཞེས་སོགས་ནི་ཡི་གེ་ཏ་འོག་ན་བ་བཏགས་པ་ལ་ཐིག་ལེ་བཅས་པའི་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །ཤར་ལས་གསུམ་པ་ཞེས་སོགས་ནི་ཡི་གེ་ག་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །དབུས་ནས ་ཐམ་བཟུང་ནས་སུ་ཞེས་པ་ནི་ཡི་གེ་མའོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །དབུས་ནས་དབུ་མ་གཟུང་ནས་སུ་ཞེས་པ་ནི་ཡི་གེ་པའོ། །ལྷོ་ནས་གསུམ་པ་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཛའོ། ། ་ཤར་ལས་དང་པོ་ཞེས་སོགས་ནི་ཡི་གེ་ཀ་དང་བ་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །བདེན་བྲལ་འདབ་མང?་དབུས་གནས་པར་ཞེས་པ་ནི་ཡི་གེ་ལའོ། །ཡི་གེ་ཨ་ཡིས་ཞེས་སོགས་ནི་ཡི་གེ་མ་དང་ཡི་གེ་ལ་ལ་སྒྲ་ཡིག་གཉིས་པ་བཏགས་པའོ། །དབུས་ལས ་ཐམ་ཡང་ཡིན་ཏེ་ཞེས་པ་ནི་ཡི་གེ་མའོ། །ཤར་ལས་དང་པོ་ཞེས་སོགས་ནི་ཡི་གེ་ཀ་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །ནུབ་ཀྱི་དང་པོ་བཟུང་ནས་སུ་ཞེས་སོགས་པ་ནི་ཡི་གེ་ཊ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །མེ་མཚམས་འདབ་མ་ལ་ཞེས་པ་ལ་སོགས ་པ་ནི་ཡི་གེར་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །བདེན་བྲལ་འདབ་མར་དབུས་གནས་པར་ཡི་གེ་ལ་གཉིས་ལ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་འོག་ནས་ཡི་གེ་ན་འདོགས་ལ། ཆོག་པྲ། དང་བཅས་པའི་སྒྲ་ཡིག ་གསུམ་པ་དང་ལྡན་པའོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། ཧཱུཾ་ཧཱུཾ་བཛྲ་ཙི་ཌེ་ཤྭ་རི་ཁ་ཊཝཾ་གི་མ་ཏི་བཛྲ་ཀཱ་པཱ་ལ་མཱ་ལཱ་མ་ཀུ་ཊེ་རུ་ལུ་རུ་ལུ་ཧྣི(རྒྱུད་འགྲེལ་པའོ། །དབུས་ལས་དབུ་མ་བཟུང་བ་དང། ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་ཞེས་སོགས་ནི་རའི་སྟན་ལ་གནས་པའི་ཡི་གེ་ཛའོ། །བྱང་ནས་ཐ་མ་ཞེས་སོགས་ནི་ཡི་གེ་ན་དང་ཡི་གེ་ར་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །དབང་ལྡན་འདབ་མར་གནས་ནས་ཀྱང་ཞེས ་ག་ནི་ཡི་གེ་ཡཾ་ངོ། །སྒྲ་ཡིག་ཨེ་དང་ཞེས་སོགས་ནི། ཡི་གེ་ན་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །ལྷོ་ནས་ཨུ་ཞེས་སོགས་ནི་ཡི་གེ་ཛ་འོག་ན་ཛ་འདོགས་པ་ལ་ཚེག་དྲག་དང་བཅས་པའི་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། ཧཱུཾ་བཛྲ་ནཱ་རཱ་ཡཾ ་ནི་ཛཛི(རྒྱུད་འགྲེལ་ནས་དང་པོ་གཟུང་ནས་སུ་ཞེས་པ་ནི་ཡི་གེ་པའོ། །སྒྲ་ཡིག་གཉིས་པ་དང་ཞེས་སོགས་པ་ནི་ཡི་གེ་ཏ་ལ་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །ཤར་ལས་དང་པོ་ཞེས་སོགས་ནི་ཡི་གེ་ཀ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །ལྷོ་ནས་དབུ་མ་ཞེས་པ་ལ་སོགས་པ ་ནི་ཡི་གེ་ཛ་ཚེག་དྲག་དང་བཅས་པའི་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། ཧཱུཾ་བཛྲ་བ་ཏཱ་ཀེ་ཛ(རྒྱུད་འགྲེལ་དབུ་མ་བཟུང་བ་དང་ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་སྟན་ལྡན་ཞེས་སོགས་མི་ཡི་གེ་ཛའི་འོག་ཏུ་ར་འདོགས་པའོ། །དབུས་ལས་དང་པོ་བཟུང་ཞེས་སོགས་ནི་ངའི་སྟན་ལ་གནས་པའི་ཡི་གེ་པའོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་དང་ར་དང་ནི་ལ་? ་ཡིག་གཉིས་པས་བརྒྱན་པའོ། །དབུས་ནས་ཐ་མ་ཡང་ཡིན་ཏེ་ཞེས་པ་ནཱི་ཡི་གེ་མའོ། །ནུབ་ལས་དང་པོ་ཞེས་སོགས་ནི་ཡི་གེ་ཌ་ཨ་མེད་པའོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། ཧཱུཾ་བཛྲ་པྲ་ཧཱ་རཱ་ནཱ་མཊ་ཞེས་པུཀཱ?་སིའི་སྔགས་སོ། །རླུང་མཚམས་ཕྱི་རོལ་ཞེས ་པ་ལ་སོགས་པའི་ཡི་གེ་ཧ་ཐིག་ལེ་དང་བཅས་པ་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །དབུས་ལས་དབུ་མ་དེ་བཞིན་ཏ་ཞེས་པ་ནི་ཡི་གེ་པའོ། །མེ་མཚམས་སྟན་ཞེས་སོགས་ནི་རའི་སྟན་ལས་གནས་པའི་ཡི་གེ་ཛའོ། །དབང་ལྡན་ཕྱི་རོལ་ཅན་ཞེས་པ་ནི་ཡི་གེ་དང ་སྒྲ་ཡིག་དྲུག་པ་དང་ལྡན་པའོ། །བདེན་བྲལ་འདབ་མར་ཞེས་སོགས་ནི་ཡི་གེ་ལ་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །ཤར་ལས་གསུམ་པ་ཞེས་སོགས་ནི་ཡི་གེ་རའི་སྟན་ལ་གནས་པའི་ག་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །དབུས་ལས་བཞི་པ་ཞེས ་སོགས་ནི་ཐིག་ལེ་དང་བཅས་པའི་སྒྲ་ཡིག་གསུམ་པ་དང་ལྡན་པའི་ཡི་གེ་བྷའོ། །བྱང་ལས་དབུ་མ་ཞེས་སོགས་ནི་ཡི་གེ་ང་དང་མའོ། །ནུབ་ཀྱི་དང་པོ་ཞེས་སོགས་ནི་ཡི་གེ་ཊ་ཨ་མེད་པའོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། ཧཱུཾ་བཛྲ་ཤཱུ་ལཱ་ཨ་གྲི་བྷིཾ་ང་མཊ་ཅེས་ཙཎྜ ་ལིའི་སྔགས་སོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧེ་ཐིག་ལེ་དང་བཅས་པ་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །དབུས་ལས་དབུ་མ་དེ་བཞིན་དུ་ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་པའི་གདན་ཞེས་པ་ལ་སོགས་པ་ནི་ཡི་གེ་ཛ་རོའི་གདན་ཅན་ནོ། ཤར་ལས་དང་པོ་ཞེས ་སོགས་ནི་ཡི་གེ་ད་དང་སྒྲ་ཡིག་བཅུ་གསུམ་པ་དང་ལྡན་པའོ། །དབང་ལྡན་གྱི་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཤ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །ལྷོ་ལས་དང་པོ་ཞེས་སོགས་ནི་ཡི་གེ་ཙའི་འོག་ཏུ་ཚ་འདོགས་པ་ལ་ཐིག་ལེ་དང་བཅས་པའི་སྒྲ་ཡིག་གསུམ་པ ་དང་ལྡན་པའོ། །བྱང་ལས་དབུ་མ་ཞེས་སོགས་ནི་ཡི་གེ་ང་དང་མའོ། །ནུབ་ལས་དང་པོ་ཞེས་སོགས་ནི་ཡི་གེ་ཊ་ཨ་མེད་པའོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། ཧཱུཾ་བཛྲ་ཀོ་ཤེཙྪི་ད་མཊ་ཅེས་གྷསྨ་རིའི་སྔགས་སོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་ཐིག་ལེ་དང ་བཅས་པའི་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །དབུས་ལས་དབུ་མ་དེ་བཞིན་ཏེ་ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་སྟན་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཛ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །དབུས་ལས་དང་པོ་ཞེས་སོགས་ནི་ཡི་གེ་པ་སྒྲ་ཡིག་བཅུ་གཅིག་པ ་དང་ལྡན་པའོ། །དབུས་ལས་ཐ་མ་བཟུང་ནས་སུ་ཞེས་སོགས་ནི་ཡི་གེ་མ་དང་ལའོ། །དབུས་ལས་དང་པོ་ཞེས་སོགས་ནི་ཡི་གེ་པ་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །དབང་ལྡན་ཞེས་སོགས་ནི་ཡི་གེ་ཤ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །དབུས་ལས་ཐ་མ་ཞེས་སོགས་ནི་ཡི་གེ ་མགོ་།ནུབ་ལས་དང་པོ་ཞེས་སོགས་ནི་ཡི་གེ་ཊ་ལ་ཨ་མེད་པའོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། ཧཱུཾ་བཛྲེ་པེ་མ་ལ་པཱ་ཤེ་མཊ་ཅེས་དཔལ་ཁྲག་འཐུང་དང་འདྲ་བའི་སྨ་ཤཱ་ནའི་སྔགས་སོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །དབུས ་ལས་དབུ་མ་དེ་བཞིན་ཏེ་ཞེས་པ་ནི་ཡི་གེ་བའོ། མེ་མཚམས་པ་སྟན་ཞེས་སོགས་ནི་རའི་སྟན་ལ་གནས་པའི་ཡིག་ངའོ། །མེ་མཚམས་འདབ་མར་གནས་ཉིད་དང་ཞེས་པ་ནི་ཡི་གེ་རའོ། །སྒྲ་ཡིག་ཨི་དང་ཞེས་སོགས་ནི་སྒྲ་ཡིག་གསུམ་པ་དང་ལྡན་པའི་ཡི་གེ་ཏའོ། ། ་དབུས་ལས་དང་པོ་ཞེས་པ་ནི་ཡི་གེ་མ་ཐིག་ལེ་དང་བཅས་པའོ། །འདིས་ནི་འདི་གསུངས་པར་འགྱུར་ཏེ། ཧེ་བཛྲ་ར་ཏེ་མཾ་ཞེས་སོགས་འཛིན་མའི་སྔགས་སོ། །དབུས་ལས་དབུ་མ་ཞེས་པ་ནི་ཡི་གེ་འ་ཐིག་ལེ་དང་ང་རོས་བརྒྱན་པའོ། །དབུས་ལས་ཐ་མ་བཟུང་བ་དང་ཞེས་པ་ནི ་ཡི་གེ་མའོ། །ཡི་གེ་ཨ་དང་མཉམ་པར་ལྡན་ཞེས་པ་ལ་སོགས་པ་ནི་སྒྲ་ཡིག་གཉིས་པ་དང་ལྡན་པའི་ཡི་གེ་ཧའོ། །མེ་མཚམས་འདབ་མར་ཞེས་སོགས་ནི། ཡི་གེ་ར་དང་ཏ་དང་ཡི་གེ་པའོ་།ེ་ཡིག་མེ་མཚམས་ཞེས་སོགས་ནི་སྒྲ་ཡིག་གསུམ་པ་དང་ལྡན་པ་ལ་རའི ་སྟན་ཅན་ཡི་གེ་ཛའོ། །རླུང་མཚམས་ཕྱི་རོལ་ཏུ་ཞེས་པ་ནི་ཡི་གེ་ཧ་དང་སྒྲ་ཡིག་བཅུ་གསུམ་པ་དང་ལྡན་པ་ལ་ཚེག་དྲག་དང་བཅས་པའོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། པཾ་མཧཱ་ར་ཏ་བཛྲི་ཧོ(རྒྱུད་འགྲེལ་སྒྲ་ཡིག་བཅུ་གསུམ་པ་ཐིག་ལེ་དང་བཅས་པའོ། །དབུས་ལས་དབུ་མ་ཡང་ཡིན་ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་འདབ་མ་ཞེས་སོགས་ནི་ཡི་གེ་ཛ་རའི་གདན་ཅན་ནོ། །ོ་ཡིག་དང་ནི་ཞེས་པ་ནི་སྒྲ་ཡིག་བཅུ་གསུམ་པ་དང་ལྡན་པའི་ཡི་གེ་ལའོ། །ལྷོ་ལས་དང་པོ་དེ ་བཞིན་དུ་ཞེས་པ་ནི་ཡི་གེ་ཙའོ། །ཡི་གེ་ཨ་ཡིས་ཞེས་སོགས་ནི་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའི་ཡི་གེ་ནའོ། །དབང་ལྡན་འདབ་མར་ཞེས་སོགས་ནི་ཐིག་ལེ་དང་བཅས་པའི་ཡི་གེ་ཡའོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། ཨོཾ་བཛྲ་ལོ་ཙ་ནེ་ཡཾ་ཞེས་འཁོར་ལོ་འཛིན ་མའི་སྔགས་སོ། །མེ་མཚམས་འདབ་མར་ཞེས་སོགས་ནི་ཡི་གེར་ཐིག་ལེ་དང་བཅས་པའོ། །དབུས་ལས་ཐ་མ་དེ་བཞིན་ཞེས་པ་ནི་ཡི་གེ་མའོ། །སྒྲ་ཡིག་ཨི་དང་ཞེས་སོགས་ནི། སྒྲ་ཡིག་གཉིས་པ་དང་ལྡན་པའི་ཡི་གེ་ཧའོ། །དབང་ལྡན་འདག ་མར་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཤ་ལ་སྒྲ་ཡིག་བཞི་པ་དང་ལྡན་པའོ། །དབུས་ལས་དབུ་མ་ཉིད་དང་ནི་ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་ཞེས་སོགས་ནི་རའི་སྟན་ལ་གནས་པའི་ཡི་གེ་ཛ་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །རླུང་མཚམས་ཕྱི་རོལ ་ཞེས་སོགས་ནི། ཡི་གེ་ཧ་སྒྲ་ཡིག་བཞི་པ་དང་ལྡན་པ་ལ་ཚེག་དྲག་ཅན་ནོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། རཾ་མཧཱ་ཤྲཱི་བཛྲི་ཧཱི(རྒྱུད་འགྲེལ་ལས་གསུངས་པའི་སྔགས་ཡིན་ནོ། །དཔལ་ཁྲག་འཐུང་འཁོར་དང་བཅས་པའི་སྔགས་འབྱུང་བ་རྫོགས་སོ།། །།དེ་ལྟར་དཔལ་ཁྲག་འཐུང་འཁོར་དང་བཅས་པའི་སྔགས་གསུངས་ནས། ད་ནི་དཔལ་པདྨ་གར་གྱི་དབང་ཕྱུག་འཁོར་དང་བཅས་པའི་སྔགས ་གསུངས་པ། ཨོ་ཡིག་ཐིག་ལེ་དང་ལྡན་པར་ཞེས་པ་ལ་སོགས་པ་སྟེ། སྒྲ་ཡིག་བཅུ་གསུམ་པ་ཐིག་ལེ་དང་བཅས་པའོ། །དབུས་ལས་དབུ་མ་ཞེས་སོགས་ནི་ཡི་གེ་སའི་འོག་ཏུ་བ་འདོགས་པའོ། །དབུས་ལས་བཞི་པ་ཞེས་སོགས་ནི་ཡི་གེ་བྷ་སྒྲ་ཡིག་གཉིས་པ ་དང་ལྡན་པའོ། །དབུས་ལས་དབུ་མ་བཟུང་བ་དང་ཞེས་པ་ནི་ཡི་གེ་བའོ། །དབང་ལྡན་ཕྱི་རོལ་ཞེས་པ་ནི་ཡི་གེ་ཤ་ལ་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །བྱང་ནས་དབུ་མ་ཡང་ཞེས་པ་ནི་ཡི་གེ་ད་ལ་འོག་ཏུ་ང་འདོགས་པའོ། །དབུས་ལས་དང་པོ་བརྡུང་ནས་སུ་ཞེས་པ་ནི་ཡི ་གེ་བའོ། །བྱང་ལས་དབུས་མ་ཞེས་སོགས་ནི་ཡི་གེ་ང་འོག་ཏུ་མ་འདོགས་པའོ། །བྱང་ལས་ཐ་མ་དེ་བཞིན་དུ་ཞེས་པ་ནི་ཡི་གེ་ནའོ། །སྒྲ་ཡིག་ཨེ་དང་ཞེས་སོགས་ནི་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའི་ཡི་གེ་ཏའི་མགོར་ར་བཞག་པའོ། །དབུས་ལས་དབུ་མ་ཞེས་སོགས ་ནི་ཡི་གེ་ཤའི་འོག་ཏུ་བ་འདོགས་པའོ། །མེ་མཚམས་འདབ་མར་བཟུང་ནས་སུ་ཞེས་པ་ནི་ཡི་གེ་རའོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཧ་སྒྲ་ཡིག་བཞི་པ་དང་ལྡན་པའི་ཚེག་དྲག་ཅན་ནོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། ཨོཾ་སྭ ་བྷ་བ་ཤུདྡྷ་པདྨ་ནརྟེ་ཤྭ་ར་ཧྲཱི(རྒྱུད་འགྲེལ་ར་མགོ་ན་བཏགས་པའི་བའོ། །བྱང་ནས་དང་པོ་ཞེས་སོགས་ནི་ཡི་གེ་ཏའོ། །སྒྲ་ཡིག་ཨ་དང་ལྡན་ཞེས་སོགས་ནི་སྒྲ་ཡིག་གཉིས་པ་ཡང་ལྡན་པའི་ཡི་གེ་ཐའོ། །ཤར་ལས་གསུམ་པ་གང་ཡིན་དང་ཞེས་པ་ནི་ཡི་གེ་གའོ། །བྱང་ནས་དང་པོ་གང་ཡིན་ཏེ་ཞེས་པ་ནི་ཡི ་གེ་ཏའོ། །དབུས་ལས་དང་པོ་བཟུང་ནས་སུ་ཞེས་པ་ནི་ཡི་གེ་པའོ། །དབུས་ནས་ཐ་མ་ཞེས་སོགས་ནི་ཡི་གེ་མ་ལ་སྒྲ་ཡིག་གཉིས་པ་དང་ལྡན་པ་འོག་ན་མ་འདོགས་པའོ། །ལྷོ་ནས་དབུ་མ་ཞེས་སོགས་ནི་ཡི་གེ་ཛ་གཉིས་སུ་བརྩེགས་པ་ཚེག་དྲག་ཅན་ནོ། །དེས་ནི ་འདི་གསུངས་པར་འགྱུར་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་བམམཱཛཛ(རྒྱུད་འགྲེལ་མཚམས་སྟན་ལྡན་ཞེས་སོགས་ནི་རའི་སྟན་ལ་གནས་པའི་ཡི་གེ་ཛའོ། །དབུས་ལས་དང་པོ་བཟུང་ནས་སུ་ཞེས་པ་ནི་ཡི་གེ་བའོ། །བྱང་ལས་དབུ་མ་ཞེས་སོགས་ནི་ཡི་གེ་ང་སྒྲ་ཡིག་གསུམ་པ་དང་ལྡན་པའི་འོག་ན་ས་འདོགས་པའོ། །དེས་ནི་འདི་གསུངས་པར ་འགྱུར་ཏེ། ཧཱུཾ་བཛྲ་པདམི་ཞེས་སྒྲོལ་མའི་སྔགས་སོ། །རླུང་མཚམས་ཕྱི་རོལ་པ་ཞེས་སོགས་ནི་ཡི་གེ་ཏ་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །དབུས་ལས་དང་པོ་བཟུང་བ་དང་ཞེས་པ་ནི་ཡི་གེ་པའོ། །བྱང་ལས་དབུ་མ་ཞེས་སོགས་ནི་ཡི་གེ་ང་སྒྲ་ཡིག་གསུམ་པ་དང ་ལྡན་པ་ལ་འོག་ནས་མ་འདོགས་པའོ། །དེ་གཉིས་ལན་གཉིས་སྦྱོར་བྱས་ཏེ་ཞེས་པ་ནི་ཤེས་སླའོ། །དབུས་ལས་དབུ་མ་ཞེས་སོགས་ནི་ཡི་གེ་བ་ཐིག་ལེ་དང་ང་རོས་བརྒྱན་པའོ། །དེས་ཀྱང་འདི་གསུངས་པར་འགྱུར་ཏེ། ཧེ་པདམི་པདམི་བ་ཞེས་པ་ས་འཛིན ་མའི་སྔགས་སོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་བཅུ་གསུམ་པ་དང་ལྡན་པ་ལ་ཚེག་དྲག་ཅན་ནོ། །དབུས་ལས་དང་པོ་བཟུང་ནས་སུ་ཞེས་པ་ནི་ཡི་གེ་པའོ། །བྱང་ནས་དབུ་མ་ཞེས་སོགས་ནི་ཡི་གེ་ད་འོག་ན་མ་འདོགས་པའོ། །དབུས་ཀྱི་ཐ་མ ་བཟུང་བ་དང་ཞེས་པ་ནི་ཡི་གེ་མེའོ། །ནུབ་ལས་ཐ་མ་ཞེས་སོགས་ནི་སྒྲ་ཡིག་གསུམ་པ་དང་ལྡན་པའི་ཡི་གེ་ཎའོ། །མེའི་འདབ་མར་ཞེས་སོགས་ནི་ཡི་གེ་ར་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །ལྷོ་ལས་དབུ་མ་ཞེས་སོགས་ནི་ཡི་གེ་ཛ་ཐིག་ལེ་དང་ང་རོས་བརྒྱན་པའི ་དེས་ནི་འདི་གསུངས་པར་འགྱུར་ཏེ། ཧོ(རྒྱུད་འགྲེལ་པའོ། །བྱང་ནས་དབུ་མ་ཞེས་སོགས་ནི་ཡི་གེ་ང་ལ་མ་འདོགས་པའོ། །ལྷོ་ནས་དང་པོ་ཞེས་སོགས་ནི་ཡི་གེ་ཙ་ཐིག་ལེ་དང་བཅས་པའོ། །ནུབ་ནས་དབུ་མ་ཞེས་སོགས་ནི་ཡི་གེ་ད་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །དབང་ལྡན་ཕྱི་རོལ་ཞེས་པ་ལ་སོགས་པ ་ནི་ཡི་གེ་?་འོག་ན་བ་འདོགས་པའོ། །མེ་མཚམས་འདབ་མ་ཞེས་སོགས་ནི་ཡི་གེ་ང་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་དྲུག་དང་ལྡན་པར་ངེས་བརྒྱན་པའོ། །དབུས་ལས་གཉིས་པ་གང་ཡིན་པ་? ་ནི་ཡི་གེ་ཕའོ། ། མེད་ནུབ་ཀྱི་དང་པོ་ཞེས་པ་ནི་ཡི་གེ་ཊ་ཨ་མེད་པའོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། ཧཱུཾ་པདྨ་ཙ་ཌེ་ཤྭ་རི་ཧཱུཾ་ཕཊ་ཅེས་པདྨ་གཏུམ་པའི་དབང་ཕྱུག་མའི་སྔགས་སོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག?་བཅུ་འདེགས? ་དང་ལྡན་པའོ། །དབུས་ལ་ཐ་མ་བཟུང་བ་དང་ཞེས་པ་ནི་ཡི་གེ་མའོ། །སྒྲ་ཡིག་ཡ་དང་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །དབུས་ལས་དབུ་མ་ཞེས་སོགས་ནི་ཡི་གེ་ང་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །དབང་ལྡན་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཤའི ་འོག་ན་བ་འདོགས་པའོ། །དབུས་ལས་དང་པོ་དང་ལྡན་བྱ་ཞེས་པ་ནི་ཡི་གེ་པའོ། །བྱང་ནས་དབུ་མ་ཞེས་སོགས་ནི་ཡི་གེ་ངའི་འོག་ཏུ་མ་འདོགས་པའོ། །དབུས་ལས་ཐ་མ་ཞེས་སོགས་ནི་ཡི་གེ་མ་སྒྲ་ཡིག་དྲུག་པ་དང་ལྡན་པའོ། །ེ་ཡིག་མེ་མཚམས་ཅན་ལྡན་པའི་བྱང་ལས ་དང་པོར་འགྱུར་བར་བྱ། ཞེས་སོགས་ནི་ཡི་གེ་ཏའི་མགོ་ལ་ར་འདོགས་པའི་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའོ། །བདེན་བྲལ་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ས་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །བྱང་ལས་བཞི་པ་ཞེས་སོགས་ནི་ཡི་གེ་དྷའི་འོག་ཏུ་ཡ་འདོགས་པའོ། །རླུང ་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་ཐིག་ལེ་དང་བཅས་པའི་སྒྲ་ཡིག་དྲུག་པ་དང་ལྡན་པའོ། །དབུ་མ་གཉིས་པ་གང་ཡིན་པ་ཞེས་པ་ནི་ཕའོ། །ནུབ་ཀྱི་དང་པོ་ཞེས་སོགས་ནི་ཡི་གེ་ཊ་ལ་ཨ་ཡིག་མེད་པའོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། དེར་མ་ཧཱ་བི་ཤྭ ་པདྨ་མཱུརྟེ་སིདྡྷཱ་ཧཱུཾ་ཕཊ་ཅེས་སྣ་ཚོགས་པདམོའི་སྔགས་སོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ངའི་གདན་ལ་གནས་པའི་ཡི་གེ་ཧ་སྒྲ་ཡིག་བཞི་པ་དང་ལྡན་ལ་ཚེག་དྲག་ཅན་ནོ། །དབུས་ལས་དང་པོ་བཟུང་བ་དང་ཞེས་པ་ནི་ཡི་གེ་པའོ། །བྱང་ལས་དབུ་མ་ཞེས་སོགས་ནི་ཡི་གེ ་?་?་གསུམ་པ་དང་ལྡན་པ་འོག་དུ་མ་འདོགས་པའོ། །མཁས་པས་ལན་གཉིས་བརྗོད་པར་བྱ་ཞེས་སོགས་ནི་གོ་སླའོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་ཐིག་ལེ་དང་བཅས་པའི་སྒྲ་ཡིག་དྲུག་པ་དང་ལྡན་པའོ། །ཐ་མར་ཡི་གེ་ཨ་ལས་ཞེས་སོགས་ནི ་ཐིག་ལེ་དང་བཅས་པའི་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །དེས་འདི་གསུངས་པར་འགྱུར་ཏེ། ཧྲི(རྒྱུད་འགྲེལ་བཟུང་བ་དང་ཞེས་པ་ནི་ཡི་གེ་པའོ། །བྱང་ནས་དབུ་མ་ཞེས་སོགས་ནི་ཡི་གེ་ད་ལ་སྒྲ་ཡིག་གསུམ་པ་དང་ལྡན་པ་ལ་འོག་ན་མ་འདོགས་པའོ། །དབུས་ལས་དབུ་མ་པ་ཉིད་ལ་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་བཅུ་གསུམ་པ་དང་ལྡན་པའོ། །པ་ཚེག་དྲག ་ཅན་ནོ། །དབུས་ལས་དང་པོ་བཟུང་བ་དང་ཞེས་པ་ནི་ཡི་གེ་པའོ། །དབང་ལྡན་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཤ་སྒྲ་ཡིག་གསུམ་པ་དང་ལྡན་པ་ལ་འོག་ན་བ་འདོགས་པའོ། །ཤར་ལས་དང་པོ་ཞེས་སོགས་ནི་རའི་སྟན་ལ་གནས་པའི་ཡི་གེ་ཀའོ། །དབུས་ལས་ཐ་མ་ཞེས་སོགས ་ནི་ཡི་གེ་མ་སྒྲ་ཡིག་གཉིས་པ་དང་ལྡན་པའོ། ཤར་ལས་དང་པོ་ཞེས་སོགས་ནི་རའི་སྟན་ལ་གནས་པའི་ཡི་གེ་ཀའོ། །དབུས་ལས་ཐ་མ་ཡང་ཡིན་ཞེས་པ་ནི་ཡི་གེ་མའོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་ཐིག་ལེ་དང་བཅས་པའི་སྒྲ་ཡིག་གཉིས ་པ་དང་ལྡན་པའོ། །ལྷོ་ནས་དབུ་མ་ཞེས་སོགས་ནི་ཡི་གེ་ཛ་གཉིས་བརྩེགས་ཚེག་དྲག་ཅན་ནོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། ཧོ(རྒྱུད་འགྲེལ་སེམས་དཔའ་ཨི་དཀྱིལ་འཁོར་ལ་གསུངས་པའི་སྔགས་གཟུང་བར་བྱའོ། །དཔལ་པདྨ་གར་གྱི་དབང་ཕྱུག་འཁོར་དང་ཅས་པའི་སྔགས་འབྱུང་བ་རྫོགས་སོ།། །།དེ་ལྟར་དཔལ་པདྨ་གར་གྱི་དབང་ཕྱུག་འཁོར་དང་བཅས་པའི་སྔགས་ཕྱུང་བ་སྟོན་ནས། དེ ་ནི་དཔལ་ལྡན་རྡོ་རྗེ་ཉི་མ་འཁོར་དང་བཅས་པའི་གསུངས་པ། ཨེ་ཡིག་ཐིག་ལེ་དང་ལྡན་པར་ཞེས་པ་ལ་སོགས་པ་གསུངས་ཏེ། སྒྲ་ཡིག་བཅུ་གསུམ་པ་ཐིག་ལེ་དང་བཅས་པའོ། །སྒྲ་ཡིག་ཨི་དང་ཞེས་སོགས་ནི་སྒྲ་ཡིག་གསུམ་པ་དང་ལྡན་པའི་ཡི་གེ་སའོ། །བྱང་ལས་བཞི ་པ་གང་ཡིན་པ་ཞེས་སོགས་ནི་ཡའི་གདན་ལ་གནས་པའི་ཡི་གེ་དའོ། །དབུས་ལས་བཞི་པ་ཞེས་སོགས་ནི་ཡི་གེ་བྷ་སྒྲ་ཡིག་ལྔ་པ་དང་ལྡན་པའི་ཚེག་དྲག་ཅན་ནོ། །བདེན་བྲལ་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ས་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །བྱང་ལས་??་ཞེས་སོགས ་ནི་ལའི?་གདན་ལ་གནས་པའི་ཡི་གེ་དྷའོ། །དབུས་ལས་བཞི་པ་ཞེས་སོགས་པ་ཡི་གེ་བྷ་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །དེ་བཞིན་དབུས་ལས་ཞེས་སོགས་ནི་ཡི་གེ་ཚེག་དྲག་ཅན་ནོ། །བདེན་བྲལ་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ས་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །བྱང་ནས ་བཞི་བ་ཞེས་སོགས་ནི་ཡི་གེ་དྷ་འོག་ནས་མ་འདོགས་པའོ། །བདེན་བྲལ་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ས་འོག་ན་མ་བཏགས་པ་ཚེག་དྲག་ཅན་ནོ། །དེ་བཞིན་བདེན་བྲལ་ཞེས་སོགས་ནི་ཡི་གེ་ས་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །བྱང་ནས་བཞི་བ་ཞེས་སོགས་ནི་ཡི་གེ་དྷའི ་འོག་ཏུ་ཡ་བཏགས་པའོ། །དབུས་ལས་ཐ་མ་དེ་བཞིན་དང་ཞེས་པ་ནི་ཡི་གེ་མའོ། །ཡི་གེ་ཨ་དང་མྱམ་སྦྱོར་ཞེས་སོགས་ནི་སྒྲ་ཡིག་ཨ་དང་ལྡན་པའི་ཡི་གེ་ཧའོ། །དེ་བཞིན་དབུས་ལས་དབུ་མ་ཡང་ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་པའི་ཞེས་པ་ལ་སོགས་པ ་ནི་རའི་གདན་ལ་གནས་པའི་ཡི་གེ་ཛའོ། །མེ་མཚམས་འདབ་མར་དེ་བཞིན་དང་ཞེས་པ་ནི་ཡི་གེ་རའོ། །བྱང་ལས་ཐ་མར་འགྱུར་ཞེས་པ་ལ་སོགས་པ་ནི་ཡི་གེ་ན་ལ་སྟེང་དུ་ཏ་བཏགས་པའོ། །དབུས་ལས་དབུ་མ་དེ་བཞིན་དུ་ཞེས་སོགས་ནི་བ་ཞེས་པ་ལ་ལན་གཉིས ་བརྗོད་པའོ། །དེ་བཞིན་ནུབ་ལས་དང་པོ་ཞེས་སོགས་ནི་ཡི་གེ་ཊ་ལན་གཉིས་བརྗོད་པའོ། །མེ་མཚམས་པའི་ཞེས་སོགས་ནི་རའཾ་གདན་ལ་གནས་པའི་ཡི་གེ་ཏ་ཐིག་ལེ་དང་བཅས་པ་ལ་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །དེས་ནི་འདི་གསུངས་པར་འགྱུར་ཏེ་། ་ཨོཾ་སིདྡྷཡ་བྷུ་སིདྡྷཡ་བྷུ་སིདྡྷཡ་མ་ཏྭ་བཛྲ་རཏན་ཤ་ཕཊ་ཊ་ཏྭཱཾ་ཞེས་དཔལ་རྡོ་རྗེ་ཉི་མའི་སྔགས་སོ། །དབུས་ལས་དབུ་མ་བཟུང་ནས་སུ་ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་པའི་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཛའོ། །བདེན་བྲལ་ཕྱི་རོལ་ཞེས་སོགས་ནི་ཡི་གེ་བའོ། ་དབུས་ལས་?་ཞེས་སོགས་ནི་བྲའི?་སྟན་ལ་གནས་པའི་ཡི་གེ་ཏའོ། །ཆོ་ག་དྲག་མཉམ་སྦྱོར་ཞེས་སོགས་ནི་ཡི་གེ་ཛ་ཚེག་དྲག་ཅན་ནོ། །དེས་འདི་གསུངས་པར་འགྱུར་ཏེ། བཛྲ་སཏྭ་ཛ(རྒྱུད་འགྲེལ་དུ་ཞེས་སོགས་ནི་ཡི་གེ་བའོ། །མེ་མཚམས་པའི་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཛའོ། །མེ་མཚམས་འདབ་མར་དེ་བཞིན་ཞེས་པ་ནི་ཡི་གེ་རའོ། །བྱང་ལས་ཐ་མ་ཞེས་སོགས་ནི་ཡི་གེ་ཏ་ལ་འོག་ཏུ་ན་བཏགས་པའོ། །རླུང་མཚམས ་པ་ཞེས་པ་ལ་སོགས་པ་ལ་སོགས་པ་ནི་ཡི་གེ་ཧ་སྟེ་ཐིག་ལེ་དང་བཅས་པའི་སྒྲ་ཡིག་དྲུག་པ་དང་ལྡན་པའོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། བཛྲ་རཏན་ཧཱུཾ་ཞེས་ལྷ་མོ་གཏེར་ལྟར་མའི་སྔགས་སོ། །དབུས་ལས་དབུ་མ་བཟུང་བ་དང་ཞེས་པ་ནི་ཡི་གེ་བའོ། །མེ ་མཚམས་པའི་ཞེས་སོགས་ནི་ཡི་གེ་ཛའི་འོག་ཏུ་ར་བཏགས་པའོ། །བྱང་ལས་བཞི་པ་གང་ཡིན་དང་ཞེས་པ་ནི་ཡི་གེ་དྷའོ། །མེ་མཚམས་ཞེས་སོགས་ནི་ཡི་གེ་རའི་འོག་ཏུ་མ་བཏགས་པའོ། །དབུས་ལས་དབུ་མ་དེ་བཞིན་དུ་ཞེས་སོགས་ནི་པ་ཐིག་ལེ་ཅན་ནོ། །དེས་འདི ་གསུངས་པར་འགྱུར་ཏེ། བཛྲ་དྷརྨ་བཾ་ཞེས་རྒྱལ་མཚན་མཆོག་མའི་སྔགས་གསུངས་སོ། །དབུས་ལས་དབུ་མ་དེ་བཞིན་དུ་ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་པའི་ཞེས་སོགས་ནི་ར་ལ་གནས་པའི་ཡི་གེ་ཛའོ། །ཤར་ལས་དང་པོ་བཟུང་བ་དང་ཞེས་པ་ནི་ཡི་གེ་ཀའོ། །མེ ་མཚམས་པའི་ཞེས་སོགས་ནི་ར་ལ་གནས་པའི་ཡི་གེ་མའོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་ལ་སྒྲ་ཡིག་བཅུ་གསུམ་པ་དང་ལྡན་པའི་ཚེག་དྲག་ཅན་ནོ། །དེས་ནི་འདི་གསུངས་ཏེ། བཛྲ་ཀརྨ་ཧོ(རྒྱུད་འགྲེལ་ལེ་པ་ལྡན་པར་ཞེས་པ་ནི་སྒྲ་ཡིག་བཅུ་གསུམ་པའི་ཐིག་ལེ་ཅན་ནོ། ། ཡིག་མེ་མཚམས་ཞེས་སོགས་ནི་རའི་གདན་ལ་གནས་པའི་པ་སྒྲ་མིག་བཞི་པ་དང་ལྡན་པའོ། །ཡི་གེ་ཨི་དང་མཉམ་ལྡན་ཞེས་པ་ནི་སྒྲ་ཡིག་གསུམ་པ་དང་ལྡན་པའི་ཡི་གེ་ཏའོ། །དབུས ་ལས?་སྤུ་མ་དེ་བཞིན་དང་ཞེས་པ་ནི་ཡི་གེ་བའོ། །ེ་ཡིག་མེ་མཚམས་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཛ་སྒྲ་ཡིག་གསུམ་དང་ལྡན་པའོ། །ནུབ་ནས་ཐ་མ་ཞེས་སོགས་ནི་ཡི་གེ་ཎ་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །དབུས་ལས་ཐ་མ་ཞེས་སོགས་ནི་ཡི་གེ་མའོ། ། ་ནུབ་ཀྱི་དང་པོ་ཞེས་སོགས་ནི་ཡི་གེ་ཊ་ཨ་མེད་པའོ། །དེས་ནི་འདི་གསུངས་ཏེ། ཨོཾ་པྲ་ཏི་བཛྲི་ཎི་མཊ་ཅེས་མངའ་གཞུ་འཛིན་མའི་སྔགས་སོ། །ོ་ཡིག་ཐིག་ལེ་དང་ལྡན་པར་ཞེས་པ་ནི་སྒྲ་ཡིག་གསུམ་པ་ཐིག་ལེ་དང་བཅས་པའོ། །དབུས་ལས་དབུ་མ་ཞེས་སོགས་ནི་རའི་གདན་ལ ་གནས་པའི་བའོ། །མེ་མཚམས་པའི་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཛའོ། །ེ་ཡིག་མེ་མཚམས་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་པ་ལ་སྒྲ་ཡིག་བཞི་པ་དང་ལྡན་པའོ། །ཡི་གེ་ཨེ་དང་མཉམ་ལྡན་ཞེས་སོགས་ནི་སྒྲ་ཡིག་གསུམ་པ་དང་ལྡན ་པའི་ཡི་གེ་ཏའོ། །མེ་མཚམས་པའི་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཧ་སྒྲ་ཡིག་བཞི་པ་དང་ལྡན་པའི་ཚེག་དྲག་ཅན་ནོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། ཨོཾ་བཛྲ་པྲི་ཏི་ཧྲི(རྒྱུད་འགྲེལ་བཅུ་གསུམ་པའི་ཐིག་ལེ་ཅན་ནོ། །ཐིག་ལེ་ཨེ་ཡིག་ཞེས་སོགས་ནི་སྒྲ་ཡིག་གསུམ་པ་དང་ལྡན་པ་ཛ་ཡིག་ཐིག་ལེ་ཅན་ནོ། །ཡི་གེ་ཨ་དང་མཉམ་ལྡན་ཞེས་སོགས་ནི་ཡི་གེ་ར་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །དབུས་ལས་ཐ་མ་དེ་བཞིན་དུ་ཞེས་པ་ནི་ཡི་གེ་མའོ། །ེ་ཡིག ་དང་ནི་ཞེས་སོགས་ནི། ཡི་གེ་ན་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །ཚེག་དྲག་ཨོ་ཡིག་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་བཅུ་གསུམ་པ་དང་ལྡན་པའི་ཚེག་དྲག་ཅན་ནོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། ཨོཾ་ཛི་རི་མ་ནི་ཧོ(རྒྱུད་འགྲེལ་ཐིག་ལེ་དང་ལྡན་པ་ཞེས་སོགས་ནི་སྒྲ་ཡིག་བཅུ་གསུམ་པ་ཐིག་ལེ་དང་ལྡན་པའོ། །དབུས་ལས་དབུ་མ་ཡང་ཡིན་ཏེ་ཞེས་པ་ནི་ཡི་གེ་བའོ། །མེ་མཚམས་པའི་ཞེས་སོགས་ནི་རའི་གདན་ལ་གནས་པའི་ཡི་གེ་ཛའོ། །དབུས་ལས་ཐ་མ་དེ་བཞིན་དུ་ཞེས་པ་ནི་ཡི་གེ ་མའོ། །ཡི་གེ་ཨ་དང་མཉམ་སྦྱོར་བ་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་གཉིས་པ་དང་ལྡན་པའོ། །དེ་བཞིན་དབུས་ལས་ཐ་མ་དང་ཞེས་པ་ནི་ཡི་གེ་མའོ། །ེ་དང་མཉམ་ལྡན་ཞེས་སོགས་ནི་ཡི་གེ་ཧ་སྒྲ་ཡིག་བཅུ་གསུམ་པ་དང་ལྡན་པའོ། །ཐིག་ལེ་ཨུ་ཡིག་ཞེས ་སོགས་ནི་ཡི་གེ་ཧ་ཐིག་ལེ་དང་བཅས་པའི་སྒྲ་ཡི་གེ་གཉིས་པ་དང་ལྡན་པའོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། ཨོཾ་བཛྲ་མ་ཧཱ་མ་ཧོ་ཧཱཾ་ཞེས་རྡོ་རྗེ་མའི་སྔགས་སོ། །གླིང་བུ་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱི་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར ་ལས་གསུངས་པའི་སྔགས་ཁོ་ནས་གཟུང་པར་བྱའོ། །དེ་ལྟར་དཔལ་རྡོ་རྗེ་ཉི་མ་འཁོར་དང་བཅས་པའི་སྔགས་འབྱུང་བ་གསུངས་ནས། ད་ནི་དཔལ་རྟ་མཆོག་འཁོར་དང་བཅས་པའི་གསུངས་པ། ཨོ་ཡིག་ཐིག་ལེ་དང་ལྡན་པར་ཞེས་པ་སྒྲ་ཡིག་བཅུ་གསུམ་པའི ་ཐིག་ལེ་ཅན་ནོ། །དེ་བཞིན་བདེན་བྲལ་ཞེས་སོགས་ནི་ཡི་གེ་ས་ཐིག་ལེ་དང་བཅས་པའི་སྒྲ་ཡིག་ལྔ་བ་དང་ལྡན་པའོ། །དབུས་ལས་བཞི་པ་གང་ཡིན་དུ་ཞེས་པ་ནི་ཡི་གེ་བྷའོ། །ཡི་གེ་ཨི་དང་མཉམ་ལྡན་ཞེས་སོགས་ནི་སྒྲ་ཡིག་གསུམ་པ་དང་ལྡན་པའི་ཡི ་གེ་ནའོ། །ཐིག་ལེ་ཨུ་ཡིག་ཞེས་སོགས་ནི་ཡི་གེ་ས་ཐིག་ལེ་དང་བཅས་པའི་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །དབུས་ལས་བཞི་པ་གང་ཡིན་དང་ཞེས་པ་ནི་ཡི་གེ་བྷའོ། །ཐིག་ལེ་ཨུ་ཡིག་ཞེས་སོགས་ནི་ཡི་གེ་ཧ་ཐིག་ལེ་དང་བཅས་པའི་སྒྲ་ཡིག་ལྔ་པ་དང ་ལྡན་པའོ། །འདིས་ནི་འདི་གསུངས་པར་འགྱུར་ཏེ། ཨོཾ་སུམ་བྷ་ནི་སུཾ་བྷ་ཧཱུཾ། དཔལ་རྟ་མཆོག་གི་སྔགས་སོ། །ོ་ཡིག་ཐིག་ལེ་དང་ལྡན་པར་ཞེས་པ་ནི་སྒྲ་ཡིག་བཅུ་གསུམ་པ་ཐིག་ལེ་དང་བཅས་པའོ། །དེ་བཞིན་དབུས་ལས་དབུ་མ་དང་ཞེས་སོགས་ནི་?པ་ལ་སྒྲ་ཡིག ་གསུམ་པ་དང་ལྡན་པའོ། །དབང་ལྡན་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཤའི་འོག་ན་བ་འདོགས་པའོ། །དབུས་ལས་དབུ་མ་དེ་བཞིན་དུ་ཞེས་པ་ནི་ཡི་གེ་པའོ། །མེ་མཚམས་པའི་ཞེས་སོགས་མི་རའི་གདན་ཅན་ཡི་གེ་ཛའོ། །བྱང་ནས་བཞི་པ་ཡང་ཡིན་པ་དང་ཞེས ་པ་ནི་ཡི་གེ་དྷའོ། །མེ་མཚམས་པའི་ཞེས་སོགས་ནི་མགོ་ན་ར་བཏགས་པའི་ཡི་གེ་མའོ། །མེ་མཚམས་པའི་སྟམ་ཞེས་སོགས་ནི་རིང་གདན་ལ་གནས་པའི་ཡི་གེ་ཛ་ཚེག་དྲག་དང་བཅས་པའི་སྒྲ་ཡིག་བཞི་པ་དང་ལྡན་པའོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། ་ཨོཾ་བི་ཤྭ་བཛྲ་དྷརྨ་ཛྲི(རྒྱུད་འགྲེལ་པའོ། །དབུས་ལས་དབུ་མ་དེ་བཞིན་དུ་ཞེས་པ་ནི་ཡི་གེ་པའོ། །མེ་མཚམས་པའི་ཞེས་སོགས་ནི་རའི་གདན་ཅན་ཛའོ། །བདེན་བྲལ་ཕྱི་རོལ་བཟུང་བ་དང་ཞེས་པ་ནི་ཡི་གེ་སའོ། །དབུས་ལས་དབུ་མ་ཞེས་སོགས་ནི་འོག་ན་བ་བཏགས་པའི་ཡི་གེ་ཏའོ། །ཚེག་དྲག་དང་ནི་ཞེས ་སོགས་ནི་ཡི་གེ་ཧ་ཚེག་དྲག་དང་བཅས་པའོ། །དེས་ཀྱང་འདི་གསུངས་པར་འགྱུར་ཏེ། ཨོཾ་བི་ཤྭ་བཛྲ་སཏྭ་ཧ(རྒྱུད་འགྲེལ་བར་བྱའོ། །དཔལ་རྟ་མཆོག་འཁོར་དང་བཅས་པའི་སྔགས་འབྱུང་བ་རྫོགས་སོ།། །།དེ་ལྟར་སྔགས་འབྱུང་བ་རྫོགས་ནས། ད་ནི་ཤིན་ཏུ་དགའ་བ་ཉིད་ཀྱི་ཤེས་པ་གྲུབ་པའི་དོན་གསུངས་སོ། །འདི་ལ་བཅོམ་ལྡན་འདས་ཤིན་ཏུ་དགའ་བ་ཡིན་ཞེ་ན་ཞེས་པ་ལ་སོགས ་བའོ། །དེ་ལ་སོགས་པར་དགའ་བ་ནི་ཤིན་ཏུ་དགའ་བ་ཞེས་པ་ནི། སེམས་ཅན་གྱི་དོན་ལ་ཆགས་སོ་ཞེས་པའི་དོན་ཏོ། །དེའི་ངོ་བོར་གྱུར་པ་ནི་ཤིན་ཏུ་དགའ་བ་ཉིད་ཅེས་པའོ། །དེ་ཁོ་ན་ཡང་བཤད་པ་སྐྱོན་མེད་རྟག་པ་ཞེས་པ་ལ་སོགས་པ་སྟེ། དགའ་བ་ཆེ་ཞེས་པ་དང་འབྲལ་ཏོ ་དེ་ལ་ཉོན་མོངས་པའི་བག་ཆགས་མེད་པ་ནི་སྐྱོན་མེད་པ་ཞེས་བྱའོ། །དེ་ལྟ་བུའི་དུས་ཀྱི་རང་བཞིན་ཉིད་དུ་རྟག་པར་གནས་པས་ནི་རྟག་པ་ཞེས་པའོ། །སྐད་ཅིག་མ་རེ་རེ་ཕ་རོལ་གྱི་མཛའ་ལ་མཛའ་ཡས་གཟུགས་སྟོན་པ་ཡིས་སེམས་ཅན་གྱི་དོན་བྱེད་པས་ན་གཏན་དུ་ནི ་ཞེས་པའོ། །འདོད་ཆགས་ཐམས་ཅད་རྗེས་ཆགས་ཕྱིར། དེ་ཉིད་གསང་བ་བཅོམ་ལྡན་འདས་ཞེས་པ་ནི་རྡོ་རྗེ་སེམས་དཔའ་ཨི་སྐུའི་གསང་བ་ནི་དེ་ཉིད་ཅེས་པའོ། །དེ་ཉིད་དེའི་གསང་བ་ཡོངས་སུ་གྲུབ་པའི་རང་བཞིན་གྱིས་གཟུང་འཛིན་རྣམ་པར་རྟོག་པ་ཐམས་ཅད ་བཅིངས་པ་ཡིས། །བརྟགས་པར་མི་བཅིང་བར་བྱ་སྟེ། སྐལ་པ་ཇི་ལྟར་གནས་པ་བཞིན་དུ་གཞན་རྣམས་ལ་སྟོན་པར་མཛད་པས་ན་དེ་བཞིན་གཤེགས་པ་ཞེས་བྱའོ། །ཀུན་ཏུ་བཟང་པོ་ཞེས་པས་ནི་དགེ་བ་བྱང་ཆུབ་སེམས་ལ་སོགས་པ་མངོན ་དུ་བྱེད་པའི་ངོ་བོ། དེ་ལས་གྱུར་པ་ཡང་ཀུན་ཏུ་བཟང་པོའོ། །ཀུན་གྱི་བདག་ཅེས་པ་ནི་ཡོངས་སུ་གྲུབ་པའི་རང་བཞིན་གྱིས་སེམས་ཅན་གྱི་རྒྱུད་ཐམས་ཅད་ལ་རྗེས་སུ་རྟོགས་པའོ། །བྱང་ཆུབ་སེམས་ཅེས་པ་ནི་རང་བཞིན་གྱི་སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན ་ཡོངས་སུ་ཤེས་པ་ནི་བྱང་ཆུབ་བོ། །དེའི་རང་བཞིན་སེམས་དཔའ་ནི་བྱང་ཆུབ་སེམས་ཅེས་པའོ། །མཆོག་གི་ཆོ་ག་ཅེས་པ་ནི་རབ་ཏུ་གྱུར་པའི་བྱང་ཆུབ་ཀྱི་མཚན་ཉིད་ཀྱི་སེམས་སོ། །དེ་ཇི་ལྟར་བཅོམ་ལྡན་འདས་རྡོ་རྗེ་སྙིང་པོ་ཡིན་ཞེ་ན་ཞེས་པ་ལ་སོགས་པ་ནི་དེ་ལ ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་མཆོག་རབ་ཏུ་གྱུར་པ་ནི་དངོས་གྲུབ་མཆོག་ཅེས་པའོ། །ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གྲུབ་པ་ནི་ཀུན་གྱི་མཆོག་ཅེས་པའོ། །གདོང་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་མངོན་དུ་བྱས ་པའི་རང་བཞིན་ཉིད་ཀྱིས་དབང་ཕྱུག་ཆེན་པོ་ཞེས་པའོ། །དབང་པོ་ཉིད་དུ་གྱུར་པ་ཟིན་མ་ཐག་ཏུ་མཆོག་གི་ཕྱག་རྒྱ་ནི་དབང་ཕྱུག་ཆེ་མཆོག་ཕྱག་རྒྱ་ཡིན་ཞེས་པ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱའོ། །དེས་ཀྱང་རྡོ་རྗེ་དབང་ཆེན་ཡང་འདྲེན་པས། རྡོ་རྗེ་སྙིང ་པོའི་གཙོ་བོའི་གཙོ་བོ་ཞེས་པ་ནི་རྡོ་རྗེ་ཡིས་དབང་ཆེན་ནི་རྡོ་རྗེ་དབང་ཆེན་ཞེས་པ་སྟེ། བྱང་ཆུབ་གྱི་མཚན་ཉིད་བྱང་ཆུབ་སེམས་ཀྱི་སྤྱོད་ཡུལ་གཙོ་བོར་གྱུར་པའོ། །དེའི་ཡར་འདྲེན་པ་ཞེས་བྱ་བ་ནི་གསང་བ་ཆེན་པོ་ལྔ་སྟེ་དེ་ཁོ་ན་ཉིད་ཅེས་པ་རྒྱུན་མི་འཆད་པའི་? ་ཅིག་མ་རེ་རེ་ཁོ་ན་ལས་བྱུང་བའོ། །ཡར་འདྲེན་པ་དེའི་ཕྱིར་རྡོ་རྗེ་སྙིང་པོ་དཔལ་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་དང་ལྷ་མོ་རྣམས་ཀྱི་གཙོ་བོ་ཞེས་འབྱུང་བའི་རྐྱེན་དུ་གྱུར་པའོ། །དེ་གང་ཡིན་ཞེ་ན་གསུངས་པ། གཙོ་བོ་ཞེས་པ་སྟེ་དབང་ཕྱུག་གམ་ཁྱབ་བདག་གདོང་མ ་ནས་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །དེ་ཉིད་དམ་པ་དང་སྐྱེས་བུའོ་ཞེས་པ་སྟེ། ཚོར་བ་ཙམ་གྱིས་གཟུགས་ཙམ་གྱིས་སྐྱེས་བུ་སྐྱེད་པའི་རྐྱེན་ཉིད་ཀྱི་ཕྱིར་སྐྱེས་བུ་ཞེས་གསུངས་སོ། །དེ་ཁོ་ནའི་ཐམས་ཅད་སེམས་ཉིད་གསུངས་པ། དེ་ལ་ཇི་ལྟར་བཅོམ ་ལྡན་འདས་ཐམས་ཅད་ཀྱིས་སེམས་དཔའ་ཡིན་ཞེ་ན་ཞེས་པ་ལ་སོགས་ཏེ། དེ་ལ་འགྲོ་བའི་དངོས་པོ་དེ་རྣམས་ནི་ཐམས་ཅད་ཀྱི་སྒྲར་གསུངས་པ་དེ་དག་གི་སེམས་ནི་ཐམས་ཅད་སེམས་ཞེས་པ་སྟེ། ཚོར་བའི་གཟུགས་ཙམ་གྱིས་ཡོངས་སུ་གྲུབ་པའི་རང་བཞིན་ནོ།། ་དེ་ཁོ་ན་གསུངས་པ་བསམ་མེད་རྒྱ་ཆེ་ཞེས་པ་ལ་སོགས་པ་སྟེ། བྱང་ཆུབ་སེམས་བདག་བརྟན་པ་ཡིན་ཞེས་པ་དང་འབྲེལ་ཏོ། །དེ་ལ་རྣལ་འབྱོར་ཐམས་ཅད་ཀྱི་བསམ་པ་ནི་མི་ནུས་པ་སྤྱོད་ཡུལ་ཉིད་དུ་མ་གྱུར་པ་ནི་བསམ་མེད་ཅེས་པའོ། །ཀུན་ཏུ་ཁྱབ་པ་ནི་རྒྱ་ཆ་ཞེས ་པའོ། །རྒྱ་མཚོ་ཆེན་པོ་བཞིན་གཏིང་ཟུག་པར་མི་ནུས་པའི་སེམས་ནི་ཟབ་ཅེས་པའོ། །དངོས་གྲུབ་ཐམས་ཅད་ཀྱི་བདེ་བ་བསྐྱེད་པའི་རྐྱེན་ཉིད་ཀྱིས་རྟག་པར་གནས་པ་ནི། དངོས་གྲུབ་ཐམས་ཅད་ཟད་མེད་བདེ་ཞེས་པའོ། །དེ་ཉིད་ཀུན་ཁྱབ་དྲི་མེད་ཅེས་པ་ནི་དེ་བཞིན ་གཤེགས་པའི་སྙིང་པོའི་ངོ་བོ་ཡིས་སེམས་ཀྱི་རྒྱུད་ཐམས་ཅད་རྗེས་སུ་རྟོགས་པ་ཉོན་མོངས་པའི་བག་ཆགས་ཀྱི་དྲི་མ་མེད་པའོ། །དེ་གང་ཡིན་ཞེ་ན་གསུངས་པ། བྱང་ཆུབ་སེམས་བདག་བརྟན་པ་ཡིན་ཞེས་པའོ། །རྣལ་འབྱོར་?་ཀྱང་ཇི་ལྟར་མངོན་དུ་བྱ་བ་ཡིན་ཞེ་ན། ་དེ་མངོན་དུ་བྱ་བའི་ཐབས་གསུངས་པ། སེམས་བརྟན་པའི་བྱང་ཆུབ་སེམས་དཔའ་ཡིས་གང་དེ་སེམས་ཅན་ཐམས་ཅད་ཀྱིས་ཁམས་གསུམ་དུ་རྣམ་པར་རྟོག་པ་ཡིས་མི་བརྟན་པའི་སེམས་དེ་ནི། ཇི་ལྟར་གསུངས་པའི་རྣམ་པར་རྟོག་པ་མེད་པ་ནི་སེམས་བརྟན ་པའི་ཞེས་པའོ། །དེའི་ངོ་བོ་སེམས་བརྟན་པ་ཉིད་ཀྱིས་ནི་འདིར་ནི་སེམས་དཔས་གསུངས་པའོ། །ཏིང་འཛིན་སེམས་བསྒོམ་པའི་ཞེས་པ་ནི་ཆོས་བདག་མེད་པའི་ཚུལ་གྱི་སེམས་རྩེ་གཅིག་པ་ནི་ཏིང་འཛིན་ཞེས་པའོ། །ཆོས་བདག་མེད་པར་བསྒོམ་པ་ནི་སེམས ་དཔའ་བསྒོམ་པའོ། །དེ་བས་ན་ཇི་ལྟར་གསུངས་པའི་སེམས་ནི་ཏིང་ངེ་འཛིན་ཞེས་པ་ནི་ཐེ་ཚིག་གོ་།རྣམ་ཤེས་ལས་སེམས་རྡོ་རྗེ་ཉིད་ཅེས་པ་ནི་རྣམ་པར་ཤེས་པས་ནི་རྣམ་ཤེས་ཞེས་པ་སྟེ། ཟླ་བའི་དཀྱིལ་འཁོར་གྱི་ཚུལ་ལ་སོགས་པ ་རྣམ་པར་ཤེས་པའོ། །རྣམ་ཤེས་རྒྱུད་ལས་ཇི་ལྟར་གསུངས་པའི་སེམས་དེ་ནི། སེམས་རྡོ་རྗེ་ཉིད་ཅེས་པ་སྟེ། ཟླ་བ་དང་རྡོ་རྗེར་གྱུར་པའོ། །རྡོ་རྗེ་རྡོ་རྗེ་འཛིན་པ་འབྱུང་ཞེས་པ་ནི་གོང་དུ་གསུངས་པའི་རྡོ་རྗེ་ལས་སེམས་བྱིན་གྱིས་རློབ་པའི་སྦྱོར་བ་ཡིས་རྡོ་རྗེ་འཛིན་པ་དང། ་རྡོ་རྗེ་སེམས་དཔའ་སྒྲུབ་པ་པོའི་རྒྱུད་ལས་འབྱུང་བར་འགྱུར་བའོ། །འདི་ལྟར་གསུངས་པར་འགྱུར་ཏེ། ཇི་ལྟར་གསུངས་པའི་ཚུལ་གྱིས་དམ་ཚིག་རྡོ་རྗེ་ཁུ་ཚུར་བཅངས་པའི་མཐར་ཐུག་པའི་ཆོ་ག་བརྩམས་ནས། རང་གི་སྙིང་གའི་རྡོ་རྗེའི་དབུས་སུ་ཡིད?་ཀྱིས་ཡི་གེ་ཧཱུཾ་བྲིས ་ཏེ། དེ་ཉིད་ཡིད་ཀྱིས་བརྗོད་དེ། ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ། །དེ་ནས་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་བརྙན་ལ་རང་གི་སེམས་བསྒོམ་སྟེ། དེའི་སྟེང་ན་ཟླ་བའི་དཀྱིལ་འཁོར་གཉིས་པ་དང། ཟླ་བའི་དཀྱིལ་འཁོར་གཉིས་པ་དེ་ཡང་རྡོ་རྗེ་?? ་རྡོ་རྗེའི་ང་རྒྱལ་བསྒོམ་པར་བྱའོ། །དེ་ནས་སེམས་དཔར་བྱིན་གྱིས་བརླབ་པའི་སྦྱོར་བ་ཡིས། །ཟླ་བ་དང་རྡོ་རྗེ་ལས་བསྐྱེད་པ་རྡོ་རྗེ་པ་དྲིལ་བུ་འཛིན་པ། དཔལ་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོའི་གཟུགས་སུ་བདག་ཉིད་བསམས་ནས་ཇི་ལྟ་བ་བཞིན་བསྒོམས་པ ་བྱའོ། ?་བ་འདྲ་བར་དག་པའི་བློ། །རྡོ་རྗེ་ཞེས་སུ་མངོན་པར་བཤད། །ཅེས་པ་ནི་བཟུང་བ་དང་འཛིན་པའི་གཟུང་པའི་དྲེགས་པ་མེད་པའི་ཤེས་རབ་ནི་རྡོ་རྗེར་གསུངས་ཏེ། རྣམ་པར་རྟོག་པ་ཐམས་ཅད་མི་འབྱེད་པ་ཉིད་ཀྱི་ཕྱིར་རོ། །འདི་ལ་ཇི་ལྟར་བཅོམ་ལྡན་འདས་རྡོ་རྗེ་? ་པོ་ཆེན་པོ་ཡིན་ཞེ་ན། ཞེས་པ་ནི་བྱང་ཆུབ་སེམས་ལ་སོགས་པའི་རང་བཞིན་གཉིས་སུ་མེད་པ། སེམས་དང་སེམས་ལས་བྱུང་བ་དེ་བཞིན་ཉིད་དེ་ལས་རྡོ་རྗེ་ཆེན་པོ་འཛིན་པས་ན་རྡོ་རྗེ་འཛིན་ཆེན་པོའི་སྒྲར་གསུངས་སོ། །དེ་ཁོ་ནའི་དོན་གསུངས་པ། ཏིང་འཛིན་ལ་སོགས ་རྣམ་པ་ཞི?་ཡིས?། །གང་གི་བསྐྱེད་པ་ཡོད་པ་ནི་ཞེས་པ་ནི་ཆོས་ཐམས་ཅད་རང་བཞིན་ངག་པ་ཡིས་དཔྱད་པ་ལས་བྱུང་བའི་སེམས་རྩེ་གཅིག་པ་ནི་ཏིང་ངེ་འཛིན་ཞེས་པ་ནི་སེམས་དཔའ་ཨི་རྡོ་རྗེའི་ཚུལ་ལོ། །ལ་སོགས་པའི་སྒྲ་ནི་ཆོས་ཐམས་ཅད་བདག་མེད་པའི་སྒོམ་པ ་ལས་བྱུང་བ་ཟླ་བའི་དཀྱིལ་འཁོར་གྱི་ཚུལ་གཏན་ལ་དབབ་པ་སྟེ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གཉིས་པ་གཏན་ལ་དབབ་པ་དང། རྡོ་རྗེའི་ང་རྒྱལ་བསྒོམ་པ་ངག་གཟུང་བར་བྱའོ། །དེ་ནས་སེམས་དཔའ་བྱིན་གྱིས་བརླབ་པའི་སྦྱོར་བ་ཡིས། སེམས ་དཔའ་ཨི་རྡོ་རྗེ་རྡོ་རྗེ་སེམས་དཔའ་ཨི་བདག་ཉིད་གཏན་ལ་དབབ་སྟེ། མ་ཧཱ་ས་མ་ཡ་སཏྭ་ཨ་ཧཾ་ཞེས་སོགས་པའི་དོན་བསྒོམ་པ་ཡིས། དེ་བཞིན་ཉིད་མངོན་དུ་བྱེད་པ་ནི་བསྐྱེད་པ་ཡོད་པ་ནི་ཞེས་པའོ། །འོ་ན་ཅིའི་ཕྱིར་ན་བསྒོམ་པ་དེ་ཡིས་གང་བསྐྱེད་པ། རྡོ་རྗེ་འཛིན་ཉིད ་ཆེན་པོ་ཡིན་ཞེས་གསུངས་པ། བསྒོམ་པ་ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། འགྲུབ་པར་འགྱུར་ཞེས་པ་དང་འབྲེལ་ཏོ། །ཅིའི་ཕྱིར་དམ་ཚིག་སེམས་དཔའ་ཆེན་པོ་བདག་ཅེས་སྔགས་དོན་བསྒོམས་པ་དེ་ཡིས་ཐམས་ཅད་ཁོ་ན་དཔལ་རྡོ་རྗེ་སེམས་དཔའ་ལ ་སོགས་པའི་རང་བཞིན་དུ་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་གཟུགས་བརྙན་འདྲ་བར་མཉམ་པར་གདོད་མ་དང་མ་སྐྱེས་པ་བདག་ཡིན་ཞེས་བསྒོམ་པའི་རྣལ་འབྱོར་པས། དེ་བཞིན་ཉིད་མངོན་དུ་བྱེད་པ་ཡིས་ཚེ་འདི་ཁོ་ན་ཉིད་དུ་འགྲུབ་པར་འགྱུར་ཞེས་པའོ། །དེའི་ཕྱིར ་འདི་ཁོ་ན་བསྒོམ་པ་དང་སྒྲུབ་པ་ངེས་པར་བྱ་བའི་དོན་གསུངས་པ། སེམས་དཔའ་བྱིན་གྱིས་བརླབས་ཕྱིར་ཀྱང་ཞེས་པ་སྟེ། སེམས་དཔའ་བྱིན་གྱིས་བརླབས་པའི་སྦྱོར་བ་ནི་བཤད་ཟིན་ཏོ། །ཡང་ཞེས་པའི་སྒྲ་ནི་ངེས་པའི་དོན་ཏོ། །སེམས་དཔའ་བྱིན་གྱིས་བརླབ ་པ་ཁོ་ནས་འགྲུབ་བོ་ཞེས་པའི་དོན་ཏོ། །རང་བྱིན་གྱིས་བརླབས་པ་འདིར་འགྲུབ་པ་སྟེ། ཞེས་པ་ནི་རང་བྱིན་བརླབས་པ་ནི་སེམས་དཔའ་དང་རྡོ་རྗེ་ལས་བྱུང་བའི་དཔལ་རྡོ་རྗེ་སེམས་དཔའ་བདག་བསྐྱེད་པའོ། །དེ་ཉིད་བསྒྲུབ་པའི་མཆོག་ཅེས་ཏེ། མཆོག་དུ་གྱུར་པའི་?? ་དཔའ་དེ་བསྐྱེད་པར་བྱེད་པའི་ཕྱིར་རོ། །ཇི་ལྟར་དེ་འགྲུབ་པའི་མཆོག་ཡིན་ཞེ་ན་གསུངས་པ། དེ་ཉིད་ཉིན་རེ་ལ་ཞེས་པ་ལ་སོགས་པ་སྟེ། ཐོབ་པའི་ཞེས་པ་དང་འབྲེལ་ཏོ། །དེ་འདིས་ཞེས་པ་ནི་སེམས་དཔའ་བྱིན་གྱིས་བརླབས་པའི་སྦྱོར་བ་ཡིས་ཞེས ་པའོ། །ཉིན་རེ་ཞེས་པ་ནི་ཉི་མ་རེ་རེའོ། །སྔ་དྲོ་ཕྱི་དྲོ་ལེ་ལོ་འགྲུབ་པ་ནི་བདག་བསྐྱེད་པ་ལ་བྱའོ། །རྡོ་རྗེ་སེམས་དཔའ་ཨི་ཉིད་འཐོབ་བོ་ཞེས་པ་ནི་ཤེས་སླའོ། །འདི་ལ་ཇི་ལྟར་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་སྤྱོད་པ་ཡིན་ཞེ་ན། གསུངས་པ་ནི་ཇི་ལྟར་གསུངས་པའི་མདུན ་དུ། བཟང་པོ་དེ་ཡིས་ཕུན་སུམ་གྱི་གཟུགས་ཀྱིས་སེམས་ཅན་གྱི་དོན་བྱེད་པའི། །དེ་ཁོ་ནའི་དོན་གསུངས་པ། སྙིང་སྟོབས་རྡུལ་ཞེས་པ་སྟེ། དེ་ལ་ཡང་བར་སྟོན་པའི་གཟུགས་ནི་སྙིང་སྟོབས་ཞེས་པའོ། །རྡུལ་ཞེས་པ་ནི་འདོད་ཆགས་སོ། །མུན་པ་ཡང ་ཞེས་པ་ནི་མ་རིག་པའི་མུན་པའོ། །ཚིག་གསུམ་ཁོ་ནས་སྟོབས་ཀྱིས་ལྷ་དང། རབ་ཏུ་འདོད་དང་གནས་པའི་མཛའ་དང། དབང་ཕྱུག་ཆེན་པོ་དང། ཚངས་པ་དང། ཁྱིམ་འཇུག་རྣམས་དང་གསང་བའི་གཟུགས་རྣམས་གསུངས་པའོ། །ཅིའི་ཕྱིར་སེམས་ཅན་དོན་ཞེས ་པ་ལ་སོགས་པ་ནི་ཤེས་སླའོ། །ཇི་བཞིན་བྱང་སེམས་སྤྱོད་ཅེས་འགྲོ་ཞེས་པ་ནི་གདུལ་བའི་སྐྱེ་བོ་རྣམས་བྱང་ཆུབ་པར་བྱ་བའི་དོན་དུ་སྤྱོད་པ་ནི་བྱང་ཆུབ་སྤྱོད་ཅེས་པ་ནི། དེས་ཕུན་སུམ་སྤྲུལ་བའི་གཟུགས་ཀྱིས། གང་བཅོམ་ལྡན་འདས་ཀྱིས་སེམས་ཅན་གྱི་དོན ་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའ་ལ་སོགས་པའི་ཆོས་བཞིའོ། །བྱང་ཆུབ་ཀྱི་རྗེས་སུ་འགྲོ་བ་ནི་རྗེས་སུ་འགྲོ་ཞེས་པའོ། །འདི་ལས་ཇི་ལྟར་བཅོམ་ལྡན་འདས་བདུད་དང་བདུད་ལས་རྒྱལ་བ་ཡིན་ཞེ་ན། ཞེས་པ་ལ་སོགས་པ་ནི་དེ་ལ་སེམས་དེ་ཁོ་ན་བདུད་ཉིད། ་ཞེས་པ་ནི་འདུད་ཀྱི་རྣམ་པར་འགྱུར་བའི་སེམས་ནི་བདུད་དོ། །དེ་ཡི་ངོ་བོ་ཉིད་ནི་བདུད་ཉིད་ཅེས་པ་སྟེ། རང་གི་རྣམ་པར་རྟོག་པ་ལས་བྱུང་བའི་བགེགས?་རྣམས་དེ་སྔོན་དུ་སེར་སྣ་བསྐྱེད་པའི་ཕྱིར་གསུངས་པའི་ཕྱིར་རོ། །སེམས་དེ་ཁོ་ན་དེ་བཞིན་གཤེགས་ཞེས་པ་ནི། ་དེ་བཞིན་གཤེགས་པའི་གཏན་ལ་ཕབ་པར་འགྱུར་བའི་སེམས་ནི་དེ་བཞིན་གཤེགས་ཞེས་པའོ། །དེ་ཉིད་དེ་བཞིན་གཤེགས་པའི་རྐྱེན་གཏན་ལ་ཕབ་པ། བདུད་ཀྱི་རྣམ་པར་རྟོག་པ་མེད། བདུད་སྣང་བ་མེད་པའི་ཕྱིར་བདུད་ལས་རྒྱལ་བ་ཞེས་པའོ། །བྱང་ཆུབ་སེམས་དཔའ་ཨི ་སྙིང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཨི་བརྩོན་འགྲུས་བརྟན་པ་ལ་བསྐྱེད་པར་བྱ་བའི་དོན་དུ། ལྷའི་བུའི་གཟུགས་ཀྱིས་བརྩེ་བར་བྱེད་པའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ནི་བདུད་ཅེས་པའོ། །དེ་ལྟར་གསུངས་པ། ཇི་ལྟར་འདོད་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས ་དཔས་ལྷའི་བུའི་གཟུགས་ཀྱིས། བྱང་ཆུབ་སྙིང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་བརྩེ་ནས། དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔས། བྱང་ཆུབ་སེམས་དཔའ་ལ་ཤིན་ཏུ་བསྟན་པའི་སེམས་ཉེ་བར་སྐྱེད་པར་བྱེད་དོ། །ཅེས་པའོ། །དེའི་ཕྱིར་གསུངས་པ། རང་སེམས་གདུལ་བའི ་དོན་དུ་ནི། བདག་ནི་བདུད་ཉིད་ཉེ་བར་འགྲོ་ཞེས་པ་སྟེ། མགོ་རྩོམ་པའི་རྣལ་འབྱོར་པ་རྣམས་ཀྱིས་གང་སེམས་དང་གང་དཔལ་རྡོ་རྗེ་སེམས་དཔའ་ལྷའི་བུའི་བདུད་དུ་གནས་པ་དེ་དང་དེ་ནི། སྒྲུབ་པ་པོ་སེམས་དང་ཆོས་ཉིད་དུ་ལྷན་ཅིག་དབྱེར་མེད་པར་རང་གི་སེམས་ཤེས་པར ་??་སྟེ། དེ་ལ་འདུལ་བ་དང་བསྟན་པར་བྱ་བའི་ཕྱིར་དང། དེའི་དོན་དུ་བདག་ནི་བདུད་ཉེ་བར་འགྲོ་ཞེས་པའོ། །དེ་ལ་ཇི་ལྟར་བཅོམ་ལྡན་འདས་མངོན་པར་བྱང་ཆུབ་པ་དང་སངས་རྒྱས་ཡིན་ཞེ་ན་ཞེས་པ་ནི། དེ་ལ་རང་སེམས་སོ་སོར་རིག་པ་ནི་ཞེས་པ་ནི་ཙིཏྟ་པ་ཏི་བོ་དྷི་ཀ?་རོ?་ནི། ་ཞེས་དང་པོ་ནས་གཟུང་ནས། ཇི་སྙེད་ཨོཾ་བཛྲ་ཨཱཏྨ་ཀོ་ཧཾ་ཞེས་པའི་བར་དུ་བསྒོམས་པ་ནི། རང་སེམས་སོ་སོར་རྟོགས་པ་ནི་ཞེས་པའི་སྒྲ་ནི་ཅིའི་ཕྱིར་གྱི་དོན་ཏོ། །བྱང་ཆུབ་སེམས་མཆོག་རྡོ་རྗེ་ཉིད། །ཅེས་པ་ནི་ཅིའི་ཕྱིར་ཇི་ལྟར་གསུངས་པའི་རང་སེམས་སོ་སོར་རྟོག ་པའི་ཕྱིར། བྱང་ཆུབ་སེམས་མཆོག་རབ་རྡོ་རྗེ་ཉིད་དུ་གྱུར་པ་དེའི་ཕྱིར་དེ་ཉིད་མངོན་པར་བྱང་ཆུབ་པའོ། །དེ་ཁོ་ན་གཤད་པ་དེ་ཉིད་དེ་ལས་ཞེས་པ་སྟེ། རང་གི་སེམས་སོ་སོར་རྟོག་པ་དེ་ཡིས་བྱང་ཆུབ་སེམས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པའི་རང་བཞིན་དེ་ཁོ་ན་ཉིད་ཅེས་པའི་དོན་ཏོ། །དེས་སངས་རྒྱས་ཏེ། རང་བྱིན་བརླབས་མཆོག་འགྲུབ་ཕྱིར་རོ། །ཞེས་པ་ནི་དེ་ལ་དེས་ཞེས་པ་ནི་རྗེས་སྙེག་པའོ། །སེམས་དཔའ་ཨི་རྡོ་རྗེར་གྱུར་པ་ནི་སེམས་དེ་ཡིས་སངས་རྒྱས་པའི་ངོ་བོ་ནི། དེས ་སངས་རྒྱས་ཞེས་པའོ། །ོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏ་སྟ་ཐཱ་ཧཾ། ཞེས་སྔགས་ཀྱི་དོན་བསྒོམ་པ་ཉིད་ཀྱིས་རྣམ་པ་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་གཟུགས་སུ་བདག་འགྱུར་བའི་རང་བྱིན་བརླབས་མཆོག་འགྲུབ་པའི་ཕྱིར་རོ་ཞེས་པའོ། །འགྲུབ་པ་དེ་ལས་དེས ་སངས་རྒྱས་ཞེས་པའི་ཐ་ཚིག་གོ་།དེ་ལ་ཇི་ལྟར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཡིན་ཞེས་པ་ལ་སོགས་པས་ནི་དེ་དབྱེར་མེད་ཅེས་པས་ནི་སེམས་ཅན་དེས་སེམས་མ་ཡིན་པ་ཐམས་ཅད་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་འཇོམས་པའོ། །སོ་སོར་རྟོག ་པ་དང་ཞེས་རྒྱུ་མེད་པའི་ཆོས་ཐམས་ཅད་ཅེས་གཏན་ལ་ཕབ་པའོ། །སྡང་བ་ཐམས་ཅད་ངེས་པར་གནོན་པ་ཞེས་པ་ནི་འདོད་ཆགས་ལ་སོགས་ཉོན་མོངས་པ་ནི་དྲག་པོ་ལ་སོགས་པ་སེམས་ཅན་འཇོམས་པ་ལ་གནས་པ་དག་གི་སྡང་བ་ཐམས་ཅད་ཅེས ་པའོ། །དེ་དག་ངེས་པར་གནོན་ཞེས་པ་ནི་འདོད་ཆགས་ལ་སོགས་པ་བག་ཆགས་ཀྱི་ཉོན་མོངས་པ་སྤང་བ་དང། དྲག་པོ་ལ་སོགས་པའི་འོག་མར་ལྟུང་བར་བྱས་ཏེ། བྱང་ཆུབ་ཆེན་པོ་སེམས་ཀྱི་རྐང་པས་གནོན་པའོ། །སངས་རྒྱས་ཀུན་དངོས་རྡོ་རྗེ་ནི། །བྱང ་ཆུབ་སེམས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། སངས་རྒྱས་ཐམས་ཅད་གཅིག་པར་འདུས་པའི་ཡེ་ཤེས་ནི་སངས་རྒྱས་ཀུན་ཞེས་པའོ། །དེ་ཡི་དངོས་དེ་ཡི་རྒྱུ་ཅན་ཅོ?་ལྔ་པ་ནི? ་རྡོ་རྗེ་ནི་ཞེས་པའོ། །དེ་གང་ཡིན་ཞེ་ན་གསུངས་པ། བྱང་ཆུབ་སེམས་བདག་བརྟན་པ་ཡིན་ཞེས་པ་སྟེ། བདག་ཁོ་ན་རྣམ་པར་རྟོགས་པ་ཐམས་ཅད་མེད་པས་བྱང་ཆུབ་སེམས་དབྱེར་མེད་པའོ། །དེ་རྣམ་པར་འཇུག་པ་ཡིས་བྱ་སྟེ། སངས་རྒྱས ་ཐམས་ཅད་ཀྱི་དངོས་རྡོ་རྗེ་རྩེ་ལྔ་པའི་གཟུགས་སོ་།བསྟན་པ་ཐམས་ཅད་གྲུབ་དོན་དུ། ཞེས་པ་ལ་སོགས་པ་ནི་ཇི་ལྟར་གསུངས་པའི་རྡོ་རྗེ་ཁོ་ན། དེ་བཞིན་གཤེགས་པ་བདག་གིས་ཀུན་ཏུ་བཟང་པོ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་སྤྲུལ་པར་བྱས་ཏེ། ཀུན་ཏུ་བཟང ་པོ་དེ་ལ་ཇི་ལྟར་གསུངས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་འཁོར་ལོས་སྒྱུར་བ་ཉིད་དབང་བསྐུར་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་འགྲུབ་པའི་དོན་དུ་ཕྱག་ལ་བྱིན་པས་ནི། དེའི་ཚེ་དེ་ནས་ཕྱག་ན་རྡོ་རྗེ་ཞེས་བཏགས་སོ། །རྡོ་རྗེས ་ཉེ་བར་བཏགས་པའི་ཕྱག་དང་ལྡན་པ་དེ་ལ་ཕྱག་ན་རྡོ་རྗེས་གསུངས་སོ། །ཇི་ལྟར་བཅོམ་ལྡན་འདས་དང་པོའི་རིགས་འབྱུང་བ་ཡིན་ཞེ་ན་ཞེས་པའི་ལན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །འདུལ་ཕྱིར་རྡོ་རྗེ་སེམས་དཔའ་ནི་ཞེས ་པ་ལ་སོགས་པ་ནི་དཔལ་རྡོ་རྗེ་སེམས་དཔའ་ཁོ་ན་བྱང་ཆུབ་སེམས་ཀྱི་མཚན་ཉིད་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་པར་ཡོངས་སུ་བཏགས་པ་བྱང་ཆུབ་ཀྱི་སེམས་སེམས་ཅན་གྱི་ཁམས་འདུལ་བའི་ཕྱིར་ནི་བརྩམས་པའོ། །སྐྱེ་བ་དག་ནི་རིགས་ཡིན་ཞེས ་པ་ནི་དེ་བཞིན་གཤེགས་པ་ལས་བྱུང་བ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་རྣམས་ཀྱང། རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་རྣམས་ནི་དེ་བཞིན་གཤེགས་པའི་རིགས་དག་གོ་།དེ་ལྟར་རྡོ་རྗེ་དང། རིན་པོ་ཆེ་དང། པདྨ་དང། ལས་ཀྱི་རྡོ ་རྗེ་ལས་འབྱུང་བའི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་གཟུགས་རྣམས་ནི་དེ་བཞིན་གཤེགས་པའི་རིགས་སོ། །དེ་ལྟར་རྡོ་རྗེ་དང། རིན་པོ་ཆེ་དང། པདྨ་དང། ལས་ཀྱི་རྡོ་རྗེ་ལས་འབྱུང་བའི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་གཟུགས་རྣམས་ལ། །རྡོ་རྗེ་ལ་སོགས་པའི ་རིགས་བདག་ཤེས་པར་བྱའོ། །དེ་ནི་འདོད་པའི་སྒྲའི་དོན་དང། ཐར་པའི་སྒྲའི་དོན་གསུངས་པ། དེ་ལ་ཇི་ལྟར་བཅོམ་ལྡན་འདས། འདོད་པའི་ཐར་པ་ཡིན་ཞེ་ན་ཞེས་པ་ལ་སོགས་པ་མངོན་དུ་བྱས་ནས་ལན་བཏབ་པ། དངོས་གྲུབ་ཐམས་ཅད་རྗེས་ཆགས་ཕྱིར། ་ཞེས་པ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཅེས་པ་སྟེ། དེ་དག་གི་རྗེས་སུ་ཆགས་པའི་ཕྱིར་ཞེས་པ་ནི་མགོ་རྩམས་པའི་རྣལ་འབྱོར་པས་ཡང་ནས་ཡང་དུ་མངོན་དུ་བྱེད་པའོ། །དེའི་ཕྱིར་ན་དངོས་གྲུབ་ཀྱི་རྗེས་སུ་ཆགས ་པས་བཅོམ་ལྡན་འདས་འདོད་ཆགས་ཞེས་ཏེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྐྱེད་པ་ལ་མངོན་དུ་བྱས་ནས་འདོད་པའི་ཕྱིར་ཏེ་གསུངས་པས། འདོད་ཆགས་ཆེན་པོ་བཅོམ་ལྡན་འདས་ཞེས་པ་སྟེ། མི་དམིགས་པའི་སྙིང་རྗེ་ཆེན་པོའི་མཚན་ཉིད་བཅོམ ་ལྡན་འདས་རྡོ་རྗེ་འཛིན་ཆེན་པོ་ཅིའི་ཕྱིར་ཀུན་ཏུ་རྟོག་པ་དེའི་འདོད་ཆགས་ཆེན་པོ་ཞེས་བྱའོ། །ཀུན་འགྲུབ་ཟད་མེད་བདེ་བ་ནི། །བདེ་བ་ཆེན་པོ་ཞེས་འདོད་དོ་ཞེས་པ་ནི། དཔལ་རྡོ་རྗེ་སེམས་དཔའ་ཨི་དངོས་གྲུབ་རྣམས་ནི་ཀུན་འགྲུབ་ཅེས་པའོ། །དེ་ཡིས་བསྟན་པ་ནི་ཟད་མེད ་ཅེས་པའོ། །གང་བདེ་བ་ཉེ་བར་སྐྱེ་བ་ནི་གཟུང་འཛིན་རྣམ་པར་རྟོག་པ་མེད་པའི་འབྲེལ་པ་ནི་དེ་ནི་ཐར་པ་ཞེས་གསུངས་སོ། །གསང་ཆེན་ཞེས་པ་ལ་སོགས་པ་ནི་སྒྲའི་དོན་གསུངས་པ། གསང་བ་ཁྲག་འཐུང་ཞེས་སོགས་པ་སྟེ། དཔལ་ཁྲག་འཐུང་ནི་གསང་བ ་ཆེན་པོའི་སྦྱར་གསུངས་སོ། །ཅིའི་ཕྱིར་ཡིན་ཞེ་ན་གསུངས་པ། ཕྱག་རྒྱ་ཆེན་པོ་འགྲུབ་པའི་ཕྱིར་ཞེས་པ་སྟེ། ཆེན་པོ་ཡང་དེ་ཕྱག་རྒྱ་ཡང་དེ་ཉིད་ལས་ཕྱག་རྒྱ་ཆེན་པོ་ཞེས་ཏེ། མི་བསྐྱོད་པའི་སེམས་ཀྱི་རང་བཞིན་བྱང་ཆུབ་ཀྱི་རང་བཞིན་བྱང་ཆུབ་ཀྱི་མཚན་ཉིད་མེ་ལོར་ལྟ ་བུའི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །དེས་འགྲུབ་པའི་ཕྱིར་ཞེས་པ་སྟེ། སྙིང་རྗེ་ཆེན་པོའི་ཁྲོ་བོ་ཡས་བཟང་པོ་ལ་སོགས་པའི་ཁྲོ་བོར་གཞོམ་པས་སོ། །མཆོག་ནི་པདྨ་འཛིན་རྒྱལ་པོ་ཞེས་པའོ། །ཅིའི་ཕྱིར་ཡིན་ཞེ་ན་གསུངས་པ། དམ་ཚིག་དམ་པར་ཤེས་ལྡན་ཕྱིར ་ཞེས་པ་སྟེ། དམ་ཚིག་ཅེས་པ་ནི་མི་འདའ་བའ་ཨོ། །དམ་པ་ཡང་དེ་ཤེས་པ་ཡང་དེ་ཉིད་པས་དམ་པ་ཤེས་པའོ། །ཆོས་ཐམས་ཅད་རང་བཞིན་དག་གོ་ཞེས་གཏན་ལ་ཕབ་པའོ། །དེ་དང་གང་དག་ལྡན་པ་དེ་དག་ནི་དམ་པ་ཤེས་ལྡན་ཞེས་བྱ་སྟེ། དེ་བཞིན་གཤེགས ་པ་རྣམས་སོ། །འདི་ལྟར་གསུངས་པར་འགྱུར་ཏེ། ཅིའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ཀྱིས་བདག་ཉིད་པདྨ་འཛིན་འདར་མེད་པ་དེའི་ཕྱིར་དམ་ཚིག་དམ་པ་ཞེས་བྱའོ། །དགྱེས་པ་དམ་པ་ཉི་མ་སྟེ་ཞེས་པ་ནི ་དགྱེས་པ་དན་པ་ཤེས་རབ་སྟེ། འཇིག་རྟེན་ལས་འདས་པའི་ཉི་མ་ཞེས་སོ། །དེ་ཞེས་པའི་སྒྲ་ནི་ངེས་པའི་དོན་ཏོ། །སྦྱིན་པ་ལ་སོགས་མཆོག་གྲུབ་ཕྱིར། ཞེས་པ་ནི་རྫས་ལ་སོགས་པའི་གཏོར་མ་ནི་སྦྱིན་པ་ཞེས་ཏེ། ཟང་ཟིང་གི་སྦྱིན་པ་དང། སྐྱབས་ཀྱི་སྦྱིན་པ ་དང། བྱམས་པའི་སྦྱིན་པ་དང། དབང་བསྐུར་བའི་སྦྱིན་པ་ཞེས་པའོ། །སོགས་པ་ཞེས་པའི་སྒྲ་ནི་བྱང་ཆུབ་སེམས་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། འདུ་བའི་ཡེ་ཤེས་ཐམས་ཅད་གསུངས་པའོ། །སྦྱིན་པ་ལ ་སོགས་པའི་ཆོས་དེ་དག་འདུལ་བའི་སེམས་ཅན་གྱི་རྒྱུད་ལ་བསྐྱེད་པར་བྱ་བའི་མཆོག་འགྲུབ་ཕྱིར་ཞེས་པའོ། །བསྒྲུབས་པ་དེའི་ཕྱིར་ན་ཡིད་བཞིན་ནོར་བུ་འདྲ་བ་སྟེ། དགའ་བ་རྡོ་རྗེ་ཉི་མ་ཡིན་ནོ། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས་ཞེས་པ་ནི་བྱང་ཆུབ་སེམས་ལ ་སོགས་པའི་སྒྲུབ་པ་དང་ལྡན་པ་ནི་ཐམས་ཅད་བདག་ཉིད་ཅེས་པའོ། །བདག་ཉིད་དེ་ལ་རྟག་པར་དུས་ཐམས་ཅད་གཅོས?་པ་ནི་དཔལ་རྟ་མཆོག་གོ་།ཅིའི་ཕྱིར་ཡིན་ཞེ་ན་གསུངས་པ། རྡོ་རྗེ་རྟ་མཆོག་ལས་ཉིད་ཕྱིར་ཞེས་པ་སྟེ། བརྩོན་འགྲུས་ཀྱི་ཁ་ལོ་སྒྲུབ?་པའི་?རང་གི ་རང་བཞིན་ཉིད་ཀྱི་ཕྱིར་དཔལ་རྟ་མཆོག་ཅེས་སོ། །སངས་རྒྱས་ཀུན་དངོས་སེམས་དཔའ་སྟེ། ཞེས་པ་ནི་མི་བསྐྱོད་པ་དང། རིན་ཆེན་འབྱུང་ལྡན་དང། སྣང་བ་མཛའ་ཡས་དང། དོན་ཡོད་པར་གྲུབ་པ་རྣམས་ནི་སངས་རྒྱས་ཀུན་ཞེས་སོ། །དེའི་རང་བཞིན་ནི་དངོས ་སེམས་དཔའ་སྟེ་ཞེས་པ་ནི་དཔལ་རྣམ་པར་སྣང་མཛད་དེ། སངས་རྒྱས་ཐམས་ཅད་རེ་གཅིག་ཏུ་འདུས་པ་ཡིན་པའི་ཕྱིར་རོ། །དེ་ཁོ་ན་བཤད་པ་རྫོགས་སངས་རྒྱས་ཕྱིར་རྣམ་སྣང་མཛད་ཅེས། །རྡོ་རྗེ་སེམས་དཔའ་རྒྱལ་ཆེན་པོ། །ཡེ་ཤེས་རྡོ་རྗེ་འཛིན་མཆོག ་ཕྱིར་ཞེས་བྱ་བ་ལ། དེ་ལ་རྡོ་རྗེ་སེམས་དཔའ་ཞེས་པ་ནི་སེམས་དཔའ་བྱིན་གྱི་བརླབས་ཀྱི་སྦྱོར་བ་ལས་བསྐྱེད་པ། རྡོ་རྗེ་དྲིལ་བུ་འཛིན་པ། དཔལ་བདེ་མཆོག་མ་ལ་སོགས་པའི་ཚོགས་ཀྱི་དབུས་ན་བཞུགས་པའོ། །རྒྱལ་ཆེན་པོ་ཞེས་པ་ནི ་དཔལ་བདེ་མཆོག་མ་ལ་སོགས་པའི་ལྷ་མོའི་དབུས་ན་བཞུགས་པ། རྡོ་རྗེ་དང་དྲིལ་བུ་འཛིན་པ། རྡོ་རྗེ་སེམས་དཔའ་ཨི་གཟུགས་དེ་ལ་ཀུན་ཏུ་འགྲོ་བ་རྒྱལ་ཞིང་སྣང་བ་ནི་རྒྱལ་ཆེན་པོ། ཡེ་ཤེས་རྡོ་རྗེ་འཛིན་མཆོག་ཕྱིར་ཞེས་པ་ནི་གསང་བ་ཆེན་པོ་ལྔའི་དེ་ཁོ ་ན་ཉིད་ཀྱི་ཡེ་ཤེས་སྟོན་པར་བྱེད་པ་ངེས་ཐོབ་པ་དེ་ལས་བྱུང་བའི་རྩེ་ལྔ་པའི་དབང་པོའི་རྡོ་རྗེ་ནི་ཡེ་ཤེས་རྡོ་རྗེ་ཞེས་པའོ། །རྡོ་རྗེ་དེ་ཤིན་ཏུ་སྦྱོར་བ་ཡིས་ཕྱག་གིས་འཛིན་པས་ན། ཡེ་ཤེས་རྡོ་རྗེ་འཛིན་མཆོག་ཅེས་སོ། །དེ་ཡང་དཔལ་རྡོ་རྗེ་སེམས་དཔའ་ཁོ་ནའོ ་དེས་ནི་འདི་གསུངས་པར་འགྱུར་ཏེ། དཔལ་ཁྲག་འཐུང་དང་གར་གྱི་དབང་ཕྱུག་དང་ཉི་མ་དང། རྟ་མཆོག་དང་དཔལ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱི་བདག་ཉིད་ནི་དཔལ་རྡོ་རྗེ་སེམས་དཔའ་སྟེ། ཡེ་ཤེས་ཐམས་ཅད་འདུས་པའི་ངོ་བོར་བཤད ་པའོ། །ད་ནི་རྣམ་པ་གསུམ་གྱི་སྒྲའི་དོན་བཤད་པ། དེ་ལྟ་ཇི་ལྟར་བཅོམ་ལྡན་འདས་རྣམ་པ་གསུམ་ཡིན་ཞེས་པ་ལ་སོགས་པ་སྟེ། དེ་ལ་འཇིག་རྟེན་གསུམ་དག་མཛའ་ཡས་ཕྱིར་ཞེས་པ་ནི་འདོད་པའི་ཁམས་དང་གཟུགས་ཁམས་དང། གཟུགས ་མེད་པའོ། །འཇིག་རྟེན་གསུམ་ཞེས་པ་ནི་སྣོད་བཅུད་ཀྱི་རང་བཞིན་ནོ། །ཅིའི་ཕྱིར་ཁམས་གསུམ་ཉིད་ཡིན་ཞེ་ན། མཛའ་ཡས་ཕྱིར་ཞེས་པ་སྟེ། འཇིག་རྟེན་གསུམ་གྱི་ཆོས་ཉིད་གང་ཡིན་པ་དེ་ནི་གདོད་མ་དང་ཐ་མ་མེད་པའི་མཛའ་མེད་པ་དང་བདག ་ཀྱང་གདོད་མ་དང་ཐ་མ་མེད་པའི་མཛའ་མེད་པའི་རང་བཞིན་ཉིད་ལས་ལྷན་ཅིག་དབྱེར་མེད་པ་མཉམ་པ་ཉིད་བསམས་པ་དབང་དུ་བྱས་ནས་གསུངས་ཏེ། འཇིག་རྟེན་གསུམ་བདག་མཛའ་ཡས་ཕྱིར་ཞེས་པའོ། །དེ་ལྟར་འཇིག་རྟེན་གསུམ་གྱི་ངོ ་བོས་རྣམ་པ་གསུམ་བསྟན་ནས་ད་ནི་སྲིད་པའི་ངོ་བོར་གསུངས་པ། འདུལ་ཕྱིར་སྲིད་གསུམ་མཆོག་གསུམ་བདག་ཅེས་པ་སྟེ། འདོད་པ་དང་གཟུགས་དང་གཟུགས་མེད་པ་སྲིད་པ་གསུམ་ཞེས་པའོ། །ཅིའི་ཕྱིར་ན་ཁྱོད་སྲིད་པ་གསུམ་ཡིན་ཞེ་ན་གསུངས་པ། ་འདུལ་བའི་དོན་དུ་ཞེས་པ་སྟེ། ཁམས་གསུམ་དུ་རྡོ་རྗེ་སེམས་དཔའ་ཨི་གཟུགས་ཀྱིས་སེམས་ཅན་གྱི་ཁམས་འདུལ་བའི་དོན་དུ་དེའི་གཟུགས་སུ་སྤྲུལ་པའི་ཕྱིར་ཞེས་པའི་དོན་ཏོ། །རྡོ་རྗེ་འཛིན་དང་འཇིག་རྟེན་དབང་ཕྱུག་དང། ནམ་མཁའ་ཨི་སྙིང་པོའི་གཟུགས་སུ་སྣང་བས། དགེ་བ ་མཆོག་གསུམ་ཞེས་པའོ། །སྟོབས་བཟངས་དང། འདོད་པའི་ལྷ་དང། གནས་ཀྱི་མངའ་དག་གི་གཟུགས་སུ་སྣང་བས་མཆོག་གསུམ་མོ། །འཇིག་རྟེན་གསུམ་ཞེས་པ་ནི་ས་འོག་གི་འཇིག་རྟེན་དང་ས་སྟེང་གི་འཇིག་རྟེན་དང། ས་སླའི་འཇིག་རྟེན་ནི་གསུམ་ཞེས་པའོ། ། ་དེའི?་གཟུགས་སུ་སྤྲུལ?་ནས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་ན། བཅོམ་ལྡན་འདས་ཐམས་ཅད་དུ་འཇིག་རྟེན་གསུམ་ཞེས་པའོ། །ཁམས་གསུམ་ཡིན་ཞེས་པ་ནི། སེམས་ཅན་ཐམས་ཅད་ཉིད་ལ་སོགས་པ་དང། རྗེས་སུ་གནས་པའི་གཡོ་བ་དང། མི་གཡོ་བའི་དངོས ་པོའི་བདག་ཉིད་ཀྱིས་འདོད་པ་དང་གཟུགས་དང་གཟུགས་མེད་པའི་རང་བཞིན་གྱིས་བདག་ནི་ཁམས་གསུམ་ཞེས་ཏེ། ཐམས་ཅད་ཉིད་ལ་སོགས་པ་དང་ལྡན་པའོ། །ཇི་ལྟར་བཅོམ་ལྡན་འདས་དེ་ཐམས་ཅད་ཉིད་ཡིན་ཞེ་ན་གསུངས་པ། དེ་ལ་ཇི་ལྟར་བཅོམ ་ལྡན་འདས་ཐམས་ཅད་ཉིད་ཅེ་ན་ཞེས་པ་ལ་སོགས་པ་སྟེ། དེ་ལ་སེམས་ཅན་བསོད་ནམས་ཆེར་འཕགས་པ་ཞེས་པ་ནི། དགེ་བ་བཅུའི་ལས་ཀྱི་ལམ་བསགས་པ་ནི་སེམས་ཅན་རྣམས་ཀྱི་བསོད་ནམས་ཞེས་པའོ། །ཆེར་འཕགས་ཞེས་པ་ནི་རིན་པོ་ཆེ་སྣང་ནི? ་ལ་སོགས་པའི་གཟུགས་སུ་རི་རབ་ལ་སོགས་པའི་བསྐྱོད་པའོ། །བསྐྱེད་པ་དེ་ཡང་གཟུགས་ཀྱིས་ཤས་ཀྱི་དངོས་ཀྱིས་སེམས་ཅན་གྱིས་སེམས་ལས་དབྱེར་མེད་པའོ། །དེ་བས་ན་དེའི་རང་བཞིན་ཉིད་ཀྱང་བདག་ཡིན་ནོ། །དེ་བས་ན་གསུངས་པ། མི་གཡོ་ཁོ་ན་བདག་ ་ཅེས་པ་ནི། སེམས་མེད་པའི་དངོས་པོ་རྣམས་ནི་མི་གཡོ་ཐམས་ཅད་ཅེས་པ་སྟེ། དེའི་ཕྱིར་བཅོམ་ལྡན་འདས་མི་གཡོ་ཐམས་ཅད་ཡིན་ནོ། །གཡོ་བ་སྟེ་ཞེས་པ་ནི་སེམས་ཀྱི་དབང་གིས་ལྷག་པར་སྟོབས་ཀྱིས་ཡུལ་དུ་འགྲོ་བ་ནི་གཡོ་བ་ཞེས་ཏེ ་སེམས་དང་ལྡན་པའི་ངོ་བོའོ།?་།དེའི་ཕྱིར་གསུངས་པ། སེམས་འདུ་བྱེད་ཕྱིར་ཞེས་པའོ། །དེ་ལ་ཡང་མཉམ་པ་ཉིད་དུ་སྦྱོར་བ་ཡི་ཞེས་པའོ། །འདུ་བྱེད་ཅེས་པ་ནི་གཡོ་བ་དང་མི་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་དངོས་བཞི་ནི་ཀུན་ཞེས་པའོ། །དེ་ཀུན ་སེམས་ཀྱི་སྤྲུལ་པ་ཡིས་བྱེད་པས་ན་ཀུན་བྱེད་ཅེས་པའོ། །སྔོན་དུ་འཕགས་པའི་སྟོབས་ཀྱིས་སེམས་ཅན་གྱི་དོན་དུ་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་དུ་དེ་ཉིད་འགྱུར་རོ་ཞེས་པའོ། །ཐམས་ཅད་ཁོ་ན་ཡིན་ཞེས་གསུངས་པའོ། །མཁའ་འགྲོ་མའི་སྒྱུ ་མའི་གཞན་རྣམ་གྲངས་གཞན་གསུངས་པ། མཁའ་འགྲོ་མ་དག་ལྷ་མོར་གསུངས་ཞེས་པ་སྟེ། ནམ་མཁའ་ཐམས་ཅད་ལ་རྒྱུ་བ་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་སྙིང་པོ་དང་ཕྱག་རྒྱ་དང། སྔགས་དང་རིག་པ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས ་པ་ཕྱག་རྒྱ་ནི་ལྷ་མོ་ཞེས་པ་སྟེ། ཅིའི་ཕྱིར་སེམས་ནི། བཅོམ་ལྡན་འདས་འདོད་ཆེན་པོའི་ལྷ་མོར་གསུངས་པའི་ཕྱིར་བརྡའི་སྒྲའི་དོན་གསུངས་པ། བརྡ་ནི་མཚན་མར་གསུངས་པའོ་ཞེས་པ་སྟེ། གཙུག་ལག་གཞན་ལ་མི་དྲག་པའི་འདུ་ཤེས་ཀྱི་དོན་ཏོ། ། ་སྐལ་བཟང་གི་བརྡའི་རྣམ་གྲངས་གཞན་གསུངས་པ་ཐམས་ཅད་མཛད་པ་སྐལ་བཟང་ཞེས་པ་སྟེ། ཐམས་ཅད་ཀྱིས་སེམས་ཅན་གྱི་དོན་བྱེད་པ་ཐམས་ཅད་མཛད་ཅེས་བྱའོ། །རྣམ་པར་རྟོག་པ་སྐལ་བཟང་མཚན་ཞེས་པ་ནི་སྡུག་བསྔལ་ཐམས་ཅད ་ལས་བདག་ལ?་ཐར་བར་བྱ་བའི་དོན་དུ་གཏན་དུ་ཡོངས་སུ་མྱ་ངན་ལས་འདས་པ་མངོན་དུ་བྱེད་པའི་དོན་ཏོ། །ཡི་གེ་ཧཱུཾ་གིས་དབྱངས་བསྐྱེད་པའི་དགོངས་པ་གསུངས་པ། དེ་ལ་ཇི་ལྟར་བཅོམ་ལྡན་འདས་དང་པོའི་དབྱངས་འབྱུང་བ་ཡེ་ཤེས་ཀྱི་རྒྱུད་ཡིན་ཉིད ་ཞེས་པ་ལ་སོགས་པ་སྟེ། དེ་ལ་གཏན་ཏུ་སྲིད་པ་ཞེས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའོ། །དེ་གྲུབ་པར་བྱ་བ་ནི་ཡང་དག་གྲུབ་ཅེས་པའོ། །དེ་ཡིས་ནི་དབང་ཕྱུག་ཆེན་པོ་ཞེས་པ་སྟེ། ཆོས་ཀྱི་རྒྱལ་པོ་ཐོབ་པའོ། །དེ་གྲུབ་པའི་དོན་དུ་ཞེས་པ་ནི། དེ་ཐོབ་པར་བྱ་བའི ་དོན་དུ་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་པ་དང་འབྲེལ་ཏོ། །གང་དག་གིས་གྲུབ་པ་ཡིན་ཞེན་གསུངས་པ། དཔའ་བོ་ཞེས་པ་སྟེ་མགོ་རྩོམ་པའི་རྣལ་འབྱོར་པ་དང། བྱང་ཆུབ་སེམས་དཔའ་དག་ནི་དཔའ་བོ་ཞེས་པའོ། །དེ་དག་གི་རང་བཞིན་དང། རྣམ་པར་སྨིན་པ་དང ་ལོངས་སྤྱོད་དང་སྤྲུལ་པའི་སྐུ་བསྐྱེད་པ་དག་ནི་དངོས་གྲུབ་ཀུན་དོན་ཞེས་པའོ། །དེའི་དོན་དུ་སྐལ་པ་བཟང་པོ་ལ་སོགས་པའི་མདུན་དུ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔར་གསུངས་སོ་ཞེས་པའི་ཐ་ཚིག་གོ་།གསུངས་པ་དག་གི་རང་བཞིན་ཡིན་ཞེ་ན་གསུངས་པ། ་འདོད་ཆགས་ཆེན་པོའི་ཕྱིར་བཅོམ་ལྡན་འདས་ཞེས་སོགས་ཏེ། ཧཱུཾ་ནི་ཨི་ཡིག་ཅེས་པ་དང་འབྲེལ་ཏོ། །དེ་ལ་འདོད་ཆགས་ཆེན་པོ་ཞེས་པ་ནི་བཤད་ཟིན་ཏོ། །ཕྱིར་ཞེས་པའི་སྒྲ་ནི་ཅིའི་ཕྱིར་གྱི་དོན་ཏོ། །བཅོམ་ལྡན་འདས་ཞེས་པ་ནི་བཟུང་འཛིན་གྱི་རྣམ་པར ་རྟོག་པ་མེད་པ་མི་བསྐྱོད་པའི་རང་བཞིན་ཆོས་ཀྱི་དབྱིངས་སོ། །དེ་ལྟ་བུའི་རང་བཞིན་གྱིས་རྟག་པར་གནས་པའི་ཕྱིར་དམ་པའི་ཟད་མེད་ཅེས་པའོ། །དེ་ཁོ་ན་ཉིད་དང་སེམས་ཅན་གྱི་དོན་ལ་ཤིན་ཏུ་དགའ་ཞེས་པའོ། །དེ་ཁོ་ན་གསང་བ་ཉིད་ཀྱི་ཕྱིར་ན་སྙིང་པོའི་དབྱངས་? ་པ་སྟེ། །དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་རང་གི་ལྷ་མོའི་ཚོགས་དང་ལྡན་པའི་དཀྱིལ་འཁོར་གྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་རྣམས་ནི་གསང་ཉིད་ཅེས་པའོ། །དེ་ལ་གཏན་ལ་དབབ་པའི་ཡེ་ཤེས་ནི་སྙིང་པོ་ཞེས་པའོ། །དེས་བསྐྱེད་པའི་དབྱངས ་ཀྱི་སྒྲ་ལ་ཐ་སྙད་ཧཱུཾ་ཞེས་བྱ་བ་དམ་པ་ཟད་མེད་ཅེས་བསྟན་པ་དང། དང་པའི་དབྱངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་པའོ། །དེ་ལྟར་སྙིང་པོ་ཞེས་གསུངས་ནས། ད་ནི་སྙིང་པོ་དེ་ཐོབ་པར་བྱེད་པ་ཉེ་བའི་སྙིང་པོའི་ཞེས་པ་གསུངས་པ། དེ་ལ་ཇི་ལྟར ་བཅོམ་ལྡན་འདས་ཉེ་བའི་སྙིང་པོ་དེ་ཉིད་ཅེས་པ་ཡིན་ཞེ་ན་ཞེས་པ་ལ་སོགས་པ་སྟེ་དེ་དཀྱིལ་འཁོར་དག་གི་དམན་པ་ན་ཞེས་པ་ལ་སོགས་པ་ནས་གྲུབ་པ་མིན་ཞེས་པ་དང་འབྲེལ་ཏོ། །དཀྱིལ་འཁོར་ལ་འཇུག་ན་དཀྱིལ་འཁོར་བསྒོམ་པ་དང། གསོལ་བ ་གདབ་པ་མེད་པ་ནི་དཀྱིལ་འཁོར་དག་གིས་དམན་ཞེས་པའོ། །ན་ཞེས་པའི་སྒྲས་ནི་ཅིའི་ཕྱིར་གྱི་དོན་ཏོ། །དཀོན་མཆོག་གསུམ་དང་བྱང་ཆུབ་སེམས་ཀྱི་རང་བཞིན་དག་གི་དོན་ནི་དམ་ཚིག་དག་ནི་ཞེས་པའོ། །དེ་དག་མེད་པ་ནི་སྤངས་པ་དང་ཞེས་པའོ། །ཡང་ཅི་འདྲ ་བའི་སྒྲུབ་པ་ཡིན་ཞེ་ན་གསུངས་པ། དེ་ཉིད་གསང་བ་མི་ཤེས་ན་ཞེས་པ་སྟེ། དེ་ཁོ་ན་ཉིད་ཀྱི་གསང་བ་ནི་དེ་ཉིད་གསང་བ་ཞེས་པ་སྟེ། དཀྱིལ་འཁོར་ལ་འཇུག་པ་དང། དཀྱིལ་འཁོར་བསྒོམ་པ་དང། སྔགས་ཡི་གེ་ཧཱུཾ་གི་དབྱངས་ལེན་པའོ། །དེ་དག་ཡོངས་སུ་མི་ཤེས ་པའི་རྣལ་འབྱོར་པས་ནི་མི་ཤེས་ན་ཞེས་པའོ། །རྡོ་རྗེ་སེམས་དཔའ་འགྲུབ་པ་མིན་ཞེས་པ་ནི་གོ་སླའོ། །མིན་ཞེས་པ་ནི་འགོག་པའོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་དང་ལྡན་པ་དང། དེ་ཉིད་གསང་བ་ཡོངས་སུ་ཤེས ་པ་ཡིས་དཔལ་རྡོ་རྗེ་སེམས་དཔའ་འགྲུབ་པར་འགྱུར་ལ། ཡོངས་སུ་མི་ཤེས་ན་ནི་མི་འགྲུབ་པ་ཅིའི་ཕྱིར། དེའི་ཕྱིར་ན་ཉེ་པའི་སྙིང་པོ་ཞེས་པ་རྟག་པར་རྣལ་འབྱོར་པ་རྣམས་ཀྱིས་མངོན་དུ་བྱའོ་ཞེས་པའི་ཐ་ཚིག་གོ་།ཡང་རྒྱུ་ཅིའི་ཕྱིར་ན་ཉེ་བའི་སྙིང་པོ་ཞེས་པས་མངོན ་དུང་བས?་གྲུབ་དུ་འགྱུར་ལ། གཞན་གྱིས་ནི་མི་འགྲུབ་པ་ཡིན་ཞེ་ན། གསུངས་པ། འདོད་པ་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་སྟེ། འདོད་ཆགས་དང་མི་འབྲལ་འགྲུབ་ཅེས་ཤེས་པ་དང་འབྲེལ་ཏོ། །དེ་ལ་འདོད་པ་ཞེས་པ་ནི་འདོད་པ་སྟེ། རྣལ་འབྱོར་པ་དག ་གིས་མངོན་པར་འདོད་དོ་ཞེས་པའོ། །དེ་གང་ཡིན་ཞེ་ན་གསུངས་པ། བཅོམ་ལྡན་འདས་སེམས་དཔའ་སྟེ། ངེས་པར་འབྱེད་པའི་ཤེས་རབ་ཀྱི་རང་བཞིན་རྡོ་རྗེ་སེམས་དཔའ་ཨོ། །དེ་ཁོ་ན་ནི་འདོད་ཆགས་ཡང་ཞེས་པ་ནི་གོང་དུ་གསུངས་པའི་རྡོ་རྗེ་སེམས་དཔའ་སྟེ། ་ཆོས་བདག་མེད་པའི་འདོད་ཆགས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཡང་གསུངས་པ། ཆོས་བདག་མེད་པའི་འདོད་ཆགས་ཏེ། དེ་ལས་རྒྱལ་བ་དཔའ་བོ་ཡིན་ཞེས་པའོ། །གཞན་ཡང་གསུངས་པ། འདོད་ཆགས་དག་ནི་དམ་ཚིག་གསུངས། ཆོས་ཀྱི་འདོད་པའི་ངག ་ཕྱིར། དེ་ཤེས་གྲུབ་པ་སྦྱོར་བ་ནི་རྗེས་སུ་འདོད་ཆགས་ཞེས་དྲན་ནོ་ཞེས་པའོ། །རྡོ་རྗེ་ཕྱག་ན་རྡོ་རྗེའོ་ཞེས་པ་ནི་བཤད་ཟིན་ཏོ། །འདོད་ཆགས་དེ་དང་མི་འབྲལ་འགྱུར་ཞེས་པ་ནི་ཇི་ལྟར་གསུངས་པའི་རྡོ་རྗེ་སེམས་དཔའ་དང། བསྒོམ་པའི་འདོད་ཆགས་དེ་དང་ངོ་བོ་བྲལ ་བའི་སེམས་ནི་འདོད་ཆགས་བྲལ་ཞེས་པའོ། །དེ་ལྟར་ཉེ་བའི་སྙིང་པོའི་དེ་ཁོ་ན་ཉིད་ཀྱི་ཤེས་པ་བསྟན་ནས། ད་ནི་དེ་ཁོ་ན་ཡང་འབྲེལ་བ་ལིང་ག་འགྲེང་བ་ཞེས་སོགས་ཏེ། བསྒོམ་པར་བྱ་ཞེས་པ་དང་འབྲེལ་ཏོ། །དེ་ལ་ལིང་ག་ཞེས་པ་ནི་མཚན་མ་གསུངས་པ་སྟེ། ཕ ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་མའོ། །འགྲེང་བ་ཞེས་པ་ནི་དེ་ཡོངས་སུ་རྫོགས་པ་དང་ལྡན་པ་དེ་དེ་ལྟར་རོ། །རང་བྱུང་ཞེས་པ་ནི་ཡོངས་སུ་རྫོགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གྲངས་མེད་པའི་འཇིག་རྟེན་གསུམ་ལས ་སྐྱེས་པའི་ལ་དང། ཕ་རོལ་ཏུ་ཕྱིན་པའི་རྒྱུ་མཐུན་པའི་ངོ་བོ་སེམས་ཅན་གྱི་དོན་གྲུབ་པ་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་ཆེན་པོའི་རང་བཞིན་འོག་མིན་གྱི་གནས་ན་བྱང་ཆུབ་སྙིང་པོ་ཆེན་པོའི་ནོར་བུ་སེངྒེའི་ཁྲི་ལ་བཞུགས་ནས། ཟླ་བའི་མདོག་ལ་དོག་དཀར ་བའི་རྣམ་པར་བཀེད་པའི་དབུ་རྒྱན་གྱི་དབང་བསྐུར་བའི་སེམས་ཅན་ལ་ཕན་པའི་རྒྱུའི་ཕྱིར་སངས་རྒྱས་པར་ཤོག་ཅིག་ཅེས་འགོག་པའི་ཏིང་ངེ་འཛིན་བསམ་གཏན་མངོན་དུ་བྱེད་པའོ། །བླ་ཡི་སྟེང་དུ་བཞུགས་བྱས་ནས། འཕགས་པ་དེ་བཞིན་ཉིད་འདུས་པ་ལས ་གསུངས་པ་བཞིན་དུ། མངོན་པར་བྱང་ཆུབ་པ་ལྔའི་བསྒོམ་པའི་རིམ་པས་རྣམ་པར་སྣང་མཛད་དུ་བདག་བསྐྱེད་པར་བྱ་སྟེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་ཇི་ལྟར་གསུངས་པ་བཞིན་དུ་སྦྱོར་ཆེན་པོ་བྱས་ནས་ཆོ་ག་ཐམས་ཅད་བརྩམས་ཏེ། དཔལ ་རྣམ་པར་སྣང་མཛད་ཀྱི་ཆོས་ཀྱི་འཁོར་ལོ་ལས་འགྱུར་པའི་ངོ་བོ་རྩ་བའི་ཕྱག་རྒྱ་བཅིངས་ནས། སྣ་ཚོགས་པའི་ཉི་མའི་དཀྱིལ་འཁོར་ན་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཡིན་ཏེ། པདམོ་བླ་ཞེས་གསུངས་པའི་ཕྱིར་ལ། ལིང་ག་མཆོད་རྟེན ་བྱིན་བརླབས་ཏེ། ཞེས་པ་ནི་ད་ལྟའི་དུས་ཀྱི་རང་གི་སྙིང་གའི་ཟླ་བ་ལ་ཡི་གེ་ཨོཾ་གྱིས་དཔལ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་སྤྲུལ་ཏེ། ཡི་གེ་ཨོཾ་མཾ་སྔགས་ཀྱིས་དཔལ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བརྗོད་ནས། ཐལ་བར་འཇིག་པའི་རོ་ལངས་མའི ་མཐར་ཐུག་པའི་བར་དུ་འཇུག་པར་བྱའོ། །དེས་བཛྲ་ཨཱཏྭ་ཀོ་ཧཾ་ཞེས་བརྗོད་ནས་དཔལ་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་བདག་བསྒོམ་པར་བྱའོ། །ོཾ་སྭ་བྷཱ་བ་ཤུདྡྷོ་ཧཾ་ཞེས་བརྗོད་པས། དེ་ཀུན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི ་ངོ་བོ་དང་རང་བཞིན་དུ་བསྒོམ་པའོ། །ོཾ་སཏྭ་ས་མ་ཡ་ཧཾ་ཞེས་བརྗོད་ནས་ཆོས་བདག་མེད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་གཅིག་པའི་ཡེ་ཤེས་ལས་བྱུང་བའི་དཔལ་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེར་བདག་བྱིན་གྱིས ་བརླབས་པར་བྱ་སྟེ། རྡོ་རྗེ་དབྱིངས་ཀྱི་ང་རྒྱལ་བསྐྱེད་པར་བྱའོ། །དེ་ནས་ཡི་གེ་ཁཾ་བརྗོད་ནས། རང་གི་སྙིང་གར་གནས་པའི་དཔལ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བསྒོམ་པ་གསུངས་ནས། ད་ནི་དཔལ་རྡོ་རྗེ་སེམས་དཔའ་ཨི་གསུངས་པ། ལིང་ག་འགྲེང་བ་རབ་འབྱུང ་སྟེ། ཞེས་སོགས་ནི་ཇི་ལྟ་བ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའ་ཨི་སྦྱོར་བ་ཡིས་སྦྱོར་བ་ཆེན་པོ་བྱས་ནས། དཔལ་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོས་སྣ་ཚོགས་པདྨའི་སྟེང་དུ་བཞུགས་ནས། ནམ་མཁའ་དང་མཉམ་པ་ཉིད་ཀྱི་སྦྱོར་བ་ཡིས་ནམ་མཁའ་ཨི་དབྱིངས་ཐམས་ཅད་མཉམ ་པར་གནས་པའི་ཚད་རང་གི་སྙིང་གི་ཟླ་བ་ལ་བཙུགས་ནས། ཡི་གེ་ཧཱུཾ་གིས་ལྷ་མོའི་ཚོགས་དང་ལྷན་ཅིག་དཔལ་རྡོ་རྗེ་སེམས་དཔའ་སྤྲུལ་ཏེ། ཡི་གེ་ཧཱུཾ་ཁོ་ནས་གནས་ཇི་ལྟ་བ་བཞིན་དུ་བཞུགས་སུ་གསོལ་ནས། སྔོན་བཞིན་དུ་དོན་གསུམ་པོ་བསྒོམས་ཏེ། བཛྲ་སརྦ་ཨ ་ཧཾ་ཨ་ཧི་ཛ་ཞེས་པས་རང་གི་སྙིང་གར་གནས་པའི་དཔལ་རྡོ་རྗེ་སེམས་དཔའ་ཨི་འཁོར་གྱི་རང་བཞིན་བདག་གི་ང་རྒྱལ་དུ་བསྐྱེད་ནས། ལྷ་ཐམས་ཅད་ཀྱི་ཐུགས་ཀར་གནས་པའི་རྡོ་རྗེ་བུམ་པ་ནི་ཇི་ལྟ་བ་བཞིན་དུ་ཡི་གེ་ཧཱུཾ་ཡིད་ཀྱིས་དེ་ཁོ་ན་བརྗོད་པས་དཔལ་རྡོ་རྗེ་སེམས་དཔའ་ ་ལ་སོགས་པའི་ལྷ་ཐམས་ཅད་ཀྱི་རང་བཞིན་དག་བསྒོམ་པར་བྱའོ་ཞེས་པའོ། །དེ་ལྟར་དཔལ་རྡོ་རྗེ་སེམས་དཔའ་ཨི་གསུངས་ནས། ད་ནི་དཔལ་ཁྲག་འཐུང་གི་གསུངས་པ། ལིང་ག་འགྲེང་བར་རང་བྱུང་སྟེ། ཞེས་པ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་དཔལ་ཁྲག་འཐུང་གི་སྦྱོར ་བ་ཡིས། ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ལས་གསུངས་པའི་སྦྱོར་བ་ཆེན་པོ་བྱས་ནས། དཔལ་ཁྲག་འཐུང་གི་ཕྱག་རྒྱ་ཆེན་པོ་ཡིས་སྣ་ཚོགས་པདྨའི་གདན་གྱི་སྟེང་དུ་ཇི་ལྟ་བ་བཞིན་དུ་བཞུགས་ཏེ། དཔལ་ཁྲག་ཐུང་གི་རིགས་ཀྱི་སྙིང་པོ ་ཡིས་རང་གི་སྙིང་གའི་ཟླ་བ་ལ་དཔལ་ཁྲག་འཐུང་འཁོར་དང་བཅས་པ་སྤྲུལ་ནས་གནས་ཇི་ལྟ་བ་བཞིན་དུ་བཞུགས་སུ་གསོལ་ཏེ། གོང་མ་བཞིན་དུ་དོན་གསུམ་པ་བསྒོམས་ནས། ཧེ་རུ་ཀ་ཨ་ཧཾ་ཨ་ཏི་བ་ཛ་ཞེས་བརྗོད་པས་ང་རྒྱལ་བསྐྱེད་ནས་སྒྲ་ཡིག་བཞི་པ་དང་ལྡན ་པའི་ཡི་གེ་ཧ་ཚེག་དྲག་ཅན། དཔལ་ཁྲག་འཐུང་གི་སྙིང་པོ་འབར་བའི་རྡོ་རྗེའི་དབུས་སུ་ཡིད་ཀྱིས་བྲིས་ཏེ། དེ་བཞིན་དུ་དེ་ཁོ་ན་བརྗོད་པས། དཔལ་ཁྲག་འཐུང་ལ་སོགས་པ་ལྷ་ཐམས་ཅད་ཀྱི་རང་བཞིན་དུ་བདག་བསྒོམ་པར་བྱའོ། །དེ་ལྟར་དཔལ་ཁྲག་འཐུང་གི་བསྒོམ ་པ་གསུངས་ནས། ད་ནི་དཔལ་པདྨ་གར་གྱི་དབང་ཕྱུག་གི་གསུངས་པ། ལིང་ག་འགྲེང་བར་རང་བྱུང་སྟེ་ཞེས་པ་སྟེ། ཇི་ལྟ་བ་བཞིན་དུ་དཔལ་པདྨ་གར་གྱི་དབང་ཕྱུག་གི་སྦྱོར་བ་ཡིས་འགྲོ་བ་འདུལ་བའི་དཀྱིལ་འཁོར་ལས་གསུངས་པའི་སྦྱོར་བ་ཆེན་པོ་བྱས། ། ་སྣ་ཚོགས་པདྨའི་སྟེང་དུ་དཔལ་པདྨ་གར་གྱི་དབང་ཕྱུག་གི་སྦྱོར་བ་ཆེན་པོ་ཞུགས་པ་སྟེ། ཡི་གེ་ཏ་ཡིས་རང་གི་སྙིང་གའི་ཟླ་བ་ལ་པདྨ་གར་གྱི་དབང་ཕྱུག་འཁོར་དང་བཅས་པ་སྤྲུལ་ཏེ། གནས་ཇི་ལྟ་བ་བཞིན་དུ་བཞུགས་སུ་གསོལ་ནས་སྔོན་བཞིན་དོན་གསུམ ་བསྒོམས་ཏེ། ཤྲཱི་པདྨ་ནརྟེ་ཤྭ་ར་ཨ་ཧཾ་མ་ན་ཨ་ཏི་ཛ་ཞེས་ང་རྒྱལ་བསྐྱེད་པ། དཔལ་པདྨ་གར་གྱི་དབང་ཕྱུག་ལ་སོགས་པའི་རང་རང་གི་ཐུགས་ཀར་གནས་པའི་རྡོ་རྗེའི་བུམ་པར་ཡི་གེ་ཧྲི(རྒྱུད་འགྲེལ་ཀྱི་རང་བཞིན་དུ་བདག་བསྒོམ་པར་བྱའོ། །དེ་ལྟར་དཔལ་པདྨ་གར་གྱི་དབང་ཕྱུག་རང་གི་དཀྱིལ་འཁོར་བསྒོམ་པ་གསུངས་ནས། ད་ནི་དཔལ་རྡོ་རྗེ་ཉི་མའི་གསུངས་པ། ལིང་ག་འགྲེང་བས་རང་བྱུང་སྟེ་ཞེས་པ་ལ་སོགས་ཏེ། ཇི་ལྟ་བ་བཞིན་དུ་དཔལ་རྡོ་རྗེ་ཉི་མའི ་སྦྱོར་བ་ཡིས། ནོར་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་སྦྱོར་བ་ཆེན་པོ་བྱས་ནས། དཔལ་རྡོ་རྗེ་ཉི་མ་ཕྱག་རྒྱ་ཆེན་པོ་བྱ་བ་ཡིས་སྣ་ཚོགས་པདྨའི་སྟེང་དུ་བཞུགས་ནས། ཡི་གེ་ཧྲཱི(རྒྱུད་འགྲེལ་མ་སྤྲུལ་ཏེ། གནས་ཇི་ལྟ་བ་བཞིན་དུ་བཞུགས་སུ་གསོལ་ནས། ཇི་ལྟ་བ་བཞིན་དུ་དོན་གསུམ་བསྒོམས་ཏེ། བཛྲ་སཱུརྱ་ཨ་ཧཾ་ཨ་ཏེ་ཛ་ཞེས་པས་ང་རྒྱལ་བསྐྱེད་ནས་རྡོ་རྗེ་ཉི་མ་ལ་སོགས་པའི་ཐུགས་ཀར་ཡིད་བཞིན་གྱི་ནོར་བུའི་དབུས་སུ་ཏྲཾ་ཡིད་ཀྱིས་བྲིས་ནས་དེ ་ཁོ་ན་བརྗོད་པས་རང་གི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་རང་བཞིན་དུ་བདག་བསྒོམ་པར་བྱའོ། །ད་ནི་དཔལ་རྟ་མཆོག་གི་གསུངས་པ། ལིང་ག་འགྲེང་བར་རང་བྱུང་སྟེ། ཇི་ལྟ་བ་བཞིན་དཔལ་རྟ་མཆོག་གི་སྦྱོར་བ་བྱས་པ་ཡིས་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཆེན་པོ ་ལས་གསུངས་པ་འམ། དཔལ་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་ལ་གྲུབ་པའི་སྦྱོར་བ་ཆེན་པོ་བྱས་ཏེ། སྣ་ཚོགས་པདྨའི་གནས་ཀྱི་སྟེང་དུ་དཔལ་རྟ་མཆོག་གི་ཕྱག་རྒྱ་ཆེན་པོ་ཡིས་བཞུགས་ནས། ནམ་མཁའ་ལ་མཉམ་པ་ཉིད་ཀྱི་སྦྱོར་བ་ཡིས་ནམ ་མཁའ་ཨི་དབྱིངས་ཐམས་ཅད་མཉམ་པར་གནས་པའི་རང་སྙིང་གའི་ཟླ་བ་ལ་བཙུད་ནས། དཔལ་རྟ་མཆོག་གི་སྙིང་པོ་ཡིས་དཔལ་རྟ་མཆོག་འཁོར་དང་བཅས་པ་སྤྲུལ་ཏེ། དཀྱིལ་འཁོར་གྱི་སྦྱོར་བ་ཡིས་གནས་ཇི་ལྟ་བ་བཞིན་དུ་བཞུགས་སུ་གསོལ་ཏེ། ཨོཾ་སྭ་བྷཱ་བ ་བི་ཤུདྡྷ?(རྒྱུད་འགྲེལ་ཐིག་ལེ་ཅན་ཡིད་ཀྱིས་བྲིས་ཏེ། དེ་ཁོ་ན་བརྗོད་པས་དཔལ་རྟ་མཆོག་གི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་རང་བཞིན་དུ་བདག་བསྒོམ་པར་བྱའོ། །ཇི་སྙེད་ཉིན་རེ་བཞིན་བསྒོམས་པའི་དུས་ན་མངོན་སུམ་དུ་མཐོང་བར་བྱའོ། །དེ་ལ་གསང་བའི་རང་བཞིན་རང ་གི་སྙིང་གར་དཀྱིལ་འཁོར་བསྒོམ་པའི་མཚན་ཉིད་ཉེ་བའི་སྙིང་པོ་དེ་ཉིད་ཅེས་པ་བསྟན་ནས། ད་ནི་དེ་ཁོ་ནའི་གསང་ཆེན་ཞེས་པ་ཀུན་ཏུ་སྦྱོར་བ་བསྒོམ་པའི་མཚན་ཉིད་ཉེ་བའི་སྙིང་པོའི་དེ་ཉིད་ཅེས་པ་ཁོ་ན་གསུངས་པ། བྷ་གར་ལིང་ག་བཅུག་བྱས་ཏེ་ཞེས་པ ་སྟེ། བསྒོམ་པར་བྱའོ་ཞེས་པ་དང་འབྲེལ་ཏོ། །དེ་ལ་དཔལ་སངས་རྒྱས་དབྱངས་མ་ལ་སོགས་པའི་ལྷ་མོ་དང་ལྷན་ཅིག་པ་དཔལ་རྣམ་པར་སྣང་མཛད་ཀྱི་སྦྱོར་བ་ཡིས། རང་གི་སྙིང་གར་ཇི་ལྟར་གསུངས་པའི་འགྲེང་བའི་མཚན་མ་ཅན་ཇི་ལྟར་གསུངས་པའི་ཡི་གེ ་ཁ་ཐིག་ལེ་དང་བཅས་པ་བརྗོད་པས་ཇི་སྙེད་མངོན་སུམ་དུ་མཐོང་བར་འགྱུར་བའི་བར། དེ་སྙེད་ཀུན་ཏུ་སྦྱོར་བ་བསྒོམ་པར་བྱའོ། །དེ་ནས་འཇིག་རྟེན་གྱི་ཁམས་རྡུལ་ཕྲ་རབ་དང་མཉམ་པའི་ལྷ་མོ་ཐམས་ཅད་དང་ཀུན་ཏུ་སྦྱོར་བའི་དཔལ་རྣམ་པར་སྣང་མཛད་ཀྱི ་གཟུགས་རྣམས་ཀྱིས་བར་སྣང་ལ་བཀང་བ་བསྒོམ་པར་བྱའོ་ཞེས་རྒྱུད་འདུས་པར་བྱས་ཏེ། ཡི་གེ་བརྒྱ་པས་བརྟན་པར་བྱས་ནས་གནས་པའོ། །དཔལ་རྡོ་རྗེ་སེམས་དཔའ་ཨི་རྣལ་འབྱོར་པས་ཡི་གེ་ཧཱུཾ་བརྗོད་པས། དཔལ་རྡོ་རྗེ་ཉི་མའི་རྣལ་འབྱོར་པས་ཡི་གེ་ཧཱུཾ ་བརྗོད་པ། དཔལ་རྟ་མཆོག་གི་རྣལ་འབྱོར་པ་དག་གིས་ཀྱང། རང་གི་ཚོགས་དང་ལྷན་ཅིག་པར་སྦྱོར་བ་ཇི་སྙེད་མངོན་སུམ་དུ་མཐོང་བའི་བར་དེ་སྙེད་བསྒོམ་པར་བྱའོ། །དེ་ནས་འཕྲོ་བ་དང་འདུ་བ་བསྒོམ་པར་བྱས་ནས་ཡི་གེ་བརྒྱ་པས་བརྟན་པར་བྱས་ཏེ། ་བཞག་པའོ། །དེ་ལྟར་ཇི་སྙེད་ཏིང་འཛིན་ཐོབ་པར་འགྱུར་བའི་བར། དེ་སྙེད་ཉིན་རེ་བཞིན་དུ་བསྒོམ་པར་བྱའོ། །དེ་ནས་མངོན་པར་ཤེས་པ་བསྐྱེད་པར་བྱ་བའི་ཐབས་ཀྱིས་མངོན་པར་ཤེས་པ་བསྐྱེད་པར་བྱས་ནས་ཚོགས་ཀྱི་དཀྱིལ་འཁོར་བྱས ་ཏེ། གཏམ་དང་མཚན་མའི་ཕྱག་རྒྱའི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་འགྲུབ་པར་བྱའོ། །དེ་ལྟར་ཉེ་བའི་སྙིང་པོ་དེ་ཉིད་ཤེས་པའི་དེ་ཁོ་ན་ཉིད་བསྒྲུབ་པ་བསྟན་ནས། ཡང་སྙིང་པོ་དང་ཉེ་བའི་སྙིང་པོ་གཉིས་ཀྱི་ངོ་བོ་གསུངས་པ། དེ་ཉིད་གསང་བ་གསང་ཆེན ་ཡང་ཞེས་པ་ལ་སོགས་པ་སྟེ། དེ་ལ་དཀྱིལ་འཁོར་ལ་སོགས་པའི་ངོ་བོ་རྣམ་པ་བཅུ་ནི་དེ་ཉིད་ཅེས་ཏེ། རང་གི་སྙིང་གར་དཀྱིལ་འཁོར་སྒོམ་པ་པོས་དཀྱིལ་འཁོར་གྱི་ཚུལ་གཏན་ལ་ཕབ་པའི་ཡེ་ཤེས་ནི་གསང་བ་ཞེས་པའོ། །ཀུན་ཏུ་སྦྱོར་པ་གྲུབ་པ་དེས? ་གང་གཏན་ལ་ཕབ་པའི་ཡེ་ཤེས་ནི་གསང་ཆེན་ཞེས་པའོ། །དེ་ཉིད་ལ་སོགས་པ་དེ་དག་གསུམ་ནི་སྙིང་པོར་གསུངས་སོ། །སྙིང་པོར་རྗེས་སུ་འགྲུབ་པ་ནི། ཉེ་བའི་སྙིང་པོར་ཡོངས་གྲགས་སོ་ཞེས་པ་ནི་ཇི་ལྟར་གསུངས་པའི་སྙིང་པོ་ཐོབ་པའི་དོན་དུ་དཀྱིལ་འཁོར་ལ ་བཙུད་པ་དང། བྱིན་གྱིས་བརླབ་པ་དང། དབང་བསྐུར་བ་དང། ཏིང་ངེ་འཛིན་གྱི་མཚན་ཉིད་ཚོལ་བའི་ལས་ནི། སྙིང་པོ་རྗེས་གྲུབ་གྲུབ་པ་པོ་བསྐྱེད་པ་ནི། ཉེ་བའི་སྙིང་པོར་ཡོངས་གྲགས་སོ་ཞེས་པའོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། གྲུབ་པ་ཇི་སྙེད་དེ་སྙེད་ཐམས ་ཅད་ཉེ་བའི་སྙིང་པོའོ། །དེ་ཡིས་འབྲས་བུར་གྱུར་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏན་ལ་ཕབ་པའི་ཡེ་ཤེས་ནི་སྙིང་པོ་ཞེས་པའོ། །ད་ནི་བདེ་བ་ཆེན་པོ་རྡོ་རྗེ་དམ་ཚིག་དོན་ཡོད་ཀྱི་དམ་ཚིག་གི་སྒྲའི་དོན་གསུངས་པ། འདི་ལ་ཇི་ལྟར་བཅོམ་ལྡན ་འདས་བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་དམ་ཚིག་གི་རྒྱུད་ཡིན་ཞེ་ན་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཀུན་ཡང་དེ་འགྲུབ་ཡང་དེ་ཉིད་པས། ཀུན་གྲུབ་ཅེས་པ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་མངོན་དུ་བསྐྱེད་པའོ། །དེས་ནི་ཟག་མེད་བདེ་བ་ནི། ་ཞེས་པ་ནི་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་མངོན་དུ་བྱེད་པའི་མཚན་ཉིད་ད་ལྟའི་དུས་ཀྱི་རང་བཞིན་ཉིད་ཀྱིས་རྟག་པར་གནས་པའོ། །དེ་གང་ཡིན་ཞེ་ན་གསུངས་པ། བདེ་བ་ཆེན་པོ་ཞེས་སུ་གྲགས་ཞེས་ཏེ། དེ་ཉིད་གཟུང་འཛིན་རྣམ་པར་རྟོག་པ་ཡིས་སེམས ་ཅན་དང་སེམས་ཅན་མ་ཡིན་པ་དབྱེར་མེད་པའི་ཕྱིར། དེ་ཉིད་རྡོ་རྗེ་ཅན་དང་ནི། དེ་ནི་རྡོ་རྗེ་འགྲུབ་པ་སྟེ་ཞེས་པ་སྟེ་དོན་ཡོད་དམ་ཚིག་ཅེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་དང། སྤྲུལ་པའི་སྐུ་གཉིས་ཀྱི་སྐད་ཅིག་མ་རེ་རེ་ཁོ་ན་ལ་སྐྱེ་བའི་རྒྱུ་བདེ་བ་ཆེན་པོ་རྡོ་རྗེ ་ཅན་དེ་འགྲུབ་པ་ནི་དོན་ཡོད་དམ་ཚིག་ཅེས་པའོ། །ཅིའི་ཕྱིར་བདེ་བ་ཆེན་པོ་རྡོ་རྗེ་གྲུབ་པ་དེ་དོན་ཡོད་དམ་ཚིག་ཡིན་ཞེ་ན་གསུངས་པ། འདའ་ཀ་ཡིན་ཞེས་པ། ལོངས་སྤྱོད་རྫོགས་པའི་སྐུ་དང། སྦྲུལ་བའི་སྐུ་བསྐྱེད་པར་བྱ་བ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ་དམ་ཚིག་ཡིན་ནོ། །ད་ནི་དཀྱིལ་འཁོར་གྱི་དོན་རྒྱུད་ལ་སོགས་པའི་ཞེས་པ་གསུངས་པ། དེ་ལ་ཇི་ལྟར་བཅོམ་ལྡན་འདས་དཀྱིལ་འཁོར་གྱི་དོན་ཡིན་ཞེན་ཞེས་པ་སྟེ། དེ་ལྟ་ཇི་ལྟར་གནས་སུ་ཁཾ་འཁོར་ལོ་ཞེས་པ་ནས་བརྩམས་ནས། ཇི་སྙེད་ཇི་ལྟར་འདོད་པའི་བར། ་ཅི་བདེ་བར་ནི་བཤད་པར་བྱ། ཞེས་པའི་བར་ནི་བཤད་ཟིན་ཏོ། །ནང་གི་དཀྱིལ་འཁོར་དང་ལྡན་པ། །རེའུ་མིག་བརྒྱད་ལ་འདོད་པ་སྟེ་ཞེས་པ་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱི་ནང་གི་དཀྱིལ་འཁོར་མངོན་སུམ་དུ་བྱས་ནས་གསུངས་པའོ། །དེ་དག་ཐམས ་ཅད་ཀྱི་ནི་དཀྱིལ་འཁོར་གྱི་རེའུ་མིག་བརྒྱད་པ་དང། ལྟེ་བའི་རེའུ་མིག་དང་དགུར་འདོད་པའོ། །ནང་གི་དཀྱིལ་འཁོར་ཞེས་པའི་སྒྲ་ཡི་དོན་གསུངས་པ། ཕྱིའི་དཀྱིལ་འཁོར་དབུས་གནས་པས། ནང་གི་དཀྱིལ་འཁོར་དུ་ནི་འདོད་ཅེས་པའོ། །རེའུ་མིག་དགུ་བའི་གནས ་ཀྱི་ཚད་གསུངས་པ། །རེའུ་མིག་བརྒྱད་ཀྱི་དབུས་གནས་པ། གཙོ་བོའི་དཀྱིལ་འཁོར་འདོད་པ་ཡིན་ཞེས་པའོ། །ཇི་ལྟར་བདེ་བར་དཀྱིལ་འཁོར་ཞེས་པ་ནས། ཇི་སྙེད་དཀྱིལ་འཁོར་རྟོགས་པར་བྱ་ཞེས་པའི་བར་ནི་བཤད་ཟིན་ཏོ། །འདིར་སྐུ་བྲིས་པའི་སྦྱོར་བ་ཡིས། ་རང་སེམས་བྲི་བར་སྦྱོར་བ་ཡིན་ཞེས་པ་ནི་སྦྱོར་བ་དང་པོའི་ཏིང་ངེ་འཛིན་ནི། །འདིར་སྐུ་བྲིས་པའི་སྦྱོར་བ་ཡིན་ཞེས་བཤད་པའོ། །འདིར་སྐུ་བྲིས་པའི་སྦྱོར་བ་ཡིས། སྦྱོར་བ་དང་པོའི་ཏིང་ངེ་འཛིན་གྱིས་རང་གི་སྙིང་ག་ནས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས ་པ་འཁོར་དང་བཅས་པ་ཡིད་ཀྱིས་སྤྲུལ་ཏེ། གནས་ཇི་ལྟ་བ་བཞིན་དུ་བཞུགས་སུ་གསོལ་ལོ། །དེ་ནི་རང་གི་སེམས་ཀྱིས་བྲིས་པའི་དཀྱིལ་འཁོར་བསྒྱུར་བའོ། །ལྷག་ཆད་ཆོ་གར་གྱུར་མ་ཡང། །བསྒྲུབས་ཏེ་སྐྱོན་དུ་མི་འགྱུར་རོ། །ཞེས་པ་ནི་བཤད་ཟིན་ཏོ། །དེ་ལ་ཇི་ལྟར ་བཅོམ་ལྡན་འདས། །གསང་བ་ལྔའི་དེ་ཉིད་ཡིན་ཞེ་ན། ཞེས་པ་ནས་བརྩམས་ནས། གོམས་པའི་གཙོ་བོ་ཞེས་པའི་བར་ཡང་བཤད་ཟིན་ཏོ། །སེམས་དཔའ་གདོད་མ་ཐ་མ་མེད་ཕྱིར་ཡང། མཆོག་གི་དང་པོ་ཞེས་འདོད་དོ། ཞེས་པ་ནི་ད་ལྟའི་དུས་ཀྱི་རང་བཞིན ་གྱིས་སྐལ་པ་བཟང་པོ་ལ་སོགས་པའི་སྔོན་དུ་ཡང་རྟག་པར་གནས་པའི་ཕྱིར་གདོད་མ་དང་ཐ་མ་མེད་ཅེས་པའོ། །ཡང་ཞེས་པའི་སྒྲ་ནི་ངེས་པའི་དོན་ཏོ། །མཆོག་གི་ཞེས་པ་ནི་རབ་བོ། །དང་པོ་ཞེས་པ་ནི་གོང་དུ་གསུངས་པའི་རིམ་པ་ཡིས་སོ། །འཁོར་ལོ་ཀུན་གྱི ་གཙོ་བོའི་ཕྱིར། །དམ་པ་དམ་པའི་དབང་ཕྱུག་ཡིན་ཞེས་པ་ནི། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་ནི་འཁོར་ལོ་ཀུན་ཤེས་པའོ། །དེ་དག་གི་བདག་པོ་བསྐྱེད་པའི་རྒྱུ་ཉིད་དུ་གྱུར་པ་ནི་གཙོ་བོ་ཞེས་པའོ། །དམ་པ་ཞེས་པ་ནི་དང་པོ། །དམ་པའི ་དབང་ཕྱུག་ཅེས་པ་ནི་གོ་སླའོ། །ད་ནི་རང་བཞིན་གསུངས་པ། དེ་ལ་ཇི་ལྟར་བཅོམ་ལྡན་འདས། །གང་ལགས་ཇི་ལྟར་ལགས་ཞེས་པ་ལ་སོགས་པ་སྟེ། དེ་ལ་འདོད་ཆེན་པོ་ཞེས་པ་ནི་མི་བསྐྱོད་པའི་རང་བཞིན་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ་ལ ་སོགས་པའི་ཚོགས་སོ། །འདོད་པ་ཆེན་པོ་ཡང་དེ་ཀུན་གྱི་མཆོག་ཀྱང་དེ་ཉིད་པས། འདོད་ཆེན་ཀུན་གྱི་མཆོག་ཅེས་པའོ། །དེ་སྔོན་དུ་རྟོགས་པའི་མཐུ་ཡིས་སྐྱེད་པར་བྱེད་པའི་དགའ་བ་ནི་ཡིད་དགའ་བ་ཞེས་པའོ། །དེ་རྒྱུར་གྱུར་པ་ཡིས་ཀུན་ཏུ་ཁྱབ་པ་ཅུང ་རང་འཛུམ་པ་དེ་དེ་ལྟར་རོ། །དུས་གཅིག་ཙམ་གྱི་བར་དུ་བཅོམ་ལྡན་འདས་ཡིད་བདེ་བ་ངེས་འཛུམ་པ་ཡིན་ཞེ་ན། གསུངས་པ་རྟག་པར་འཛུམ་པ་ཞེས་སོགས་ཏེ། སྐད་ཅིག་མ་རེ་རེ་ཁོ་ན་ལ་གཞན་དང་གཞན་གྱི་མཐར་ཐུག་པའི་བར་དུ་ཞེས་པའི་དོན་ཏོ། ། ་དེ་ནས་དེའི་ཟླ་བའི་མདོག་ཅེས་པ་ལ་སོགས་པ་ནི་གོ་སླའོ། །མེ་ལོང་ཁྲག་འཐུང་ཞེས་རྣམས་ཞེས་པ་ནི། དཔལ་ཁྲག་འཐུང་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཟིན་མ་ཐག་ཏུ་འགྱུར་རོ་ཞེས་པའི་དོན་ཏོ། །མཉམ་པ་ཉིད་ལ་གང་དབང་མཆོག་།ཅེས་པ་ནི་མཉམ ་པ་ཉིད་ཀྱི་ཡེ་ཤེས་གཟིགས་མ་ཐག་ཏུ་དཔལ་པདྨ་གར་གྱི་དབང་ཕྱུག་ཏུ་འགྱུར་རོ། །མཆོག་ཅེས་པ་ནི་རབ་བོ། །སོ་སོར་རྟོག་པ་ཉི་མ་སྟེ། ཞེས་པ་ནི་སེར་སྣའི་དྲི་མ་ཉེ་བར་འཇོམས་པའི་སེམས་ཅན་གྱི་ཁམས་ཉེ་བར་དྲན་པ་ནི་སོ་སོ་ཀུན་ཏུ ་རྟོག་པའི་མཚན་ཉིད་དོ། །སོ་སོ་ཀུན་ཏུ་རྟོག་པའི་ཡེ་ཤེས་ཟིན་མ་ཐག་ཏུ་དཔལ་རྡོ་རྗེ་ཉི་མ་དེ་བསྐྱེད་པ་སྐྱེ་བའོ། །བྱ་བ་ལ་ནི་རྟ་མཆོག་ཀྱང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་བྱ་བ་ནན་ཏན་གྱི་རང་བཞིན་ཞེས་བྱ་བ་དེ་ལ། དཔལ ་རྟ་མཆོག་བསྐྱེད་པར་འགྱུར་རོ། །ཆོས་ཀྱི་དབྱིངས་ལ་སངས་རྒྱས་ནི། །ཐུང་ཆེན་རྣམ་པར་སྣང་མཛད་དོ། །ཞེས་པ་ནི་དཔལ་རྡོ་རྗེ་སེམས་དཔའ་འགྱུར་བ་སྟེ། མེ་ལོང་དང་མཉམ་པ་ཉིད་དང། སོ་སོ་ཀུན་ཏུ་རྟོག་པ་དང། བྱ་བ་ནན་ཏན་རྣམས་ཀྱི་དེ་བཞིན ་ཉིད་དུ་འགྱུར་བ་ནི་ཆོས་ཀྱི་དབྱིངས་ཞེས་པའོ། །དེ་ཟིན་མ་ཐག་ཏུ་སངས་རྒྱས་ཐམས་ཅད་རོ་གཅིག་ཏུ་འདུས་པའི་ཡེ་ཤེས་ཀྱི་ངོ་བོ་དཔལ་རྣམ་པར་སྣང་མཛད་དུ་འགྱུར་རོ། །ཡེ་ཤེས་ལྔ་ཡི་བདག་ཉིད་ནི། །འདོད་ཆགས་ཆེན་པོ་བདེ་བ་ཆེ་ཞེས་པའོ། ། ་དཔལ་རྡོ་རྗེ་སེམས་དཔའ་འགྱུར་པ་སྟེ། མེ་ལོང་དང། མཉམ་པ་ཉིད་དང། སོ?་སོར་ཀུན་ཏུ་རྟོག་པ་དང། བྱ་བ་ནན་ཏན་དང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ཡན་ལག་གི་ངོ་བོས་ཡང་དག་པར་གསུངས་པ་བསྐྱེད་པ་ནི། ཡེ་ཤེས་ལྔ་ཡི་བདག་ཉིད་མི་ཞེས་པའོ། ། ་གཟུགས་དང་སྒྲ་དང་ཞེས་པ་ནི། རྒྱ་ཆེར་དངོས་གྲུབ་སྟེར་བར་འགྱུར་ཞེས་པ་དང་འབྲེལ་ཏོ། །དེ་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད་ཅུ་ཐམས་ཅད་ཀྱི་གཟུགས་སྟོན་པའི་མེ་ལོང་མཚན་མར་འཛིན་པའི་བྱང་ཆུབ ་སེམས་དཔའ་ནི་གཟུགས་དང་ཞེས་པའོ། །སྒྲ་རྣམ་པ་བརྒྱད་དུ་པི་བང་བརྡེབས་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྒྲ་དང་ཞེས་པའོ། །དྲི་རྣམ་པ་གསུམ་དང་ལྡན་པའི་དུང་ཕྱག་ཏུ་འཛིན་པའི་བྱང་ཆུབ་སེམས་དཔའ་ནི ་དྲི་དང་ཞེས་པའོ། །རོ་དྲུག་ལ་མོས་པའི་རོས་གང་བའི་སྣོད་ཕྱག་གིས་འཛིན་པའི་བྱང་ཆུབ་སེམས་དཔའ་ནི་རོ་དང་ཞེས་པའོ། །རེག་རྣམ་པ་བཅུ་གཅིག་གི་བདག་ཉིད་རྡོ་རྗེ་དང་གོས་ཕྱག་གིས་འཛིན་པའི་བྱང་ཆུབ་སེམས་དཔའ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རེག ་ཅེས་པའོ། །རྡོ་རྗེ་སེམས་དཔའ་འདྲ་བ་ནི་ཞེས་པ་ནི་གཟུགས་ལ་སོགས་པ་དེ་དག་མེ་ལོང་ལྟ་བུ་དང། མཉམ་པ་ཉིད་དང། སོ་སོ་ཀུན་ཏུ་རྟོག་པ་དང། བྱ་བ་གྲུབ་པ་དང། ཆོས་ཀྱི་དབྱིངས་རྣམ་པར་དག་པ་རྣམས་ཡེ་ཤེས་སྤྱོད་ཡུལ་ཉིད་དུ་འགྱུར་པའི་ས ་གདུང?་པའི་?་ངོ་བོ་ཉིད་ཀྱི་?་ན་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་རང་བཞིན་ཁོ་ནར་འགྱུར་བ་ཡིན་ནོ། །ཡེ་ཤེས་རྣམ་པ་ལྔའི་བདག་ཉིད་དང། དཔལ་རྡོ་རྗེ་སེམས་དཔའ་ཨི་བདག་ཉིད་དང་ནི་མཉམ་པའི་ཐ་ཚིག་སྟེ་ལྟེ?་བ་ཞེས་པའོ། །?་བཞིན ་ཉིད་ཀྱིས་རྟེན་པ་ནི་གཟུགས་ཀྱི་བྱང་ཆུབ་ཀྱི་མཚན་ཉིད་ནི་རང་གི་རང་ཉིད་ཅེས་པའོ། །སྒྲ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དྲི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རོ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རེག་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས ་དངོས་གྲུབ་རབ་ཏུ་འགྱུར་ཞེས་པ་ནི་གོ་སླའོ། །རེག་ནི་ཡེ་ཤེས་རྣམ་པ་ལྔའི་བདག་ཉིད་དཔལ་རྡོ་རྗེ་སེམས་དཔའ་ཁོ་ན་མ་ཡིན། གཟུགས་ལ་སོགས་པའི་སྤྱོད་ཡུལ་ལྔའི་བདག་ཉིད་ཡང། དེ་ཁོ་ནའི་བདག་ཉིད་ཡིན་པར་སྟོན་ཏེ། གཟུང་བའི ་ངོ་བོ་གིས་སྤྱོད་ཡུལ་དང། སྤྱོད་ཡུལ་ཅན་དབྱེར་མེད་པའི་ཕྱིར་རོ། །དཔལ་རྡོ་རྗེ་སེམས་དཔའ་ལས་ཐོས་པའི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་གཙོ་བོར་གྱུར་པ་ཡིས། དཔལ་བདེ་མཆོག་མ་ལ་སོགས་པའི་དཀྱིལ་འཁོར་ཐམས་ཅད་ཀྱི་ལྷ་མོར་གྱུར ་བ་དང། སྦྱོར་བ་ཡིས་སྒྲ་ཡི་གེ་གསུམ་པ་དང་ལྡན་པའི་ཡི་གེ་ཙ་འོག་ན་འདོགས་པའི་ཁྲོས་ནས་བཟླས་པའོ། །དེ་ཡང་ཙྪི་ད་ཙྪི་ད་ཙྪིན་ད་ཙྪིན་ད་ཧཱུཾ་ཕཊ་ཅེས་པའོ། །དཔལ་ཁྲག་འཐུང་འདྲ་བ་སྨྲ་ཤཱ་ནི་དང་སྦྱོར་བ་ཡིས་ཀྱང། ཨོཾ་སྤུཤྐ་མུ་བ་ཞེས་བུད་མེད ་གང་གིས་བཟླས་པ་ནི་རྡོ་རྗེ་མཁའ་འགྲོ་མར་གྱུར་ཏོ། །ཇི་ལྟ་བ་བཞིན་དུ་བསྒྲུབ་པར་བྱས་ནས་རོལ་མོ་སྒྲུབ་པ་ལས་དང་པོའི་ཕྱག་རྒྱ་འདི་སྟོན་པ་དང། རྣལ་འབྱོར་པས་ཀྱང་ཕྱག་རྒྱའི་ལན་འདི་སྟོན་པར་བྱའོ། །དེས་མཁའ་འགྲོ་མ་རྣལ་འབྱོར་པའི་དབང་དུ ་འགྱུར་རོ་ཞེས་སྟོན་པའི་དོན་དུ། འདི་ལ་ཇི་ལྟར་ཕྱག་རྒྱ་དང་ཕྱག་རྒྱའི་ལན་ཤེས་པ་ཡིན་ཞེ་ན་ཞེས་པ་ལ་སོགས་པ་གསུངས་པའོ། །དེ་ཡང་རྣམ་པ་དྲུག་ཏུ་འགྱུར་ཞེས་སྟོན་པའི་དོན་དུ། འཕྲོག་བྱེད་མ་དང་ཞེས་པ་ལ་སོགས་པ་གསུངས་པའོ། །སྙིང་འདྲེན་པ ་ནི་འཁྲོག་བྱེད་མའི་ཕྱག་རྒྱའོ། །རྒྱས་གདབ་པ་ནི་མཆོག་རྒྱུ་མ་ཡིའོ། །ཕྱག་རྒྱ་ཕྱེད་པར་བྱས་ཏེ་གཟུང་བ་དང་འཛིན་པ་ནི། གཟུངས་ཐར་མ་ཡིའོ། །ཤི་བ་འཚོ་བྱེད་ཕྱག་རྒྱ་ཡང་བསྒྲུབ་བྱའི་སྲོག་སྐྱེད་པར་བྱེད་པའོ། །གང་དེ་ཤི་བ་འཚོ་བར་བྱེད་ནས ་ནམ་མཁའ་ལ་འགྲོ་བར་བྱེད་པ་དེ་ནི་བསྒྲུབ་བྱ་གང་བྱེད་པར་བྱེད་པའོ། །གང་དེ་ནི་ལྷ་མོ་ཞེས་བྱ་སྟེ་དྲུག་པའོ། །ད་ནི་ཕྱག་རྒྱ་དང་ཕྱག་རྒྱའི་ལན་ཤེས་པ་སྟོན་ཏེ། གང་གིས་སྒྲ་ནི་བསྟན་འགྱུར་ན་ཞེས་པ་ལ་སོགས་པའོ། །འདི་ལ་ཇི་ལྟར་མཁའ་འགྲོ་མ ་རྣམས་ཀྱི་མཚན་ཉིད་ཡིན་ཞེ་ན་ཞེས་པ་ལ་སོགས་པ་ནི་གོ་སླའོ། །རྗེས་སུ་སྦྱོར་བའི་དུས་དང། དཀྱིལ་འཁོར་ལ་སོགས་པ་སྒྲུབ་པའི་དུས་??་སེམས་དཔའ་དགུག་པའི་ཆོ་ག་དང། མེ་ཏོག་ལ་སོགས་པའི་དགུག་པའི་ཆོ་ག་གསུངས་པ། དེ་ལ་ཇི་ལྟར ་ཐམས་ཅད་དགུག་པའི་རྒྱུན་ཡིན་ཞེ་ན་ཞེས་པ་ལ་སོགས་པ་སྟོན་ཏེ། དེ་ལ་རྟོགས་པ་ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། དྲིལ་བུ་དབྱིངས་སུ་དཀྲོལ་དང། ཞེས་པ་དང་འབྲེལ་ཏོ། །དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དགུག་པའི་ལྕགས ་ཀྱུའི་ཕྱག་རྒྱ་གསུངས་པ་གང་ཡིན་པ་དེ་ནི། དྲིལ་བུ་དང་ལྷན་ཅིག་པར་གཟུང་བར་བྱའོ། །དྲིལ་བུ་དང་བཅས་པ་ངེས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་བཀུག་ནས་དམ་ཚིག་དང་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་དག་གིས་རྒྱས་གདབ་སྟེ། བྱིན་བརླབས ་དང། དབང་བསྐུར་པ་དང། མཆོད་པ་བྱས་ནས་དེ་ཉིད་ཆོས་དམ་ཚིག་གི་དྲིལ་བུའི་སྒྲ་ཡིས་དེ་དག་ལ་བརྩལ་བར་བྱའོ། །ད་ནི་རྗེས་སུ་སྦྱོར་བ་དང། བྱིན་བརླབས་དང། དབང་བསྐུར་བར་བྱས་ནས་རྡོ་རྗེ་མཚོན་ཆ་ལ་སོགས་པ་མཆོད་པ་རྣམ་པ་བཞི་ནི་མཆོད ་པ་ཆེན་པོ་ཐམས་ཅད་ཅེས་པའོ། །དེའི་ཆོ་ག་ཅེས་པ་ནི་མཆོད་པའི་དབྱངས་ལེན་པ་དང། ཇི་ལྟ་བ་བཞིན་དུ་གང་བྱས་ནས་མཆོད་པའོ། །མེ་ཏོག་ལ་སོགས་པ་ཕྱག་རྒྱ་བཞི་དང། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་དང། སངས ་རྒྱས་རྡོ་རྗེ་མཚོན་ཆ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་བཞི་དག་གོ་།དེ་ཁོ་ན་བཤད་པ། རྟོག་པ་ཐམས་ཅད་གསང་ཆེན་གྱི་ཞེས་པ་ལ་སོགས་པ་སྟེ། རྟོག་པ་ཡང་དེ་ཐམས་ཅད་ཉིད་པས་རྟོག་པ་ཐམས་ཅད་ཅེས་པ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ལ ་སོགས་པའི་རང་བཞིན་ནོ། །དེ་དག་གི་གསང་ཆེན་ཞེས་པ་ནི། མཆོད་པ་རྡོ་རྗེ་མཚོན་ཆ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་བཞི་ཡི་རང་བཞིན་ཉིད་དུ་རྒྱུར་གྱུར་པའོ། །ཀྱི་ཞེས་པའི་སྒྲ་ནི་ངེས་པའི་དོན་ཏོ། །ཡིད་ཀྱིས་མཆོད་པ་དང་ཞེས་པ་ནི་ཤེས ་སླའོ། །གཞན་ཡང་དབྱངས་དང་སིལ་སྙན་གར་གྱི་ཡིན། ཞེས་པ་ནི་དེ་ལྟར་གསང་བའི་མཆོད་པ་བཞིས་མཆོད་ནས། དཀྱིལ་འཁོར་གྱི་སྦྱོར་བ་ཡིས་བཅོམ་ལྡན་འདས་བཞུགས་སུ་གསོལ་ནས། དྲིལ་བུ་དཀྲོལ་བ་དང་བཅས་པའི་ཡི་གེ་ཧཱུཾ་གི་དབྱངས ་དང། གླིང་བུ་མ་ལ་སོགས་པའི་སིལ་སྙན་དང། དེའི་འོད་སྣ་ཚོགས་སུ་འཁོར་བའི་གར་གྱིས་ཀྱང་ཇི་ལྟ་བ་བཞིན་དུ་མཆོད་པར་བྱའོ། །ཆོ་ག་ངེས་ཀྱང་སྔོན་དུ་བཤད་པ་ཁོ་ནས་ཡང་མ་བཤད་དེ། ད་ནི་རལ་གྲི་ལ་སོགས་པའི་དངོས་གྲུབ་ཀྱི་ཆོ་ག་གསུངས་པ། ་དེ་ལ་ཇི་ལྟར་རང་གི་རིག་པའི་ལྷ་ཞེས་པ་ལ་སོགས་པ་སྟེ། དེ་ལ་རང་གི་རིག་པའི་ལྷ་ཐམས་ཅད་ཅེས་པ་ནི། རང་གི་ལུས་ངག་ཡིད་ཀྱི་རྡོ་རྗེ་རྣམས་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་དང་གསུང་དང་ཐུགས་ཀྱི་རང་བཞིན་བསྐྱེད་པའི་དོན་དུ་རྣལ་འབྱོར་པས ་མངོན་དུ་བྱ་བའི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་དང་གསུང་དང་ཐུགས་ཀྱི་རང་བཞིན་དག་གོ་།དེ་དག་ནི་སྒྲུབ་པོ་ཆེན་པོ་ཞེས་པ་སྟེ། སྒྲུབ་པ་ལ་ཡང་དེ། ཆེན་པོ་ལ་ཡང་དེ་ཉིད་ལས་སྒྲུབ་པ་ཆེན་པོ་ནི་རལ་གྲི་ལ་སོགས་པའི་གཟུགས་བསྒྲུབ་པ ་དང། ཡི་དམ་གྱི་ལྷ་ཡི་རང་བཞིན་བསྒོམ་པའོ། །དེ་རབ་ཏུ་འབྲེལ་བ་ནི་རྒྱུད་ཡིན་ཞེས་པ་སྟེ། དེ་སྟོན་པའི་སྒྲ་འདུས་པ་ཉེ་བར་སྤྱོད་པའི་ཕྱིར་རོ། །དེ་ཁོ་ན་འབྲེལ་པ་རྟོག་པ་ཀུན་ལ་ཞེས་པ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་བཞིན་དག་ནི་རྟོག་པ ་ཀུན་ལ་ཞེས་པའོ། །དེ་བསྒྲུབ་བྱ་གང་ཞེས་པ་ལ་སོགས་པ་ནི། རལ་གྲི་ལ་སོགས་པ་མིག་སྟོང་གཡོ་བའི་དངོས་གཞི་དེ་ཀུན་རང་གི་ལྷའི་གཟུགས་གཏན་ལ་ཕབ་པ་དེ་ལྟར་བྱས་ཏེ། རང་རང་གི་ལྷའི་སྦྱོར་བ་ཡིས་འགྲུབ་པར་བྱ་བའོ་ཞེས་བྱ་བའི་ཐ་ཚིག་གོ་། ་ད་ནི་རྗེས་སུ་སྒྲུབ་པ་གསུངས་པ། དེ་ནས་ཇི་ལྟར་ཐམས་ཅད་རྗེས་སུ་བསྒྲུབ་པ་ཞེས་པ་ལ་སོགས་པ་སྟེ། དེ་ལ་རྡོ་རྗེ་དྲིལ་བུ་འཛིན་གྱུར་ན་ཞེས་པ་ལ་སོགས་པ་ནི་མཚན་མ་ཐོབ་པའི་རྣལ་འབྱོར་པས་མངོན་པར་ཤེས་པ་ལྔ་བསྐྱེད་ནས། རྐེང་པའི་ཕྱོགས་ལ་རང་གི ་གཟུགས་དང་ལྡན་པའི་དྲིལ་བུ་གཉིས་བཅིངས་ནས་དཀྱིལ་འཁོར་བྲིས་ཏེ། ཇི་ལྟ་བ་བཞིན་དུ་རྡོ་རྗེ་དྲིལ་བུ་འཛིན་པར་གྱུར་ནས། དྲིལ་བུའི་སྒྲ་གྲག་པ་དང་ལྷན་ཅིག་པར་ཡི་གེ་ཧཱུཾ་བཟླས་ནས་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་གསལ་བར་བྱའོ། །དེ ་ལྟར་ན་དེའི་རྟོག་པ་ཐམས་ཅད་རྗེས་སུ་འགྲུབ་ཅེས་པའོ། །དེ་ལྟར་ལེགས་པའི་དེ་ཁོ་ན་བསམ་པ་དང་སྦྱོར་བ་ཡིས་ཤིན་ཏུ་མཉམ་པར་བཞག་པའི་སྦྱོར་བ་བསྟན་ནས། ད་ནི་ལེ་ལོ་ཅན་གྱི་མཉམ་གཞག་མེད་པའི་སྦྱོར་བ་ཡིས་སྒྲུབ་པ་གསུངས་པ་། ་དེ་ལ་ཇི་ལྟར་རྗེས་སུ་སྦྱོར་བ་དང་ལྡན་པའི་སྒྲུབ་པ་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཨོཾ་ཡིག་ཐིག་ལེ་དང་ལྡན་པར་ཞེས་པ་ནི་སྒྲ་ཡིག་བཅུ་གསུམ་པ་ཐིག་ལེ་དང་བཅས་པའོ། །ནུབ་ནས་དང་པོ་ཡང་ཡིན་ཏེ་ཞེས་པ་ནི་ཡི་གེ་ཊའོ། །ཤར་ནས་དང་པོ་བཟུང་ནས་སུ ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཀ་གཉིས་བརྩེགས་པ་ལ་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །རླུང་འཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་ཐིག་ལེ་དང་བཅས་པའི་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །ལྷོ་ནས་དབུ་མ་ཞེས་སོགས་ནི་ཡི་གེ་ཛ(རྒྱུད་འགྲེལ་པའོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། ཨོཾ་ཊཀྐི་ཧཱུཾ་ཛ(རྒྱུད་འགྲེལ་དཔའ་ལ་སོགས་པའི་དངོས་གྲུབ་གྲུབ་པར་གྱུར་ཏོ། །དེ་ལྟར་མཉམ་བཞག་མེད་པའི་སྦྱོར་བ་ཡིས་ཀྱང་དངོས་གྲུབ་ཆེན་པོ་འགྲུབ་པར་གསུངས་ནས། ད་ནི་རྡོ་རྗེ་མཁའ་འགྲོ་མའི་དངོས་གྲུབ་བསྒྲུབ་པ་ཡང་གསུངས་པ། ལྷོ་ལས་དང་པོ་བཟུང་ནས་སུ་ཞེས་པ ་ལ་སོགས་པ་སྟེ། ཡི་གེ་ཙ་སྒྲ་ཡིག་གསུམ་པ་དང་ལྡན་པ་ལ་འོག་ཏུ་ཚ་འདོགས་པའོ། །ང་ཡིས་འདི་གསུངས་པར་འགྱུར་ཏེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྦྱོར་བ་འམ། དཔལ་རྡོ་རྗེ་མཆོག་མ་ལ་སོགས་པའི་སྦྱོར་བ་བྱས་ནས། ཡི་གེ་ཙྪི་?་བཟླ ་བར་བྱའོ། །དེ་ཁོ་ནས་རྡོ་རྗེ་མཁའ་འགྲོ་མའི་གཟུགས་བདག་ལ་བསྒོམ་པས། རྡོ་རྗེ་མཁའ་འགྲོ་མའི་གཟུགས་ཀྱིས་སྐད་ཅིག་མ་འདི་ཁོ་ནས། བསྒྲུབ་བྱའི་སྙིང་གི་པདྨ་ལ་སོགས་པ་གཅོད་པར་འགྱུར་རོ། །མིང་རབ་ཏུ་བཅུག་ནས་སམ་སྦྱོར་བ་ཡིས་ཐལ་མོ ་སྦྱར་བར་བྱའོ། །དེ་ཉིད་ཐིག་ལེ་དང་ལྡན་པར་ཞེས་པ་ནི་གོང་དུ་གསུངས་པའི་ཡི་གེ་ཙྪི(རྒྱུད་འགྲེལ་པ་ལ་སོགས་པ་ནི་ཡི་གེ་ཧ་ཐིག་ལེ་དང་བཅས་པའི་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །དྲུག་པ་ཡོངས་སུ་ཞེས་སོགས་ནི་ཡི་གེ་ཕའོ། །ནུབ་ལས་དང་པོ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཊ་སྒྲ་ཡིག་མེད་པའོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། ཇི་ལྟར་གསུངས ་པའི་རྡོ་རྗེ་མཁའ་འགྲོ་མའི་སྦྱོར་བ་ཡིས་རྡོ་རྗེ་མཁའ་འགྲོ་མའི་གཟུགས་ཀྱི་ཡི་གེ་ཙྪི་གིས་བསྒྲུབ་བྱའི་སྙིང་གི་པདྨ་བཅད་ནས། ཙྪི་ད་ཙྪི་ད་ཧཱུཾ་ཕཊ་ཅེས་བཟླས་པས། བསྒྲུབ་བྱའི་ཐུན་མོང་གི་སྦྱོར་བ་ཡིས་ཀྱང་མ་ཤི་བར་འགུགས་པར་བྱེད་དོ། །ང་ནི་ཁྲག་འཐུང ་སྨ་ཤཱ་ནའི་སྦྱོར་བ་ཡིས་རྡོ་རྗེ་མཁའ་འགྲོ་མའི་སྒྲུབ་པ་གསུངས་པ། ཨོཾ་ཡིག་ཐིག་ལེ་དང་ལྡན་པར་ཞེས་སོགས་ནི་སྒྲ་ཡིག་བཅུ་གསུམ་པ་ཐིག་ལེ་དང་བཅས་པའོ། །ཡི་གེ་ཨུ་ཡིག་མཉམ་ལྡན་ཞེས་སོགས་ནི་སྒྲ་ཡིག་ལྔ་པ་དང་ལྡན་པའི་ཡི་གེ་སའོ། ། ་མེ་མཚམས་ཕྱི་རོལ་ཞེས་པ་ལ་སོགས་པ་ནི་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའི་ཡི་གེ་ཤ་འོག་ཏུ་ན་འདོགས་པའོ། །ཚེག་དྲག་ཨུ་ཡིག་ལྡན་པ་ཡི་ཞེས་སོགས་ནི་སྒྲ་ཡིག་ལྔ་པ་དང་ལྡན་པའི་ཡི་གེ་མ་ཚེག་དྲག་ཅན་ནོ། །དེས་ནི་འདི་གསུངས་པར་འགྱུར ་ཏེ། དཔལ་ཁྲག་འཐུང་དང་འདྲ་བའི་སྨ་ཤ་ནའི་སྦྱོར་བ་ཡིས། ཨོཾ་སུ་ཤྣེ་མུ(རྒྱུད་འགྲེལ་ཡིས་ཡིད་ཀྱིས་བསྒྲུབ་བྱའི་སྙིང་དྲལ་ཏེ། འཛིན་པའི་སྦྱོར་པའི་ཁ་ནས་ཤི་བར་འགུག་པ་ཁོ་ནར་བྱེད་དོ། །དེ་ལྟར་སྟོན་པའི་གནས་ཀྱི་གཞུང་གིས་མཉམ་གཞག་མེད་པའི་སྦྱོར་བ་འགྲུབ་པ་གསུངས་ནས་ངེས་པར་སྟོན་པ་གསུངས་པ། དེ་ལྟར་དང་པོ ་བསྒྲུབ་བྱ་འགྲུབ་ཅེས་པ་ལ་སོགས་པ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་སམ། རྡོ་རྗེ་མཁའ་འགྲོ་མའི་གཟུགས་ལེགས་པར་མཉམ་གཞག་སྦྱོར་བ་ཡིས་བདག་བསྒྲུབ་བྱ་སྒྲུབ་པར་བྱ་སྟེ། ཇི་ལྟར་འདོད་པ་ཇི ་ལྟར་མོས་པ་བསྒྲུབ་པའོ། །དེས་གསུངས་པ། དེ་ནས་ཕྱི་ནས་ཅི་འདོད་པར་ཞེས་པ་སྟེ། ཕྱིའི་དུས་ན་ཇི་ལྟར་འདོད་པའི་ལས། ཚ་ཚའི་ལས་དང་གསུངས་རབ་འདོན་པ་ལ་སོགས་པ་དགེ་བ་བཅུའི་སྤྱོད་པ་ནི། ཅི་འདོད་འདོད་པའི་བྱ་བ་ལས་ཞེས་པ་སྟེ། ་ཇི་ལྟར་འདོད་འདོད་པ་ཡང། དེའི་བྱ་བའི་ལས་ཀྱང་དེ་བས་ཅི་འདོད་པ་བྱ་བའི་ལས་ཞེས་པའོ། །གང་ཡིན་ཞེ་ན་བྱ་བའི་རྒྱུད་ལས་འགོག་པའི་སྦྱོར་བ་ཡིས་རྒྱུད་དང་རྗེས་མཐུན་པ་ལ་སོགས་པའི་ཟླ་བ་ནི་ཀུན་ཟས་ཞེས་པའོ། །གང་གྱི་སྦྱོར་བའི་རྗེས་སུ་སྒྲུབ ་པར་བྱེད་པ་ནི་ཀུན་བྱེད་ཅེས་པའོ། །ལངས་པ་འམ་ནི་འདུག་པ་འམ། འགྲོ་བ་ཡིས་སུམ་འགྲེང་བ་ཡིས། ཞེས་པ་དེས་ནི་འདུག་པའི་དམ་བཅས་པ་མེད་པ་གསུངས་པའོ། །གང་དང་གང་དུ་དེ་ཅིའི་བཞིན་ཞེས་པ་ནི་གནས་ཀྱི་ཚད་མ་མེད་པ་གསུངས ་པའོ། །གང་གང་དབང་པོ་ཞེས་སོགས་ནི་གང་གང་དངོས་པོའི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་དང་ཆོས་ཀྱི་རང་བཞིན་མིག་གིས་དབང་པོ་ལ་སོགས་པའི་སྤྱོད་ཡུལ་དུ་སློབ་པར་འགྱུར་ན། དབང་པོའི་ལམ་ཉིད་དུ་འགྲོ་བ། དངོས་པོ་དང་དེ་ནི་དེའི་རང ་བཞིན་གཟུགས་ཀྱི་རང་བཞིན་དང་ལྷན་ཅིག་པར་བྱའོ། །དེ་ལྟར་སྒྲ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྒྲ་དང་དྲི་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དྲི་དང། རོ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རོ་དང། རེག་ནི་རྡོ་རྗེ་སེམས་དཔའ་ལ ་སོགས་པའི་རེག་དང། ཆོས་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཆོས་ལྷན་ཅིག་པར་བྱའོ། །དེ་ལྟར་དེའི་དངོས་པོའི་རང་བཞིན་དང་གཅིག་པར་བྱའོ་ཞེས་པའོ། །སྦྱོར་བ་གཞན་མེད་པའི་སྦྱོར་བའི་བསྒོམ་པའི་རང་བཞིན་དེས། དེས་ཉིད་སྦྱོར་པས ་འགྲུབ་པས་བསྐྱེད་པར་བྱས་ནས་རིགས་ཀྱི་ལྷ་ཐམས་ཅད་ཀྱི་རང་བཞིན་ཐམས་ཅད་ཁོ་ན་འགྲུབ་པོ་ཞེས་འབྲེལ་ཏོ། །དེ་གང་ལས་ཡིན་ཞེ་ན་གསུངས་པ། སངས་རྒྱས་ཀུན་དངོས་ཐམས་ཅད་དེ་ཞེས་པ་སྟེ། ལྷ་ཐམས་ཅད་ཀྱི་རང་བཞིན་གཟུགས་ལ་སོགས་པ་ཐམས ་ཅད་རྟག་པར་རྒྱུན་མི་འཆད་པར་མངོན་དུ་བསྒོམས་ན་རབ་ཏུ་འགྲུབ་ཅེས་པའོ། །ཅི་འདྲ་བར་རབ་ཏུ་འགྲུབ་ཅེ་ན་གསུངས་པ། སངས་རྒྱས་ཐམས་ཅད་ཅེས་སོགས་ཏེ། དབང་ཕྱུག་འགྱུར་ཞེས་པ་དང་འབྲེལ་ཏོ། །དེ་ལ་སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ་ཞེས་པ་ནི ་བཤད་ཟིན་ཏོ། །མཁས་པ་གང་གིས་དད་པས་ཀློག་ཅེས་པ་ནི། ཨོཾ་ཊཀྐི་ནི་ཧཱུཾ་ཛ(རྒྱུད་འགྲེལ་མཁས་པ་དེ་ནི་བགེགས་ཀུན་ལས་གྲོལ་ཏེ་ཞེས་སྒྲིབ་པ་ཐམས་ཅད་མེད་ནས། དངོས་གྲུབ་ཐམས་ཅད་དབང་ཕྱུག་འགྱུར་ཞེས་སོ། །དེ་ལྟར་སྣ་ཚོགས་རྗེས་སུ་ཆགས་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །བདག་ནི་འདི་ན་ཞེས་པ་ནི་གཏན་ལ་ཕབ་པའི་ཡེ་ཤེས་སོ། ་སྙིང་པོ་ཞེས་པ་ནི་སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི་རྒྱུད་ཀྱི་རྣམ་པའོ། །ཆེན་པོ་ཡང་དེ་མཆོག་ཀྱང་དེ་ཉིད་པས་ཆེན་པོའི་མཆོག་ཅེས་པའོ། །བདེ་བ་ཆེན་པོའི་མཆོག་གི་མཆོག་འགྱུར་མཐུ་ཆེན་པོ་ཞེས་པ་ནི་མཐུ་ཆེན་པོར་འགྱུར་བའོ། །ཀུན་མཆོག་སེམས ་ཅན་འབྱུང་བ་ཡི། །ཞེས་པ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནི་ཀུན་མཆོག་ཅེས་པ་སྟེ། རྒྱུད་འདི་ལས་བསྐྱེད་པ་ནི་འབྱུང་བ་ཞེས་པའོ། །དེས་ན་དེ་དག་གི་རྒྱུད་འདི་ནི་དེ་ལྟར་རོ། །ཅིའི་ཕྱིར་ཡིན་ཞེ་ན་གསུངས་པ་རྟག་པར་ཅིའི་ཕྱིར་ཞེས་པ་སྟེ། ཅིའི་ཕྱིར ་གྱི་སྒྲ་ནི་དམ་ཚིག་མགོ་འདྲེན་པའོ། །ཅིའི་ཕྱིར་རྒྱུད་འདི་ཐམས་ཅད་ལ་རྟག་པར་གནས་པ། སེམས་ཀྱི་ཁམས་ཐམས་ཅད་ལ་ཀུན་མཆོག་སའི་དབང་ཕྱུག་ཉིད་ནི་སྦྱིན་པའོ་ཞེས་པ་སྟེ། ཀུན་མཆོག་ཀྱང་དེས་ཡང་དེ་ཉིད་པས། ཀུན་ས་ནི་རིགས་ལ་ཕུན་སུམ ་ཚོགས་པའོ། །དེ་ཡིས་དབང་ཕྱུག་ཅེས་པ་ནི་དབང་ཕྱུག་ནི་ཀུན་མཆོག་སའི་དབང་ཕྱུག་ཅེས་པ་སྟེ། རྡོ་རྗེ་འཛིན་ནོ། །དེའི་ངོ་བོ་ཉིད་ནི་ཀུན་མཆོག་སའི་དབང་ཕྱུག་ཉིད་ནི་ཞེས་པ་སྟེ། སྒྲུབ་པ་པོ་རྣམས་ལ་སྦྱིན་པའི་རྒྱུད་འདི་ནི། ཡོན་ཏན ་འདི་དག་གིས་ཁྱད་པར་དུ་གྱུར་པ་འབའ་ཞིག་ཁོ་ན་མ་ཡིན་ཏེ། གང་གིས་ཀྱང་འདི་ཡོངས་སུ་རྫོགས་པར་བྱ་བར་ནུས་པ་མ་ཡིན་ཞེ་ན། གསུངས་པ། མཛའ་ཡས་ཞེས་པ་ལ་སོགས་པ་སྟེ། འདི་ནི་མཛའ་ཡས་མེད་པ་ན་མཛའ་ཞེས་པའོ། །མཛའ་ཡས ་ཉིད་ཀྱི་ཕྱིར་ཁོ་ནས། གང་གིས་འདིའི་མཛའ་ཐོག་མ་མེད་ཅེས་པའོ། །དེ་བས་ན་ཐོག་མ་མེད་པའི་ཕྱིར་ཐུབ་མེད་ཅེས་པའོ། །ཡོངས་སུ་རྫོགས་པ་མེད་པའོ། །ཕྱིར་ཞེས་པའི་སྒྲ་ནི་ངེས་པའི་དོན་ནོ། །ཐུབ་པ་མེད་པ་ཁོ་ན་ཞེས་པའོ། །ཚུལ་ཡང་དེ་ཆེན ་པོ་ཡང་དེ་ཉིད་པས། ཚུལ་ཞེས་པ་སྟེ། འབྲས་བུ་དང་བཅས་པའི་བྱང་ཆུབ་སེམས་དཔའ་ཨི་ལམ་གྱི་རང་བཞིན་གྱི་ཆོས་ཀྱི་དབྱིངས་ཞེས་པའི་དོན་ཏོ། །འདི་གང་དག་ཡིན་ཞེ་ན། གསུངས་པ། ཆེན་པོའི་ཆེན་པོ་ཐམས་ཅད་ཀྱི་ཞེས་པ་སྟེ། དཔལ་རྡོ་རྗེ་སེམས? ་དཔའ་ལ་སོགས་པ་རྣམས། རིགས་ཀྱི་ལྷ་ཐམས་ཅད་ནི་ཆེན་པོའི་ཆེན་པོ་ཐམས་ཅད་ཅེས་པའོ། །དེ་དག་གི་རྒྱུད་འདིའི་ནམ་མཁའ་བཞིན་དུ་ཁྱབ་པས་ནམ་མཁའ་དང་མཉམ་ཞེས་པའོ། །ལས་ཅི་བྱེད་པས་ཡིན་ཞེ་ན། གསུངས་པ། མཆོག་གི ་དངོས་གྲུབ་འཕེལ་བ་སྦྱིན་ཞེས་པ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནི་དངོས་གྲུབ་ཅེས་པའོ། །དེའི་འཕེལ་བ་ཞེས་པ་ནི་སྐད་ཅིག་མ་རེ་རེ་ཁོ་ན་ལ་ཕྱི་ཕྱིར་རྒྱུན་མི་འཆད་པར་བསྐྱེད་པའོ། །དེ་སྦྱིན་པས་ན་མཆོག་གི་དངོས་གྲུབ་འཕེལ་བས? ་སྦྱིན་ཞེས་པའོ། །དེ་བས་ན་རྒྱུད་འདི་ཡོངས་སུ་རྫོགས་པར་བྱེད་པས་ནི་གང་གིས་ནུས་ཞེས་པ་དང་འབྲེལ་ཏོ། །ཞེས་ཚིག་འདྲེན་པར་བྱེད་དོ། །གདོད་མ་དང་ཐ་མ་མེད་ཅེས་པ་ནི་གདོད་མ་ནི་དངོས་པོ་མེད་པའོ། །ཐ་མ་ནི་ཡོངས་སུ་རྫོགས་ནས་འབྲེལ་བ ་མེད་པར་འཇིག་པའོ། །དེ་གཉིས་མེད་པ་དང་གང་ལྡན་པ་དེ་ནི། གདོད་མ་དང་ཐ་མ་མེད་ཅེས་པ་སྟེ། དང་པོ་དང་གཞུག་མེད་པའོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། ཇི་ལྟར་གདོད་མ་ཐ་མ་མེད་པ་གསུངས་པས། ད་ལྟའི་དུས་ཀྱི་རང་བཞིན་ཉིད་ཀྱིས ་ནམ་མཁའ་ཨི་ཁམས་ཐམས་ཅད་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ཡིས་ཀུན་ཏུ་རྟོག་པའོ། །དེ་བས་ན་གང་གིས་རྫོགས་བྱེད་ནུས་པ་མིན་ཞེས་པ་སྟེ། གང་གིས་ཀྱང་རྫོགས་བྱེད་མི་ནུས་པ་དེ་ཇི་ལྟར་ཡོངས་སུ་རྫོགས་པ་ཡིན་ཞེ་ན། གསུངས་པ། སེམས་ཅན ་ལེ་ལོ་ཅན་ཞེས་པ་ལ་སོགས་པ་སྟེ། ཅིའི་ཕྱིར་ན་སེམས་ཅན་ལེ་ལོ་རྒྱུད་རྒྱས་པ་ལ་འཇིགས་པའོ། །ཉུང་བར་འདོད་པའི་རྣམ་པའི་དབྱིངས་རྟག་པར་གནས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཡིས། དེ་ཀུན་ཏུ་ཁྱབ་པ་དེ་བཞིན་གཤེགས་པ་ཡིན་ནོ ་ཞེས་མངོན་པར་མི་ལྡན་པའོ། །དེ་བཞིན་གཤེགས་པའི་ཆེ་བའི་ཡོན་ཏན་ལ་མི་དད་པ་སྟེ། བསྒྲུབ་བྱ་དང་མི་སྦྱོར་བའི་ཕྱིར་ལྐོག་སྨྲ་བ་ཞེས་པ་ནི་གཞན་དུ་སྨྲ་ཞིང་གཞན་དུ་བྱེད་པའོ་ཞེས་པའི་དོན་ཏོ། །ཅིའི་ཕྱིར་ལྐོག་སྨྲ་བ་པ་ཡིན་ཞེ་ན། གསུངས་པ་སྟེ། ་མ་དག་པ་ཞེས་པ་སྟེ། དེ་བཞིན་གཤེགས་པ་ལ་སོགས་པས་མ་བྱིན་པ་ནི་མ་དག་པ་ཞེས་སོ། །རྟག་ཏུ་ཞེས་པ་ནི་དུས་ཐམས་ཅད་དོ། །འདོད་པའི་ཡོན་ཏན་ལྔ་ལ་ཆགས་པ་ནི་རྗེས་སུ་ཆགས་པའོ། །སྡོམ་པའི་ཚུལ་ཁྲིམས་ཀྱི་སྔགས་ལ་ཆགས་པ་ནི་ཆགས ་བྲལ་དགའ་བ་ཡང་ཞེས་པའོ། །དེ་འདྲ་བའི་ཡོངས་སུ་མ་དག་པའི་སེམས་ཅན་དེ་དག་ལ་ཕན་གདགས་པར་བྱ་བའི་དོན་དུ་རྫོགས་པ་ཡིན་པ་དང་འབྲེལ་ཏོ། །བྱམས་པའི་སེམས་ཅན་གྱིས་མཛའ་ཡས་པར་སྟོན་པ་ཐོས་ནས། སྤང་བར་བྱས་ནས་མནར་མེད ་པའི་དམྱལ་བ་ཆེན་པོ་ལ་ལྟུང་བར་འགྱུར་རོ། །དེ་བས་ན་རྫོགས་པ་ཞེས་པ་ནི་རྒྱུད་ཀྱི་རྒྱལ་པོ་འདི་མདོར་བསྡུས་ནས་ཡོངས་སུ་རྫོགས་པར་བྱས་པའོ། །གང་གིས་ཁྱིམ་དུ་བཟུང་བ་ཞེས་པ་ནི་གླེགས་བམ་དུ་བྲིས་བ་དང། བཟུང་བ་དང་དོན་གཟུང་བའོ། །གང་གིས ་འགྲུབ་པ་དང། བདག་གིས་ཇི་ལྟར་སྟོན་པར་འགྲུབ་པར་བྱེད་ཅེས་པ་ནི་སྦྱོར་བ་དང་རྗེས་སུ་སྦྱོར་བར་བསྒྲུབ་པ་ཡིས། ཇི་ལྟར་གསུངས་པའི་རྒྱུད་འདི་འགྲུབ་པར་བྱེད་པ་གང་བསྒོམས་པའི་སྟོབས་ཀྱིས་འགྲུབ་པར་འགྱུར་ཏེ། སྒྲུབ་པ་མྱོང ་བའོ། །ཐམས་ཅད་ཕྱག་རྒྱ་ཆེན་པོ་བསོགས་པའི་མཆོག་བཀོད་པའི་རྒྱུན་ནོ། །མི་འགྲུབ་པ་ཞེས་པ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་མི་བསྐྱོད་པའི་རྣལ་འབྱོར་པའོ། །ཅི་འདྲ་བ་ཡིན་ཞེ་ན། གསུངས་པ། གང་གིས་བསྒྲུབ ་པ་རྡོ་རྗེ་འཛིན་པ་ལ་སོགས་པ་དང་ཞེས་པ་སྟེ། བྲི་བར་བྱས་ཞེས་པ་དང་འབྲེལ་ཏོ། །དཔལ་རྡོ་རྗེ་སེམས་དཔའ་ཞེས་པ་ནི་རྡོ་རྗེ་འཛིན་ཆེན་པོ་ཞེས་སོ། །སོགས་པའི་སྒྲས་ནི་དཔལ་རྣམ་པར་སྣང་མཛད་ལ་སོགས་པ་ཕྱག་མཚན་གྱིས་མྱུ་གུ་གཟུགས ་བརྙན་ལ་སོགས་པ་ནི་མདུན་དུ་བཞག་པ་ལ་གཟུང་བར་བྱའོ། །དེ་དག་གང་དུ་བསྒྲུབ་པར་བྱ་བ་ཡིན་ཞེ་ན། གསུངས་པ། གཟུགས་ལ་སོགས་པ་ཐམས་ཅད་འདི་ལས་ཞེས་པ་སྟེ། ལུགས་མ་བརྡུངས་མ་བྱས་པ་བྲིས་པའོ། །དཔལ་རྡོ་རྗེ་སེམས་དཔའ་ལ་སོགས ་པའི་ཕྱག་རྒྱ་ཆེན་པོ་ཕྱག་མཚན་གྱི་མྱུ་གུ་གཟུགས་བརྙན་ལ་སོགས་པ་མདུན་དུ་བཞག་པ་ལའོ། །འདི་དག་ཐམས་ཅད་ནི་གོང་དུ་གསུངས་པའི་དཔལ་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་གཟུགས་ཀྱི་ངོ་བོ་ཡིན་ནོ། །ཡང་ཇི་ལྟར ་གསུངས་པའི་གང་གིས་ནུས་པའི་ངོ་བོས་སྦྱོར་བ་དང། རྗེས་སུ་སྦྱོར་བ་ལ་སོགས་པ་བསྒོམ་པའི་ངོ་བོ་བཞི་ནི། ཇི་ལྟར་མོས་པ་བཞིན་ཞེས་པ་དང་གང་ལྡན་པ་དེ་དེ་ལྟར་རོ། །གང་བྱས་པ་ཡིན་ཞེ་ན། གསུངས་པ། ཡི་གེ་ཧཱུཾ་ཡང་ཇི་ལྟར་རབ་ཏུ་འདོད ་ཡང་བྲིས་བྱས་ན་ཞེས་པ་སྟེ། ཡང་ཞེས་པའི་སྒྲ་ནི་ལྷག་པའི་དོན་ཏོ། །དཔལ་རྡོ་རྗེ་སེམས་དཔའ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་ཆེན་པོ་དང། མཚན་མའི་ཕྱག་རྒྱ་འབའ་ཞིག་བྲི་བ་ནི་མ་ཡིན་ཏེ། ཡི་གེ་ཧཱུཾ་ཡང་བྲི་བར་བྱའོ་ཞེ་ལྷག་པའི་དོན་གསུངས ་པའོ། །དེས་ནི་རང་འདོད་དངོས་གྲུབ་ཆོག་བཞིན་དུ་འཐོབ་ཅེས་པའོ། །དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་བཞིན་སྒྲུབ་པ་པོས་ཡིད་ཀྱིས་ཇི་ལྟར་འདོད་པའི་དངོས་གྲུབ་ནི་རབ་འདོད་དངོས་གྲུབ་ཅེས་པའོ། །རབ་འདོད་དངོས་གྲུབ་དེ་དཀྱིལ་འཁོར་ལ་སོགས ་པའི་ཆོག་བཞིན་དུ་འགྲུབ་པར་བྱ་བ་གང་ཡིན་པ་དེས་ནི་ཐོབ་ཅེས་ཏེ། གཞན་དུ་ནི་མ་ཡིན་ནོ། །སེམས་ཅན་དོན་དུ་ཞེས་པ་ལ་སོགས་པ་ནི་ཇི་ལྟར་བྱ་བའི་རྒྱུད་ལ་སོགས་པའི། སྒྲུབ་པ་པོ་སྡིག་པའི་ཟད་པར་བྱ་བའི་ཟ་བ་སྤངས་པ་ལ་སོགས་པ་བཏགས ་པ་བྱས་སོ། །དེ་བཞིན་དུ་དེ་བཞིན་གཤེགས་པས་གསུངས་ཏེ། བསྒོམ་པའི་སྟོབས་ཁོ་ནས་སྡིག་པ་ཟབ་པའི་ཕྱིར་རོ། །རྒྱུ་དེ་ཁོ་ནའི་ཕྱིར་ཕྱིའི་བགེགས་ནི་མེད་པའོ། །དེའི་ཕྱིར་གསུངས་པ། འདི་ལ་བགེགས་མེད་ཅེས་པ་སྟེ། བདུད་ཀྱང་མེད་པའོ།། ་རྟོག་པ་ཡིས་ཞེས་པ་ནི་སོ་སོ་ཀུན་ཏུ་རྟོག་པའི་བསྒོམ་པའི་སྟོབས་ཀྱིས་བདུད་བཞི་མི་དམིགས་པར་རྟོགས་པར་འདིའོ། །རྟོག་པ་འདི་ལ་ཡིན་པ་ཅིའི་ཕྱིར། དེ་བས་ན་དངོས་གྲུབ་ཐམས་ཅད་འཕེལ་བ་ཁོ་ན་བྱིན་གྱིས་རློབ་ཅེས་པ་སྟེ། རྟོག་པ་འདི་ལ་ཇི ་ལྟར་བྱ་བའི་རྒྱུད་ལ་ཞུགས་པ་རྣམས་ཀྱི་ནི་བདག་བདུད་ཀྱི་གཟུགས་ཀྱིས་དམིགས་པའི་སྟོབས་ཀྱི་ཕྱིར། བདུད་ཉིད་ཀྱི་ནི་འགྲོ་བ་དེ་ལྟར་འདིར་མ་ཡིན་ནོ། །མི་བརྟན་པ་ཉིད་ཀྱང་མིན་ཞེས་པ་སྟེ། ཇི་ལྟར་བྱ་བའི་རྒྱུད་ལ་སོགས་པ་ལ་གནས་པ་རྣམས ་ཀྱིས་དྲན་པ་ཉམས་པར་འགྱུར་བ་ལ་སོགས་པའི་ངོ་བོས་ཡིས། མི་བརྟན་པར་འགྱུར་བ་བདག་དེ་ལྟར་འདིར་མ་ཡིན་ནོ། །བརྟན་པའི་རྒྱུ་ཕྱིར་བདག་གིས་སྟོན་པར་མི་བྱེད་དེ་ཞེས་པ་ནི་ཇི་ལྟར་བྱ་བའི་རྒྱུད་ཁོ་ན་ལ། ཟ་བ་སྤངས་པ་ལ་སོགས་པའི་ངོར ་བོར་སྒྲུབ་པ་པོ་ལ་བདག་གིས་བརྟན་པ་འདིར་བདག་མ་ཡིན་ཏེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བསྒོམ་པའི་སྟོབས་ཁོ་ནས་བདག་བརྟན་པར་འགྱུར་བ་དང། མྱུར་བར་མཆོག་གི་མཆོག་ཉིད་འགྲུབ་པའི་ཕྱིར། བརྟན་འགྱུར་བྱེད་ཅེས་པའི ་ཕྱིར་རོ། །གང་གི་ཡིན་ཞེ་ན། གསུངས་པ། གང་དག་གིས་ནི་རྟོག་པ་འདིའི་མཆོག་ཆེན་པོ་སྒྲུབ་བྱེད་པའོ་ཞེས་པའོ། །ཁྱད་པར་ཅི་འདྲ་བ་ཕྱིན་འགྱུར་བ་ཡིན་ཞེ་ན། གསུངས་པ། མཆོག་ཆེན་དངོས་གྲུབ་ཅེས་པ་ལ་སོགས་པ་སྟེ། རྟག་པར ་བདག་གིས་གྲུབ་པར་བྱེད་ཅེས་པ་དང་འབྲེལ་ཏོ། །དེ་ལ་མཆོག་ཆེན་ཞེས་པ་ནི་རྡོ་རྗེ་འཛིན་ཆེན་པོ་སྟེ། དེ་ལ་གནས་ནས་དངོས་གྲུབ་ཅེས་པའོ། །དག་པར་ཞེས་པ་ནི་ད་ལྟར་གྱི་དུས་ཀྱི་རང་བཞིན་ཉིད་དུ་རྟག་པར་གནས་པའོ། །བདེ་ཆེན་དང་ཞེས་པ་ནི་ཐར་པ ་ཆེན་པོའོ། །ཆགས་དང་ཞེས་པ་ནི་སེམས་ཅན་སྨིན་པར་བྱ་བ་དང་གྲོལ་བར་བྱ་བ་ལ་ཆགས་པའོ། །ཤིན་ཏུ་དགའ་དང་ཞེས་པ་ལ་སོགས་པ་ནི་གོ་སླའོ་།ཡིག་ཆེན་ཞེས་པ་ནི་གདོད་མ་དང་ཐ་མ་མེད་པའོ། །རྟག་པར་ཞེས་པ་ནི་དུས་ཐམས་ཅད་དོ། ། ་ཁྱད་པར་ཅི་འདྲ་བ་ཡིན། གང་གིས་གྲུབ་པ་ཡིན་ཞེ་ན། གསུངས་པ། གང་གིས་བདག་གིས་སྙིང་པོས་བདག་ལ་རྟག་ཏུ་འགྲུབ་བྱེད་པའི་ཞེས་པ་སྟེ། ཡི་གེ་ཧཱུཾ་ལ་སོགས་པའི་སྙིང་པོ་ཡིས་རྟག་པར་བསྒོམ་པ་ཡི་བསྒོམས་ན། གང་གིས་བདག ་འགྲུབ་པར་བྱེད་པ་དེ་ཡིས་བདག་བརྟན་པར་བྱེད་ཅེས་པ་དང་འབྲེལ་ཏོ། །དེ་ནས་དེ་མ་ཐག་པའི་སྒྲས་ཏེ་རྟོག་པ་བསྟན་པ་དེ་མ་ཐག་ཏུ་ཁོ་ན་ཞེས་སོ། །མཆོག་སྐྱེས་ཞེས་པ་ནི་སེམས་རྟོགས་པའི་མཚན་ཉིད་དེ་ཉིད་རྣམ་པ་ལྔ་ནི་མཆོག་ཅེས ་པའོ། །དེ་ལ་སྐྱེ་བ་ནི་མཆོག་སྐྱེས་ཞེས་པའོ། །རྒྱལ་བ་ཐམས་ཅད་ཅེས་པ་ནི་དཔལ་རྣམ་པར་སྣང་མཛད་དང། མི་བསྐྱོད་པ་དང། རིན་ཆེན་འབྱུང་ལྡན་དང། སྣང་བ་མཛའ་ཡས་དང། དོན་ཡོད་གྲུབ་པཱི་གཟུགས་རྣམས་འཇིག་རྟེན་གྱི་ཁམས ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་སོ། །དགའ་གནས་སུ་ཞེས་པ་ནི་ལེགས་པར་ཤིན་ཏུ་བདེ་བ་བསྐྱེད་པའོ། །འཛུམ་པ་ཆེན་པོ་ཞེས་པ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་བདག ་གི་དངོས་པོས་ཀུན་ཏུ་ཁྱབ་པར་ཅུང་ཟད་འཛུམ་པ་ནི་འཛུམ་པ་ཆེན་པོ་ཞེས་པའོ། །དེ་ཁོ་ནའི་འགྲེལ་པ་ཐམས་ཅད་ཁྱབ་པ་ཞེས་པ་སྟེ། ཀུན་ཏུ་ཁྱབ་པ་སྟེ་འཛུམ་པ་ཆེན་པོ་མཚར་པོར་བྱེད་པ་དང་ལྡན་པ་ནི་རྣམ་པར་བྱེད་ཅེས་པའོ། །ཀུན་ནས་དེ་ལ་ལེགས ་པའི་སྒྲ་ནི་འབུལ་བར་བྱེད་ཅེས་པ་ནི། ཤིན་ཏུ་དགའ་བའི་རྒྱུད་དེའི་ཕྱིར། འོག་ན་སྟོན་པའི་ལེགས་པའི་སྒྲ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་དབུལ་བར་བྱེད་ཅེས་པའོ། །རྒྱུ་གང་ཡིན་ཞེ་ན། གསུངས་པ། བདག་གི་དབྱིངས་ཀུན་ཞེས་པ་ལ ་སོགས་པ་སྟེ། བདག་གི་དབྱིངས་ཀུན་གྱི་ཞེས་པ་ནི་དེ་བཞིན་ཉིད་དང་ནམ་མཁའ་ཨི་དབྱིངས་སོ། །དེ་རྡུལ་ཕྲ་རབ་ནི་རྡུལ་ཕྲན་ཞེས་སོ། །དེ་ལ་རྟོག་པ་གནས་པ་ཀུན་ཏུ་ཆེར་ཁྱབ་པ་མཆོག་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྡུལ་ཕྲན་ནི་བདག་གི ་དབྱིངས་ནམ་མཁའ་ཨི་རྡུལ་ཕྲན་ཞེས་པའོ། །ཆེ་མཆོག་གཟུགས་ཀྱི་ཞེས་པ་ནི། དེ་ལ་རྟོག་པ་ཀུན་ཏུ་གནས་པ་ཆེར་ཁྱབ་པ་སྐུ་གསང་བའི་གཟུགས་རྣམས་སོ། །དེ་དག་གིས་ཇི་ལྟར་གསུངས་པའི་ལེགས་པའི་སྒྲ་འབྱིན་ཏོ་ཞེས་པའི་ཐ་ཚིག་གོ་།སྦྱིན ་པ་དེ་ཇི་ལྟར་འདྲ་བ་ཡིན་ཞེ་ན་གསུངས་པ། ཕ་མཆོག་ཅེས་པ་ལ་སོགས་པ་སྟེ། བྱང་ཆུབ་སེམས་ཀྱི་རང་བཞིན་རྡོ་རྗེ་སེམས་དཔའ་ནི་ཕ་ཞེས་པའོ། །དེ་ཉིད་དེ་བཞིན་གཤེགས་པ་དང། དེ་བཞིན་གཤེགས་པ་ལ་ཁྱབ་པར་ངོ་བོར་འགྱུར་པ ་ཡིས་མཆོག་གྱུར་པ་ཞེས་པའོ། །དེ་ཁོ་ན་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཕྱུང་བའི་དུས་སུ། རང་གི་སྙིང་ག་ནས་སྤྲུལ་པའི་ཕྱིར་ན་ཕ་མཆོག་གྱུར་པ་སངས་རྒྱས་ཞེས་པའོ། །དེ་འདྲ་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས ་བོད་པའི་ཚིག་ཁོ་ན་གསུངས་པ། ཀྱེ་ལེགས་སོ་ལེགས་སོ་ཞེས་པ་སྟེ། ཁྱོད་ཀྱིས་གང་དཔལ་རྡོ་རྗེ་སེམས་དཔའ་དང། རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ལ་སོགས་པའི་དེ་ཁོ་ན་ཉིད་སྟོན་པ། དེ་ཀུན་ལེགས་སོ་མཛེས་སོ་སྐྱོན་ཐམས་ཅད་མེད་དོ་ཞེས་པའོ། ་ན་ཆོག་གི་རྡོ་རྗེ་ཞེས་པ་ནི་རྡོ་རྗེ་རིན་ཆེན་གྱི་མཆོག་ཅེས་པའོ། །རྡོ་རྗེ་ལས་བྱུང་ཞེས་པ་ནི་དཔལ་ཁྲག་འཐུང་དང། རྡོ་རྗེ་ཉི་མ་འཁོར་དང་བཅས་པ་གསུངས་སོ། །ལེགས་སོ་ལེགས་སོ་ཞེས་པ་ནི་གོང་མ་བཞིན་ནོ། །དེས་ནི་འདི ་གསུངས་པར་འགྱུར་ཏེ། ཁྱོད་ཀྱིས་འདིར་གང་དཔལ་ཁྲག་འཐུང་དང། རྡོ་རྗེ་ཉི་མའི་དེ་ཁོ་ན་ཉིད་གསུངས་པ་དེ་ཀུན་ནི་ལེགས་སོ་ཞེས་པའོ། །དམ་པའི་ཆོས་ཉིད་ཆོས་ཀྱི་བདག་ཉིད་ལེགས་སོ་ལེགས་སོ། །ཞེས་པ་ནི་རྣམ་པ་རྣམས་ཀྱི་ཆོས་ནི་དམ་པའི ་ཆོས་ཞེས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་སེམས་དང་སེམས་ལས་བྱུང་བའི་ཚོགས་དང་པདྨའི་རིགས་སོ། །ཆོས་ཀྱི་བདག་ཉིད་ཅེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་པདམོའི་རིགས་ནི་ཆོས་ཞེས་པ་སྟེ། དེའི་རང་བཞིན ་ནི་ཆོས་ཀྱི་བདག་ཉིད་པདྨ་གར་གྱི་དབང་ཕྱུག་གོ་།ལེགས་སོ་ལེགས་སོ་ཞེས་པ་ནི་བཤད་ཟིན་ཏོ། །དེས་ཀྱང་འདི་གསུངས་པར་འགྱུར་ཏེ། ཁྱོད་ཀྱིས་འདིར་གང་པདམོའི་རིགས་ཀྱི་དེ་ཁོ་ན་ཉིད་གསུངས་པ། དེ་ཀུན་ཡང་མཛེས་སོ་ཞེས་དེ་བཞིན ་གཤེགས་པ་རྣམས་ཀྱིས་བསྟན་པའི་ཐ་ཚིག་གོ་།དམ་པའི་ལས་ཅན་མཆོད་པའི་བདག་ཉིད་ལེགས་སོ་ལེགས་སོ་ཞེས་པ་ནི། དམ་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལས་ནི་དམ་པའི་ལས་ཞེས་པ་སྟེ། སེམས་ཅན་གྱི་དོན་བྱེད་པ་དང། འཕགས ་པ་ལ་མཆོད་པའི་ལས་བྱེད་པའི་མཚན་ཉིད་དོ། །དེའི་བདག་ཉིད་དཔལ་རྡོ་རྗེ་སེམས་དཔའ་ཨོ། །དེས་ནི་འདི་གསུངས་པར་འགྱུར་ཏེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དཔལ་རྟ་མཆོག་གང་ཁྱོད་ཀྱིས་སྤྲུལ་པར་ཡང་ལེགས་སོ་ཞེས་སོ། ། ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་བོད་པའི་ཚིག་གསུངས་པའོ། །རྟོག་པ་བྱིན་བརླབས་ཞེས་པ་ནི་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་རྒྱུད་ཀྱི་རང་བཞིན་སློབ་དཔོན་རིམ་པ ་ཡིས། ཇི་ལྟར་མ་འོངས་པའི་དུས་སུ་རྒྱུན་མི་འཆད་པར་གནས་པར་འགྱུར་བ་དེ་ལྟར་བརྟན་པར་བྱེད་པའོ། །མཉམ་པར་བྱིན་གྱིས་བརླབས་ཞེས་པ་ནི་ཕྱོགས་བཅུ་ན་གནས་པའི་དེ་བཞིན་གཤེགས་པ་དེ་དག་གིས་ཀྱང་རྟོག་པ་འདི་བྱིན་ཆགས་པའི ་དོན་དུ་བྱིན་གྱིས་བརླབས་པའོ། །དོན་ཡོད་གྲུབ་ཅེས་པ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཚད་མར་གྱུར་པ་དང་གང་ལྡན་པར་རྟོག་པ་དེ་ནི་དོན་ཡོད་དངོས་གྲུབ་ཅེས་པའོ། །དོན་ཡོད་དངོས་གྲུབ་དེ་ལ་རྟག་ཏུ་ཞེས་རྒྱུན་མི་འཆད་པར ་སྐད་ཅིག་རེ་རེ་ལ་ཡི་གེ་འབྲུ་ཆེན་པོ་ཞེས་ད་ལྟའི་དུས་ཀྱི་རང་བཞིན་གྱིས་རྟག་པར་གནས་པའོ། །གྲུབ་པས་ཕྱི་ན་མི་འདུལ་བའི་དུས་ནི་ཞེས་པ་ནི་དུས་ཀྱི་སྙིགས་མ་ལ་ཐབ་མོའི་དུས་ཞེས་སོ། །དེ་དག་གི་ཡང་ཇི་ལྟར་ཞེས་པ་ནི་ཇི་ལྟར་གསུངས ་པའི་ལེ་ལོ་ཅན་ཉུང་བ་ཙམ་འདོད་པ་རྣམས་ཀྱི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱི་བསྒོམ་པ་ལས་བྱུང་བ་དམ་པའི་བདེ་བར་གྱུར་པའི་ཕྱིར་ཞེས་པ་ནི། དེ་བཞིན་གཤེགས་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཉིད་ལ་གསོལ ་པ་གདབ་པའོ། །དེ་ལྟར་དག་ཆེན་ཞུས་ནས་སུ་ཞེས་པ་ནི་གོང་དུ་གསུངས་པའི་ལེགས་སོ་ལ་སོགས་པའི་སྦྱིན་པའི་དག་གོ་།སྲས་བཅས་སངས་རྒྱས་ཐམས་ཅད་ཀྱི་ཞེས་པ་ནི་ཇི་ལྟར་གསུངས་པའི་དཔལ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས ་པ་དང། བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དང་བཅས་པ་ནི་སྲས་བཅས་ཞེས་པའོ། །རྡོ་རྗེ་སེམས་དཔའ་ཆེན་པོ་ཡིས། གསུངས་པ་ལ་ནི་མངོན་པར་བསྟོད་ཅེས་པ་ནི་ཀུན་ལ་ཁྱབ་པ་ཀུན་གྱི་བདག་ཉིད་རྡོ་རྗེ་སེམས་དཔས་གང་དག་འདིར ་གསུངས་པ། དཔལ་ལྡན་རྡོ་རྗེ་ལ་སོགས་པའི་དཀྱིལ་འཁོར་ལ་སོགས་པའི་དེ་ཁོ་ན་ཉིད་དེ་དག་ལ་དེ་བཞིན་གཤེགས་པ་དེ་དག་གིས་མངོན་པར་བསྟོད་པར་གྱུར་ཏོ་ཞེས་པའོ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་མཆོག ་ལ། །སངས་རྒྱས་ཉི་མ་ཟླ་བ་ནི། །དམ་པའི་ཡིག་འབྲུ་དར་བར་ཤོག་།སྔོན་གྱི་སྨོན་ལམ་འབྱུང་བ་ཡི། །སྐུ་ཡི་སྤྲིན་ནི་མཛའ་ཡས་པས། །ཡོན་ཏན་མཛའ་ཡས་གྲགས་པ་ཡི། །རྡོ་རྗེ་སེམས་དཔའ་གསུངས་པ་ལ། །རྡོ་རྗེ་སེམས ་དཔའ་འབྱུང་བ་འདིར། །དངོས་གྲུབ་བདག་ཉིད་ལྷན་ཅིག་པའི། །བྱང་ཆུབ་སེམས་སོགས་ལ་ཆགས་པའི། །འགྲོ་བ་དཀར་པོར་གྱུར་པར་ཤོག་།ཐབས་དང་ཤེས་རབ་དངོས་བསྟན་པ་།ཐར་པ་ཐམས་ཅད་རྣམ་དག་པ། །གཏན་དུ་སྲིད་པ་འགྲུབ་པ་པོ།། ་དཔལ་ལྡན་ཁྲག་འཐུང་ཞེས་བྱ་བ། །དྲག་པོ་སྡང་བ་འཇོམས་བྱེད་པ། །དྲག་སོགས་སྡང་བ་མེད་དོན་དུ། །སྙིང་རྗེ་ཐབས་ཀྱིས་སྲིད་གནས་པ། །སངས་རྒྱས་ཀུན་གཞི་དར་བར་ཤོག་།པདྨ་འདྲ་བ་འབྱུང་དག་པ། །ཤེས་རབ་མར་མེ་འབར་བ་ཆེ། ། ་ཡེ་ཤེས་མུན་པ་མེད་བྱེད་ཕྱིར། །འཇིག་རྟེན་ཀུན་གྱི་དབང་ཕྱུག་གཙོ། །པདྨའི་འདྲ་བ་དར་བར་ཤོག་།ཡིད་བཞིན་ནོར་བུ་ཉམས་དགའ་བ། །སེར་སྣའི་ཉེས་པ་མེད་བྱེད་ཕྱིར། །ཀུན་གྱི་བདག་པོར་སྦྱིན་བྱེད་པ། །སྙིང་རྗེའི་ཉི་མ་དར་བར་ཤོག་། ་དཔལ་ལྡན་རྟ་མཆོག་རྒྱལ་པོ་ཡང། །རྒྱལ་པོ་ཐམས་ཅད་འཇོམས་བྱེད་པ། །ལེ་ལོའི་དྲི་མ་མེད་དོན་དུ། །བརྩོན་འགྲུས་ལས་ཀྱི་དངོས་པོ་དགེ་།དགེ་བའི་ལས་ལ་བརྩོན་འགྲུས་དངོས། །ལྟ་བ་ངན་པ་མེད་དོན་དུ། །དགེ་བའི་ཤེས་རབ་སྣང ་བྱེད་ཤོག་ཅེས་སོ།། །།རྒྱུད་འདི་རྣམ་པར་བཤད་བྱས་པས། །བདག་གིས་ཐོབ་པའི་དགེ་བ་གང། །བྱང་ཆུབ་སེམས་ཀྱི་དགེ་དགའ་བ། །སྙིང་པོ་བསམ་མེད་རྫུ་འཕྲུལ་ཆེ། །དེས་ནི་འཇིག་རྟེན་མ་ལུས་པ། །རྒྱལ་བ་རྡོ་རྗེ་འཛིན ་ཆེན་ཤོག། །།དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ། མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་གི་རྒྱུད་ཇི་སྙེད་པའི་རྣམ་པར་བཤད་པ་ཤེས་རབ་སྣང་བར་བྱེད་པ་ཞེས་བྱ་བའོ། །རྣམ་པར་བཤད་པ་འདིའི་རྣམ་གྲངས ་ཀྱི་ཚད་ནི་ཚིགས་སུ་གཅད་པ་དྲུག་སྟོང་ལྔ་བརྒྱ་བདུན་ཅུའོ། །སངས་རྒྱས་མཉམ་སྦྱོར་གྱི་རྣམ་པར་བཤད་པ་འདིའི་མཛད་མཁན་ནི་ཤྲཱི་ན་ལེནྡྲ་ན་བཞུགས་པ། རྡོ་རྗེ་སློ་དཔོན་ཀུན་དགའ་ཨི་སྙིང་པོའི་ཞབས་ཀྱིས་མཛད་པའོ།། །།བོད་ཀྱི་དགེ ་བཤེས་ལ་ཕན་ཕྱིར། །སྨྲི་ཏི་ཛྙཱ་ན་ཀཱིརྟི་ཡིས། །ཊཱི་ཀཱ་བསྒྱུར་བའི་དགེ་འདི་ཡིས། །སེམས་ཅན་བྱང་ཆུབ་ཐོབ་པར་ཤོག་།རྫོགས་སོ།། །།དཔལ་སངས་རྒྱས་མཉམ་སྦྱོར་གྱི་དགའ་འགྲེལ་བཞུགས་སོ།། །།*། །རྒྱ་གར་སྐད་དུ། སརྦ ་