CLOSE WINDOW

N1327: sangs rgyas thams cad dang mnyam par sbyor ba mkha' 'gro ma sgyu ma bde mchog gi 'grel pa mnyam sbyor gyi rgyan zhes bya ba
Wyliee-texts based on the ACIP/ALL Input

སངས་རྒྱས་ཐམས་ཅད་མཉམ་སྦྱོར་མཁའ་འགྲོ་དེ་མཆོག་གི་འགྲེལ་བ་བཞུགས།། །།རྒྱ་གར་སྐད་དུ། སརྦབ་བུད་དྷ་ས་མ་ཡོ་ག་ཌཱ་ཀི་ནཱི་མཱ་ཡཱ་སམྦ་ར་བིཏྟི་ཡོ་གཱ་ལཾ་ཀཱ་ར་ནཱ་ན། བོད་སྐད་དུ། སངས་རྒྱས ་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་བདེ་མཆོག་གི་འགྲེལ་བ་མཉམ་སྦྱོར་གྱི་རྒྱན་ཞེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་དངོས་བདག་ཉིད་ཅན། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག་།རྒྱུ་མ་བདེ་མཆོག ་ཕྱག་འཚལ་ཏེ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བཤད། །དང་པོ་རེ་ཞིག་རྣལ་འབྱོར་པ། །བདག་དང་གཞན་དོན་བསྒྲུབ་པར་ཅི་ལ་ཡང་མ་རག་པར་ཆས་པ་རྣམས་ལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པར་བྱ་བའི ་ཕྱིར་རྒྱུད་ཀྱི་དོན་འདི་བརྩམ་པར་བྱའོ། །དེ་ལ་བརྗོད་པར་བྱ་བ་ནི་གང། དགོས་པ་ནི་གང། འབྲེལ་པ་ནི་གང། དགོས་པའི་དགོས་པ་ནི་གང་ཞེ་ན། བཤད་པར་བྱ་སྟེ། རྩ་བའི་རྒྱུད་དང། ཕྱི་མ་དང། ཕྱི་མའི་ཕྱི་མ་བསྟན་པའི་དོན་དུ་རྒྱུའི་རྒྱུད་དང། ཐབས་ཀྱི་རྒྱུད་དང ་འབྲས་བུའི་རྒྱུད་ནི་བརྗོད་པར་བྱ་བ་ཡིན་ལ། རྩ་བའི་རྒྱུད་རྟོག་པ་བཅུ་བ་དང། ཕྱི་མའི་རྟོག་པ་བདུན་པ་དང། ཕྱི་མའི་ཕྱི་མ་རྟོག་པ་ལྔ་པ་ནི་རྗོད་པར་བྱེད་པའོ། །འགྲེལ་པ་ནི་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་ནི་དེའི་བདག་ཉིད་ཡིན་ལ། བརྗོད་བྱ་དང་ཤེས་པ ་ནི་དེ་ལས་བྱུང་བ་ཡིན་ནོ། །དགོས་པ་ནི་བསྒྲུབ་པར་འདོད་པ་དང། དངོས་གྲུབ་ལེན་པ་དང། གཞན་ལ་ཕན་འདོགས་པའི་གང་ཟག་གིས་ཁོང་དུ་ཆུད་པའོ། །དགོས་པའི་དགོས་པ་ནི་འཇིག་རྟེན་ཐུན་མོང་དང་མཆོག་གི་དངོས་གྲུབ་བསྒྲུབ་པའོ། །དེ་ལྟར་དགོས ་པའི་དོན་བཤད་ནས། བསྡུས་པའི་དོན་ནི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་རྟོགས་པ་དྲུག་བསྒྲུབ་པའི་ཡན་ལག་དང་བཅས་པའི་བཤད་པ་དང། མཆོག་གི་དོན་སྒྲུབ་པ་རྒྱུད་ཕྱི་མ་རྟོག་པ་དགུ་པ་བཤད་པ་དང། དྲིས་པ་དང་ལན་གྱི་རྒྱུད ་ཀྱིས་རྩ་བའི་རྒྱུད་དང་ཕྱི་མའི་སྒྲུབ་པ་དང། དངོས་གྲུབ་དང་གྲུབ་པའི་ལས་རྣམས་བཤད་པའོ། །བསྡུས་པའི་དོན་དེ་ལྟ་བུ་དང་ལྡན་པའི་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བའི་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ ་དང་མཉམ་པའི་ཐུགས་དང་རྣལ་འབྱོར་པ་ཡང་དག་པར་མཉམ་པར་སྦྱར་བས་ན་སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ་ཞེས་བྱ་བའི་རྒྱུད་ཡིན་ནོ།། །།བསྡུས་པའི་དོན་མཚན་དང་བཅས་པ་བཤད་ནས་ཡན་ལག་གི་དོན་བཤད་པར་བྱ་སྟེ། བཅོམ་ལྡན་འདས་མཁའ་འགྲོ་བདེ་མཆོག་ལ་བསྟོད་པ་དང ་པཱུ་ཛ་དང་ཕྱག་བྱས་ནས། མགོན་པོ་ཁྱོད་ལ་གསོལ་བ་ནི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྣལ་འབྱོར་བདེ་མཆོག་སྒྱུ་མས་སྤྲུལ། །ཉོན་མོངས་ཀུན་ལས་རྒྱལ་བར་མཛོད་ཅེས་གསོལ་བ་བཏབ་པའི་རྗེས་ཐོགས་ལ། བཅོམ་ལྡན་འདས་ཀྱིས། །སེམས་དཔའ་ ་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག་།གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས་།འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་བདག་ཉིད་ཆེ་བའི་ལྟ། །སངས་རྒྱས་ཀུན་དང་མཉམ་སྦྱོར་བ། ། ་མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག། ཅེས་བྱ་བ་སྟོན་པ་པོ་ཉིད་ཀྱིས་གླིང་གཞི་གསུངས་པ་ཡིན་ནོ། །དེ་ལ་སྟོན་པ་ནི་གང་ཞིག་ཡིན། །གནས་ནི་གང། འཁོར་ནི་སུ་དང་ལྷན་ཅིག་ཏུ། དུས་ནི་ནམ་གྱི་ཚེ། ཚེས་ནི་ཅི་ཞིག་གསུངས་ཤེ་ན། དེ་ལ་སྟོན་པ་ནི་སྐུ ་གསུམ་གྱི་བདག་ཉིད་ཡིན་ཏེ། སྤྲུལ་སྐུའི་བདག་ཉིད་ནི། སེམས་དཔའ་སངས་རྒྱས་ཀུན་དངོས་ཅེས་བྱ་སྟེ་འཁོར་ལོ་སྦྱར་བ་དྲུག་གི་བདག་ཉིད་ཅན་ནོ། །ལོངས་སྐུ་ནི་རྡོ་རྗེ་སེམས་དཔའ་བདེ་བའི་མཆོག་ཅེས་བྱ་བ་ཡིན་ནོ། །གནས་ནི་གསང་བ་མཆོག ་གི་དགྱེས་བ་ན་ཞེས་བྱ་བ་ཡིན་ནོ། །འཁོར་ནི་ཐམས་ཅད་བདག་ཉིད་དོ། །དུས་ནི་རྟག་ཏུ་བཞུགས་ཞེས་བྱའོ། །དེ་ལ་ཆོས་ཀྱི་སྐུ་ནི། འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་བདག་ཉིད་ཆེ་བའི་ལྷ། །ཞེས་བྱ་བ་སྟེ། སེམས་རང་རིག་འོད་གསལ ་གཉིས་སུ་མེད་པའི་བདག་ཉིད་གཅིག་པུ་ཆེ་བའི་ལྷ་ཡིན་ནོ། །བཤད་པའི་ཆོས་ནི་སངས་རྒྱས་ཀུན་དང་མཉམ་སྦྱོར་བ། མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་ཅེས་བྱའོ།། །།ཕུན་སུམ་ཚོགས་པ་ལྔའི་འཁོར ་རྣམས་ཀྱི་མངོན་སུམ་དུ་གྲུབ་ན་ཅིའི་ཕྱིར་གླེང་གཞི་གསུངས་ཤེ་ན། མ་འོངས་པའི་གསང་སྔགས་ཀྱི་སྒོ་སྤྱད་པ་སྤྱོད་པར་འདོད་པ་རྣམས་ལ་དམན་པ་དབྱིབས་དང། གསང་སྔགས་དང་མཐར་ཐུག་ཆོས་སྒོམ་པའི་དོན་དུ་བྱང་ཆུབ་སེམས་དཔའ་ཨི་སའི་སྙིང་པོ ་དང། སྤྱན་རས་གཟིགས་དང། འཇམ་དཔལ་ལ་གསུངས་པ་ཡིན་ནོ། །དོན་གསུམ་པོ་འདི་ནི་འཁོར་ལོ་བདེ་མཆོག་གི་འགྲེལ་པར་བལྟ་བར་བྱའོ། །དེ་ལྟར་གླེང་བཞི་གསུངས་ནས་ང་ནི་ལེའུ་དང་པོ་ཁོ་ན་ཉིད་སྣང་བ་དམ་པའི་དེ་ཁོ་ན་ཉིད་སྣང་བ་དམ ་ཡུལ་ལ་འཇུག་པ་ཞེས་བྱ་བ་རྒྱུ་དང་ཐབས་དང་འབྲས་བུ་གསུམ་གྱིས་ཤེས་བྱའི་དུག་ལུགས་བསྟན་པར་བཞེད་ནས། འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་ཡང་མི་མི་གནས་སོ། །ཞེས་པ་ཐབས་ཀྱི་བདག་ཉིད་བཞིན་བརྒྱད་ཅུ་དང་བྲལ ་པར་སྟོན་ཏོ། །ཐབས་དེ་གང་གིས་རྟོགས་སྙམ་ན། བུད་མེད་ཀུན་གྱི་སྒྱུ་མའི་རྒྱ་ཞེས་བྱ་བ་སྨོས་ཏེ། བུད་མེད་ཀུན་ནི་ལས་ཀྱི་ཕྱག་རྒྱ་དང། ཆོས་ཀྱི་ཕྱག་རྒྱ་དང། དམ་ཚིག་གི་ཕྱག་རྒྱ་དང། ཕྱག་རྒྱ་ཆེན་པོ་དང། སྒྱུ་མའི་རྒྱན་ནི་ཞི་གནས་དང། ལྷག་མཐོང ་མངོན་སུམ་དུ་བསྐྱེད་པའི་རྒྱུའི་ཚོགས་པའོ། །དེ་ཉིད་ཐེག་པ་གཅིག་པུ་ཡིན་ཞེ་ན། འདི་ནི་གཉིས་མེད་ཐེག་པ་མཆོག་ཅེས་བྱ་བ་སྨོས་ཏེ། ཐབས་དང་ཤེས་རབ་གཉིས་མེད་རྒྱུ་རྐྱེན་གྱི་ཚོགས་པའོ། །རྒྱུ་རྐྱེན་ཇི་ལྟ་བུ་ཞེ་ན། རྒྱུ་མ་དག་ནི་ཐམས ་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ངོ་བོ་ཉིད་ཀྱི་མཐུ་དག་གིས། །རང་བཞིན་གྱིས་ནི་འགྲུབ་པ་པོ། །ཞེས་བྱ་བ་སྨོས་ཏེ། སྒྱུ་མ་ཐམས་ཅད་ནི་ཚོར་བ་སྡུག་བསྔལ་གྱི་རྒྱུ་རྐྱེན་ཚོགས་པ་དང། བཏང་སྙོམས་ཀྱི་དང། བདེ་བའི་རྒྱུ་རྐྱེན་ཆོགས་པ ་ལས། ཕྱག་རྒྱ་རང་བཞིན་འདི་ནི་རྒྱུ་རྐྱེན་ལས་ཁྱད་པར་འཕགས་སོ། །གོམས་པ་མེད་ན་ཇི་ལྟ་བུ་ཞི་གནས་དང་ལྷག་མཐོང་མངོན་སུམ་དུ་འགྲུབ་ཅེ་ན། ངོ་བོ་ཉིད་ཀྱི་མཐུ་དག་གིས་ཞེས་བྱ་བ་སྨོས་ཏེ། ཞི་གནས་དང་ལྷག་མཐོང་མངོན་སུམ་དུ་བྱེད་པའི་རྒྱུ་རྐྱེན་ཚོགས ་པ་ལས་ཕྱག་རྒྱ་རང་བཞིན་གྱིས་ནི་དེ་འགྲུབ་པའོ། །ཞེས་བྱ་བ་ནི་གསེར་འགྱུར་རྩིའི་རྣམ་པ་བཞིན་དུ་ཕྱག་རྒྱའི་རྒྱུ་རྐྱེན་ཚོགས་པའི་མཁུ་ལས་བསམ་གཏན་གྱི་ཏིང་ངེ་འཛིན་དང་ཟག་པ་མེད་པའི་ཡེ་ཤེས་འགྲུབ་པའོ། །དེ་ལ་ཕྱག་རྒྱ་གསུམ་གྱི་འབྲས་བུ་བཤད་པ་ནི། ་འཇིག་རྟེན་གསུམ་འདིར་བུད་མེད་ཀྱི། །གུས་པ་བྱེད་པ་དག་ཏུ་འགྱུར། །ཞེས་བྱ་བ་གསུངས་ཏེ། ཕྱག་རྒྱ་ཆེན་པོ་དང། དམ་ཚིག་དང་ཆོས་གསུམ་གྱི་འཇིག་རྟེན་གསུམ་གྱི་དྲི་དང་མ་བྲལ་བ་ཡིན་ཏེ་ཟིན་ཀྱང་མངོན་སུམ་གྱི་བདེ་བ་སྟོང་བ་བསྐྱེད་པ་གུས་པར ་བྱེད་པ་ཡིན་ནོ། །དེ་སྐད་རྩ་རྒྱུད་ལས། མྱུར་དུ་དངོས་གྲུབ་རབ་བསྐྱེད་དེ། འཕྲལ་དུ་ཡིད་ཆོས་བྱེད་པ་ཡིན། ཞེས་གསུངས་སོ། །བཞི་པ་ལས་ཀྱི་ཕྱག་རྒྱའི་འབྲས་བུ་མི་རྙེད་དང་བདེ་དང་དགའ་ཀུན་གྱིས། ཞེས་བྱ་བ་སྨོས་སོ། །རྙེད་པ་ནི་དགའ་བ་དང། མཆོག་ཏུ ་ལུས་བདེ་བ་དང། བདེ་བ་ནི་ལྷན་ཅིག་ཏུ་སྐྱེས་དགའ་ཨི་ཕྲེང་བར་བའོ། །དགའ་བ་ཀུན་གྱི་ཞེས་བྱ་བ་ནི་དགའ་བ་གསུམ་གྱི་ཏིང་ངེ་འཛིན་གྱིས་སོ། །དོན་སྤྱོད་མ་འང་འགྲུབ་པར་འགྱུར་ཞེས་པ་ནི་དག་བྱེད་དང་དབང་དང་དཔའ་བོ་དང་བཀས་གནས་པའི་ལྷ་མོ ་ལས་གཞན་པའི་ཐ་མའི་བུད་མེད་ངན་སྤྱོད་མ་ལ་འགྲུབ་པར་འགྱུར་བའོ། །དེའི་ཅིའི་ཕྱིར་ལས་དང་པོ་པ་ལ་འགྱུར་ཞེ་ན། རང་གི་ངོ་བོ་ཡོངས་སྒྱུར་ན། བུད་མེད་ཀུན་གྱིས་གྱུ་མས་འགྲུབ་ཅེས་བྱ་བ་སྨོས་ཏེ། རང་གི་ངོ་བོ་བསྒྱུར་བ་ནི་ཡེ་ཤེས་སེམས་དཔའ་ ་བཅུག་ནས་ཐ་མལ་པའི་བུད་མེད་ཀྱི་ངོ་བོ་བ་སྒྱུར་ཏེ། སངས་རྒྱས་སྤྱན་དང། མཱ་མ་ཀཱི་གོ་དཀར་མོ་སྒྲོལ་མ་ལ་སོགས་བུད་མེད་ཀུན་གྱི་སྒྱུ་མས་འགྲུབ་པའོ། །མའི་ལུས་ལ་ཅིའི་ཕྱིར་སངས་རྒྱས་སྤྱན་ཅེས་བྱ་བ་ལ་སོགས་པར་བརྗོད་ཅེ་ན། ངོ་མཚར་ ་སྒྱུ་མའི་མུ་དྲ་འདི། མཁའ་འགྲོ་མ་ཞེས་བརྡས་བརྟན་པ་ཞེས་པ་སྨོས་ཏེ། མུ་སྟེགས་དྲང་སོང་ངམ། མཚན་ཉིད་ཐེག་པའི་རྒྱུ་བསྙོམས་འཇུག་གི་བསམ་གཏན་བཞིན་དུ་མའི་བུད་མེད་ལ་ཡེ་ཤེས་སེམས་དཔའ་བབས་ནས་ངོ ་མཚར་ཅི་སྒྱུ་མ་ལས་ཀྱི་མུ་དྲར་གྱུར་པས་ནམ་མཁའ་འགྲོ་མ་ཞེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་བཟླས་བསྟན་ཏོ། །དེ་ནི་མཁའ་ལ་འགྲོ་བ་ཞེས། ཁམས་ལས་ཀུན་ཏུ་བརྟགས་པ་སྟེ། ཞེས་བྱ་བ་ལ། ཌཱ་ཀི་ནི་ཞེས་བྱ་བའི་སྒྲའི་ཁམས་ནི། དེའི་ཧ ་སག་མ་ཞེས་པ་སྟེ། ནམ་མཁར་འགྲོ་བ་ཞེས་བྱའོ། །ནམ་མཁའ་ནི་གཅིག་སྟེ་ཞི་གནས་རྟོག་མེད་ཀྱི་ནམ་མཁའ་དང། གཟུང་འཛིན་གཅིག་དང་བྲལ་བ་ལྷག་མཐོང་གི་ནམ་མཁའ་ཨོ། དེར་འགྲོ་བ་ནི་ཞི་གནས་བདེ་བའི་ཏིང་འཛིན་དང། ལྷག་མཐོང་རྣམ་པར་མི་རྟོག ་པའི་ཡེ་ཤེས་ཀྱིས་འགྲོ་བར་བྱེད་པའོ། །དེ་བས་ན། ནམ་མཁའ་ཀུན་ཏུ་སྤྱོད་གྲུབ་པ། །མཁའ་འགྲོ་མ་ཞེས་།རབ་ཏུ་གྲགས་ཞེས་བྱའོ། །མ་ལུས་ཐམས་ཅད་ཕྱག་རྒྱ་ཡི། །ཞེས་པ་ལས་དང་ཆོས་དང་དམ་ཚིག་དང་ཕྱག་རྒྱ་ཆེན་པོའོ། །ཐམས་ཅད ་མ་ལུས་བདེ་མཆོག་གི་ཞེས་པ་ལས། ཆོས་དང་དམ་ཚིག་དང་ཕྱག་རྒྱ་ཆེན་པོའི་ཐབས་ཤེས་པའོ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་མ། ཞེས་པ་ཐབས་བཞི་དང་ཤེས་རབ་བཞི་མཉམ་པར་སྦྱོར་བས་ཟུང་འཇུག་བསྒོམ་པའོ། །མཁའ་འགྲོ་མ ་ཞེས་རབ་ཏུ་གྲགས། ཞེས་པ་ནི་ཕྱག་རྒྱ་ཆེན་པོའི་སྟོང་ཉིད་དང། དམ་ཚིག་གི་ཕྱག་རྒྱ་རླུང་མེའི་དྲོད་ཅན་དང། ཆོས་ཀྱི་ཕྱག་རྒྱ་འདོད་པའི་ཡོན་ཏན་ལྔ་དང། ལས་ཀྱི་ཕྱག་རྒྱ་ཡེ་ཤེས་ལས་སྐྱེས་པ་དང། སྔགས་དང་ཞིང་ལས་སྐྱེས་པའི་མཁའ་འགྲོ ་མའོ། །དེ་ནི་མཁའ་འགྲོ་མ་ཞེས། སངས་རྒྱས་ཁམས་ལས་རབ་ཏུ་བརྟགས་ཞེས་གནས་གཙང་མའི་ལྷའི་སྐང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་བརྡར་གྱུར་པའི་ཞི་གནས་དང་ལྷག་མཐོང་གི་སེམས་ལ་མཁའ་འགྲོ་མ་ཞེས་བྱའོ། །ཀུན་ཏུ ་འགྲོ་པར་འགྲུབ་པ་ནི་ཞེས་པ་མུ་དྲ་ཆེན་པོ་ཆོས་ཀྱི་བདག་ཉིད་ནི། སངས་རྒྱས་ཀུན་གྱི་མཁའ་འགྲོ་མའོ། །ཤམ་ཞེས་བྱ་བ་བདེ་བར་བཤད་ཅེས་པ་ནི་ཟག་མེད་ཀྱི་བདེ་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཀུན་གྱི་ཡེ་ཤེས་ཀྱི་བདག་ཉིད་བདེ་བ་ཆེན་པོའོ། །རྒྱུ་མ ་ཐམས་ཅད་མཉམ་སྤྱོད་བ་མཆོག་ཏུ་བདེ་བས་བདེ་པའི་མཆོག་ཅེས་པ་ཞི་གནས་དང། ལྷག་མཐོང་གི་བདེ་བ་མངོན་སུམ་དུ་ཚོགས་པའི་བདེ་བའི་ཡེ་ཤེས་ཀྱི་རྒྱུ་མ་ཞི་གནས་ཀྱི་མཆོག་ཏུ་བདེ་བ་དང། ལྷག་མཐོང་ཟག་མེད་ཀྱི་བདེ་བ་མཆོག་གོ། དེ་ལྟར་སངས ་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་པའི་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་ཅེས་བྱ་བ་མཚན་དོན་དང་ལྡན་པར་བཤད་པས་ཐབས་ཀྱི་རྒྱུད་ཤེས་བྱེད་བསྟན་ཏོ། །ཀུན་ཏུ་ཀུན་གནས་ཐམས་ཅད་ནི་ཞེས་པ་ལ་སོགས་པ་སྣོད་བཅུད་དང་ཐམས་ཅད་དང་མཉམ་ ་པར་སྦྱོར་བའི་དོན་བཤད་དོ། །ཀུན་ཏུ་ཞེས་དུས་?་དུའོ། །ཀུན་ནས་ཞེས་བ་ཕྱོགས་པའོ། ཐམས་ཅད་ནི་དངོས་པོ་ཐམས་ཅད་དུའོ། །རྟག་ཏུ་ནི་ཡུལ་དང་དུས་ཐམས་ཅད་ལའོ། །རྣམ་པ་ཀུན་ནི་གནས་སྐབས་ཐམས་ཅད་དོ། །སངས་རྒྱས་ལ་སོགས་ནས་རྩ་བའི་རིགས་བཞིའོ། །སོགས་ཞེས་སྨོས ་པ་ནི་རྡོ་རྗེ་དང་རྡོ་རྗེ་འཛིན་པ་ལ་སོགས་པའི་རིགས་སུའོ། །བསྟན་པ་ནི་གཞལ་ཡས་ཁང་དང། གཡོ་བ་ནི་ལྷའི་འཁོར་ལོའོ། །ཀུན་གྱི་དངོས་པོར་བདག་གྱུར་ཏོ་ཞེས་པ་བདེ་བ་ཆེན་པོའི་དེ་ཉིད་ཞི་པ་དང་སྲིད་པ་ཁྱབ་པར་བསྟན་པའོ། །དེ་ལྟར་མདོར་བསྟན་ནས། ་རྒྱས་པར་བསྟན་པ་ནི་སེམས་དང་སེམས་ཀྱི་ཏིང་ངེ་འཛིན་ཞེས་སྨོས་ཏེ། སེམས་ནི་ཚོགས་བརྒྱད་ཉིད་དུ་བགྲངས་པའོ། །སེམས་པ་ནི་འདུ་བྱེད་ལྔ་བཅུ་རྩ་གཅིག་ཏུ་གཞག་པའོ། །ཏིང་ངེ་འཛིན་ནི་བསམ་གཏན་དང། གཟུགས་མེད་པའོ། །བྱང་ཆུབ་པ་སྦྱོད་པ ་ཚོགས་ཉིད་ནི། ལྷུམས་སུ་ཞུགས་པ་ནས་བྱང་ཆུབ་སྦྱོར་པའི་བར་རོ། །དེ་བཞིན་བདུད་དང་བདུད་ལས་རྒྱལ། ཞེས་པ་སྲོད་ལ་བདུད་བཏུལ་ནས་ཐོ་རངས་སངས་རྒྱས་པའོ། །དེ་ནི་བྱང་ཆུབ་སངས་རྒྱས་ཡིན། ཞེས་པ་ཐམས་ཅད་ལ་ཁྱབ་པ་དེ་ཉིད་རིགས་བཞིའི? ་སངས་རྒྱས་ཀྱི་བདག་ཉིད་དོ། །རྡོ་རྗེ་ནི་རྡོ་རྗེ་སེམས་དཔའ་ཨི་རིགས་སོ། །རྡོ་རྗེ་འཛིན་པ་ནི་ཧེ་རུ་ཀའི་རིགས་སོ། །པདྨའི་ནི་པདྨ་གར་གི་དབང་ཕྱུག་གི་རིགས་སོ། །པདྨ་འཆད་བ་ནི་ལས་ཀྱི་རིགས་སོ། །ནོར་བུ་ནི་རྡོ་རྗེ་རིན་ཆེན་གྱི་རིགས་སོ། །ནོར་བུ་འཛིན་པ་ནི་རྣམ་སྣར? ་གི་རིགས་སོ། །དེ་ཉིད་འདོད་ཆགས་ནི་ཁྱིམ་པའི་གཟུགས་ཅན་ནོ། །འདོད་ཆགས་བྲལ་ནི་རབ་བྱུང་གི་གཟུགས་ཅན་ནོ། །འདོད་པ་ནི་འཇིག་རྟེན་གྱི་དངོས་གྲུབ་བོ། །གྲོལ་བ་ནི་མཆོག་གི་སིདྡྷིའོ། །དེ་ལྟར་སངས་རྒྱས་བྱང་ཆུབ་སེམས་དཔའ་ཨི་མཉམ་པར་སྦྱོར་བར་བཤད ་ནས། སེམས་རང་རིག་འོད་གསལ་མ་དག་པའི་གནས་སྐབས་ན། སངས་རྒྱས་ཐམས་ཅད་མཉམ་པར་སྤོང་པའི་བཤད་པ་ནི། དུས་གསུམ་སྲིད་པ་གསུམ་མཆོག་གསུམ་དང། ཞེས་པ་ལ་སོགས་པ་གསུངས་ཏེ་འཇིག་རྟེན་གསུམ་ནི་ས་བླས་འོག་ས ་སྟེང་ངོ། །ཁམས་གསུམ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་ལ་སོགས་པའོ། །རྣམ་པ་སྣ་ཚོགས་ཐ་དད་པ་ཞེས་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་གནས་ཐམས་ཅད་དོ། །འགྲོ་བ་དག་ནི་མ་ལུས་ཀུན་ཞེས་པ་འགྲོ་བ ་རིགས་རྣམས་སོ། །ཐམས་ཅད་དུ་ནི་འདས་གྱུར་རོ། །ཞེས་པ་སེམས་འོད་གསལ་ལོ། །དེ་ལ་སོགས་པ་མཛའ་ཡས་མཚོག་ཅེས་པ་སྣོད་བཅུད་ཐམས་ཅད་ཀྱི་བདག་ཉིད་དོ། །ཆོས་ཀྱི་དབྱིངས་མཉམ་མི་མཉམ་ཞེས་པ། སྐྱ་མ་ལྟ་བུར་མི་མཉམ་པ་དང། ་འོད་གསལ་བར་མཉམ་པའོ། །ནམ་མཁའ་དབྱིངས་ཀྱི་མཐས་ཀླས་པ་ཞེས་པ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་དངོས་པོ་ཐམས་ཅད་དོ། །ནམ་མཁའ་ཀུན་གྱི་སྐབས་ན་དཔལ་ཞེས་པ་ཕྱག་རྒྱ་ཆེན་པོ་ལ་སྟོང་པ་ཉིད་ཀྱི་གསེར་བརྟོལ་ནས། ཟླ ་བཅོས་པ་ལྟ་བུ་འམ། སེངྒེ་འཕྲུལ་པ་ལྟ་བཱུམ། སྐར་གདུང?་ལྟ་བུ་ཨིནྡྲ་པོ་དྷིའི་མན་ངག་གིས་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ། མཁའ་འགྲོ་མ་སྒྱུ་མ་མཉམ་པའི་མཆོག་ཅེས་བྱའོ། །དེ་ལྟར ་བདེ་བ་ཆེན་པོའི་རང་བཞིན་རྡོ་རྗེ་སེམས་དཔའ་ཨི་རང་བཞིན་ཡིན་པར་བཤད་ནས། ད་ནི་དེ་སྒྲུབ་པའི་ཐབས་བཤད་པའི་ཕྱིར། བསྐལ་པ་བྱེ་བ་གྲངས་མེད་པར་ཞེས་པ་སྨོས་ཏེ། མཚན་ཉིད་ཐེག་པས་བསྐམ་པ་གྲངས་མེད་པས་མི་ཐོབ་པ་ཕྱག་རྒྱ་བཞིའི་རྒྱུའི་ཚོགས་པ་? ་དང་གང་དག་གིས་ཚེ་འདི་ཉིད་ལ་སངས་རྒྱས་ཐོབ་པར་འགྱུར་རོ། །ཞེས་བཤད་པར་དམ་བཅའ་བ་གསུངས་པ་ཉ་ཡིན་ནོ། །སངས་རྒྱས་བདག་ཉིད་བདེ་བའི་མཆོག་ཅེས་བྱ་བས་ཕྱག་རྒྱ་གསུམ་ལས་ཞི་གནས་བདེ་བ་མངོན་སུམ་དུ་བྱས་ཏེ། ཕྱག་རྒྱ་ཆེན་པོ ་བདེ་བ་སྟོང་པ་ཉིད་ཤིན་ཏུ་བསྒྲུབས་པ་ལས་སངས་རྒྱས་ཀུན་གྱི་བདག་ཉིད་ས་བཅུ་གཅིག་པའི་བདེ་བའི་མཆོག་ཐོབ་པའོ། །དེ་ལྟར་རྫོགས་པའི་རིམ་པ་བཤད་ནས། བསྐྱེད་པའི་རིམ་པ་བཤད་པ་ནི། རྣལ་འབྱོར་ཡང་དག་མ་ཡིན་སེམས་ཞེས་པ་སྨོས་ཏེ། ་རྟོག་པ་དྲུག་ལ་སོ་སོའི་བསྐྱེད་རིམ་པའི་སེམས་ལྷ་ལ་དམིགས་པར་བྱེད་པ་དག་ཅེས་པ་དབུགས་འབྱུང་བ་དྲུག་གི་དཀྱིལ་འཁོར་གྱི་ལྷའོ། །རྣལ་འབྱོར་གཟུགས་བརྙན་རང་བཞིན་ཏེ། ཞེས་པ་སྤྲུལ་སྐུའི་གཟུགས་བརྙན་རྗེས་འཇུག་གི་རྣལ་འབྱོར་གྱིས། ་ལུགས་མ་ལ་སེམས་དཔའ་ཨི་སྐུར་བསྐེམས་ན། མཐོང་བ་དང་ཐོས་པ་རང་རེག་པའི་མཚན་མ་སྐྱེ་བར་འགྱུར་རོ། །དེ་ལྟར་ལས་དང་པོའི་རྣལ་འབྱོར་བཤད་ནས། མཆོག་ཏུ་གྱུར་པའི་རྣལ་འབྱོར་པའི་ཏིང་ངེ་འཛིན་ནི་ཡང་དག་མཆོག་སེམས་རྣལ་འབྱོར་པའི ་ཞེ། ཁ་ལ་སོགས་པ་སྨོས་ཏེ། མཚན་མ་ཐོབ་པའི་མཆོག་ཏུ་གྱུར་བའི་རྣལ་འབྱོར་པས་སྤྲུལ་སྐུ། །ལྟེ་ལ་དམིགས་པར་བྱེད་པ་དག། རང་གི་ཆོས་ཀྱི་དབྱིངས་ཀྱི་དམ་ཚིག་གི་སྦྱོར་བས། ཕྱག་རྒྱ་ཆེན་པོའི་མཆོག་ཏུ་མི་འགྱུར་བ་དང། གཞན་གྱི་དོན་ཕུན? ་སུམ་ཚོགས་པ་དམ་པ་འགྲུབ་བར་འགྱུར་རོ། །གཟུགས་འབའ་ཞིག་བསྒོམས་པ་ལས་མཆོག་གི་དངོས་གྲུབ་དུ་ཅི་མི་འགྱུར་ཞེ་ན། གཟུགས་བརྙན་གཟུགས་ལ་སོགས་པ་དང། རྣལ་འབྱོར་འབྱུང་བར་མི་འགྱུར་གྱི་བྱང་ཆུབ་སེམས་དཔའ་? ་ཆེན་པོའི་ལྷའི་དེ་ཁོ་ན་ཉིད་རབ་ཏུ་རྩོལ་བ་དེ་ལ་རྣལ་འབྱོར་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྡོ་རྗེ་ཞེས་པ་སེམས་འོད་གསལ་གཉིས་སུ་མེད་པའི་རྡོ་རྗེ་སྟེ། སངས་རྒྱས་ཀུན་གྱི་བདག་ཉིད ་ཡིན་པ་དེ་བས་ན་རྣལ་འབྱོར་ཐམས་ཅད་ལྷ་ཐམས་ཅད་ཀྱི་རང་བཞིན་དུ་སྦྱོར་བས་ཀྱང་སངས་རྒྱས་ཐོབ་པར་འགྱུར་རོ། །དེ་ལྟར་བསྟན་ནས་རྒྱས་པར་བཤད་པ་ནི། བདག་ཉིད་སངས་རྒྱས་ཐམས་ཅད་དང། དཔའ་ཨོ་ཐམས་ཅད་བདག་ཡིན་ནོ། །ཞེས་པ ་སེམས་འོད་གསལ་གྱི་བདག་ཉིད་སངས་རྒྱས་ཐམས་ཅད་དཔའ་ཨོ་སེམས་དཔའ་ཐམས་ཅད་ཀྱི་བདག་ཉིད་ཡིན་ནི། །དེ་བས་བདག་ཉིད་ལྷར་སྦྱོར་བས། །ཞེས་པས་སྒྱུ་མ་དང་སྟོང་པར་གཅིག་པའི་ལྷའི་རང་བཞིན་དུ་སྦྱོར་བས་བདག་ཉིད་ལྷའི་རང་བཞིན ་དུ་སྦྱོར་བར་བྱའོ། །རྒྱུ་མཚན་དེས་ན་ཕུང་པོ་ལྔ་སངས་རྒྱས་ཐམས་ཅད་དང་དཔའ་ཨོ་རྣམས་སེམས་དཔའ་ཐམས་ཅད་དང། ལོངས་སྐུ་རྡོ་རྗེ་འཛིན་པ་ཐམས་ཅད་དུ་ཆ་འདི་ཉིད་ལ་འགྲུབ་པར་འགྱུར་རོ། །རྟག་པ་དང་པོའི་འགྲེལ་པ་རྫོགས་སོ།། །། ་དེ་ལྟར་དེ་ཁོ་ན་ཉིད་གཙོ་བོར་བསྟན་པའི་?་པ་བཤད་ནས། ད་ནི་རྡོ་རྗེ་སེམས་དཔའ་ཨི་རང་བཞིན་ཐབས་མང་བོ་བཤད་པ་ནི། འདི་ནི་རྣལ་འབྱོར་ལྷ་ག་བཱན། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཞེས་པ་ལ་སོགས ་པ་བཤད་ཟིན་ཏོ། །རྣལ་འབྱོར་དེ་ཇི་ལྟ་བུ་ཞེ་ན། རྡོ་རྗེ་སེམས་དཔའ་བདག་སྦྱོར་བས། དབབ་པ་ཐམས་ཅད་འགྲུབ་བར་འགྱུར་ཞེས་སྔོས་ཏེ། བདག་གིས་རྟོག་པ་དྲུག་གིས་ལྷར་བསྐོར་ལ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་སྐུ་གསུང་ཐུགས ་གནས་ཅད་ཀྱི་ཡེ་ཤེས་ཕོབ་ན། གསེར་འགྱུར་རྩིའི་རྣམ་པ་བཞིན་དུ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་འགྲུབ་པར་འགྱུར་རོ། །དེ་བས་ན་བྱིན་རླབས་ཀྱི་ལམ་གྱི་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ། འདིས་རྒྱུའི་རྒྱུད་ཀྱི་རྣལ་འབྱོར་གྱི་ ་དབང་ཕྱུག་ཆེན་པོ་ཐབས་ཀྱི་རྒྱུད་ཀྱི་བྱིན་གྱི་རླབས་ཀྱི་ལམ་གྱིས་བདེ་བ་ཉིད་ཀྱིས་འབྲས་བུའི་སངས་རྒྱས་ཀྱི་བདེ་བ་ཀུན་ཐོབ་པའོ། །དེ་ལྟར་བསྒོམ་པ་བཤད་ནས། སྤྱོད་པ་བཤད་པ་ནི། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ་ཞེས་བ་སྨོས་ཏེ། མཉམ་པར་སྦྱོར་བའི ་སྤྱོད་པའི་སྒོམས་ནས་ཐབས་ཀྱི་རྣལ་འབྱོར་འདི་ལ་ཁྲུས་དང་སྡོམ་པ་ལ་སོགས་པ་མི་དགོས་སོ་ཞེས་གསུངས་པ་ཡིན་ནོ། །ལྷག་མ་ནི་གོ་སླའོ། །སྤྱོད་པ་བཤད་ནས་བརྟུལ་ཞུགས་བཤད་པ་ནི། ལངས་པ་དང་ན་འདུག་པ་དང། ཞེས་པ་ལ་སོགས་པ་སྨོས་ཏེ ་སྦྱིར་ལ་མ་བཞི་ལ་རྣལ་འབྱོར་པ་རྣམས་རྟོག་པ་དྲུག་གི་ལྷའི་ང་རྒྱལ་གྱིས་རྒྱས་བཏབ་ནས་ལྷའི་བརྟུལ་ཞུགས་སྤྱོད་པ་ནི་མདུན་གྱི་ཤེས་རབ་ཀྱི་དཀྱིལ་འཁོར་དུ་མ་ཞུགས་ཀྱང། རང་གི་ལྷའི་བདག་ཉིད་དུ་བསྒོམ་པའི་རྣལ་འབྱོར་པ་བསོད་ནམས་?་? ་འགྲུབ་པར་འགྱུར་རོ། །དེ་ལྟར་བརྟུལ་ཞུགས་གསུང་ནས་དེ་ཁོ་ན་ཉིད་བཤད་པ་ནི་དེ་ཉིད་རྣལ་འབྱོར་འདི་ཡིས་ནི་ཞེས་པ་ལ་སོགས་ཏེ། ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ལས་དབང་བཞི་པ་ཐོབ་ནས། དེ་ཁོ་ན་ཉིད་བསྒོམ་པ་ནི་རྣལ་འབྱོར་པ་སྤྲོས་མེར་གྱི་སྤྱོད་པས ་དགེ་བ་དང་མི་དགེ་བ་དང་ལུར?་དུ་མ་བསྟན་པ?་ཐམས?་ཅད?་?་ཆེན་པོའི་རང་བཞིན་སྒྲུབ་པར་བྱེད་བ་ནི་ཉེས་པ་ཐམས་ཅད་གྱིས་གཙེས་པར་མི་འགྱུར་རོ། །མཚན་ཉིད་ཐེག་པས་བསྐལ་པ་གྲངས་མེད་པའི་ས་མི་ཐོབ་པ་ཡང་སར་པ་རྒྱས་དང་བྱང་ཆུབ་སེམས ་དཔའ་ཨི་ལམ་རིམ?་མ?་?་གྱི་?་?་ཆེན་པོ?་གང་གིས་བསྒྲུབས་ན་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ཁོ་ན་ཉིད་བསྒོམ་པ་བཤད་ནས། ད་ནི་གདོད་རྒྱུན་གྱོན་ནས་སྒྲུབ་པ་བསྟེན་པའི་ཕྱིར། སངས་རྒྱས་ཐམས་ཅད་མཉམ་སྦྱོར་གནས་པས་སོགས་པ ་གསུངས་ཏེ། སངས་རྒྱས་ཀྱི་ཐུགས་དང་མཉམ་པར་སྦྱོར་གདང་རྒྱན་བྱོན་ནས། རྟོག་པ་རུག་གི་ལྷའི་འཁོར་ལོ་བསྒྲུབས་ན་སངས་རྒྱས་ཐམས་ཅད་ཀྱིས་རློབ་ཅིང་འདུ་བར་འགྱུར་རོ། །དེར་ས་ན་སངས་རྒྱས་ཐམས་ཅད་འགྲུབ་པར་འགྱུར་རོ། །གདོང་རྒྱན ་གྱོན་བ་བཤད་ནས། ཚོགས་ཀྱི་འཁོར་ལོ་བཤད་པའི་ཕྱིར། གང་གིས་ལྡེམ་དགོངས་འདི་མཐོང་ནས། རྣམ་པ་ཀུན་ཏུ་མཆོད་བྱེད་ན། །ཞེས་པ་ལ་སོགས་པ་སྨོས་ཏེ། བཅོས་མའི་རྣལ་འབྱོར་གྱི་གཟུགས་བརྙན་དང་བཅས་པས ་རྟོག་པ་རང་གི་ལྷའི་འཁོར་ལོ་བསྒོམ་ཞིང་འདོད་པའི་ཡོན་ཏན་ལྔས་རྣམ་པ་ཀུན་ཏུ་དད་པར་བྱེད་པ་ནི། རྣལ་འབྱོར་པ་ཡེ་ཤེས་སེམས་དཔའ་དང་ཐ་མི་དད་པར་བྱས་ན་དེས་སངས་རྒྱས་མཐོང་ཞིང། པཱུ་ཛ་བྱས་པར་འགྱུར་རོ། །འདི་དང་སངས་རྒྱས་ཐམས ་ཅད་ལ། ཞེས་པ་རྣལ་འབྱོར་པ་འདི་དང་སངས་རྒྱས་ཐམས་ཅད་ལ་མཐོང་བ་གཟུགས་དང། ཐོས་པ་སྒྲ་དང། སྣོམ་པ་དྲི་དང། མྱོང་བོང་དང་རེག་བྱ་ལ་སོགས་པས་པཱུ་ཛ་པས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་མ་ཞུགས་ཀྱང་བདེ་བས་དར་པོའི་ཡེ་ཤེས་མཐོང ་བར་འགྱུར་རོ། །དེའི་ཕན་ཡོན་བསྟན་པ་ནི། མཐོང་བ་དང་ནི་རེག་པ་རང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གྲོལ་བའི་ལམ་པའི་རྣལ་འབྱོར་པས་རྒོད་པ་དང་བལྟས་པ་དང། ལག་བཅངས་ཀྱིས་ཀྱང་འགྲུབ་པར་འགྱུར་རོ། །ཆགས་པའི་ལམ་གསུངས་པ་ནི། ་འདིར་སངས་རྒྱས་ཐམས་ཅད་ལ་ཞེས་པ་ལ་སོགས་པ་གསུངས་ཏེ། འདི་ནི་ཚོགས་ཀྱི་འཁོར་ལོ་བསྒོམ་པའི་རྣལ་འབྱོར་པ་དང་རྣལ་འབྱོར་མའོ། །སངས་རྒྱས་ཐམས་ཅད་ལ་ཞེས་པ་ཡེ་ཤེས་སེམས་དཔའ་དང་རྣལ་འབྱོར་མཉམ་བར་སྦྱིར?་?་བསངས ་བྱེར་?་ལ་མོ་དང། དབང་གི་དང། དཔའ་བོའི་དར། བཀས་གནད་བའི་ལྷ་མོ་དག་ཀྱང་རྣམ་པར་འགྲོལ་ཞིང་བྱང་ཆུབ་ལ་རེག་པར་འགྱུར་རོ། །དེ་ལྟར་ཆགས་པའི་ལམ་བཤད་ནས། ཚོགས་ཀྱི་འཁོར་ལོའི་སྦྱོར་པ་བཤད་པ་ནི། ཀུན་?་?་? ་ཅད་པུ་ནས་པ་ལ་སོགས་པ་གསུངས་ཏེ། སྤྱོད་པས་བཞི་པ་ལྷའི་འཁོར་ལོ་དངོས་བཞི་དང། མཐུན་བར་མཚན་མཐོབ་པའི་རྣལ་འབྱོར་པས། གནས་ཐམས་ཅད་དུས་ཐམས་ཅད་ཀྱི་བདག་ཉིད་རྟག་པར་བསྒོམས་ནས། ཐམས་ཅད་མིས་བྱང་ཆུབ ་ཐོབ་པར་འགྱུར་རོ། །སྦྱོར་པ་བཤད་ནས། རྣལ་འབྱོར་བཞི་བསྒོམ་པ་བཤད་པ་ནི། འདིའི་བདག་ཉིད་ཀུན་གནས་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ཉིད་རྡོ་རྗེ་སེམས་དཔའ་ཨི་རྣལ་འབྱོར་བྱས་ལ། གཟུགས་ཡིད་དུ་འོང་བ་དང་མི་འོང་བ་རྣམ་པ ་གསུམ་དང། གཟུགས་སྒྲ་དྲི་རོ་རེག་བྱ་ཡིད་དུ་འོང་བ་གསུམ་ལྷ་མོར་བསྐྱེད་པའི་པཱུ་ཛའི་སྤྲིན་ཐམས་ཅད་ཀྱི་པཱུ་ཛ་ན་བདེ་བའི་མཆོག་ཐོད་པར་འགྱུར་རོ། །དེ་ལྟར་རྣལ་འབྱོར་བའི་དགོས་པ་བཤད་ནས། ཐམས་ཅད་ཀྱི་རྣལ་འབྱོར་བཤད་པ་ནི། རྣལ་འབྱོར་ཐམས ་ཅད་ཉེར་སྦྱོར་བས། ཞེས་པ་ལ་སོགས་པ་གསུངས་ཏེ། ཁམ་གསུམ་པ་ཐམས་ཅད་ལྷའི་རང་བཞིན་དུ་བསྐྱེད་ལ། རྣལ་འབྱོར་མ་ཀུན་གྱི་ལོངས་སྤྱོད་བ་འཁྱུད་པ་དང། འོ་བྱེད་པ་ལ་སོགས་པའི་བདེ་བས་རབ་ཏུ་པཱུ་ཛ་བར་བྱའོ། །རྗེས་སུ་རྣལ་འབྱོར་ཐབས ་ཀྱི་འཁོར་ལོ་དང་ཤེས་རབ་ཀྱི་འཁོར་ལོ་མཉམ་པར་སྦྱོར་བ་བདེ་བས་པཱུ་ཛ་ན་འགྲུབ་པར་འགྱུར་རོ། །ཤིན་ཏུ་རྣལ་འབྱོར་ནི། སངས་རྒྱས་ཀུན་གྱི་བདག་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་བ་ལ་སྟོང་པ་ཉིད་ཀྱི་རྒྱུས་བཏབ་ནས། སངས་རྒྱས་ཐམས ་ཅད་ཀྱིས་ས་ཡ་ནའི་བདེ་བ་སྒྲུབ་བས་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་བདེ་བའི་མཆོག་འགྲུབ་པ་བརྟག་པ་གཉིས་པའི་འགྲེལ་པའོ།། །།དེ་ལྟར་ཐབས་མད་བཤད་པ་ནས། ཟབ་པ་བཤད་པ་འདི་ནི། རྣལ་འབྱོར་བཅོམ ་ལྡན་འདས་ཞེས་པ་ལ་སོགས་པ་སྟེ། ཟབ་པའི་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། རྡོ་རྗེ་སེམས་དཔའ་ཨི་རྣལ་འབྱོར་པ་ཞེས་བྱ་བའི་རྒྱུའི་རྒྱུད་དང། དཔལ་ལྡན་རབ་ཀྱི་དམ་ཚིག་དགེ་ཞེས་པ་ཕྱག་རྒྱ་དང ་མཉམ?་བ?་སྦྱོར?་བས?་ཞི?་གནས་དང་ལྟག་མཐོང་མ་བོན་སུམ་དུ་བསྐྱེད་པའི་མཉམ་པར་སྦྱོར་བའོ། །རྡོ་རྗེ་སེམས་དཔའ་ཨི་སྦྱོར་བ་ཡིས་ཞེས་པ་ལ་སོགས་པ་གསུངས་ཏེ། གཏི་མུག་གི་རིགས་ཅན་གྱི་ཕྱིར། རྒྱ་བཞི་དང་མཉམ་པར་སྦྱོར་བས་རྟེན་?་ཚོགས་པའི ་མཐུ་ཉིད་ཀྱིས་བདེ་བ་ཆེན་པོ་སོ་སོར་དང་འགྲུབ་པར་འགྱུར་རོ། །ཧེ་རུ་ཀའི་དམ་ཚིག་གི་བཤད་པ་ནི། ཀུན་ཏུ་བཟང་མོའི་རང་བཞིན་གྱིས། ཕྱག་རྒྱ་བཞི་རྟེན་འབྲེལ་གྱི་མཐུ་ཉིད་མུ་དྲ་བཞི་སོ་སོ་ལ་བདེ་བསྟོང་པ་ཉིད་ཀྱི་རྒྱས ་བཏབ་ན་བདེ་བ་སྟོང་པ་ཉིད་དུ་འགྲུབ་པར་འགྱུར་རོ། །པདྨ་གར་དབང་གི་དམ་ཚིག་གི་བཤད་པ་ནི། གོས་དཀར་མོའི་རང་བཞིན་གྱི་ཕྱག་རྒྱ་བཞི་ལ་བདེ་བ་སྟོང་ཉིད་སོ་སོར་སྒྲུབ་པའོ། །རྡོ་རྗེ་ཉི་མའི་དམ་ཚིག་བཤད་པ་ནི། མཱ་མ་ཀཱིའི་རང་བཞིན་གྱི་ཕྱག་རྒྱ ་བཞི་ལ་སྟོང་ཉིད་ཀྱི་རྒྱས་བཏབ་པས་བདེ་བ་ཆེན་པོ་སོ་སོར་འགྲུབ་པར་འགྱུར་རོ། །རྟ་མཆོག་གི་དམ་ཚིག་བཤད་པ་ནི་དཔལ་རྡོ་རྗེ་སེམས་དཔའ་སྦྱོར་བ་ཞེས་བྱ་བ་བསམ་གཏན་དང་ཟག་མེད་ཀྱི་སྡོམ་པ་མངོན་སུམ་དུ་བསྐྱད་པའི་རྒྱུའི་ཚོགས་པའི་མཐུ ་ཉིད་ཀྱིས་སྒྲོལ་མའི་རང་བཞིན་གྱི་ཕྱག་རྒྱ་གཉིས་ལས་བདེ་བ་ཆེན་པོ་སོ་སོར་གྲུབ་ནས་འཇིག་རྟེན་གྱི་དངོས་གྲུབ་དྲུག་རྗེས་སུ་རང་འགྲུབ་པར་འགྱུར་རོ། །དེ་ལྟར་ལྷ་སོ་སོའི་ཕྱག་རྒྱ་བཤད་ནས། རིགས་དྲུག་ཐུན་མོང་གི་ཆོས་ཀྱི་ཕྱག་རྒྱ་གསུངས་པ ་ནི་དེའི་དམ་ཚིག་དེ་འབྱུང་བ་ཞེས་བྱ་བར་ལུངས?་ཏེ་ཐབས?་དྲུག་པོ་གང་ཡིན་པ་དེའི་དམ་ཚིག་ཤེས་རབ་ཀྱི་རང་བཞིན་གང་ཡིན་བདེ་འབྱུང་བའོ། །སྡུག་པའི་དམ་ཚིག་འདས?་རྗེས་འབྲང་ཞེས་བྱ་བ་སྡུག་པ་ནི་ལྷ་མོའོ། །དམ་ཚིག་ནི་རང་སྣང་བའི་ཆོས་ཀྱི་ཕྱག་རྒྱའོ། །བདག་རྗེས་འབྲང་ཞེས་པ་ ་ཐབས་དང་སྐུ་མདོག་མཐུན་པའོ། །ཤིན་ཏུ་སྦྱོར་བ་ནི་སྒྱུ་མ་ལྟ་བུར་ཤེས་པའོ། །སྦྱོར་བ་ཆེན་པོ་ནི་འོད་གསལ། གྱི་རང་བཞིན་དུ་ཤེས་པའོ་ཐམས་ཅད་བདག་ཉིད་དམ་ཚིག་མཆོག་ཅེས་བྱ་བའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་དང་སྣང་གི་ལྷ་མོ་དྲུག ་གོ་།གཅིག་བཞིན་དུ་ནི་གཅིག་སྤྱོད་པ་ཞེས་པ་བསྙན་སྒྲུབ་བཞིས་ལྷ་དང་ལྷ་མོར་བསྐྱེད་པའོ། །ལྷན་ཅིག་སྤྱོད་པ་ནི་དགའ་བ་གཉིས་སོ། །རྗེས་སུ་སྡུག་ཅེས་པས་མཆོག་དགའ་བོ། །མཁའ་འགྲོ་སྒྱུ་མ་མཆོག་ཏུ་འབད་ཞེས་པ་ལྷན་ཅིག ་སྐྱེས་དགའ་ཨོ། །ཐམས་ཅད་དགའ་བ་མ་ལུས་པའི། ཕྱག་རྒྱ་ཐམས་ཅད་བདེ་བ་ཆེ་ཞེས་བྱ་བ་ནི། བདེ་བ་ཆེན་པོའི་ཡེ་ཤེས་སོ། །རྟོག་པ་དམ་ཚིག་ལྷ་མའི་ཞེས་པ་སངས་རྒྱས་སྤྱན་ལ་སོགས་པ་བུད་མེད་ཀྱི་གཟུགས་ཅན་གྱི་སྤྲུལ་སྐུའོ། །རྡོ་རྗེ་སེམས་དཔའ་སྦྱོར་བའང? ་ཞེས?་པ། རང་བཞིན་བརྒྱད་ཅུ་དང་བྲལ་བའི་དགའ་བ་གསུམ་དང། བདེ་བ་སྟོང་པ་ཉིད་དུ་ཤེས་པ་ནི་རྡོ་རྗེ་སེམས་དཔའ་ཨི་སྦྱོར་བའོ། །ལྷ་མོ་ཐམས་ཅད་འདུས་པ་ནི་ཚོགས་ཀྱི་འཁོར་ལོའི་ལྷ་མོའོ། །མ་ལུས་སྐལ་པ་བཟང་པོ་ཀུན་ཞེས་པ་ཡེ་ཤེས་ལས་སྐྱེས་པ་དང ་ཞིང་སྐྱེས་དང་སྔགས་ལས་སྐྱེས་པའོ། །བདེ་བ་སོ་སོར་རྗེས་འགྲུབ་པ་ཞེས་པ་ལྷ་མོ་དེ་རྣམས་ལ་ཞི་གནས་ལྷག་མཐོང་སུམ་དུ་བསྐྱེད་པའོ། །དེ་ལྟར་ཆོས་ཀྱི་ཕྱག་རྒྱ་བཤད་ནས། ཕྱག་རྒྱ་ཆེན་པོ་བཤད་པ་ནི། ཕྱག་རྒྱ་འདི་ཡིས་རྒྱས་བཏབ་པས་ཤེས ་པ་སྨོས་ཏེ། རྡོ་རྗེ་སེམས་དཔའ་ཨི་རྣལ་འབྱོར་བས་རང་གི་མུ་དྲ་ལ་བདེ་བ་ཆེན་པོའི་རྒྱས་བཏབ་ནས་བསྒོམས་ན་ནམ་མཁའ་ཨི་ཁམས་ཀྱིས་མཐས་ཀླས་པའི་ལྷ་མོ་ཐམས་ཅད་ལ་དབང་བསྒྱུར་བའི་འདོད་པའི་དབང་ཕྱུག་ཏུ་འགྱུར་རོ། །ཇི་ལྟར་འགྱུར་སྙམ་ན། ་ཐམས་ཅད་རྣལ་འབྱོར་བདེ་བས་མྱོང་ཞེས་པ་སྨོས་ཏེ། སྐལ་པ་དང་ལྡན་པའི་རྣལ་འབྱོར་མ་ཐམས་ཅད་ལ་ཡེ་ཤེས་བསམ་པའི་བདེ་བས་མྱོས་ནས་སྙོམས་པར་ཞུགས་ཀྱང་སྡིག་པ་མེད་ཅིང། སྟོབས་ཀྱི་ངོ་མཐོན་དུ་ཞེས་བྱ་བ་ནི་དེའི་མཐུས་མངོན་སུམ ་དུ་ཞེས་བྱ་བའི་ཐ་ཚིག་གོ་།རང་བཞིན་བརྒྱད་ཅུ་དང་དྲང?་བབས་སྡིག་པ་མེད་ཅིང་ཞི་གནས་དང། ལྷག་མཐོང་མངོན་སུམ་སྐྱེ་བས་ན་ངོ་མཐོན་དུའོ། །རྡོ་རྗེ་སེམས་དཔའ་ཨི་རྣལ་འབྱོར་པས་མཆོག་གི་དངོས་གྲུབ་ཐོབ་ནས་འདོད།། ་།།པའི་དབང་ཕྱུག་གི་དངོས་གྲུབ་ཀྱི་ལས་བྱེད་པར་འགྱུར་རོ། །རྣམ་སྣང་གི་ཕྱག་རྒྱ་ཆེན་པོར་གྲུབ་པའི་ཕན་ཡོན་ནི། དབང་པོ་ཀུན་ལས་བྱུང་བའི་ཞེས་པ་ལ་སོགས་པ་སྨོས་ཏེ། འཇིག་རྟེན་གྱི་ཁམས་ཀྱི་འདོད་ཡོན་ལྔས་པཱུ་ཛ་བ་ཛའི?་གྲུབ་པོ།། ་ཧེ་རུ་ཀའི་ཕྱག་རྒྱ་ཆེན་པོ་ནི། རྣལ་འབྱོར་བདེ་བ་ཐམས་ཅད་ནི་ཞེས་པ་སྨོས་ཏེ། བདེ་བ་ཆེན་པོའི་དབང་བསྐུར་བས་ཧེ་རུ་ཀ་ཆོས་ཀྱི་ངོ་བོར་རོ་གཅིག་པའི་དབང་བསྐུར་བ་ཡིན་ནོ། །ཧེ་ཉིད?་བདེ་ཆེན་ལས་བྱུང་བ། །རུ་ནི་རིན་ཆེན་ཆགས་དང ་བྲལ། །ཀ་ནི་རབ་ཏུ་རྨོངས་པ་སྦྱངས། །བདེ་བ་ཀུན་གྱི་དབང་བསྐུར་རོ། །ཞེས་བཤད་དོ། །པདྨ་གར་དབང་གི་ཕྱག་རྒྱ་ཆེན་པོ་ནི་ལྷ་མོ་ཀུན་གྱི་ལོངས་སྤྱོད་ལ་ཞེས་པ་སྨོས་ཏེ། ཞིང་དང་སྔགས་དང་ལས་ལས་སྐྱེས་པའི་ལྷ་མོའོ། །དེ་རྣམས་ལ་དགའ་བ ་བཞིའི་ཚུལ་གྱིས་ཇི་ལྟ་བར་བསྟན་ནས་དེ་སྟོང་པ་ཉིད་དུ་བསྒོམ་པའོ། །རྡོ་རྗེ་ཉི་མའི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ཐམས་ཅད་དང་བདེ་བའི་ཞེས་གསུངས་ཏེ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྦྱོར་པས་བདེ་བ་ཆེན་པོ་ཀུན་ཏུ་རྣལ་འབྱོར་གཉིས་ཀྱི ་ཚུལ་གྱིས་མྱོང་བར་བྱེད་དོ། །རྟ་མཆོག་གི་ཕྱག་རྒྱ་ཆེན་པོ་ནི་སངས་རྒྱས་ཐམས་ཅད་བདག་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགའ་བ་བཞིའི་ར་ས་ཡ་ནའི་བདེ་བ་དེས་རྡོ་རྗེ་སེམས་དཔའ་འགྲུབ་པ་འགྱུར་རོ། །དེ་ལྟར་ཕྱག་རྒྱ་ཆེན་པོ་དྲུག ་བཤད་ནས། དེ་རྣམས་ཀྱི་འདིར་གསུངས་པ་ནི་སྐུ་དང་གསུང་དང་ཐུགས་དང་པཱུ་ཛ་དང་ཡོན་ཏན་དང་ལྔ་སྟེ། ལྔ་པོ་དེ་མདོར་བསྡུ་ན་རྡོ་རྗེ་འཛིན་པ་ཐུགས་དང་འཇིག་རྟེན་དབང་ཕྱུག་གསུང་དང། རིན་ཆེན་དབང་ཕྱུག་སྐུའི་བདག་ཉིད་ཡིན་ན། དེ་དག་དང ་ནི་དགའ་བ་སྤྱད་ན་ཞེས་པ་རིགས་ལྔ་འམ་གསུམ་གི་ལྷ་མོ་དེ་རྣམས་དང་དགའ་བ་གཉིས་ཀྱི་ཏིང་ངེ་འཛིན་སྤྱོད་ན། འདོད་པ་བཞིན་དུ་འགྲོ་ལྡིབ?་ཞེས་པ་ལྷའི་རྒྱལ་པོའི་དངོས་གྲུབ་དང། ཆོས་ཀྱི་དབྱིབས་དང་མཉམ་མི་མཉམ་པ་ཞེས་པ་སངས་རྒྱས ་དང་བྱང་ཆུབ་སེམས་དཔའ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པ་ཡིན་ནོ། །དེ་ནི་འདི་སྐད་སྟོན་པ་ཡིན་ཏེ། སྐྱེད་རིམ་རྡུལ་ཚོན་གྱི་མཎྜལ་མཚན་མ་ཐོབ་ནས་དངོས་གྲུབ་ལེན་པ་འམ། །རྫོགས་རིམ་ལུས་དང་བྷ་ག་དང་ཆོས་ཀྱི་དབྱིངས་ཀྱི་མཎྜལ ་ཚོགས་ཀྱི་འཁོར་ལོ་དང་ཞིང་གི?་བཏུང་བ་དང། ཕོ་ཉའི་གཙང་སྦྲ་གཉིས་ཀྱིས་དངོས་གྲུབ་སྒྲུབ་པ་ན་སྒྲུབ་པའི་ཐབས་ནི་ལམ་དང་པོ་དེ་ཉིད་སྣང་བ། གཉིས་པ་ཐབས་མང་པ། གསུམ་བ་ཟབ་པས་དངོས་གྲུབ་འདི་བླངས་ནས་སེམས་ཅན་གྱི་དོན་ཕྱིན་ལས་ཞེས ་བྱ་བར་གསུངས་པ་ཡིན་ནོ། །བརྟག་པ་གསུམ་པའི་འགྲེལ་པའོ།། །།དེ་ལྟར་ཟབ་པ་བསྟན་ནས་དབང་པོ་རྣོན་པོའི་དབང་དུ་བྱས་པ་མཆོག་གི་དངོས་གྲུབ་བཤད་པ་ནི། འདི་ནི་རྣལ་འབྱོར་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་གསུངས་ཏེ ་དབང་པོ་ཐོན?་པོ་དབང་དུ་བྱས་པའི་རྣལ་འབྱོར་འདི་ནི་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་བདེ་མཆོག་ཡིན་ནོ། །ལྷ་མོ་ཀུན་དང་མཉམ་སྦྱོར་བ་ཞེས་པ་ཕྱག་རྒྱ་དང་མཉམ་པར་སྦྱོར་བའོ། །སྐལ་པ་བཟང་མཆོག་འདོད་པ་སྟེ། ཞེས་དབང་སྐུར་པའི་གང་ཟག་གི ་དངོས་གྲུབ་འདོད་པའོ། །ཡང་དག་སྦྱོར་བས་བདེ་བ་མྱོང་བ་ཞེས་པ་རང་བཞིན་བརྒྱད་ཅུ་དང་བྲལ་བའི་དགའ་བ་བཞིའི་ཏིང་ངེ་འཛིན་ཟག་མེད་ཀྱི་བདེ་བ་མྱོང་པའོ། །འདོད་ཆགས་ཐེར་ཟུག་རྟག་པ་ཅན་ཞེས་པ་འདོད་ཆགས་ནི་ཟབ་མེད་ཀྱི་བདེ་བའོ། །ཐེར་ཟུག་ནི་མངོན་སུམ་གྱི ་ཉམས་སུ་མྱོང་བའི་དོན་དེ་ལྟར་འབའ་ཞིག་རྟོགས་པ་འདས་པ་དང། མ་འོངས་པ་ཞིག་པ་དང། མ?་བྱུང་བ་མེད་པས་ན་རྟག་པའོ། །དེའི་སྤྱོད་པ་བཤད་པ་ནི་སངས་རྒྱས་ཀུན་གྱི་གཟུགས་ཆེན་དུ་ཞེས་པ་ལ་སོགས་པ་གསུངས་ཏེ། ཟག་མེད་ཀྱི་གཟུགས་སྒྲ?་དྲི་རོ་རེག་བྱ་ལ ་སྤྱོད་པའོ། །སངས་རྒྱས་ཕ་རོལ་བྱིན་གྲུབ་པ་ཞེས་པ་ཕ་རོལ་ཕྱིན་པ་དང་གཟུངས་དང་ས་རྣམས་ཀྱིས་བསྐལ་པ་གསུམ་གྱིས་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། ལྷ་དང་མིའི་རིས་སུ་སྐྱེས་པའི་བསྐལ་བ་བཟང་པོའི་ཡེ་ཤེས་ལས་སྐྱེས་པའི་སྔགས་དང་ཞིང་སྐྱེས་ལ་སོགས་སྨོས་ཀྱང ་ཅ་དགོས། །ལྷའི་དངོས་གྲུབ་དགའ་བ་དང་ཞེས་པའི་འཇིག་རྟེན་གྱི་དངོས་གྲུབ། སངས་རྒྱས་བྱང་ཆུབ་བདེ་ཆེན་པོ་ཞེས་པ་མཆོག་གི་དངོས་གྲུབ་བསྐལ་པ་བཟང་པོ་བདེ་བ་སྟོང་ཞེས་པ། ཟག་མེད་ཀྱི་བདེ་བ་འདོད་པས་ཕྱག་རྒྱའི་བདེ་བ ་སོ་སོར་ངེས་ཟག་པ་མེད་པའི་ཡེ་ཤེས་གྲུབ་པར་འགྱུར་རོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། ལས་དང་པོ་པའི་རྡོ་རྗེ་སེམས་དཔའ་སྤྱོད་པ་བསྟན་པ་ནི་དངོས་པོ་ཐམས་ཅད་ལས་བྱུང་བ་ཞེས་པ་ལ་སོགས་པ་སྨོས་ཏེ། ་ཀུན་ཏུ་བཟང་མོའི་རིགས་དང་མཐུན་པའི་ཕྱག་རྒྱ་བཞི་ལ་སྤྱད་པར་བྱའོ། །ཧེ་རུ་ཀའི་སྤྱོད་པ་ནི་རྡོ་རྗེ་ཅན་གྱིས་མཆོག་གྲུབ་དང་ཞེས་པ་ནི་ཁྲོ་མོ་དབྱིངས་ཀྱི་དབང་མའི་རིགས་དང་མཐུན་པའི་ཕྱག་རྒྱ་བཞི་དང་ཟག་མེད་ཀྱི་བདེ་བ་བསྐྱེད་པའོ། །པདྨ་གར་དབང ་གི་སྤྱོད་པ་ནི་འཇིག་རྟེན་དབང་པོ་མཆོག་གི་དཔའ་ཞེས་བྱ་བ་སྨོས་ཏེ། གོས་དཀར་མོ་དང་མཐུན་པ་ཕྱག་རྒྱ་བཞི་ལ་བདེ་བ་བསྒོམ་པའོ། །རྣམ་སྣང་གི་སྤྱོད་པ་ནི་སངས་རྒྱས་དག་ལ་བདེ་བ་དམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སངས་རྒྱས་ཕྱག་རྒྱའི་རིགས ་དང་མཐུན་པའི་ཕྱག་རྒྱ་བཞི་ལ་བདེ་བ་བསྒོམ་པའོ། །རྡོ་རྗེ་ཉི་མའི་སྤྱོད་པ་ནི། ཁམས་གསུམ་དག་ན་མ་ལུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཱ་མ་ཀཱིའི་རིགས་དང་མཐུན་པའི་ཕྱག་རྒྱ་བཞི་ལ་བདེ་བ་བསྒོམ་པའོ། །རྟ་མཆོག་གི་སྤྱོད་པ་ནི། སངས ་རྒྱས་ཀུན་གྱི་གྲུབ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲོལ་མ་དང་མཐུན་པའི་ཕྱག་རྒྱ་བཞི་ལ་བདེ་བ་སྒོམ་པའོ། །དེ་ལྟར་མཆོག་གི་དངོས་གྲུབ་ཀྱི་ཡེ་ཤེས་ཀྱི་ལྷ་མོ་བཤད་ནས། འཇིག་རྟེན་གྱི་དངོས་གྲུབ་གྱི་བསམ་གཏན་གྱི་ལྷ་མོ་བཤད ་པ་ནི། མཐུ་ཆེན་ལ་ནི་བཀྲ་ཤིས་བརྟན། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཐུ་ཆེན་ནི་ཁྱབ་འཇུག་གོ་།བཀྲ་ཤིས་བརྟན་ནི་དེའི་ཆུང་མའོ། །འཕྲོག་ལས་ནི་དབང་ཕྱུག་ཆེན་པོའོ། །གྲུབ་པ་ནི་ལྷ་མོ་ཨུ་མའོ། །དྲན་པ་ལས་ནི་འདོད་པའི་ལྷའོ། ། ་དགའ་ཞེས་པ་དེའི་ཆུང་མའོ། །ངོ་མཐོན་སྟོབས་ཀྱིས་ཕྲོགས་ནས་ཞེས་པ་མངོན་སུམ་དུ་བཀུག་ནས་བདག་ཉིད་ལོངས་སྤྱོད་པ་དང། སེམས་འཛིན་པ་དང། དབང་བསྐུར་བ་དང། ཚོགས་འཁོར་བྱེད་པའི་དད་པ་ལ་སྦྱིན་པར་བྱའོ། །དེ་ལྟར་བཙུན་མོ་རིན ་པོ་ཆེ་བསྒྲུབ་པ་བསྟན་ནས། རྒྱལ་སྲིད་བསྒྲུབ་པ་ནི་མ་ལུས་འཇིག་རྟེན་གསུམ་རྒྱལ་སྲིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁམས་གསུམ་གྱི་བདག་པོ་ལ་ལོངས་སྤྱོད་ཐམས་ཅད་ཕྲོགས་ནས་བདག་ཉིད་ཀྱང་ལོངས་སྤྱོད་ཅིང་དད་པ་ལ་སྦྱིན་པར་བྱེད་དོ། །རྒྱལ་སྲིད ་སྒྲུབ་པ་བསྟན་ནས། བདག་པོ་སྒྲུབ་པ་བསྟན་པ་ནི་ཚངས་པ་ཁྱབ་འཇུག་དབང་ཆེན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷའི་རྒྱལ་པོ་རྣམས་ཀྱི་བདག་པོ་ཕྲོགས་ནས་བདག་ཉིད་ལོངས་སྤྱོད་ཅིང་དད་པ་ཡང་སྦྱིན་པར་བྱེད་དོ། །དེས་འཇིག་རྟེན་གྱི ་དངོས་གྲུབ་བསྟན་ནས་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ནི། སངས་རྒྱས་དོན་དུ་བྱ་བ་ཀུན། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་བ་ཆེན་པོའི་རྒྱས་བཏབ་ནས། ཕྱག་རྒྱ་ཆེན་པོ་བསྒོམ་པའི་རྣལ་འབྱོར་པ་ལས་མི་བྱ་བ་གང་ཡང་མེད་དོ། །སངས་རྒྱས ་དང་བྱང་ཆུབ་སེམས་དཔའ་ཨི་ཡེ་ཤེས་ཀྱང་སྔགས་ཀྱང་རྒྱུད་དང་ཡནྟའི་ཐབས་གསུམ་གྱིས་ཕྲོགས་ནས་གཞན་ལ་སྦྱིན་པར་བྱེད་ན། འཇིག་རྟེན་གྱི་དངོས་གྲུབ་ལྟ་སྨོས་ཀྱང་ཅི་དགོས། བདེ་བ་ཆེན་པོའི་རྒྱས་བཏབ་པའི་མཐུས་དངོས་གྲུབ་མཆོག ་ཐོབ་པ་དང། བདུད་ཐམས་ཅད་འཇོམས་པ་དང། ཡེ་ཤེས་ཕུན་སུམ་ཚོགས་པ་དངོས་གྲུབ་ཆེན་པོ་དང། འཁོར་ལོས་སྒྱུར་བ་ཡང་རབ་ཏུ་འགྲུབ་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤྲུལ་པའི་འཁོར་ལོས་སྒྱུར་བ་བཞུགས་པ ་བསྟན་པ་ནི་ལ་ལར་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གདུལ་བྱ་བཏུལ་བའི་ཐབས་འགྲུབ་པའོ། །ལོངས་སྐུའི་འབྲས་བུ་བསྟན་པ་ནི་འདིས་དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག་ཅེས་བྱ་བ་ལ་སོགས ་པ་སྨོས་ཏེ། བསམ་གཏན་བཞི་པའི་ལྷའི་གཟུགས་དང་བསམ་གྱིས་མི་ཁྱབ་པར་ཡོངས་སུ་སྒྱུར་བ་སྐུའི་ཚེ་དང། མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད་ཅུའི་ཁ་དོག་དང། སྟོབས་བཅུ་ལ་སོགས་པའི་སྟོབས་དང། ཟག་མེད་ཀྱི་སྣང་བ་རྡོ་རྗེ་སེམས་པའི་རང་བཞིན་དང། འགྲོ ་བ་བཟང་པོ་ཐམས་ཅད་ཀྱི་བསྙེན་པ་བྱ་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པའོ། །ལོངས་སྐུ་དེ་ཡང་གཅིག་ཏུ་ངེས་པ་ཞིག་ཡིན་སྙམ་ན། ལྷ་མོ་བཞི་ཀའི་དབུས་ན་རྡོ་རྗེ་སེམས་དཔའ་བཞུགས་པ་དང། རིགས་དྲུག ་འཁོར་ལོའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་རྒྱས་འདེབས་པ་དང། འཇིག་རྟེན་གྱི་ལྷ་དང་ངེས་པར་ལེགས་པའི་བྱང་ཆུབ་རྣམས་ཀྱང་སེམས་ཅན་རྣམས་ལ་སྦྱིན་པར་བྱེད་པ་དང། འཁོར་བ་ཇི་སྲིད་པར་གནས་ཀྱི་བར་དུ་བསྐལ་པ་མང ་པོར་སེམས་ཅན་གྱི་དོན་དུ་སྲིད་པ་ལ་རྒྱུན་ཏུ་ཞུགས་པའོ། །རྟག་པ་བཞི་པའི་འགྲེལ་པ་རྫོགས་སོ།། །།དེ་ལྟར་རྟོག་པ་ཐམས་ཅད་ཐུན་མོང་དུ་སྒྲུབ་པའི་དེ་ཁོ་ན་ཉིད་བསྟན་པ་དང། ཐབས་མང་བ་དང་ཟབ་པ་དང། ་དབང་པོ་རྣོན་པོའི་དབང་དུ་བྱས་པའི་དངོས་གྲུབ་སྒྲུབ་པའི་ཐབས་ཀྱི་ལེའུ་བཤད་ནས། ང་ནི་གདུལ་བྱ་སོ་སོའི་བྱེ་བྲག་གི་རྟོག་པ་གསུངས་པ་ནི། འདི་ནི་རྣལ་འབྱོར་བྷ་ག་བཱ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་ཆགས་ཆེན་པོའི ་གང་ཟག་འདུལ་པའི་ཕྱིར་རྡོ་རྗེ་སེམས་དཔའ་ཨི་རྣལ་འབྱོར་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་རྡོ་རྗེ་དངོས་གྲུབ་རྟོག་པ་ལྷ་ཉི་ཤུ་རྩ་གཅིག་པའི་མཁའ་འགྲོ་མ་སྒྱུ་མའི་བདེ་མཆོག ་གསུངས་པ་ཡིན་ནོ། །དེ་ཡང་གཅིག་ཡིན་ཏེ། །སྔོན་འཛམྦུའི་གླིང་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྲུལ་པའི་སྐུར་བཤད་པ་དང། རྗེས་འཇུག་རྣལ་འབྱོར་པའི་དབང་དུ་བྱས་ན། གཟུགས་བརྙན་གྱི་འཁོར་ལོ་བསྒོམས་ནས། ལས ་དང་པོ་པའི་དངོས་བ་གྲུབ་དང། མཆོག་ཏུ་གྱུར་པའི་རྣལ་འབྱོར་པ་དངོས་གྲུབ་ལེན་པ་དང། གཞན་ལ་ཕན་འདོགས་པའི་གང་ཟག་ལ་དབང་བསྐུར་བའི་དཀྱིལ་འཁོར་གསུངས་པ་ཡིན་ནོ། །སྔོན་འཛམྦུའི་གླིང་དུ་གྱུར་པའི་སྤྲུལ་སྐུའི་ལུགས ་ཀྱི་རིམ་པ་གསུངས་པ་ནི། ཡང་དག་གྲུབ་པ་གཅིག་པུ་ཉིད་ཅེས་གསུངས་ཏེ། འོག་མིན་དུ་བྱང་ཆུབ་པས་ཆོས་སྐུ་བསྙེས་པའོ། །ཇི་ལྟར་འདོད་པ་བཞིན་དུ་སྦྱར་ཞེས་པ་བྱང་ཆུབ་པ་ལྔ་པ་ལ་ལོངས་སྐུའི་རྒྱུ་རྡོ་རྗེ་སེམས་དཔའ་འམ། རྒྱུའི་རྣམ་སྣང་ངམ། རྒྱུའི་རྡོ ་རྗེའི་?པའམ། རྒྱུའི་པདྨ་གར་དབང་ངམ། རྒྱུའི་ཧེ་རུ་ཀ་འམ། རྒྱུའི་རྟ་མཆོག་ཏུ་སྣང་བའི་རྟོག་པའི་ཆོ་ག་ཐམས་ཅད་ལའོ། །གྲུབ་པ་དམ་པ་མཆོག་གི་ཆོས་ཞེས་པས་སྔོན་སངས་རྒྱས་ཀྱི་ལམ་དུ་གྲུབ་པ་ཟག་མེད་དམ་པ་མཆོག་གི་ལམ་ནི་དེ་ཉིད་དུ་གསུངས་པ་དང། ་ཁ་སྦྱོར་ཐིག་ལེ་ནས་འབྱུང་བ་བཞིན་དུ་ཟླ་བ་དང། ཟླ་བ་གཅིག་པ་དང། རྡོ་རྗེ་དང། ཁམས་ཞུགས་པ་དང། སྐུ་གྱུར་པས་རྟོག་པ་དྲུག་པོ་ཐམས་ཅད་ལ་འོག་མིན་དུ་བྱང་ཆུབ་པའི་ཚེ་བསྒོམ་པར་བྱའོ། །སྣ་ཚོགས་ལམ་གྱི་སྦྱོར་བ་ཡིས་ཞེས་བྱ་བས་འོག ་མིན་དུ་ཕྱོགས་བཅུའི་སངས་རྒྱས་བཞུགས་ནས་བྱིན་གྱིས་བརླབ་པ་དང། དབང་བསྐུར་བ་དང་ཏིང་ངེ་འཛིན་དང་ཕྲིན་ལས་ལ་བཞག་པའོ། །ཆོ་ག་སྣ་ཚོགས་པ་འདོད་པའི། སེམས་ཅན་རྣམ་པར་གདུལ་བ་དང་ཞེས་པ་རྟོག་པ་དྲུག་གི་གདུལ་བྱ་འདོད་ཆགས ་ཆེན་པོ་དང། གཏི་མུག་དང། ཞེ་སྡང་དང། ལོག་པར་ལྟ་བ་དང། སེར་སྣ་དང་ལེ་ལོ་ཆེན་པོ་ཅན་འདུལ་བའི་ཕྱིར། ཡེ་ཤེས་དྲུག་གི་བདེ་བ་སྒྲུབ་པའི་ཕྱིར། བྷ་ག་བཱན་སྔོན་བདེ་བ་ཅན་དུ་སྤྲུལ་སྐུའི་འབྲས་བུ་ནི་རྡོ་རྗེ་འཆང་དྲུག་པོ་དེ་ཉིད་ཀྱིས་སངས་རྒྱས་ཀྱི་རྣམ ་འཕྲུལ་སེམས་ཅན་གྱི་དོན་དུ་སྤྲུལ་ནས། ཕྱག་རྒྱ་བཞི་ལ་སྨོས་པས་མྱུར་དུ་འགྲུབ་པར་འགྱུར་རོ། །དེ་ཡང་ཐབས་གང་གིས་མྱུར་བ་ཡིན་ཞེ་ན། བྱིན་རླབས་ཀྱི་ལམ་གྱིས་ཡེ་ཤེས་སེམས་དཔའ་བཅུག་པས་འགྲུབ་པར་འགྱུར་རོ། །དེ་ལྟར་སྟོན་བྱུང་བ ་སངས་རྒྱས་ཀྱི་མཛད་པ་བཤད་ནས་རྗེས་འཇུག་གསུངས་པ་ནི། ཉིན་རེ་འམ་ཡང་ན་ཟླ་རེ་འམ། ཡང་ན་དེ་བཞིན་ལོ་རེ་ན། ཇི་བཞིན་བྱིན་གྱིས་བརླབས་ནས་ཀྱང། །སངས་རྒྱས་བདེ་མཆོག་གར་བྱའོ། །ཞེས་གསུངས་ཏེ། བསྙེན་བསྒྲུབ་བཞི་བསྒོམས་པས ་བསྙེན་པ་བྱས་ནས་ཞག་གཅིག་འཇོག་པའི་དཀྱིལ་འཁོར་འབྲི་བ་འམ། ཟླ་བ་གཅིག་འཇོག་པ་འམ། ལོ་གཅིག་འཇོག་པའི་དཀྱིལ་འཁོར་བྲི་བར་བྱའོ། །ཇི་བཞིན་བྱིན་གྱིས་བརླབས་ནས་ཞེས་པ་དཀྱིལ་འཁོར་བྱེད་པའི་རྣལ ་འབྱོར་བས་བསྙེན་པ་དང་སྒྲུབ་པ་ཆུང་དུ་དང་འབྲིང་དང་ཆེན་པོའི་རིམ་པས་འོག་ནས་འབྱུང་བ་བཞིན་དུ་བསྐྱེད་ན་པཱུ་ཛ་བྱས་ལ་སངས་རྒྱས་པ་དེ་མཆོག་གི་ཟློས་གར་བསྒོམ་པར་བྱའོ། །ཡང་ན་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པར་མི་འདོད་ན་ཆ་ལུགས ་བྱས་ནས་སྒྲུབ་པ་བསྟན་པ་ནི། ཁམས་ཀྱི་ངོ་བོ་ཐམས་ཅད་རང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསེར་དངུལ་ཟངས་ལྕགས་ལ་སོགས་པའོ། །དེ་གཞིན་སྲོག་དང་རྩ་ལས་བྱུང། །ཞེས་པ་སྲོག་ཆགས་ལས་བྱུང་བའི་བསོ་དང་རྭ་ལས་བྱས་པ་དང། རྩ་ལས ་བྱུང་བའི་ཤིང་ལ་འབུར་དུ་བཀོས་ནས་རང་གི་ལྷའི་ཆ་ལུགས་སུ་བྱའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། སྒྲུབ་པའི་ཕྱག་རྒྱ་རབ་ཏུ་ཞེས་སྨོས་ཏེ། རྡོ་རྗེ་སེམས་དཔའ་དང། རྣམ་སྣང་དང། ཧེ་རུ་ཀ་དང། རྡོ་རྗེ་ཉི་མ་དང། པདྨ་གར་དབང་དང། རྟ་མཆོག་གཟུགས་སུ་བྱའོ། ། ་དཀྱིལ་འཁོར་གང་དང་གང་བསྟན་པ། སྣ་ཚོགས་ཕྱག་རྒྱའི་མཆོད་པ་ཡིས། ཞེས་བྱ་བ་སྨོས་ཏེ། རིགས་དྲུག་གི་རྣལ་འབྱོར་པ་ཁྱིམ་པ་འམ་རབ་ཏུ་འབྱུང་བ་འམ་སྐྱེས་པའམ་བུད་མེད་ཀྱི་རྟོག་པ་དྲུག་གི་འཁོར་ལོ་གང་དང་གང་སྟོན་པའོ། །དེ་ཡང་གང ་ཞིག་དང་ལྷན་ཅིག་བསྒོམ་ཞེན། སློབ་མའི་ཚོགས་ཀུན་དེ་དང་དེར། མཆོད་པ་བྱས་ནས་དེ་འགྲུབ་པོ། །ཞེས་བྱ་བས་དབང་བསྐུར་བའི་སློབ་མའི་ཚོགས་དང། གདོང་རྒྱན་བྱོན་ལ་ཚོགས་ཀྱི་འཁོར་ལོ་བསྒྲུབ་པར་བྱའོ། །དེ་ལྟར་སྔོན་འབྱུང་དང་རྗེས་འཇུག ་གི་རྒྱུད་བཤད་ནས། ད་ནི་རྟོག་པ་ཐམས་ཅད་ཀྱི་སྔོན་འབྱུང་གི་གླིང་གཞི་གསུངས་པ་ནི། དེ་ནས་གཞན་ཡང་རྟོག་ཀུན་གྱི། སངས་རྒྱས་ཐམས་ཅད་རྣམ་པ་སྤྲུལ་པ་ཡི་རིགས་དྲུག་སྤྲུལ་པར་བྱའོ། །གཏམ་དག་རབ་ཏུ་བཤད་པར་བྱ་ཞེས་བྱ་བ་གསུངས་སོ། །དེ་ཡང ་སྟོན་པ་སུ་ཞིག་ལ་གནས་གང་ཞིག་ཏུ་སུ་ཞིག་དང་ལྷན་ཅིག་ཏུ་དུས་ནམ་གྱི་ཚེ་ཐོས་ཞེ་ན། སྟོན་པ་སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། རྡོ་རྗེ་སེམས་དཔའ་བདེ་བའི་མཆོག་ཅེས་བྱ་བ་སྟེ་ལོངས་སྐུ་དང་སྤྲུལ་སྐུའི་ངོ་བོ་ཉིད་དོ། །གནས་ནི་གསང་བའི་མཆོག་གི ་དགྱིས་པ་ནའོ། །འཁོར་ནི་ཐམས་ཅད་བདག་ཉིད་དོ། །དུས་ནི་རྟག་ཏུ་བཞུགས་པའོ། །དེར་བཞུགས་པའི་ཆོས་སྐུའི་ངོ་བོ་ནི། །འདི་ནི་རྣལ་འབྱོར་བཅོམ་ལྡན་འདས། རྟག་པ་དམ་པ་བསྟན་པ་སྟེ། རྟག་ཏུ་ད་ལྟར་བྱུང་བ་བཞིན་ངོ་བོ་ཉིད་ཀྱི་འདའ་དཀའ་བ་ཞེས་གསུངས་སོ། ། ་བཤད་པའི་ཆོས་ནི། ཆོ་ག་སྣ་ཚོགས་འདོད་རྣམས་ལ། །ལས་ཀྱི་སྦྱོར་བ་སྣ་ཚོགས་ཀྱིས། །སངས་རྒྱས་རྡོ་རྗེ་འཛིན་ལ་སོགས། །གདུལ་བྱའི་ཕྱིར་ནི་བྱས་པ་ཡིན་ཞེས་པ་རིགས་དྲུག་གི་འཁོར་ལོའི་གཟུགས་ཀྱི་རྣམ་རྟོག་སྤྲུལ་པ་དང། སྒྲའི་རྣམ་རྟོག་བཤད་པའོ། ། ་སངས་རྒྱས་ལ་སོགས་བརྟན་གཡོ་ཀུན། །ཀུན་གྱི་དངོས་པོར་འདི་འགྱུར་རོ། །ཞེས་བྱ་བས་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དང། བཅུད་ཀྱི་འཇིག་རྟེན་ལྟར་བསྐྱེད་པའོ། །སེམས་ཅན་ཀུན་གྱི་དོན་མཆོག་རྣམས། །སངས་རྒྱས་ལ་སོགས་འབུལ་བས་འགྲུབ་ཅེས་བྱ ་བ་ཕུན་སུམ་ཚོགས་པ་ལྔའི་བདག་ཉིད་ཅན་གྱིས་སེམས་ཅན་གྱི་དོན་དུ་སྤྲུལ་བར་བཤད་པ་ཡིན་ནོ། །རྡོ་རྗེ་སེམས་དཔའ་ཨི་དབུགས་འབྱུང་བའི་འགྲེལ་པའོ།། །།དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། དེ་ལྟར་སྤྲུལ་སྐུ་མི་ཡུལ་དུ་ཐབས་པའི་ཐབས ་ཉམས་སུ་བླང་པའི་རིམ་པ་བཤད་ནས་ད་ནི་ཡན་ལག་གི་དོན་བརྗོད་པར་བྱ་སྟེ། རྡོ་རྗེ་སེམས་དཔའ་དབུགས་བྱུང་བའི་ཡན་ལག་གི་དོན་དང། །བརྟོག་པ་དྲུག་གི་ཉམས་སུ་བླང་བའི་ཆོ་ག་བཤད་པ་ཡིན་ནོ། །ད་ནི་རྣམ་པར་སྣང་མཛད་ཀྱི་དབུགས་འབྱུང་ཡན་ལག ་གི་དོན་མཛད་པར་བྱ་སྟེ། འདས་པའི་དུས་ན་སྔོན་འབྱུང་བ་ཞེས་བྱ་བ་སྔོན་སངས་རྒྱས་ཀྱི་སྤྲུལ་སྐུའི་མཛད་པ་བསྐྱེད་པ་དང། སྤྲོ་བ་དང་བསྡུ་བ་དང། གནས་པ་དང་བརྟན་པའི་ཚུལ་ལོ། བདག་ཉིད་ཆེན་པོ་རྟག་པའོ། །དེ་བཞིན་གཤེགས་པའི་གསུང་རབ་ལས ་ཞེས་བྱ་བ་ནི། སྔོན་བཅོམ་ལྡན་འདས་རྫོགས་ལྡན་གྱི་དུས་ཀྱི་ཚེ། བསམ་གཏན་བཞིའི་ཡང་ཐག་ཏུ། རྡོ་རྗེ་སེམས་དཔའ་ཨི་ཚུལ་གྱིས་སྦྱོར་ནས་དཔལ་མཆོག་ལ་སོགས་པའི་རྣལ་འབྱོར་བའི་རྒྱུད་གསུངས་པ་དང། ད་བསྟན་པས་སེམས་ཅན ་རྣམས་གཟུགས་སྐུ་ལ་སོགས་པར་ཞེན་པར་སྒྲོ་འདོགས་པར་འགྱུར་བ་དང། འཁོར་བ་འཇིག་དང། གསེར་ཐུབ་དང། འོད་སྲུངས་ལ་སོགས་པས་དབུ་མའི་ཐེག་པ་བསྟན་པས་སྒྲོ་འདོགས་གསལ་བར་མཛད་པ་ཡིན་ནོ། དེ་ལ་སེམས་ཅན་རྨོངས་པས ་སྟོང་པ་ཉིད་འབའ་ཞིག་ལ་ཞེན་པས་སྒྲོ་འདོགས་པ་དང། སྐུར་བ་འདེབས་པ་ལས་བཟློག་པའི་ཕྱིར་ཐབས་ཀྱི་བླ་ན་མེད་པ་དང། ཤེས་རབ་ཀྱི་བླ་ན་མེད་པའི་རྒྱུད་གསུངས་པ་ཡིན་ནོ། །དེ་ཡང་རྡོ་རྗེ་མཁའ་འགྲོའི་ལེའུ་དང་པོ་ལས་གོ་རིམ་ཇི་བཞིན ་བཤད་པས་ཐེ་ཚོམ་མི་བྱའོ། །ཤེས་རབ་ཀྱིས་བླ་ན་མེད་པའི་མཉམ་སྦྱོར་གྱི་རྒྱུད་སྟོང་ཕྲག་བཅོ་བརྒྱད་པའི་དབང་དུ་བྱས་ནས་བདག་ཉིད་ཆེན་པོ་རྟག་པ་ཆོས་ཀྱིས་ལས། དེ་བཞིན་གཤེགས་པའི་གསུང་རབ་ལས་ས་བཅུའི་དབང་ཕྱུག་གི་དོན་རྒྱུ?་རྣམ ་སྣང་གིས་བྱིན་གྱིས་བརླབས་པ་དང་དབང་སྐུར་དང་ཏིང་ངེ་འཛིན་དང་ཕྲིན་ལས་མཛད་པ་ཡིན་ནོ། །སྔོན་རྫོགས་ལྡན་གྱི་དུས་ཀྱི་བསྐུལ་པ་དང་པོ་ལ་བསམ་གཏན་བཞི་པའི་ཡང་ཐོག་དང། གཞན་འཕྲུལ་དབང་བྱེད་ཀྱི་གནས་དང། རི་རབ་རིའི་རྩེ་མོར ་དཔལ་མཆོག་དེ་ཉིད་བསྡུས་པ་ལ་སོགས་པའི་ལྷ་རྣམས་འདུལ་བའི་དོན་དེ་བཞིན་གཤེགས་པའི་གསུང་རབ་ཀྱི་འཁོར་ལོ་འགྲོ་བ་ལྷའི་གཟུགས་ཀྱི་རྣམ་པར་རྟོག་པ་སྔོན་བྱུང་བ་དང་འཛམ་བུ་གླིང་དུ་བསྐལ་པ་བཟང་པོ་འདི་ལ་འཁོར་བ་འཇིག་དང ་གསེར་ཐུབ་དང་འོད་བསྲུངས་གི་བསྟན་པའི་དེ་བཞིན་གཤེགས་པའི་གསུང་རབ་ལས་འཛམ་བུ་གླིང་དུ་འགྲོ་བ་དང་མཐུན་བར་རབ་བྱུང་གི་ཚུལ་དུ་སྔོན་བྱུང་ནས་སྡེ་སྣོད་གསུངས་སོ། །དེ་ཚེ་སེམས་ཅན་ཐམས་ཅད་ཤིན་ཏུ་སྟོང་པ་ཉིད་ལ་སོགས་པ? ་ཡེ་ཤེས་རྒྱུན་ཆད་འགོག་པའི་ཆོས་ཉིད་ལ་སྦྱོར་བར་ཤེས་པའི་རྒྱུན་འགགས་ནས་ཕུང་པོ་ལྷག་མ་མེད་པས་མྱ་ངན་ལས་འདས་པ་ཡིན་ནོ། །དོར་བར་བྱ་བའི་རྣལ་འབྱོར་དེ་ཉིད་མཁྱེན་པས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་དེ་བཞིན་གཤེགས ་པ་འགྲོ་བ་སྟོང་པ་ཉིད་ཕྱོགས་གཅིག་ལ་ཞེན་པ་དེ་དག་སྟོང་པ་ཉིད་ལས་གྲོལ་ཞིང། ཕུང་པོ་ལྷག་མ་མེད་ཀྱི་མྱ་ངན་ལས་འདས་པ་བཟློག་པའི་ཕྱིར་རྣམ་པར་སྣང་མཛད་ཀྱི་མངལ་སྐྱེས་ཀྱི་དཀྱིལ་འཁོར་བསྐྱེད་པར་མཛད་པ་ཡིན་ནོ། །བཻ་རོའི་དཀྱིལ་འཁོར་བས ་ལྟ་བ་ལྷག་ན་ཅི་ཞིག་སྟོན་སྙམ་ན། སྟོང་པ་འམ་མ་ཡིན། མི་སྟོང་པ་ཡང་མ་ཡིན་ཞེས་པ་ལ་སོགས་པ་གསུངས་ཏེ། དོན་དམ་པ་སྒྱུ་མ་ལྟ་བུ་དང། རབ་ཏུ་མི་གནས་པ་ལྟ་བུའི་སྟོང་པ་ཡང་མ་ཡིན་ཞིང། རྣམ་བཅས་དང་རྣམ་མེད་ལྟ་བུའི་མི ་སྟོང་པ་ཡང་མ་ཡིན་ལ། གཉིས་སུ་མེད་པའི་ཟུང་དུ་འཇུག་པ་དབུ་མར་ཡང་མི་དམིགས་པས། ཤེས་རབ་སྟོང་པ་ཉིད་དང། ཐབས་སྙིང་རྗེའི་བདག་ཉིད་ཀྱི་ཆོས་སྐུ་རྟོག་མེད་ལས་དག་པ་འཇིག་རྟེན་པའི་ཡེ་ཤེས་ཡོངས་སུ་བརྟགས་པའོ། །རྣམ་པར་མི་རྟོག ་པ་ལ་མོས་པའི་རྣལ་འབྱོར་པ་ལ་མོས་པ་ཡང་ལྷའི་འཁོར་ལོ་ཐམས་ཅད་བྲག་ཆ་འམ། སྒྲ་བརྙན་གྱི་ཚུལ་གྱིས་བརྟག་པར་བྱའོ། །འགྲོ་བ་རྨོངས་པ་ལྷའི་སྐུལ་ཞེ་ན་པས་སྒྲོ་འདེགས་དང་ལྡན?་འདེབས་མི་བྱའོ་ཞེས་པའི་དགོངས་པ་བསྟན་པའི་ཕྱིར ་དཀྱིལ་འཁོར་གྱི་འཁོར་ལོ་དང་ལྷའི་དེ་ཉིད་གསུངས་པ་ཡིན་ལ། མ་འོངས་པའི་སྒོ་གསང་སྔགས་ཀྱི་སྒོ་སྤྱོད་པ་སྦྱར་བར་འདོད་པ་རྣམས་ཀྱིས་དཀྱིལ་འཁོར་རྒྱལ་མཆོག་གི་ཐེག་པ་ཆེན་པོ་ཡོན་ཏན་རྒྱས་པའི་?་དུས་གསུམ་དུ་དེ་བཞིན་གཤེགས ་པ་ཐམས་ཅད་ལ་བསྟོད་པར་བྱའོ། །དེ་ཡང་མཉམ་པ་ཉིད་མི་གཡོ་བ་ཞེས་བྱ་བ་ནས་མཆོག་ཆོས་ཅན་ཞེས་པའི་བར་གྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྔོགས་བསྐོར་བ་དང། ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཞེས་པ་ནས། ངེས་པར་གསོལ་གྱིས་བར ་གྱིས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་དང། རྟག་ཏུ་དྲི་མེད་ཐུགས་ཞེས་བྱ་བ་ནས། རྟག་ཏུ་རྣམ་པར་ཞེས་བྱ་བའི་བར་གྱིས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་དང། ཚད་མེད་ཚད་དང་བྲལ་བ་ཞེས་བྱ་བ་ནས་ཡོངས ་མི་འགྱུར་ཞེས་བྱ་བའི་བར་གྱིས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་དང། ཨེ་མའོ་ཤིན་ཏུ་བཟང་པོ་ཞེས་པ་ནས་བདག་ལ་སོགས་ཞེས་བྱ་བའི་བར་གྱིས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་ཡིན་ནོ། །སློབ་དཔོན་ཀླུ་སྒྲུབ་ནི ་བསྙེན་པའི་དུས་སུ་ཕྲ་མོའི་ས་མ་དྷི་ལ་སྙོམས་པར་ཞུགས་པ་ན། །ལྷ་མོ་རྣམས་ཀྱི་གླུས་བསྐུལ་བར་བཞེད་དོ། །ིནྡྲ་བྷཱུ་དྷི་རྒྱུའི་རྣམ་སྣང་ཞུ་བ་ལས་འབྲས་བུའི་བཻ་རོ་བསྐྱེད་པའི་ཕྱིར་ལྷ་མོ་བཞིའི་གླུས་བསྐུལ་བར་བཞེད། རབ་ཞི་བཤེས་གཉེན་དང། ་ཀུན་དགའ་སྙིང་པོ་ནི་དཀྱིལ་འཁོར་སྒོམ་པ་རྫོགས་ནས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལས་བསླང་བ་ནས་བསྐུལ་བར་འདོད་དོ། །ཡེ་ཤེས་ཞབས་ནི་དཀྱིལ་འཁོར་རྒྱལ་མཆོག་ལ་བསྟོད་པར་ཐེ་ཚོམ་མི་ཟའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ཞེས་བྱ་བ་ལ ་སོགས་པ་ནི་གོ་སླ་བས་མ་བཤད་དོ། །དེ་ནས་དེའི་སྒྲུབ་པ་དང་ཞེས་བྱ་བས་རྗེས་འཇུག་གི་དོན་བཤད་པ་ཡིན་ཏེ། སྒྲུབ་པ་ནི་མཚན་མ་ཐོབ་ཀྱི་བར་དུ་བསྙེན་བསྒྲུབ་གཉིས་ལྷའི་འཁོར་ལོ་བསྒོམ་པའོ། །ཤིན་ཏུ་བརྟག་པའི་དངོས་གྲུབ་བདག་ཅེས་པ ་མཚན་མཐོབ་ནས། འཇིག་རྟེན་པའི་དངོས་གྲུབ་མངོན་པར་ཤེས་པ་ལྔ་བསྒོམ་པའོ། །གང་གི་སྲིད་པ་འདི་ཉིད་ལ། །དངོས་གྲུབ་ཤིན་ཏུ་རྟག་པ་ཐོབ། །ཅེས་པ་ནི། མཆོག་གི་དངོས་གྲུབ་བུདྡྷའི་བོ་དྷའི་ཡེ་ཤེས་གྲུབ་པའོ། །དེ་སྒྲུབ་པའི་ཐབས ་གང་ཡིན་ཞེ་ན། རྡོ་རྗེ་སེ་གོལ་གཏོགས་པ་ཡི། །སངས་རྒྱས་ཐམས་ཅད་བསྡུ་བར་བྱ། ཞེས་གསུངས་ཏེ། བཻ་རོའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པའི་རྣལ་འབྱོར་པ་བྱིན་གྱིས་བརླབས་ཀྱི་ལམ་ཡེ་ཤེས་སེམས་དཔའ་གཞུག་པའོ། །ཐལ་མོ་ལེགས་པར ་སྦྱར་བ་ཡིས། །ཐལ་མོ་ལན་གསུམ་ངེས་པར་བརྡབ་ཅེས་པ་ཡེ་ཤེས་སེམས་དཔའ་འབྱོན་པ་ལ་ཕྱག་བྱས་ནས་སྙིང་གར་བཅུག་སྟེ་དབང་བསྐུར་བའི་མཐར་ཕེབ་བརྡབས་མཉེས་པར་བྱའོ། །དབང་པོ་གང་དང་གང་ལམ་གྱུར། །དེ་དང་དེ་ཡི་ངོ་བོར་བྱ་ཞེས་པ། ་བུདྡྷའི་དབང་པོ་དང་རང་གི་མཉམ་པར་སྦྱོར་བར་རོ་གཅིག་པར་བསྒོམ་པའོ། །ཇི་ལྟར་མོས་པ་ཆགས་པ་དང། ཞེས་པ་ལྷ་ལ་དང་བའི་དད་པར་མོས་པར་བསྒོམས་ན་ཤ་ཛ་བ་ཞེས་བྱ་བ་ལ་སོགས་པའི་སྙིང་པོ་དང། སྔགས་ཀྱི་གླུ་ལེན་ཅིང་བསྟོད་པར་བྱའོ།། ་ཀུན་ཏུ་གནས་པའོ། །ཀུན་ནས་ནི་དངོས་པོའོ། །ཐམས་ཅད་ནི་རྣམ་པའི་བྱེ་བྲག་གོ་།བདག་ཉིད་རྟག་ཏུ་རྣམ་པ་ཀུན་ཞེས་བྱ་བ་དུས་སོ། །སངས་རྒྱས་ཀུན་དང་དངོས་གྲུབ་འཛིན། །རབ་ཏུ་མཐོང་ཞིང་དངོས་གྲུབ་པོ། །ཅེས་བྱ་བ་རང་གི་ལུས་དང་ལྷ་ཐ་མི་དད་མཐོང ་བ་དང་རེག་པ་དང། ཐོབ་པའི་མཚན་མ་ཐོབ་པར་འགྱུར་རོ། །གང་གི་ཚེ་དངོས་གྲུབ་མ་ཐོབ་ན་བསྐྱུར་ཆོས་གསུངས་པ་ནི་སངས་རྒྱས་ཀུན་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་བཤད་པའི་བསྟོད་པའི་རྒྱལ་པོས་རིགས་ཀྱི་རྣལ་འབྱོར་པས ་མཚན་ཐོག་ཐག་ལྷ་ལ་བསྟོད་ན་དེ་ཁོ་ན་ཉིད་བསྐུལ་བ་ཡིན་པ་དངོས་གྲུབ་གྲུབ་པར་གདོན་མི་ཟའོ། །བཻ་རོའི་དབུགས་དབྱུང་བའི་འགྲེལ་པའོ།། །།དེ་ལྟར་བཻ་རོའི་དབུགས་དབྱུང་བཤད་ནས། ཧེ་རུ་ཀའི་དབུགས་དབྱུང་ནི། འདས་པའི ་དུས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདས་པའི་དུས་ནས་ཞེས་བྱ་བ་ལ་སོགས་པ་བཤད་ཟིན་ཏོ། །དེ་ཚེ་སེམས་ཅན་ཐམས་ཅད་ནི་ཞེས་བྱ་བ་འོད་སྲུངས་གི་བསྟན་པའི་རྗེས་ལ་སེམས་ཅན་ཐམས་ཅད་གདུག་ཅིང་གཏུམ་པར་འགྱུར་རོ། །གདུག་པར་འགྱུར ་དུ་ཟད་མོད་ཉེས་པ་ཅིར་འགྱུར་ཞེ་ན། ཤིན་ཏུ་ཁྲོ་ཞེས་པ་ལ་སོགས་པ་སྨོས་ཏེ། དེའི་རྣམ་སྨིན་གྱིས་དུ་འབོད་དུ་སྐྱེ་བར་འགྱུར་རོ། །དེ་ནས་ཚེ་ཕོས་ན་འབྱུང་པོ་རྟོགས་འདོད་ཅན་གྱི་བུ་འབྱུང་པོ་དགེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །དེ་ལེགས་ལྡན་བྱེད ་ནག་པོར་གྱུར་ནས། དེས་གྲོང་ཁྱེར་སུམ་རྩེག་འཇིག་པའི་ཕྱིར། རིམས་དུག་དབྱིག་དུག་ལ་སོགས་པ་ལོག་འདྲེན་གྱི་ལས་བྱེད་པ་དང། འཇིག་རྟེན་གསུམ་པོ་འཇིག་པར་བྱེད་ཅིང་རིག་པ་འཛིན་པའི་སྒྲུབ་པ་པོ་རྣམས་ལ་འཚེ་བ་དང། ་ལྷ་ལ་སོགས་པ་ཚེ་འཕོ་བར་བྱེད་པ་དང། བདེ་བར་གཤེགས་པའི་བསྟན་པ་ཡང་འཇིག་པར་བྱེད་དོ། །དེའི་ཚེ་དྲག་པོ་འཇིགས་བྱེད་ཀྱིས་གདུག་པ་དེ་མ་བཟོད་ནས་དབང་པོ་དང་བཅས་པའི་ལྷ་ཚངས་པ་ལ་སྐྱབས་སུ་སོང་ངོ། །ཚངས་པ་ཡང་ཁྱབ་འཇུག་ལ ་སྐྱབས་སུ་སོང་ངོ། །ཁྱབ་འཇུག་ཀྱང་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་ཆེན་པོ་ལ་སྐྱབས་སུ་སོང་ངོ། །ལྷ་ཆེན་པོ་དེས་བཅོམ་ལྡན་འདས་རྡོ་རྗེ་འཆང་བའི་རང་བཞིན་ཤེས་ནས་དེ་ཉིད་ལ་སྐྱབས་སུ་སོང་ངོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་བ་དེ་ཉིད་ཀྱིས ་རྡོ་རྗེ་སེ་གོལ་བརྡབས་ནས་རྡོ་རྗེ་བསྡུ་བ་མཛད་དེ། སངས་རྒྱས་ཐམས་ཅད་སྤྱན་དྲངས་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཏིལ་གྱི་གང་བུ་བཞིན་གང་པར་གྱུར་ཏོ། །དེ་རྡོ་རྗེ་སེམས་དཔས་གདུག་ཅིང་གཏུམ་པའི་སེམས་ཅན་ལ་ཞི་བས་ཕན་པར་མི ་འགྱུར་བར་གཟིགས་ནས། ཤེས་རབ་ཐབས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཐབས་ཤེས་རབ་ཀྱི་སྙིང་པོ་ཧཱུཾ་གསུངས་པས་བདག་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཁྲོས་ནས་ཁྲོ་བོའི་གཟུགས་སུ་མཛད་པ་ཡིན་ནོ། །དེ་ནས་ཁྲོ་བོའི་ཆེད་དུ ་བརྗོད་པ་ནི། །ཁྲོ་བོའི་ཚུལ་ཅན་ཁྲོས་པ་ནི། །འཇིག་རྟེན་གསུམ་ཡང་སྲོག་བྱེད་ན། །སངས་རྒྱས་ཐམས་ཅད་ཁྲོས་པ་ཡིས། །ཁམས་གསུམ་མ་ལུས་སྨོས་ཅི་དགོས། །དེ་ནས་སྣ་ཡི་རྩེ་མོ་ལ། །ཡིད་ནི་ཡང་དག་བསྟན་པར་གཟུང་ཞེས་པ་དཔལ་ཧེ་རུ་ཀ་ཡབ ་ཡུམ་ཐབས་ཤེས་རབ་གཉིས་སུ་མེད་པའི་ཡབ་ཡུམ་གྱི་མཁའ་གསང་དུ་ཕྱོགས་བཅུའི་སངས་རྒྱས་ཞུ་བའི་ཐིག་ལེ་ཡི་གེ་ཧཱུཾ་གི་གཟུགས་སུ་སྣང་བ་ལ་སེམས་གཟུང་ནས། གསང་བའི་རྡོ་རྗེ་སྣ་རྩེའི་དབུགས་ཡི་གེ་སུམ་ཅུ་རྩ་གཉིས་ཀྱིས་རིང་ཞེང་དྲོ?་པར ་གྱུར་པ་ལས་ཧེ་རུ་ཀའི་འཁོར་ལོའི་ཕྱག་རྒྱ་ཀེ་རི་མ་ལ་སོགས་པ་མངལ་སྐྱེས་ཀྱིས་བྱུང་བར་གྱུར་པ་ཡིན་ནོ། །དེ་ཉིད་མ་འོངས་པའི་གསང་སྔགས་ཀྱི་སྒོའི་སྤྱོད་པ་སྤྱད་པར་འདོད་པ་རྣམས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་མངལ་སྐྱེས་ཀྱི་རིམ་པ་བསྒོམ་པར ་བྱའོ་ཞེས་བསྟན་པ་ནི། བཅོམ་ལྡན་འདས་དེ་ཉིད་རྣལ་འབྱོར་པ་ཞེས་པ་ལ་སོགས་པ་གསུངས་སོ། །བཅོམ་ལྡན་འདས་དེའི་སྐུ་མདོག་ཇི་ལྟ་བུ་ཞིག་ཅེ་ན། སེམས་དཔའ་སྔོན་པོ་འབར་བའི་ཞེས་པ་ལ་སོགས་པ་གསུངས་ཏེ། ཞལ་བཞི་པ་ཕྱག་བརྒྱད་པ། ་གཡས་ཞི་ཞིང་དཀར་བ། གཡོན་ཆགས་པས་དམར་བ། དབུས་མའི་ཞལ་དྲག་པ། རྒྱབ་མ་རྨོངས་པར་མཛད་པ་སེར་པོ། ཕྱག་དང་པོ་གཉིས་ན་རྡོ་རྗེ་དྲིལ་བུ། འོག་མ་གཉིས་ན་འཇིགས་བྱེད་ཀྱི་པགས་པ་བརྣབས་པ། གསུམ་པ་གཉིས་ན་མདའ་དང་གཞུ ་བཞི་པ་གཉིས་ན་མདུང་དང་ཐོད་པ་བསྣམས་པའོ། །ཡང་ན་ཞལ་གཅིག་པ་ཕྱག་བཞི་པའོ། །དེས་ཕྲིན་ལས་ཅི་ཞིག་མཛད་ཅེ་ན། འཇིགས་པ་ཆེན་པོ་དུས་ལྟར་དྲག་ཅེས་པ་ནས་ཐམས་ཅད་ཕམ་ནས་སླར་ཡང་ནི། ཐལ་བར་གྱུར་པ་འཚོ་བར་བྱེད་པ་པོའི ་བར་གསུངས་ཏེ། མ་རུངས་པའི་འཁོར་ལོ་ཐམས་ཅད་ལ་སྡུག་བསྔལ་ཕབ་པས་སླར་ཡང་ཤི་བས་ཐལ་བར་གྱུར་པ་ལས་སླར་འཚོ་བར་མཛད་པ་ཡིན་ནོ། །སླར་ཡང་ཅི་ཞིག་མཛད་ཅེ་ན། དེའི་འབར་བའི་ཉི་མ་ལས་ཞེས་གསུངས་ཏེ། རང་གི་ཉི་མའི ་འོད་ཟེར་འབར་བ་ལས་བྱུང་བའི་དུར་ཁྲོད་ཀྱི་ཞིང་སྐྱོང་དུ་སྤྲུལ་ནས། གྲིབ་མ་བཞིན་དུ་སྤྲུལ་པའི་གཟུགས་སུ་མཛད་པ་ཡིན་ནོ། །དེ་ནས་མ་ལུས་པའི་བདུད་ལས་གྲགས་པ། མ་འོངས་པའི་རྣལ་འབྱོར་པའི་བར་དུ་གཅོད་པའི་གདུག་པ་ལ་སོགས་པའི ་ཁྲག་ཟ་བར་ནུས་པ་དུར་ཁྲོད་ཀྱི་རྒྱལ་པོ་ཧེ་རུ་ཀ་དང། ལྷན་ཅིག་རོལ་པ་ཡིན་ནོ། །དེའི་ཕྱིར་སངས་རྒྱས་ཀྱི་ཞིང་སྦྱངས་ནས་འགྲོ་བ་ཐམས་ཅད་བྱང་ཆུབ་ལ་བཀོད་དེ། སེམས་ཅན་གྱི་ཁམས་ཐམས་ཅད་སྦྱངས་པ་ཡིན་ནོ། །ཧེ་རུ་ཀའི་དབུགས ་དབྱུང་བའི་འགྲེལ་པའོ།། །དེ་ལྟར་ཧེ་རུ་ཀའི་དབུགས་དབྱུང་བཤད་ནས། ད་ནི་པདྨ་གར་གྱི་དབང་ཕྱུག་གི་དབུགས་དབྱུང་བཤད་པར་བྱ་སྟེ། འདས་པའི་དུས་ན་སྔོན་བྱུང་བ་ཞེས་བྱ་བ་ནས་འགྲོ་བའི་ཚུལ་དུ་སྔོན་བྱུང་བའི ་བར་དུ་བཤད་ཟིན་ཏོ། །དེ་ཚེ་སེམས་ཅན་ཐམས་ཅད་ནི་ཞེས་པ་སངས་རྒྱས་འོད་སྲུངས་གི་བསྟན་པའི་རྗེས་ལ་སེམས་ཅན་ཐམས་ཅད་རྨོངས་པའི་དབང་གིས་ལོག་པར་ལྟ་བ་ཅན་དུ་གྱུར་ཏོ། །དེ་ནས་ཆག་པའི་དབང་གིས་ངུ་འབོད་ཆེན་པོར་སྐྱེས་པར ་གྱུར་ཏོ། །ལོག་ལྟ་ཅན་གྱི་ཤེས་རབ་དེ་ཉིད་སྦྱང་བའི་ཕྱིར། བཅོམ་ལྡན་འདས་རྡོ་རྗེ་ཆོས་ཀྱིས་ཇི་ལྟར་པདྨ་དམར་པོ་འདི་འདམ་ལས་སྐྱེས་ཀྱང་འདམ་གྱིས་ཉེས་པས་མི་གོས་པ་བཞིན་ཏེ། ཁམས་གསུམ་པའི་སེམས་ཅན་འོད་གསལ་བློ་བུར་གྱི་དྲི་མའི་ཉེས ་པས་མ་གོས་པ་གཟིགས་ནས། སྤྱན་རས་གཟིགས་ཀྱི་སྐུར་བསྐྱེད་པ་ཡིན། དེ་ཡང་སུ་ཞིག་ཡིན་ཞེ་ན། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཞེས་བྱ་བ་གསུངས་ཏེ། རིགས་དྲུག་གི་དཀྱིལ་འཁོར་དང་རྡོ་རྗེ་སེམས་དཔའ་ཉིད་རྩ་བའི་སྤྲུལ་སྐུ་ཡིན་ཞེས ་ཤེས་པར་བྱའོ། །དེ་བས་ན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེས་ལོག་ལྟ་ལས་བྱུང་བའི་འདོད་ཆགས་འདུལ་བའི་ཕྱིར། སོ་སོར་རྟོག་པ་འདོད་ཆགས་དག་པའི་མཆོད་སྦྱིན་ཏེ། པདྨ་གར་གྱི་དབང་ཕྱུག་ཐབས་དང་ཤེས་རབ་མཉམ་པར་སྦྱོར ་བའི་མངའ་སྐྱེས་ཀྱི་རིམ་པས་པདྨ་བར་གྱི་དབང་ཕྱུག་གི་དཀྱིལ་འཁོར་གྱི་ཚུལ་གྱི་སྣ་ཚོགས་པ་འདུལ་བ་ལ་མོས་པ་ལ་ཀུན་ཏུ་སྤྱན་རས་གཟིགས་དབང་ཕྱུག་གི་རྒྱལ་པོ་སྣང་བ་མཛའ་ཡས་སུ་གྱུར་པ་ཡིན་ནོ། །པདྨ་གར་གྱི་དབང་ཕྱུག་གི་དབུགས་དབྱུང ་བའི་འགྲེལ་པའོ།། །།དེ་ལྟར་གར་གྱི་དབང་ཕྱུག་གི་འགྲེལ་པ་བཤད་ནས། ད་ནི་རྡོ་རྗེ་ཉི་མའི་དབུགས་དབྱུང་བཤད་པར་བྱ་སྟེ། འདས་པའི་དུས་ན་སྔོན་བྱུང་བའི་ཚིགས་བཅད་གཅིག་གཤད་ཟིན་ཏོ། །དེ་ཚེ་སེམས ་ཅན་ཐམས་ཅད་ནི་ཞེས་བྱ་བ་ནི་བུདྡྷ་འོད་སྲུངས་གི་བསྟན་པའི་རྗེས་ལ་སེར་སྣའི་སེམས་ཀྱིས་འདུག་ཅིང་ནོར་ལ་ཤས་ཆེར་བརྐམ་པར་གྱུར་པ་དང། ཤིན་ཏུ་འཇུངས་པར་གྱུར་པའི་དབང་གིས་ཡི་དགས་ཀྱི་གནས་སུ་ལྷུང་བར་གྱུར་ཏོ། །དེ་ནས་ཚེ་འཕོས་ནས ་མི་དབུལ་པོར་སྐྱེས་ནས་བཀྲེས་པ་དང་སྐོམ་པ་དང། ཕན་ཚུན་གསོད་པར་གྱུར་པ་དང། ཤིན་ཏུ་གདུག་པའི་སེར་སྣ་ཅན་གྱི་རྣལ་འབྱོར་དེ་ཉིད་སྦྱང་བའི་ཕྱིར། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་མཉམ་པ་ཉིད་ཀྱི་ནོར་ཆེན་པོའི་ཏིང་ངེ་འཛིན་ལ་མཉམ ་པར་ཐག་ནས་རྡོ་རྗེ་ཉི་མའི་གཟུགས་སུ་མཛད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ནམ་མཁའ་ཨི་སྙིང་པོ་རྡོ་རྗེ་ཉི་མ་དེས་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་རེ་བ་རྫོགས་པར་བྱ་བའི་ཕྱིར་བུད་མེད་རིན་པོ་ཆེ་ལ་སོགས་པའི་ཆར་ཕབ་ནས། སེམས ་ཅན་ཐམས་ཅད་ལ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་སྟེར་བ་ཡིན་ནོ། །གང་གི་ཕྱིར་གདུག་ཅིང་སེར་སྣ་ཅན་གྱི་ང་རྒྱལ་གྱིས་ཁྲོ་བ་ལ་ཞི་བས་ཕན་པར་མི་འགྱུར་བ་དེའི་ཕྱིར། ཤེས་རབ་ཐབ་ཀྱི་རྡོ་རྗེ་ཉི་མ་ལས། མཇལ་སྐྱེས་ཀྱི་རིམ་པས་ཉི་མའི་འོད ་ཟེར་གྱིས་སེར་སྣ་ཅན་རྣམས་རབ་ཏུ་གདུངས་ནས་སེར་སྣ་མེད་པའི་ལྷར་བསྒྲུབས་སོ་བྱ་བ་དང། ཞེས་བྱ་བ་ལུས་ངག་སེམས་ཀྱི་དབང་དུ་བྱ་བའོ། །ཟློག་པ་དང་ཞེས་བྱ་བ་སྲོག་དང་རྣམ་ཤེས་ཐིམ་པའོ། །དབྲོག་པས་ཀྱང་ནི་ཁྱད་པར་དུ་ཞེས་པ་བཙུན་མོ་ལོངས ་སྤྱད་པ་དང། ཚོགས་ཀྱི་འཁོར་ལོ་ལོངས་སྤྱད་པའོ། །དེ་ལྟར་གཞན་ལས་རྒྱལ་བར་བྱས་ཏེ། ས་འོག་ས་སླ་སྟེ་སྟེང་གྱི་གནས་གསུམ་པོ་མཛའ་དག་གི་རང་དབང་ཡོད་པའི་ནོར་གྱི་ཚོགས་ཐམས་ཅད་ཀུན་ཏུ་སྡུད་པར་བྱེད་ཅིང་འཇིག་རྟེན་གསུམ་ལས་རྣམ་པར ་རྒྱལ་པ་ཡིན་ནོ། །རྡོ་རྗེ་ཉི་མའི་དབུགས་དབྱུང་བའི་འགྲེལ་པའོ།། །།ད་ནི་རྟ་མཆོག་གི་དབུགས་དབྱུང་པ་བཤད་དེ། འདས་པའི་དུས་ན་ཞེས་པའི་ཤལོ་ཀ་ནི་བཤད་ཟིན་ཏོ། །དེ་ཚེ་སེམས་ཅན་ཐམས་ཅད་ནི་ཞེས་པའི་འོད་སྲུངས་གི་བསྟན་པའི ་རྗེས་ལའོ། །བརྩོན་འགྲུས་ཤིན་ཏུ་ཆུང་བར་གྱུར་པ་ཞེས་ལ། ལེ་ལོ་དང་ཕྲག་དོག་དང་བཅས་པའོ། །ལེ་ལོ་དེས་ཅིར་འགྱུར་སྙམ་ན། མནར་མེད་པའི་དམྱལ་བར་ལྷུང་ཞེས་བྱ་བ་སྨོས་ཏེ། མནར་མེད་པ་ནི་ཉེ་བར་མཚོན་པ་སྟེ་བརྒྱད ་དོ། །དེ་ནས་ཤི་འཕོས་ཏེ་མིར་སྐྱེས་ཀྱང་བྱི་བོ་དང། ཆོམ་པོ་དང། རྐུན་པོ་ཡིས་དགེ་བའི་ཕྱོགས་ལ་བར་དུ་གཅོད་པའི་ལས་བྱེད་པ་ཡིན་ནོ། །རྣལ་འབྱོར་དེ་ཉིད་བཅོམ་ལན་འདས་རྡོ་རྗེ་སེམས་དཔའ་མཁྱེན་ནས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་རང་བཞིན ་དྲག་ཤུལ་གྱི་སྦྱོར་བའི་ཚུལ་རྟ་མཆོག་གི་ཚུལ་དུ་སྐྱེད་པར་བྱེད་པ་ཡིན་ནོ། །གདུལ་བྱ་སེམས་ཅན་ཐམས་ཅད་དག་པར་མོས་པས་སྡིག་པ་མེད་པའི་ཐུགས་རྗེའི་སྟོབས་ཀྱིས་མངོན་སུམ་ཁོ་ནར་རོ། །ཕ་རོལ་གནོན་པའི་རྟ་ལ་དག་གིས་ཞེས་པ ་དབང་དང་ལོངས་སྤྱོད་པ་ཐིམ་པའི་མཛད་པས་ཟིལ་གྱིས་ནོན་པར་མཛད་པའོ། །ཇི་ལྟར་ཟིལ་གྱིས་ནོན་སྙམ་ན་རྟ་མཆོག་ཡབ་ཡུམ་མཉམ་པར་རབ་སྦྱོར་བ་མངའ་སྐྱེས་ཀྱི་རིམ་པས་ཤིན་ཏུ་ལེ་ལོས་གདུག་ཅིང་ཕྲག་དོག་གིས་གཏུམ་པའི་སེམས ་ཅན་རྣམ་པ་མང་པོའི་འཇིག་རྟེན་ཐམས་ཅད་འཇུག་པར་བྱ་བའི་ཕྱིར་དཀྱིལ་འཁོར་གྱི་འཁོར་ལོ་སྤྲུལ་པ་ཡིན་ནོ། །དེས་ཅི་ཞིག་མཛད་ཅེ་ན། བྱི་བོ་ཆོམ་པོ་རྐུན་པོ་ཡིས་ཞེས་བྱ་བ་མོས་ཏེ། བྱི་བོ་ནི་གཞན་གྱི་བུད་མེད་ལ་འགྲོ་བའོ། །རྐུན་པོ་ནི་མ་མཐོང ་བ་ནོར་འཕྲོག་པའོ། །ཆོམ་པོ་ནི་མངོན་སུམ་དུ་ནོར་འཕྲོག་པའོ། །བྲིད་པ་དང་ནི་སྒྱུ་དག་དང། ཞེས་པ་བྲིད་པ་ནི་ཚིག་གིས་སོ། །སྒྱུ་ནི་རང་གི་ཉེས་པ་འཆབ་པའི་ཐབས་སེམས་གྱ་གྱུ་བའོ། །ཐམས་ཅད་རྣམ་པར་སྦྱོར་བར་བྱེད་ཅེས་པ། གདུལ ་བྱ་དེ་དག་སྤྲུལ་པའི་འཁོར་ལོས་སྦྱོར་བའོ། །རྡོ་མཐོན་སྟོབས་ཀྱིས་དེ་བཞིན་དུ་ཞེས་པ་མངོན་སུམ་དུ་བརྩོན་འགྲུས་ཀྱི་སྟོབས་ཀྱིས་དབང་དུ་བྱས་བ་ལོངས་སྤྱད་པ་ཐིམ་པའོ། །དགྲ་ཆ་ང་ཡིས་བརྒལ་ནས་ནི་ཞེས་བྱ་བ། རྡོ་རྗེ་རལ་གྲི ་མདའ་གཞུ་མདུང་རྩེ་གཅིག་པ་བེ་ཅོན་གྱིས་བཏུལ་ནས། དེའི་འཇིག་རྟེན་ཀུན་ལས་རྒྱལ་བར་འགྱུར་རོ། །དེ་ནས་དབུས་ཀྱི་གཙོ་བོ་རྟ་མཆོག་གི་དབང་དུ་བྱས་ནས་གདུལ་བྱ་རྣམས་འདུལ་བའི་ཐབས་སྣ་ཚོགས་ཀྱིས་རང་གི་རྒྱལ་སྲིད་སྐྱོང་བ་ཞེས་གསུངས ་པ་ཡིན་ནོ། །ཁམས་ཀྱི་རྟ་མཆོག་གཉིས་ཀྱི་དབང་དུ་མཛད་ནས། གཡེམ་པ་རྣམས་འདུལ་བར་བྱ་བའི་ཕྱིར་དང། གཡེམ་བའི་དབང་གི་སྐུ་དང། ཁྲོ་བོ་རྣམས་འདུལ་བར་བྱ་བའི་ཕྱིར། ཁྲོ་བ་སྔོན་སྤྱོད་ཀྱི་སྐུ་དང། ཞི་བ་འདུལ་བའི་ཕྱིར། ཞི་བའི་སྐུ་དང་གྲག ་ཤུལ་ཅན་རྣམས་འདུལ་བའི་ཕྱིར་དྲག་པོ་རྒྱས་པའི་སྐུ་བསྟན་པ་ཡིན་ནོ། །རྟ་མཆོག་དེ་བཞིར་གང་གཏུལ་བ་ཡིན་ཞེ་ན། སྡིག་པ་མེད་པའི་བརྩོན་འགྲུས་ཀྱི་སྟོབས་ཀྱིས་མངོན་སུམ་དུ་མནན་ནས་ལྷ་མོ་བྱི་མ་ཕྲོགས་པ་ཡིན་ནོ། །མཐུའི་ཚེ་ཁྱབ ་འཇུག་མ་ནམ་ནས་ལྷ་མོ་དྲུག་མིན་ཕྲོགས་ནས་ལོངས་སྤྱོད་པ་ཡིན་ནོ། །སྐྱེ་དགུའི་བདག་པོ་ཚངས་པ་མནན་ནས་ལྷ་མོ་རབ་ཏུ་ཞི་བ་ཕྲོགས་ནས་ལོངས་སྤྱོད་པ་ཡིན་ནོ། །འདོད་པའི་ལྷ་མནན་ནས་མིའི་དབང་ཕྱུག་མ་ཕྲོགས་ནས་ལོངས་སྤྱོད་པ ་ཡིན་ནོ། །དེ་ལྟར་སྔོན་བྱུང་གི་དུས་སུ་མི་རུངས་པ་ཐམས་ཅད་མནན་ནས་ལུས་ངག་སེམས་དབང་དུ་བྱས་ཏེ། ལྷ་མོ་དང་ཚོགས་ཀྱི་འཁོར་ལོ་ཐམས་ཅད་ཕྲོགས་ནས་ལོངས་སྤྱོད་པ་ཡིན་ནོ། །དེ་དག་ཀྱང་རྣམ་པར་རྟོག་པ་འགགས་ནས་སྲོག ་ཐིམ་པ་དང། མི་རྟོག་པའི་ཡེ་ཤེས་སྐྱེས་ནས་ཡེ་ཤེས་ཐིམ་པས་ན་དེ་ལ་སོགས་པ་མཛའ་ཡས་མཆོག་ཅེས་པ་ནས། རོ་རྗེ་ལས་ཆེན་རྣམས་སྟོན་པ་ཞེས་པའི་བར་དུ་སྤྲུལ་པའི་སྐུས་སེམས་ཅན་གྱི་དོན་བྱ་བ་གསུངས་པ་ཡིན་ནོ། །སེམས་ཅན ་དེ་དག་འདུལ་བར་མཛད་པ་ནི་གང། ཐབས་ནི་གང་གིས་ཐོབ་པར་འགྱུར། འབྲས་བུ་ནི་གང་ཐོབ་སྙམ་ན། ནམ་མཁའ་ཀུན་གྱི་གནས་སྐབས་དང། དཔལ་རྡོ་རྗེ་སེམས་དཔའ་རབ་ཏུ་གནས་ཞེས་པ་སྟོན་པ་ནི། ཐབས་དང་རྩལ་གྱི་སྒྲུབ་པ་ཡིས ་ཞེས་པ་དབང་དུ་བྱ་བའི་ཐབས་དང་ལོངས་སྤྱོད་པའི་རྟ་ལ་གྱིས་མངོན་སྤྱོད་ཀྱི་སྦྱོར་བའི་སྟོབས་ཀྱིས་བསྒྲུབས་པས། ཁམས་གསུམ་པའི་རྒྱལ་སྲིད་མ་ལུས་པ་ལ་དབང་རྟ་མཆོག་གི་གཟུགས་སུ་རྡོ་རྗེ་འཛིན་པ་དེ་ཡིས་ཐོབ་པར ་མཛད་ནས་མངལ་སྐྱེས་ཀྱི་རིམ་པས་རིགས་བསྡུས་པའི་འཁོར་བཞིས་བསྐོར་བའོ། །བྱང་ཆུབ་སེམས་དཔའ་མཛའ་ཡས་མཆོག་སྐལ་ནས་མངོན་སྤྱོད་ཀྱི་དྲག་ཤུལ་གྱི་སྦྱོར་བས་བསྒྲུབས་པར་མཛད་པ་ནི་ཐབས་ཡིན་ནོ། །འབྲས་བུ་ཐམས་ཅད ་རྣམ་དག་མོས་པའི་ས་ཞེས་པ་ནས། སངས་རྒྱས་བྱང་ཆུབ་རབ་ཏུ་འགྲེལ་ཞེས་པའི་བར་གྱིས་མཆོག་གི་དངོས་གྲུབ་དང། ལྷའི་དངོས་གྲུབ་དགའ་བ་དང། ཞེས་པ་ནས་འཇིག་རྟེན་གྱི་སིདྡྷི་གྲུབ་པའོ། །སངས་རྒྱས་བྱང་ཆུབ་བདེ་ཆེན་པོ་ཞེས་པ ་ནས་རང་གི་རྣལ་འབྱོར་གྱིས་ཐོབ་ནས་ཤེས་པའི་བར་གྱིས་ཆོས་ཀྱི་སྐུ་བསྟན། །སེམས་ཅན་ཐམས་ཅད་ནི་དྲི་མ་དག་ཅེས་པ་ནས། སེམས་ཅན་ཁམས་ལ་བརྟན་པར་སྦྱིན་ཞེས་པའི་བར་གྱིས་ལོངས་སྐུ་བསྟན་པ་དང། རྟ་མཆོག་རྣམ་པར་སྤྲུལ་པ ་ཡིན་ཞེས་པ་ནས་སེམས་ཅན་གྱི་དོན་?་བྱེད་ཅེས་བྱ་བའི་བར་གྱིས་སྤྲུལ་སྐུ་བསྟན་ཏོ། །རྟ་མཆོག་གི་དབུགས་དབྱུང་བའི་འགྲེལ་པའོ།། །།དེ་ལྟར་དབུགས་དབྱུང་དྲུར་བཤད་ནས། དེ་རྣམས་ཀྱི་འཇུག་བསྡུ་བ་ནི་དེ་ལ ་སོགས་པ་མཛའ་ཡས་མཆོག་ཅེས་པ་གསུངས་ཏེ། དབང་བསྐུར་པའི་འཁོར་ལོ་ནི་རྣམ་པ་དྲུག་ཡིན་ལ། དངོས་གྲུབ་ལེན་པའི་འཁོར་ལོ་ནི་ལྷ་བརྒྱ་རྩ་བརྒྱད་དམ། ཡང་ན་དཔའ་བོ་གཅིག་པུའི་བརྒྱ་རྩ་བརྒྱད་སྤྲུལ་ནས། སྔོན་བྱུང་གདུལ་བྱ ་བཏུལ་བ་རྣམས་རང་བྱུང་གི་གཏམ་དག་པ་འཇིག་རྟེན་པའི་ཡེ་ཤེས་རྟོགས་པ་ཡིན་ནོ། །དཀྱིལ་འཁོར་བརྒྱ་རྩ་བརྒྱད་པོ་དེ་རྣམ་དང་པོ་སྦྱོར་བའི་རྩ་བའི་གང་གིས་སྤྲུལ་ཞེ་ན། ནམ་མཁའ་ཀུན་གྱི་སྐབས་ན་དཔལ་རྡོ་རྗེ་སེམས་དཔའ་ཀུན་ཏུ ་གནས་ཞེས་གསུངས་སོ། །དངོས་གྲུབ་ལེན་པའི་རྣལ་འབྱོར་པ་བརྒྱ་རྩ་བརྒྱད་ཀྱང་གྲུབ་པའི་དབང་ཕྱུག་རབ་ཏུ་གྲུབ་པ་སྟེ། འཇིག་རྟེན་ཐུན་མོང་དང་མཆོག་གི་དངོས་གྲུབ་རྣམས་སོ། །ཐམས་ཅད་བདག་ཉིད་འཇུག་པར་བྱེད་ཅེས་པ། །དངོས་གྲུབ་ཐོབ་པའི་རྣལ ་འབྱོར་པ་ཕྲིན་ལས་ཐམས་ཅད་ལ་འཇུག་པར་བྱེད་དོ། །གཏམ་གྱི་ཕྱག་རྒྱ་ཞེས་པ་བསྐལ་པ་དང་པོར་པ་ལ་མཆོག་གི་ལོ་རྒྱུས་དང། བར་གྱི་བསྐལ་པ་སངས་རྒྱས་གསུམ་གྱི་ལོ་རྒྱུས་དང། བསྐལ་པ་ཐ་མར་མཉམ་སྦྱོར་གྱི་དབུགས་དབྱུང་དཀྱིལ་འཁོར ་དྲུག་གི་བརྟག་པ་སྤྲུལ་པ་དང། མ་འོངས་པའི་རྣལ་འབྱོར་པ་དྲུག་གི་རྗེས་འཇུག་བསྒོམ་པ་གསུངས་པའོ། །བརྟག་པ་ལྔ་པའི་འགྲེལ་པའོ།། །།དེ་ལྟར་སྔོན་བྱུང་དང་རྗེས་འཇུག་གི་དབུངས་དབྱུང་བའི་དཀྱིལ་འཁོར་དྲུག་བཤད་ནས། ་ད་ནི་དམ་ཚིག་དང་དབང་བསྐུར་བའི་ཆོ་གས་སྐལ་པ་དང་ལྡན་པར་བསྟན་པའི་ཕྱིར་དེ་ནས་གཞན་ཡང་ཐམས་ཅད་དུ་ཞེས་པ་ལ་སོགས་པ་གསུང་སྟེ། གང་གི་ཕྱིར་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་མེད་ན་དངོས་གྲུབ་ཐོབ་པར་མི་འགྱུར ་བ་དེའི་ཕྱིར་མཁའ་འགྲོ་མ་སྒྱུ་མའི་མཆོག་བཤད་ཅེས་བྱ་བར་སྦྱོར། གཞན་ཡང་ཞེས་བྱ་བ་དཀྱིལ་འཁོར་སྔ་མ་དྲུག་ལ་བལྟོས་ནས་སྐལ་པ་དང་ལྡན་པའི་སློབ་མ་རྣམས་སྨིན་པར་བྱ་བ་ནི་གཞན་ཡང་ངོ། ཐམས་ཅད་དུ་ཞེས་པ་ཕྱོགས་ཐམས་ཅད་དུ་སྐལ་པ་དང་ལྡན་པའི་གང་ཟག་རྟོགས ་པ་དྲུག་པ་ལ་མོས་པ་ལའོ། །རྣམ་པ་སྣ་ཚོགས་བྱུང་བ་ནི་རིགས་དྲུག་གི་འཁོར་ལོ་བཤད་པས་གདུལ་བྱ་རྣམས་བཏུལ་བའོ། །དེ་ཐབས་གང་གིས་ཡིན་སྙམ་ན་སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག་ཅེས་སྨོས་ཏེ། རིགས་དྲུག ་གི་སངས་རྒྱས་ཟག་པ་མེད་པའི་ཡེ་ཤེས་དང། སོ་སོའི་སྐྱེ་བོའི་རྣལ་འབྱོར་པ་བློ་བུར་གྱི་དྲི་མ་དང་བཅས་པ་རྣམས་མཉམ་པར་སྦྱོར་བས་ཞི་གནས་དང་ལྷག་མཐོང་གི་མཁའ་འགྲོ་མའི་རྒྱུ་རྐྱེན་ཚོགས་པ་སྟེ། དེ་ཡང་ཞི་གནས་བདེ་བ་དང། ལྷག་མཐོང་སྟོང ་པ་གཉིས་རྒྱུ་རྐྱེན་ཚོགས་པས་བདེ་མཆོག་སྟེ། ཟག་མེད་ཀྱི་བདེ་བ་སྒྱུ་མའི་རྒྱུ་རྐྱེན་ཚོགས་པ་བཤད་པར་བྱའོ། །བདེ་མཆོག་དེ་ནས་གང་སུ་གྲུབ། དངོས་པོ་གང་ཞིག་སྒྲུབ། ཐབས་ཇི་ལྟ་བུ་ཞིག་གིས་སྒྲུབ་སྙམ་ན་དཔལ་ལྡན ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་གནས་ནི་ཕྱི་དང་ནང་གཅིག་ཡིན་ལ། ཕྱིའི་གནས་ཡིད་དུ་འོང་བ་ལ་སོགས་པ་འམ། ནང་ལུས་ཀྱི་དཀྱིལ་འཁོར་དང། བྷ་ག་དང་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་གསུམ་ལ་ཡིན་ནོ། །ཕྱི་རོལ་གྱི་གནས ་ཡིད་དུ་འོང་བརྡལ་ཚོན་གྱི་དཀྱིལ་འཁོར་བྲིས་ནས་བུམ་པའི་དབང་བསྐུར་བ་ནི་བརྟོག་པ་བདུན་པ་ལས་སྟོན་པར་འགྱུར་རོ། །འདི་ནི་མཆོག་ཏུ་གྱུར་པའི་རྣལ་འབྱོར་པའི་དབང་དུ་མཛད་ན་ལུས་ཀྱི་དཀྱིལ་འཁོར་ལ་གསང་བའི་དབང་བསྐུར་བ ་དང། བྷ་གའི་དཀྱིལ་འཁོར་ལ་ཤེས་ར་བྱེ་ཤེས་ཀྱི་དབང་བསྐུར་བ་དང། ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ལ་དབང་བཞི་པ་བསྐུར་བ་གསུམ་བཤད་པར་བྱའོ། །དེ་ལ་ལུས་ཀྱི་དཀྱིལ་འཁོར་དང་བྷ་གའི་དཀྱིལ་འཁོར་བཤད་པར་བཞེད་ནས་དཔལ ་ལྡན་སངས་རྒྱས་ཀུན་གྱི་དངོས། རྡོ་རྗེ་སེམས་དཔའ་བདེ་བྱུང་བ། གསང་བ་མཆོག་གི་དགྱེས་པས་ན། ཞེས་པས་གནས་གསུངས་པ་ཡིན་ནོ། །ཞི་གནས་བསམ་གནས་ཀྱི་བདེ་བ་དང། ལྷག་མཐོང་ཟག་མེད་ཀྱི་བདེ་བ་ནི་སངས་རྒྱས་ཐམས ་ཅད་ཀྱི་དངོས་པོ་རྡོ་རྗེ་སེམས་དཔའ་ཨོ། །བདེ་བདེ་འབྱུང་བའི་གནས་ནི་ལུས་ཀྱི་དཀྱིལ་འཁོར་བྷ་གའི་དཀྱིལ་འཁོར་གསང་བ་མཆོག་གི་དགྱེས་པ་ནའོ། །སརྦབ་བདག་ཉིད་ནི་འཁོར་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡན་པའི་བདག་ཉིད་རླུང་གཉིས ་འགོག་པའི་དུས་སུ་དགའ་བ་བཞིའི་དུས་ན་རྟག་ཏུ་བཞུགས་སོ། །དེ་ཡང་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་གྱི་དབང་དུ་བྱས་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྡོ་རྗེ་སེམས་དཔའ་ཆོས་ཀྱི་དབྱིངས་གསང་བ་མཆོག་གི་དགྱེས་པ་ནི་ཡེ་ཤེས་ལྔ ་ཐམས་ཅད་ཀྱི་བདག་ཉིད་བསམ་གྱིས་མི་ཁྱབ་པའི་དུས་རྟག་ཏུ་བཞུགས་སོ་ཞེས་བྱར་རོ། །བསྒྲུབ་པའི་དངོས་པོ་གང་ཞེ་ན། སངས་རྒྱས་ཐམས་ཅད་ཀྱིས་འདའ་བར་མི་བྱ་བ་ནི་དཔལ་སྟོང་པ་ཉིད་སྒྱུ་མ་ལྟ་བུ་རོ་གཅིག་པའི་རྡོ་རྗེ་སེམས་དཔའ་དེ་བ་སྣང་བའི་བདེ་བའི་ངོ ་བོའོ། །ཐམས་ཅད་ཀྱི་ཁྱད་པར་ནི་དེ་བཞིན་གཤེགས་པ་རིན་པོ་ཆེ་བཞིའི་དཔུང་བརྒྱན་དོ་ཤལ་ལ་སོགས་པས་བརྒྱན་ཅིང་སྲ་པའོ། དེ་ཡང་བདེ་མཆོག་ལས། དྲི་སྦྱངས་མེ་ཏོག་སྤོས་ཀྱིས་བརྒྱན། ཤིན་ཏུ་སྒྲ་སྙན་དྲིལ་བུ་དཀྲོལ་ཞེས་གསུངས་སོ། ་རྡོ་རྗེ་དྲིལ་བུ་རྒྱལ་མཚན་མཆོག་ལྡན་པ་ཞེས་པ་ནི་དམངས་རིགས་ཀྱི་བུ་མོ་བཅུ་དྲུག་ལོན་པའི་དཔྱིད་ཀྱི་དུས་ཀྱི་རེ་ཏ་དང་ལྡན་པའོ། བླ་རེ་དམ་པ་བྲེས་པ་ན་ཞེས་པ་གོས་སར་པ་བགོས་པའོ། །རྡོ་རྗེ་ཚིག་དང་མཆོད་པ་ལ་སོགས་སོ་ཞེས་པ་བརྡ་དང ་འཁྱུད་པ་དང། འོ་བྱེད་པ་ལ་སོགས་པ་ཀ་ར་ནའི་མཆོད་པས་མཆོད་པའོ། །གླུ་དང་སེལ་སྙན་རྣམ་པར་འཕྲུལ་ཞེས་པ་གླུ་བཞི་ལེན་ཅིང་གླིང་བུ་དང་པི་ཝང་ལ་སོགས་པ་རོལ་མོའི་ཆ་བྱད་བཅུས་བསྐོར་བའི་གནས་སོ། །ཡང་ན་སྒྲ་ཇི་བཞིན་བཤད ་པ་སྟེ་གོ་སླའོ། །མེ་ཏོག་བདུག་པ་མར་མེ་དྲི་ལྟར་བཤོས་ལ་སོགས་པས་བརྒྱན་ཅིང་གནས་སུ་ལུས་དང་བྷ་གའི་དཀྱིལ་འཁོར་ལ་སྒྱུ་མའི་བདེ་མཆོག་བསྒྲུབ་པར་བྱའོ། །ཡང་ན་བདེ་བའི་གནས་སྐྱེད་མོས་ཚལ་ལ་སོགས་པར་རྡོ་རྗེ་སེམས་དཔའ་ཨི ་དཀྱིལ་འཁོར་གྱི་དབང་དུ་བྱས་ནས་གདན་ཉི་ཤུ་རྩ་གཅིག་གཤམས་ཏེ། ནང་ཚངས་དང་བཅས་པའི་འཇམ་པ་རེག་ན་བདེ་བའི་སྟན་ཆོགས་པདྨས་བརྒྱན་པའི་རས་ཀྱི་གཡོགས་ལ་དེ་ཐམས་ཅད་ཀྱིས་གདན་ལ་བསྙེན་བསྒྲུབ་ཞི་བའི་རིམ་པ་དང་པོ་རྡོ་རྗེ ་སེམས་དཔའ་བསྐྱེད་ལ་ཕྱིས་བསྟན་ཏེ་ཐམས་ཅད་ལ་འཁོར་གྱི་ལྟ་སྐུལ་པར་བྱའོ། དེ་ཡང་དཔའ་བོ་དང་རྣལ་འབྱོར་མ་ཉི་ཤུ་ཐམ་པ་མངའ་སྐྱེས་ཀྱི་རིམ་པས་སོ་སོར་རང་གི་ལྷ་བསྒོམ་དུ་གཞུག་གོ། ཚོགས་ཀྱི་འཁོར་ལོའི་གཞལ་ཡས་ཁང་དུ་ཇི ་ལྟར་བསྒོམ་ཞེ་ན། གྲུ་བཞི་པ་ལ་སྒོ་བཞི་པ་ཞེས་པ་ནས་སྒོ་སྲུངས་དང་ནི་ལྡན་པར་བྱ། ཞེས་པའི་བར་གྱིས་བསྟན་ཏོ། །དེ་རྣམས་ཁ་དོག་དང་དབྱིབས་ཇི་ལྟ་བུ་ཞེ་ན། རང་གི་ལྷ་དང་འདྲ་བའི་ཞེས་གསུངས་ཏེ། བུད་མེད་རྣམས་ནི ་ལེགས་པ་ཞེས་པ་བསྙེན་སྒྲུབ་བཞིས་སྦྱངས་ནས། རང་རང་གི་ལྷ་མོ་བསྒོམ་པ་འམ། གདོང་རྒྱན་དང་བཅས་པས་རང་གི་མུ་ཏྲས་མཚན་མའི་ཚོགས་ཀྱི་འཁོར་ལོ་བརྟག་པར་བྱའོ། །ཚོགས་ཀྱི་འཁོར་ལོ་དང་གསང་བའི་དབང་བསྐུར་པའི་རྫས་ནི་མིའི ་མཚལ་ནི་གྲུབ་པ་ལ་དམར་ཆེན་ཞེས་བྱ་བར་བཤད་ཅེས་གསུངས་ཏེ། རང་བྱུང་གི་ཁྲག་གོ་དེ་ཅི་དགོས་སྙམ་ནས། ངོ་བོ་ཉིད་ཀྱི་མཐུ་དག་དང། རང་བཞིན་གྱིས་མི་དེ་འགྲུབ་པའོ་ཞེས་གསུངས་ཏེ། གཙོ་བོ་རྩ་བ་དང་ཚེ་འཕེལ་བར་བྱེད་པ་ཀ་མཏ ་ཏྭ་དང། བ་ཤཱནྟ་ཏྭ་ཞེས་བྱ་བ་ངོ་བོ་ཉིད་ཀྱི་མཐུ་དང། དེའི་རང་བཞིན་བརྒྱད་ཅུ་དང་བྲལ་བའི་དགའ་བ་བཞི་རྟོག་པ་མེད་པ་ནི་ནི་ར་རྫ?་ཏ་ཏྟཝ་ཞེས་པ་རང་བཞིན་གྱིས་གྲུབ་པ་ཡིན་ནོ། དེ་ཇི་ལྟར་མྱང་སྙམ་ན། རྡོ་རྗེ་ཆུ་དང་རྡོ་རྗེར་བཅས་ཞེས་གསུང་ཏེ ་དྲི་ཆེན་དྲི་ཆུ་བཅས་པས། བྱང་ཆུབ་སེམས་དང་མཚལ་ཆེན་པོ་སྟེ་ཤ་དང་བཅས་པའི་བདུད་རྩི་ལྔ་རང་བཞིན་གྱི་མཐུས་ནུས་པ་དང་ལྡན་པ་ཐོད་པའི་སྣོད་དུ་བཞག་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཨི་དམ་ཚིག་རོ་རྡོ་རྗེ་མ་ལ་སྒྱུ་མ་ལྟ་བུར ་རྟོགས་པ་ཡིན་ནོ། །དེ་ནི་གང་ཟག་གཅིག་གིས་མ་ཡིན་པར། རྣལ་འབྱོར་པ་ཐམས་ཅད་ཀྱི་མྱང་བར་བྱའོ། །ཞི་བའི་བཏུང་བ་བསྟན་པ་ནི། དེའི་འཚལ་དང་ཁུ་བ་དང་ཞེས་གསུངས་ཏེ། འཚལ་ནི་རང་བྱུང་གི་མེ་ཏོག་གོ། ཁུ་བ་ནི་ས ་བོན་ནོ། །མཚལ་ཆེན་པོ་སྒྲུབ་པ་ནི་བདུད་རྩི་སྒྲུབ་པའོ། །ཅིའི་ཕྱིར་བདུད་རྩི་ལྔ་ལ་མཚལ་ཆེན་པོ་ཞེས་ཁྱད་པར་གྱི་མིང་གང་གིས་གདགས་ཤེན། བདེ་བ་སྟོང་པ་ཉིད་བསྒོམ་པའི་ཆགས་པ་ཆེན་པོ་ལས་བྱུང་བས་ན་དམར་ཆེན་ཞེས ་ཞེས་བཤད་དོ། དེའི་བྱང་ཆུབ་སེམས་དང། ཙན་དན་དམར་པོ་སྟེ་ཤ་ཆེན་བཅས་པ་ཚོགས་ཀྱི་དབུས་སུ་བཞག་པས་ལྷ་ཐམས་ཅད་ཀྱིས་མྱང་བའི་ར་ས་ཡ་ན་ཤི་སློང་བ་ཞེས་བྱ་བར་འགྱུར་རོ། ཇི་ལྟར་མྱང་ཞེ་ན། རང་གི་ལྷའི་སྦྱོར་ལྡན་པ་ཞེས་གསུངས ་ཏེ། ཚོགས་ཀྱི་འཁོར་ལོའི་རྣལ་འབྱོར་པ་རྣམས་ཀྱིས་རང་རང་གི་ལྷའི་རྣལ་འབྱོར་དང་ལྡན་པས་སྲིན་ལག་དང། མཐེ་བོའི་རྩེ་མོས་ཞི་བའི་བཏུང་བ་བཞིན་མྱངས་ན་རྟག་པར་ཟག་མེད་ཀྱི་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ཡང་རྡོ་རྗེ་གདན ་བཞི་ལས། མཐེ་བོས་གཞིར་བསྐྱེད་ནས་སྲིན་ལག་རི་རབ་ཏུ་བསམས་ཏེ། བདུད་རྩི་རྒྱ་མཚོ་ཆེན་པོར་བསྒོམས་དཀྲུགས་ཏེ་སྤྲུལ་པ་རི་བོ་བ་དི་ར་ལས་བཏུས་པའི་རྩ་སོ་མ་ནི་ཞེས་པ་གི་བང་ཡོད་པའི་བ་སེར་མོའི་ཀོ་བར་རིག་བྱེད་ཀྱི་སྔགས་ཟློས་ཤིང་བརྡུངས ་ནས་འཐུངས་པས་སྡིག་པ་དགུ་པར་འདོད་པ་དེ་བཞིན་དུ་མྱང་བར་བྱ་ཞེས་གསུངས་སོ། །དེའི་འབྲས་བུ་ནི་སངས་རྒྱས་ཀུན་གྱི་རང་བཞིན་ཏེ་ཞེས་པ་ལ་སོགས་པ་ལ་གསུངས་ཏེ་གོ་སླའོ། །དེ་ལྟར་གསང་བའི་དབང་བཤད་ནས་ཤེས་རབ་ཡེ་ཤེས་ཀྱི ་དབང་བསྐུར་གསུངས་པ་ནི་དེ་ནས་ཁྲུས་བྱས་དྲི་ཞིམ་ལུས་ཞེས་སྨོས་ཏེ། ཁྲུས་བྱས་ཤིང་ལུས་དྲི་ཞིམ་པོས་བྱུགས་ལ་ཅི་འབྱོར་པའི་གོས་དང་རྒྱན་བཏགས་ཏེ། མེ་ཏོག་ཕྲེང་བ་གདགས་ཤིང་དྲི་ཁ་ཞིམ་པོས་བཀད་ལ་རིགས་སྣ་ཚོགས་པའི ་བུད་མེད་སྐལ་པ་བཟང་པོ་དང་ལྡན་པ་དང། ཨ་བ་དྷཱ་ཏཱིའི་སྒོ་སྦྱར་ནས་རེག་པའི་བདེ་བ་ལ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཤེས་པ་སྐྱེས་ནས། སྔོན་པ་གཉིད་ལོག་པའི་ཚུལ་དུ་གནས་པ་ལ་དཀྱིལ་འཁོར་གྱི་ལྷ་མོས་ཡེ་ཤེས་ཕབ་ནས་རྣམ་རྟག་ནུབ་པའི ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ན་སློབ་དཔོན་གྱི་ས་འོག་ནས་འབྱུང་བའི་ཤི་བ་སློང་བའི་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་བླང་ཞིང། བཙུན་མོ་ཡུམ་གྱི་བྷ་གའི་གོས་ཀྱིས་གསང་བའི་རྡོ་རྗེ་དག་པའི་སྦྱོར་བས་བདག་གི་བྱང་ཆུབ་སེམས་བསྐུལ ་བར་བྱ་སྟེ། ཐབས་དང་ཤེས་རབ་གཉིས་ཀའི་ནམ་མཁའ་རྩིའི་དབུས་སུ་རྫོགས་པའི་སངས་རྒྱས་ཉི་མ་ཟླ་བ་ཞེས་བྱ་བ་ཐབས་ཤེས་རབ་ཀྱི་བྱང་ཆུབ་ཀྱི་སེམས་འཁོར་ལོ་བཞིའི་རི་ལས་འདས་ནས་དུང་ཅན་མའི་ནམ་མཁའ་ཨི་དབུས་སུ ་ཤར་བ་དག་བླ་མའི་མན་ངག་གི་སྟོབས་ཀྱིས་དེས་ཤེས་དྲངས་ནས་མ་བྱིང་ཞིང་ཉམས་སུ་མྱོང་བས། སྡིག་པ་ཀུན་ལས་གྲེལ་བར་འགྱུར་ཞིང་བསོད་ནམས་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ཉིད་རྒྱས་པར་བཤད་པ་ནི། ངེས་པའི་ལམ་ཞེས་པ ་ལ་སོགས་པ་གསུངས་ཏེ། དེས་པའི་ལམ་ནི་ཀུན་དང་ལྡན་ཞེས་པ་ཞི་གནས་བདེ་བ་རྟོག་མེད་པར་ངེས་པ་ལྷག་མཐོང་བདེ་བ་སྟོང་པ་ཉིད་དུ་ངེས་པའི་ལམ་དང་ལྡན་པའོ། །རྣམ་པར་འདས་པས་རྣམ་པར་བརྒྱན་ཞེས་པ་རང་བཞིན་བརྒྱད་ཅུ་ལས ་འདས་པས་ན་དགའ་བ་བཞིས་བརྒྱན་བའོ། །དེ་ལྟར་ན་བདེ་བ་ཆེན་པོ་གྲུབ་པ་དེ་ལས་སློང་བར་བྱེད་པ་ནི་ཀུན་ནས་སློང་བའི་གླུ་གསུངས་པས་སད་པར་བྱས་བ་ཡིན་ནོ། །དེའི་གླུ་ནི་སྟོང་པ་ཤིན་ཏུ་རྣལ་འབྱོར་པ་ཞེས་པ་ནས། དཔལ་ཁྱོད་བདག་ཅེས ་པའི་བར་དུ་བསྟན་ཏོ། །ཕན་ཡོན་ནི་འདི་དག་ཉིད་གླུར་བླངས་ནས་ཞེས་པ་ནས། ཅི་ཞིག་སྨོས་ཞེས་པའི་བར་གྱིས་བསྟན་ཏོ། །སློབ་མ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་བ་དེ་ལམ་དུ་དང་ལྡན་པ་ཡིན་སྙམ་ན། ་།ལམ་བཞི་དང་ནི་མཉམ་ལྡན་པས། རྣམ་པར་འདས་པས་མཛེས་པར་བྱས་ཞེས་པ་སྨོས་ཏེ། དགའ་བའི་དུས་སུ་སྟོང་པ་ཉིད་དང་ལྡན་པ་དང། མཆོག་དགའ་ཨི་དུས་སུ་ཤིན་ཏུ་སྟོང་པ་ཉིད་དང་ལྡན་པ་དང། ལྷན་ཅིག་སྐྱེས་དགའ་ཨི ་དུས་སུ་ཆེན་པོའི་སྟོང་པ་ཉིད་དང་ལྡན་པ་དང། འོད་གསལ་བའི་དུས་སུ་རྣམ་པ་ཐམས་ཅད་ཀྱི་སྟོང་པ་ཉིད་དང་ལྡན་པ་ནི་ལམ་བཞི་དང་ལྡན་པའོ། །དེ་ཡང་རང་བཞིན་བརྒྱད་ཅུ་ལས་འདས་པས་གཉིས་སུ་ཞེན་པ་རང་གཉིས་སུ་བརྟགས་པ་ནུབ་ནས ་ཀུན་བརྟགས་དང། གཞན་དབང་གི་རྟོག་པ་དང་བྲལ་ཏེ་གཉིས་སུ་མེད་པ་རང་བཞིན་དུ་མཛེས་པར་བྱས་པ་ཡིན་ནོ། །དེ་ཡང་བདེ་མཆོག་ལས། མཆོད་པ་དེ་བཞིན་རྣལ་འབྱོར་མ། དབང་གཉིས་སྙོམས་པར་འཇུག་པ་ཡི། །སྙོམས་པར་འཇུག་པའང་དེ་ཉིད་འཛིན ་ཞེས་གསུངས་པ་དང། རྡོ་རྗེ་མཁའ་འགྲོ་ལས་ཀྱང་སེམས་སྣང་བ་རྣམ་པ་གསུམ་འོད་གསལ་བའི་རང་བཞིན་དུ་འཇུག་པར་གསུངས་པ་དང། འདི་ཉིད་ཀྱི་རྒྱུད་ཕྱི་མའི་ཕྱི་མ་ལས་ཀྱང། སེམས་ཅན་བསོད་ནམས་ཆེར་འཕགས་ཤིང། །རྣམ་གཉིས་མི་གཡོ ་དེ་ཉིད་བདག། སེམས་ཀྱི་འདུ་བྱེད་གཡོ་བ་སྟེ། །འདུས་བྱས་ཐམས་ཅད་ཉིད་དུ་སྣང། །ཞེས་གསུངས་སོ། །དགའ་བ་བཞིའི་དུས་བཤད་པ་ནི། །སྣ་ཚོགས་འབྲང་བ་ཤིན་ཏུ་གྲུབ་ཅེས་གསུངས་ཏེ། རྣམ་པ་སྣ་ཚོགས་པའི་རྗེས་སུ་འབྲང་བར་རྣམ་པར་སྨིན། ་པ་དང། རྣམ་པར་ཉེད་པ་དང། མཚན་ཉིད་དང་བྲལ་བའོ། །འཇིག་རྟེན་གསུམ་ནི་རབ་གྲུབ་པ་ཞེས་པ་ནི། སེམས་སྣང་བ་གསུམ་འོད་གསལ་གྱི་རང་བཞིན་དུ་གྲུབ་པའོ། །འཇིག་རྟེན་གསུམ་གྱིས་ཕྱག་བྱས་པ་ཞེས་པ། ཇི་ལྟར་ཆུ་ལ་ཆུ་བཞག་དང ་ཇི་ལྟར་མར་ལ་མར་བཞིན་དུ། །རང་གིས་རང?་གི་ཡེ་ཤེས་ནི། །འདིང་མཐོད་གང་ཡིན་འདིར་ཕྱག་ཡིན་ཞེས་བཤད་དོ། །འཇིག་རྟེན་གསུམ་གྱི་སྟོན་པ་པོ་ནི་སེམས་ཀྱི་དེ་ཁོ་ན་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ།། ་འཇིག་རྟེན་ཀུན་ལ་སྐྱེད་སྦྱིན་པ་ཞེས་པ་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ལུས་ངག་སེམས་བདེ་བའོ། །འཇིག་ཀུན་གྱི་སྐལ་བཟང་པོ། ། ར་ལི་ཀུན་འགྲུབ་པར་འགྱུར་ཞེས་པ། རང་བཞིན་དུ་གྲུབ་པའོ། །རྡོ་རྗེ་སེམས་དཔའ་ ་དཔལ་འབྱོར་པ། །ལྷ་མོ་ཀུན་དང་འགྲོགས་པ་ཡིན་ནོ། །སྣ་ཚོགས་ཀུན་གྱི་སྐལ་བཟང་པོ། ། ར་ལི་ཀུན་འགྲུབ་པར་འགྱུར་ཞེས་པ། ཆགས་ལམ་པ་ལས་ཀྱི་ཕྱག་རྒྱ་དང་སྦྱོར་བ་དང། །གྲོལ་ལམ་ཆོས་དང་དམ་ཚིག་གི་ཕྱག་རྒྱ་དང་སྦྱོར་བས ་དགའ་བ་གསུམ་གྱི་རོལ་པ་ཨ་ར་ལི་ཀུན་ཏུ་གྲུབ་པར་འགྱུར་རོ། །ནམ་མཁའ་ཨི་ཁམས་ཀྱི་མཛའ་ཀླས་པའི། །ལྷ་མོ་ཀུན་དང་བདེ་མོས་པས། །ཞེས་པ་ཕྱག་རྒྱ་ཆེན་པོ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ ་རྩ་དགུ། སྟོང་ཉིད་ཀྱི་ལྷ་མོ་དང། སྒྱུ་མ་ལྟ་བུ་ཅི་བདེ་བ་རོ་གཅིག་པར་མོས་པས་ཟག་པ་མེད་པའི་དཔལ་རྡོ་རྗེ་སེམས་དཔའ་འོད་གསལ་བའི་རང་བཞིན་ཡང་དག་པར་རྫོགས་པར་འགྱུར་རོ། །ཤེས་རབ་ཀྱི་ཡེ་ཤེས་དང་བཞི་པས་ལན་ཅིག་ཉམས་སུ ་མྱོང་ནས་དུས་ཐམས་ཅད་དུ་སྟོང་པ་ཉིད་ཇི་ལྟར་ཤེས་པར་འགྱུར་སྙམ་ནས། ཉི་མ་གསལ་བར་འཆར་བ་ཡི། །རྡོ་རྗེ་སེམས་དཔའ་ཡང་དག་སྦྱོར་ཞེས་གསུངས་ཏེ། འཁོར་ལོ་བཞི་ལ་བྱང་ཆུབ་སེམས་ཉི་ཟླའི་ཚུལ་དུ་གསལ་ནས་ཨ་བ་དྷཱུ་ཏཱིའི ་སྒོར་འཆར་བའི་ཚེ། མཁའ་འགྲོ་སྒྱུ་མ་བདེ་མཆོག་གསུངས་ཞེས་བྱ་སྟེ། ཞི་གནས་དང་ལྟག་མཐོང་གི་མཁའ་འགྲོ་མ་བདེ་བ་སྟོང་པ་ཉིད་ཀྱི་སྒྱུ་མའི་ཚོགས་པ་འབྱུང་བ་ལ། ལན་ཅིག་བླ་མའི་མན་ངག་གི་སྟོབས་ཀྱིས་ངས་པ་དྲངས་ཤད ་དམིགས་པ་ལ་དུས་ཕྱིས་དུས་ཐམས་ཅད་དང། དངོས་པོ་ཐམས་ཅད་དང། རྣམ་པ་ཐམས་ཅད་ལ་བདེ་བའི་དངོས་གྲུབ་ཀུན་གསུངས་པ་ཡིན་ནོ། །གལ་ཏེ་བདེ་བ་སྟོང་པ་ཉིད་འབའ་ཞིག་ལ་དམིགས་ནས་སྲོག་ཨ་བ་དྷཱུ་ཏཱིད་ཆུད་ནས་བསྟན ་ཞིང་གྲུབ་བར་འགྱུར་བའི་ཚེ་ཇི་ལྟར་བྱ་སྙམ་ན་སློང་བར་བྱེད་ཅེས་གསུངས་ཏེ། རྣམ་པ་སྣ་ཚོགས་དང། རྣམ་པར་སྨིན་པ་དང། རྣམ་པར་ཉེད་པ་དང། མཚན་ཉིད་དང་བྲལ་བའི་གླུ་གནཌར?་བ་སྟེ། དྲི་ཟ་ཅན་ཞེས་བྱ་བ་དང། །སརྫ་སྟེ་དྲུག་ལྡན ་ཞེས་བྱ་བའི་འོག་ནས་འབྱུང་བའི་གླུ་བླངས་པས་བདེ་འཆེན་པོའི་ཏིང་ངེ་འཛིན་སློང་བ་ཡིན་ནོ། །དེ་ནས་རྣལ་འབྱོར་མའི་རྒྱུད་ལས་ཡེ་ཤེས་ཕབ་ནས་ཉེ་བར་བསྡུ་བ་བཞིན་དུ་འདིར་ཡང་བལྟ་བར་བྱའོ། །རྗེས་སུ་ཆགས་པ་རྣམ་མང་ཞེས ་པ་ནས། བདེ་བ་གྲུབ་བར་མཛོད་ཅེས་པའི་བར་དུ་མེ་ལོང་ལྟ་བུའི་ཟུང་འཇུག་བཤད་དོ། །ཀྱེ་མཆོག་ཅེས་པ་ནས་རོལ་ཅིག་ཧོ་ཞེས་པའི་བར་དུ་མཉམ་པ་ཉིད་ཀྱི་ཟུང་འཇུག་བཤད་དོ། །ཀྱེ་མ་མཆོག་ཏུ་གསང་བཞེས་པ་ནས། གསལ་བར་མཁྱེན་ཞེས་པའི་བར་དུ ་སོ་སོར་རྟོག་པའི་ཟུང་འཇུག་བཤད་དོ། །དམ་ཚིག་ཐམས་ཅད་ཅེས་པ་ནས། རབ་ཏུ་བསྒྲུབས་ལ་སྟོན་པ་ཞེས་པའི་བར་དུ་བྱ་བ་ནན་ཏན་གྱི་ཟུང་འཇུག་བཤད་དོ། །ཛ(རྒྱུད་འགྲེལ་ཟུང་འཇུག་བཤད་དོ། །དེ་ལྟར་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་དུ་སྒ་བརྙན་ལྟ་བུའི་གླུས་བསྐུལ་ནས་རྣམ་པར་ཤེས་པའི་འོད་གསལ་བའི་རང་བཞིན་དབང་བཞི་པ་འཇུག་པ་ཡིན་པ་དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཁའ་འགྲོ་སྒྱུ་མ་སྣ ་ཚོགས་ཀྱིས་སློབ་མ་གཞུག་བར་གསོལ་ཞེས་གསོལ་བ་འདེབས་བ་ཡིན་ན། དེ་ལྟར་སྒྲ་བརྙན་ལྟ་བུའི་གླུས་བསྐུལ་ནས་ཆོས་ཀྱི་དབྱིངས་དབང་བཞི་པས་རང་གི་སེམས་ཀྱི་ཆོས་ཉིང་རྟོགས་པ་དང། ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་རྟོགས་ནས་བདེ་བ ་ཆེན་པོས་རྒྱས་བཏབ་པའི་ཕྱིར། སངས་རྒྱས་ཐམས་ཅད་རྣམ་འཕྲུལ་མ་ལུས་ཤིང་ལུས་བ་མེད་པར་སྣང་བ་ཞེས་བྱ་བ་གླུའི་རྒྱལ་པོ་གསུངས་སོ། །རྡོ་རྗེ་སེམས་དཔའ་དཔལ་གྱི་གནས་ཞེས་པ། སེམས་འོད་གསལ་བའི་ཡེ་ཤེས་སོ། །སྒྱུ་མ་ཀུན་གྱི་བདེ ་མཆོག་ཅེས་པ། རྡུལ་ཚོན་གྱི་དཀྱིལ་འཁོར་སྒྱུ་མ་ལས་སྣང་སྲིད་ལྷའི་འཁོར་ལོར་རྟོགས་པའི་བདེ་མཆོག་དང། ལུས་ཀྱི་དཀྱིལ་འཁོར་ལས་གསང་བའི་དབང་གི་སྒྱུ་མ་ལས་སྣང་སྲིད་སྒྱུ་མར་རྟོགས་པའི་བདེ་མཆོག་དང། བྷ་གའི་དཀྱིལ ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སྒྱུ་མ་ལས་ཡུམ་གྱི་སྟོང་པ་ཉིད་ཀྱི་བདེ་མཆོག་རྟོགས་པ་དང། རང་གི་སེམས་ཀྱི་དབྱིངས་ཀྱི་དབང་བཞི་པའི་སྒྱུ་མ་ལས་རྣམ་པར་མི་རྟོག་པ་ཟག་པ་མེད་པའི་བདེ་མཆོག་རྟོགས་པ་ཡིན་ནོ། །དེ་ན་ཆོས ་ཐམས་ཅད་ལ་ཁྱབ་པའི་ས་དང་པོ་རབ་ཏུ་དགའ་བའི་ཀུན་ཏུ་འགྲོ་བའི་བདེ་མཆོག་སྟོན་པའི་གླུ་ནི་རྣམ་པ་མང་པོ་འདོད་ཆགས་རྒྱུད་ཀྱི་ཞེས་པ་ནས་ཏེ་ན་ཏེ་ཏེ་ཧཱུཾ་ཞེས་པའི་བར་གྱིས་སྣང་སྲིད་མེ་ལོང་ལྟ་བུའི་ཟུང་དུ་འཇུག་པའི་ཡེ་ཤེས ་བསྟན་པ་ཡིན་ནོ། །རྣམ་པ་མང་པོ་རབ་ཏུ་དགའ་བའི་རྒྱུད་ཅེས་པ་ནས། ཧཱུཾ་ཧཱུཾ་ཧཱུཾ་ཞེས་པའི་བར་གྱིས་སྣང་སྲིད་མཉམ་པ་ཉིད་ཀྱི་ཟུང་དུ་འཇུག་པའི་ཡེ་ཤེས་བཤད་དོ། །རྣམ་པ་མང་པོ་ཁྲོ་བོའི་རྒྱུད་ཅེས་པ་ནས། རུ་ལུ་རུ་ལུ་ཧཱུཾ་བྷཡོ་ཧཱུཾ་ཞེས་པའི་བར་གྱིས ་སྣང་སྲིད་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ཟུང་འཇུག་བསྟན་ཏོ། །རྣམ་པ་མང་པོ་སྲོག་གི་རྒྱུད་ཅེས་པ་ནས། ཧཱུཾ་ཤི་ཡ་ཨ་བེ་ཤ་ཧཱུཾ་ཞེས་པའི་བར་གྱིས་སྣང་སྲིད་ཐམས་ཅད་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཟུང་འཇུག་པ་བསྟན་ཏོ། །གནས་གཙང་མའི་རིས ་ཀྱི་ལྷའི་སྐད་ཀྱིས་མེ་ལོང་ལྟ་བུའི་ཆོས་ཉིད་ནི་འདོད་ཆགས་ཀྱི་རྒྱུད་ཡིན་ལ། མཉམ་པ་ཉིད་ཀྱི་ཆོས་ཉིད་ནི་རབ་ཏུ་དགའ་བའི་རྒྱུད་ཡིན་ཞིང། སོ་སོར་རྟོག་པའི་ཆོས་ཉིད་ནི་ཁྲོ་བོའི་རྒྱུད་ཡིན་ཏེ། བྱ་བ་གྲུབ་པའི་ཆོས་ཉིད་ནི་སྲོག་གི་རྒྱུད་ཅེས་བྱ་བ། ་རང་བྱུང་ཐམས་ཅད་ཀྱི་ལ་གླུའི་མུ་དྲ་ཞེས་གྲགས་སོ། །དེ་ལ་སོགས་པ་མཛའ་ཡས་མཆོག་ཅེས་པ་ཆོས་ཀྱི་དབྱིངས་སུ་འཇུག་པའི་སྒྲ་བརྙན་ལྟ་བུའི་གླུ་མཛའ་ཡས་པས་གདུལ་བྱ་མཛའ་ཡས་པ་འགྲུབ་པའི་དབང་ཕྱུག་སེམས་འདི་གསལ་གྲུབ་ནས། ་སྣང་སྲིད་ཐམས་ཅད་འོད་གསལ་གྱི་རང་བཞིན་དུ་གྲུབ་པའོ། །ལྷ་མོ་ཀུན་གྱིས་རབ་བསྐུལ་ནས་ཞེས་པ་སྔར་བཤད་པའི་གླུ་གཉིས་སོ། །དེ་དག་ཉིད་བདེ་མཆོག་མ་དང། ངོ་མཚར་བདེ་མ་དང། སྣང་མཛད་མ་དང། སློབ་མ་མོ་དང་བཞིས་གླུས་བསྐུལ་བ་ཡིན་ནོ།། ་དེ་ལྟར་ན་རྣལ་འབྱོར་པ་དག་ཉིད་ཀྱིས་གསང་བ་ཤེས་རབ་ཡེ་ཤེས་དབང་བཞི་བ་ཐོབ་ནས། ད་ནི་སློབ་མ་རྣམས་ལ་དཀྱིལ་འཁོར་དྲུག་གི་ཚོགས་ཀྱི་འཁོར་ལོ་མི་འདྲ་བ་དྲུག་མཛད་ནས་ལུས་ཀྱི་དཀྱིལ་འཁོར་དང། བྷ་ག་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར ་དྲུག་ལ་སློབ་མ་དྲུག་དབང་བསྐུར་བ་གསུངས་པ་ནི། དབང་པོ་ཀུན་ལས་བྱུང་བའི་ཞེས་སྨོས་ཏེ། རྒྱུ་བའི་ཧེ་རུ་ཀ་དྲུག་གི་ཐབས་ཤེས་རབ་གཉིས་སུ་མེད་པའི་ཁ་གསང་ལས་བྱུང་བའི་མཆོད་པའི་ལྷ་མོ་གླིང་བུ་མ་ལ་སོགས་པ་དང། མེ་ཏོག་མ་ལ་སོགས་པ་བརྒྱད་ཀྱིས་བཀོད? ་པས་བདག་ཉིད་ཡབ་ཡུམ་མཆོད་ལ། བྷ་ག་དང་རྡོ་རྗེ་བྱིན་གྱིས་བརླབས་ཏེ། སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་མཁའ་འགྲོ་མ་སྒྱུ་མའི་བདེ་མཆོག་རིགས་བཞིའི་དངོས་པོ་ཀུན་གྱི་བདག་ཉིད་ཀྱིས་ལུས་སུ་སྣང་སྲིད་ཐམས་ཅད་མ་ལུས་པར་འགྲུབ ་པ་ཡིན་ནོ། །དེ་ལྟར་རིགས་དྲུག་གི་ཚོགས་ཀྱི་འཁོར་ལོ་བསྐྱེད་པ་མདོར་བསྟན་ནས། རྒྱས་པར་བཤད་པ་ནི་སྟོན་པའི་ཕྱག་རྒྱ་ཕབ་པ་ཡིས་ཞེས་གསུངས་ཏེ། །རིགས་དྲུག་གི་འཁོར་ལོའི་ཕྱག་རྒྱའི་གཟུགས་སུ་བསྐྱེད་ལ་ཡེ་ཤེས་ཕབ་ནས་བསྙེན་བསྒྲུབ་བཞིས ་བུད་མེད་དག་ལྷ་མོར་བསྒྲུབ་ལ། རྡོ་རྗེ་འཁོར་ལོ་ཐོད་པ་མ་རིན་པོ་ཆེ། སྣ་ཚོགས་རྡོ་རྗེ་བསྣམ་པའི་ལྷ་མོར་འགྱུར་རོ། །དེ་དག་ཀྱང་རང་གི་ལྷ་འདྲ་བར་ཡེ་ཤེས་ཕབ་ནས་བསྒྲུབ་པས་ཡེ་ཤེས་བབས་པ་དང། སྔོན་མ་བྱུང་བའི་རོལ་མོ་སིལ་སྙན་གར་དང་རྣམ ་པར་འཕྲུལ་པ་ཡང་འགྲུབ་པར་འགྱུར་རོ། །ཡེ་ཤེས་བབས་ན་སྔོན་མ་བྱུང་བའི་ལྷའི་གཟུགས་སྒྲ་དྲི་རོ་རེག་བྱའི་བདེ་བ་གང་ཡིན་པ་ཡིད་ལ་མོས་པར་རང་ཉིད་ལྟར་མཐོང་བའི་ཚེ་མཆོད་པ་བྱེད་པར་འགྱུར་རོ། །ལྷའི་མཆོད་པ་མཉམ་སྦྱོར་བ་ཞེས་བྱ་བའི ་བསམ་གཏན་གྱི་བདེ་བའི་རང་བཞིན་བརྒྱད་ཅུ་དང་བྲལ་བའི་རྟོག་མེད་སྐལ་པ་བཟང་པོ་མཆོག་གི་བདེ་བ་སྟོང་པའི་འདོད་ཆགས་ཅན། སློབ་མ་ཀུན་ལ་སྐལ་བ་བཟང་པོའི་བདེ་བ་སྒྲུབ་པར་བྱེད་པའོ། །སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་སྒྱུ་མའི་བྱིན་གྱིས ་བརླབས་པས་ཟག་མེད་ཀྱི་རྡོ་རྗེ་སེམས་དཔའ་ཨི་བདེ་བ་དང་མཉམ་པར་སྦྱོར་བ་རྟག་པ་དྲུག་གི་དཀྱིལ་འཁོར་ཀུན་གྱི་བདེ་བ་རྣམས། དཀྱིལ་འཁོར་དྲུག་གི་མཐོང་བ་ལས་དགའ་བ་བཞིའི་བདེ་བ་མྱོང་བའི་མཐུ་ཉིད་ཀྱིས་དཀྱིལ་འཁོར་དྲུག་གི་ལྷ་བརྒྱ་རྩ ་བརྒྱད་བསྒོམ་པའི་རྣལ་འབྱོར་སྐལ་པ་བཟང་པོ་བརྒྱ་རྩ་བརྒྱད་རང་རང་གི་ལྷའི་ལུས་ངག་ཡིད་ཀྱི་བདེ་བ་ཉིད་ཀྱིས་འགྲུབ་པ་ཡིན་ནོ། །ཚོགས་ཀྱི་འཁོར་ལོ་བསྒྲུབ་པའི་དགའ་བཞིའི་ཏིང་ངེ་འཛིན་བསྟན་ནས་ཚོགས་ཀྱི་ཡུལ་ཆོས་ཀྱི་ཕྱག་རྒྱ ་བསྟན་པ་ནི། སངས་རྒྱས་ཀུན་གྱི་གཟུགས་ཅན་དང་ཞེས་གསུངས་ཏེ། ལྷའི་གཟུགས་སྒྲ་དྲི་རོ་རེག་བྱའི་ཡིད་དུ། འོང་བའི་བདག་ཉིད་ལ་དགའ་བ་བཞིའི་བདེ་བ་བསྒོམས་པས་དངོས་གྲུབ་མ་ལུས་འགྲུབ་པར་འགྱུར་རོ། །དེ་ལྟར་ཆོ་གས་འཁོར་རྫོགས ་པའི་ཚེ་རྣལ་འབྱོར་བ་བརྒྱ་རྩ་བརྒྱད་ཀྱི་ཆེད་དུ་བརྗོད་པ་ནི། ཨོཾ་སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། མཁའ་འགྲོ་སྒྱུ་མའི་བདེ་མཆོག་གསང། །སངས་རྒྱས་ཀུན་གྱི་བདག་ཉིད་གར། །རྣམ་པར་རོལ་པ་མཆོག་ཏུ་སྣང། ཞེས་བརྗོད་པར་བྱའོ། །དེ་ནས་རང ་རང་གི་ཡུམ་བཞིའི་གླུས་འཁོར་ལོ་དྲུག་ལ་བསྟོད་པ་གསུངས་པ་ནི། དེ་ནས་ཡང་དག་རབ་གསང་བ་ཞེས་གསུངས་ཏེ། རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ལ་བདེ་མཆོག་མ་དང། ངོ་མཚར་བདེ་མ་དང། སྣང་མཛད་མ་དང། སློབ་མ་མའི་བུད་མེད ་བཞིས་བསྟོད་པར་བསམ་མོ། །རྣམ་སྣང་གིས་དཀྱིལ་འཁོར་ལ། དབྱངས་ཅན་མ། དཔའ་བོ་མ་།ཀུན་བཟང་མ། མིང་བཟང་དང་བཞིས་བསྟོད་པར་བསམ་མོ། །ཧེ་རུ་ཀའི་དཀྱིལ་འཁོར་ལ། གཽ་རཱི། ཙཽ་རཱི། པྲ་མོ་ཧ། བེ་ཐཱ་ལཱིས་བསྟོད་པར་བསམ་མོ།། ་པདྨ་གར་གྱི་དཀྱིལ་འཁོར་ལ། ས་ཆེན་མ། སྒྲོལ་མ། རྣམ་པར་གཟིགས་མ། ཁྲོ་ཉེར་མ་བཞིས་བསྐུལ་བར་བསམ་མོ། །ཉི་མའི་དཀྱིལ་འཁོར་ལ་དབང་བསྐུར་མ། གཏེར་ལྡན་མ། རྒྱལ་མཚན་མ། ལས་མཆོག་མ་བཞིས་བསྟོད་པར་བསམ་མོ། །རྟ ་མཆོག་གི་དཀྱིལ་འཁོར་ལ། ཞི་རྒྱས། དབང་མངོན་སྤྱོད་ཀྱི་ལྷ་མོ་བཞིས་བསྐུལ་བར་བསམ་མོ། །དེའི་གླུ་ནི། རབ་ཏུ་དགའ་བ་ཞེས་པ་ནས་ཐམས་ཅད་འགྲུབ་པར་མཛོད། ཅེས་པའི་བར་གྱིས་བཤད་དོ། །གླུ་དེ་དག་གིས་ཕན་ཡོན་ནི། གླུའི་ཕྱག་རྒྱ་འདི ་ཡིས་ལས་རབ་འབྱམས་ལ། འབྱོར་བའི་ཡང་བསྟོད་པ་དང། དངོས་གྲུབ་འགྲུབ་པར་མ་གྱུར་པའི་ཚེ་བསྟོད་པ་དང། ཡོ་བྱད་མ་འབྱོར་བའི་ཚེ་བྱས་ན་འགྲུབ་པར་འགྱུར་རོ། །ཡང་སློབ་མ་འཇུག་པའི་ཚེ་གླུའི་མཆོད་པའི་སྦྱོར་བ་འདི་དག་དང། སྔར་བཤད་པའི་ལྷ་མོ་བཞི ་པོ་དག་གིས་མེ་ཏོག་ལ་སོགས་པ་ལག་ཏུ་ཐོགས་ནས་སློབ་མ་ཐམས་ཅད་དཀྱིལ་འཁོར་དུ་འཇུག་པའི་ཚེ་མཆོད་པ་བྱའོ། །དེ་ལྟར་ཚོགས་ཀྱི་འཁོར་དྲུག་ནི་སློབ་དཔོན་གྱི་ཆོ་ག་བཤད་ནས།། །།ད་ནི་སློབ་མ་འཇུག་པའི་ཆོ་ག་བཤད་དོ། ། ་མཆོག་ཏུ་གྱུར་པའི་རྣལ་འབྱོར་པ་དངོས་གྲུབ་འདོད་པའི་རྒྱུན་བཤགས་དང། སྡོམ་པ་བཟུང་བ། སེམས་བསྐྱེད་པ་ཕྱི་རོལ་དུ་ལས་ཐམས་ཅད་པའི་བུམ་པས་དབང་བསྐུར་ནས་ཅི་རིགས་པར་རིགས་དྲུག་གི་སྙིམ་པའི་གར་ཀུན་ནས་བསྐོར་ཞིང་བསྐྱོད་པ་འཆིང ་དུ་བཅུག་ལ། རིགས་དྲུག་གི་ཁ་དོག་གི་རས་ཀྱིས་གདོད་གཡོགས་ལ་བཞུགས་པར་བྱའོ། །དེ་ལྟར་དངོས་གྲུབ་ཐོབ་པར་འདོད་པའི་སློབ་མ་ལ་ཡེ་ཤེས་ཕབ་ནས་ཕྲེང་བ་དོར་ཞིང་བཅིང་བ་དང། གདོང་གཡོགས་དགྲོལ་བ་དང། དཀྱིལ་འཁོར་བལྟ་བར་བྱའོ།། ་དེ་ནས་ཡོན་གྱི་མཆོག་བླངས་ཏེ། ཆུ་དང། ཅོད་པན་རྡོ་རྗེ་དྲིལ་བུ་མིང་གི་དབང་བསྐུར་བར་བྱའོ། །དེ་ལྟར་བུམ་པའི་དབང་བསྐུར་ནས་གསང་བའི་དབང་བསྐུར་བ་ནི། དམར་ཆེན་པོ་དང་ག་བུར་བཅས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སློབ་དཔོན་དང་འདྲའོ། །ཤེས ་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི་སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་གསུང་ཏེ། སངས་རྒྱས་ཐམས་ཅད་དང། མཉམ་བར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མའི་ཚོགས་ཀྱི་བྷ་གའི་དཀྱིལ་འཁོར་རོ། །དེས་ཀྱང་རྒྱས་མི་འདེབས་པ་ནི་བདེ་བ་རྟོག ་མེད་ལ་རང་བཞིན་བརྒྱད་ཅུའི་ཟིལ་གྱིས་གནོན་པའོ། །རྨོངས་པ་ནི་བདེ་བ་སྟོང་པ་ཉིད་རྟོག་པ་ལ་གཟུང་འཛིན་གྱི་དྲི་མས་མི་རྨོངས་པའོ། །དེ་ལ་གནོད་པར་མི་འགྱུར་ཏེ་ཞེས་པས་སེམས་ཀྱི་སྟོང་པ་ཉིད་དབང་བཞི་པ་རྟོགས་པ་ལ་གནོད་པར་མི ་འགྱུར་བའོ། །དེ་ནས་སློབ་མ་དབང་བསྐུར་བའི་རྗེས་ལ་དབང་བཞི་པའི་མན་ངག་བསྟན་པ་ནི། དེ་ནས་མན་ངག་ནི་བསྒྲག་པར་བྱ་ཞེས་པ་གསུངས་ཏེ། སངས་རྒྱས་ཐམས་ཅད་མཐུན་པའི་ཞེས་པ་ནས། སྙིང་ལ་ཁྲག་ཆེན་འཐུང་བ ་ཞིག་ཅེས་པའི་བར་དུ་མན་ངག་བསྒྲག་པ་བསྟན་ཏོ། །དབུགས་དབྱུང་བ་བསྟན་པ་ནི། སེམས་ཅན་ཁམས་ནི་མ་ལུས་དོན་ཞེས་པ་ནས། རྡོ་རྗེ་སེམས་དཔའ་བཀའ་སྩོལ་ཏེ། ཞེས་པའི་བར་གྱིས་བསྟན་ཏེ། །དེ་ནས་རིགས་བཞིའི་ཕྱག་རྒྱའི་ཡེ་ཤེས་བསླབ ་བ་སྟོན་པ་ལས་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱའི་ཡེ་ཤེས་ནི། རྣལ་འབྱོར་བཅས་དང་གསང་བཅས་པའི་ཞེས་པ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་བཅས་པ་ནི་ཆོ་གས་འཁོར་གསང་བཅས་ནི་ཞི་བའི་བཏུང་བའོ། །བདག་གི་ཕྱག་རྒྱ་སྒྲུབ་ཅེས་པ་པོ ་ཉའི་གཙང་སྦྲའོ། །ལྷའི་ཚུལ་བཞིན་གར་བྱེད་པས། སློབ་མ་རྣམས་ལ་བདེ་བ་སྦྱིན། ཞེས་པ་གཙང་སྦྲ་གསུམ་གྱི་མན་ངག་བསྟན་ཏོ། །སློབ་མ་མཆོག་གི་རྣལ་འབྱོར་པ་དེ། དེ་ཕྱིན་ཆད་སྔགས་སྐྱེད་ཞིང་སྐྱེས་ཡེ་ཤེས་ལས་སྐྱེས་པའི་ཕྱག་རྒྱ་བཟུང་ནས། ་རྣམ་སྣང་དང་སངས་རྒྱས་སྤྱན་བཞིན་དུ་སངས་རྒྱས་ཀུན་གྱི་རང་བཞིན་འགྲུབ་པར་འགྱུར། དེ་ནས་རོ་དང་ཞེས་པ་ནས་བདག་དང་གཞན་ལ་འདོད་དགུར་མཆོད་ཅེས་པའི་བར་གྱིས་གལ་ཏེ་དགའ་བྲལ་དུ་སོང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ་ལ་མཆོད་པར་བྱའོ། །ད་ཡང་བདེ་མཆོག་ལས། རང་རྫས་ཐིག་ལེས་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་མཆོད་པར་བྱ་ཞེས་གསུངས་སོ། །དེ་ནས་བདག་ཉིད་གཙང་སྦྲ་གསུམ་བསྒྲུབས་ནས་ཀུན་གྱི་སློབ་དཔོན་དུ་རབ་ཏུ་གནས་ནས ་རང་བཞིན་བརྒྱད་ཅུ་དང་བྲལ་བ་རྟོག་མེད་ཀྱི་བདེ་བ་སྟོང་པ་ཉིད་ལ་ཇི་ལྟ་བུའི་ཚུལ་གྱིས་སློབ་མ་འཇུག་པ་ལ་བདེན་པའི་ཆོས་ཞེས་བརྗོད་པར་བྱའོ། །རྡོ་རྗེ་སེམས་དཔའ་ཨི་གཙང་སྦྲ་གསུམ་གྱི་ཕྱག་རྒྱ་སྒྲུབས་པའོ། །ད་ནི་རྣམ་སྣང་གི་གཙང་སྦྲ་གསུམ ་གྱི་ཕྱག་རྒྱ་སྒྲུབ་པ་ནི། རྡོ་རྗེ་སེམས་དཔའ་དཔལ་གྱི་ཚུལ་ཞེས་གསུངས་ཏེ། རྡོ་རྗེ་སེམས་དཔའ་ཨི་གཙང་སྦྲ་གསུམ་གྱིས་སྒྲུབ་ཅིང་རྟོག་པ་ཀུན་གྱི་ལྟར་སྒོམས་པས་ཚོགས་ཀྱི་འཁོར་ལོ་ཆེན་པོ་བྱེད་པར་འདོད་པས་བསྙེན་བསྒྲུབ་བཞི་སྣ་ཚོགས་ཀྱི་ལས་ཀྱི ་སྦྱོར་པ་དང། ཆགས་ལས་གྲོལ་ལམ་གྱིས་འདུལ་བའི་བདག་ཉིད་ཕྱག་རྒྱ་སྣ་ཚོགས་པས། སེམས་ཅན་གྱི་མོས་པ་མཛའ་ཡས་པ་འདུལ་བའི་ཕྱིར་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་དེ་ལས་གཞན་པ་རྣམས་སྣང་གི་དཀྱིལ་འཁོར་བསྟན་ཏོ།། ་བཅོམ་ལྡན་འདས་སེམས་དཔའ་དེ་ཉིད་ཀྱིས་ཞི་བའི་སྙས་འདུལ་བའི་ཐར་པ་ཐམས་ཅད་སྦྱངས་ནས། གྲོལ་བའི་མཁའ་འགྲོ་རྣམ་སྣང་གི་དཀྱིལ་འཁོར་བསྐྱེད་ནས་རྣལ་འབྱོར་ཕོ་མོ་རང་གི་ལྔ་དང་འདྲ་བར་བྱིན་གྱིས་བརླབས་སྟེ། མཁའ་གསང ་བྱིན་གྱིས་བརླབས་ནས། རང་གི་ཕྱག་རྒྱ་དང་ཇི་ལྟ་བ་བཞིན་དུ་རྗེས་སུ་མཐུན་པའི་སངས་རྒྱས་ཀྱི་སྤྲུལ་པའི་ཆོ་གས་འཁོར་དང། ཞི་བའི་བཏུང་པ་ཕོ་ཉའི་གཙང་སྦྲ་སྒྲུབ་པར་བྱའོ། །ཧེ་རུ་ཀའི་གཙང་སྦྲ་གསུམ་བསྟན་པ་ནི། །གཞན་ཡང་རྣལ་འབྱོར་བཅོམ་ལྡན ་འདས་ཞེས་གསུངས་ཏེ། ཞེ་སྡང་སྦྱངས་པའི་ཕྱིར་ཧེ་རུ་ཀའི་གཙང་སྦྲ་གསུམ་གསུངས་པ་ཡིན་ནོ། །པདྨ་གར་གྱི་གཙང་སྦྲ་ནི་གཞན་ནི་ཤིན་ཏུ་རྣལ་འབྱོར་མ་ཞེས་པ་ལ་སོགས་པ་གསུངས་ཏེ། ལོག་ལྟས་ཀུན་ནས་བསླང་བའི་འདོད་ཆགས་སྦྱང་བའི་ཕྱིར ་སྐལ་པ་གཟང་པོ་མཆོག་ཏུ་གྱུར་པའི་རྣལ་འབྱོར་བ་ལ་པདྨ་གར་དབང་གི་གཙང་སྦྲ་གསུམ་གསུངས་པའོ། །རྡོ་རྗེ་ཉི་མའི་གཙང་སྦྲ་གསུངས་པ་ནི་གཞན་ཡང་རྣལ་འབྱོར་བཅོམ་ལྡན་འདས་ཞེས་གསུངས་ཏེ། སེར་སྣ་ཅན་སྦྱངས་པའི་ཕྱིར་རྡོ་རྗེ ་ཉི་མའི་གཙང་སྦྲ་གསུམ་གསུངས་པ་ཡིན་ནོ། །རྟ་མཆོག་གི་གཙང་སྦྲ་ནི་རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས་ཞེས་གསུངས་ཏེ། །དྲག་ཤུལ་ཅན་གྱི་གང་ཟག་སྦྱང་བའི་ཕྱིར་རྟ་མཆོག་གི་གཙང་སྦྲ་གསུམ་གསུངས་པ་ཡིན་ནོ། །དེ་ལྟར་གཙང་སྦྲ ་བཤད་ནས་རྟག་པ་དྲུག་གི་རྣལ་འབྱོར་པ་བརྒྱ་རྩ་བརྒྱད་ཀྱི་དཔའ་བོ་གཅིག་པ་བརྒྱ་རྩ་བརྒྱད་བསྒོམས་ལ་རང་གི་ལས་ཀྱི་ཕྱག་རྒྱ་བརྒྱ་རྩ་བརྒྱད་བྱིན་གྱིས་བརླབས་ནས་བསྒྲུབས་པར་བྱའོ་ཞེས་བསྟན་པའི་ཕྱིར། རང་གི་ལྷ་དང་འདྲ་བ་ཡིས། ་རང་གིས་བྱིན་གྱིས་བརླབས་བསྒྲུབས་པ། །གཟུགས་བརྙན་ངོ་བོ་སྦྱོར་བ་ཡིས། །སངས་རྒྱས་སྦྱོར་བ་གར་བྱའོ། །ཞེས་གསུངས་ཏེ། ལྷ་བརྒྱ་རྩ་བརྒྱད་ཀྱི་ང་རྒྱལ་བྱས་ནས་རང་གི་ལྷ་བརྒྱ་རྩ་བརྒྱད་བྱིན་གྱིས་བརླབ་སྟེ། ཚོགས་ཀྱི་འཁོར་ལོ་ཞི་བ་བཏུང་བ་ཕོ་ཉའི ་གཙང་སྦྲའི་དམ་ཚིག་རྣམ་པ་སྣ་ཚོགས་ཀྱི་དེ་ལྟར་དགའ་བཞི་སྤྱོད་པ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་བདེ་མཆོག་འགྲུབ་པར་འགྱུར་རོ། །རྟ་མཆོག་གི་དཀྱིལ་འཁོར་བཞིན་དུ་རིགས་བསྡུས་ཀྱི་དཀྱིལ་འཁོར་སྒྲུབ་པར་འདོད་པས་དབུས ་སུ་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཤར་དུ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར། ནུབ་དུ་པདྨ་གར་དབང་གི། ལྷོར་རྡོ་རྗེ་ཉི་མའི། བྱང་དུ་རྟ་མཆོག་གི་དཀྱིལ་འཁོར་བཞག་ལ་སྒྲུབ་པ་འམ། ཡང་ན་ཧེ་རུ་ཀ་འམ། པདྨ་གར་དབང་ངམ། རྡོ་རྗེ་ཉི་མ་བཞག ་པར་བྱའོ་ཞེས་བསྟན་པའི་ཕྱིར། ཀུན་ཏུ་ཀུན་ནས་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནས་ཀུན་ཏུ་དུས་ཐམས་ཅད་ཀྱིས་སངས་རྒྱས་ཐམས་ཅད་ཀྱིས་རྣམ་པར་འཕྲུལ་བའི་འཁོར་ཐམས་ཅད་བདག་ཉིད་ཐམས་ཅད་ཀྱིས་སྒོ་ནས ་རྣམ་པ་ཀུན་ཏུ་སངས་རྒྱས་ལ་སོ་སོ་འཁོར་ལོ་རྟེན་གཞལ་ཡས་ཁང་གི་རང་བཞིན་དང། གཡོ་བ་ལྷའི་རང་བཞིན་གྱིས་བསྡུས་པའི་དཀྱིལ་འཁོར་ལ་ཚོགས་ཀྱི་འཁོར་ལོའོ། །མདོར་བསྟན་ནས་རྒྱས་པར་བཤད་པ་ནི་དབུས་སུ་རྣམ་སྣང་གི་དཀྱིལ ་འཁོར་བཞག་པ་ནི་དབུས་སུ་སངས་རྒྱས་ཐམས་ཅད་ཀྱི་ཞེས་པ་ལ་སོགས་པ་གསུངས་ཏེ། རྣམ་སྣང་གི་དཀྱིལ་འཁོར་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་ཐམས་ཅད་ཀྱིས་སོ། །ལྷ་མོ་བརྒྱད་ཀྱིས་བསྐོར་བའི་རྣམ་སྣང་གི་བདག་ཉིད་ཀྱི ་རྣལ་འཕྲུལ་སྟོན་པ་དང། འཁོར་གྱི་ལྷ་མོ་གླིང་བུ་མ་དང། མེ་ཏོག་མ་ལ་སོགས་པ། རྟག་གདོང་མ་ལ་སོགས་པ་ལྷ་མོ་བཅུ་གཉིས་ཀྱིས་ཕྱི་རོལ་གྱིས་སངས་རྒྱས་ཀྱི་ཞིང་མ་ལུས་པ་སངས་རྒྱས་སྤྲུལ་པ་འགྲུབ་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ཤར་ཕྱོགས་ཀྱིས ་ཀ་བའི་དབུས་སུ་སངས་རྒྱས་ཀྱི་སྤྲུལ་སྐུ་མ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་གྱི་སངས་རྒྱས་ཀྱི་མཛད་པ་ལྷ་མོ་བརྒྱད་ཀྱིས་བསྐོར་བ་བཞག་ལ། འཁོར་གྱི་ལྷ་མོ་བཅུ་གཉིས་ནི་ཐུན་མོང་དུ་བཞག་པ་ཡིན་ནོ། །དེ་བཞིན་དུ་ནུབ་ཕྱོགས་ཀྱི་ཀ་བའི་དབུས་སུ་པདྨ ་གར་དབང་སྡུལ་པ་ནི། པདྨ་སྒྱུ་མ་རྣམ་འཕྲུལ་བས་ཞེས་པ་ལ་སོགས་པ་ཡིན་ནོ། །ལྷོ་ཕྱོགས་ཀྱི་ཀ་བའི་དབུས་སུ་རྡོ་རྗེ་ཉི་མའི་དཀྱིལ་འཁོར་སྤྲུལ་པ་ནི་ཁམས་གསུམ་པ་ལ་སོགས་པ་གསུངས་པ་ཡིན་ནོ། །བྱང་ཕྱོགས་ཀྱི་ཀ་བའི་དབུས་སུ་རྟ་མཆོག ་གི་དཀྱིལ་འཁོར་སྤྲུལ་པ་ནི། ཁམས་གསུམ་པ་ཡིས་རྒྱལ་སྲིད་ཆེ། བདག་གདུལ་སྤྱོད་པས་ཞེས་གསུངས་སོ། །དེ་ལ་སོགས་པ་མཛའ་ཡས་མཆོག་ཅེས་པ་བརྒྱ་རྩ་བརྒྱད་གང་རུང་དབུས་སུ་གཙོ་བོ་བྱས་པ་ནི་སྡུས་པའི་དཀྱིལ་འཁོར་དུ་གྱུར་པ་ཡིན་ནོ།། ་དཔལ་དགྱེས་རོལ་པའི་རྣམ་འཕྲུལ་བ་ཞེས་པ་བསྡུས་པའི་དཀྱིལ་འཁོར་མཛའ་ཡས་སྤྲུལ་པའོ། །སྣ་ཚོགས་ཀུན་གྱི་རྣམ་པར་རོལ་ཞེས་པ་གདུལ་བྱེད་ཀྱི་འཁོར་ལོ་སྣ་ཚོགས་པའོ། །རྣམ་པ་སྣ་ཚོགས་སྐལ་བཟང་པོ་ཞེས་པ་གདུལ་བྱ་སྣ ་སོགས་བགོ། རྣམ་པ་སྣ་ཚོགས་བདེ་མཆོག་གིས་ཞེས་པ་གཙང་སྦྲ་རྣམ་པ་གསུམ་སྣ་ཚོགས་པའོ། །གདུལ་བྱ་རྣམ་པ་སྣ་ཚོགས་ཀྱི། སེམས་ཅན་ཁམས་ནི་རབ་ཏུ་བསྒྲུབས་ཞེས་པས་མཆོག་ཏུ་གྲུབ་པའི་རྣལ་འབྱོར་པ་མཛའ་ཡས་པས་རྟོག་མེད་དུ། ་བསྒྲུབས་པའོ། །དེ་ལ་སོགས་པ་མཛའ་ཡས་མཆོག་ཅེས་པ་བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པའི་རིམས་པས་རྟོག་པ་དྲུག་གི་དཀྱིལ་འཁོར་གྱི་འཁོར་ལོ་དང། དཔའ་བོ་རེ་རེ་བསྒོམ་པ་དང། རྟོག་པ་བསྔས་པའི་དཀྱིལ་འཁོར་མཛའ་ཡས་བསྒོམ་པས ་ཐམས་ཅད་ཀྱི་བདག་ཉིད་གྲུབ་པ་གསུངས་སོ། །བརྟག་པ་དྲུག་པའི་འགྲེལ་པའོ།། །།དེ་ལྟར་གླེང་གཞི་དེ་ཁོ་ན་ཉིད་སྣང་བའི་ཡུལ་ལ་འཇུག་པས་ཞེས་པས་གནས་ལུགས་བསྟན་ནས། ཐམས་ཅད་མང་བ་དང། ཟབ་པ་དང། དབང ་པོ་རྣོན་པོའི་དབང་དུ་བྱས་པའི་ལེའུ་གསུམ་པ་བསྐྱེད་པའི་རིམ་པ་དང། རྫོགས་པའི་རིམ་པའི་ཐབས་ཀྱིས། མཚན་མ་ཐོབ་པར་བྱས་ནས། དབུགས་དབྱུང་བ་རྟོག་པ་དྲུག་གི་སྔོན་འབྱུང་སངས་རྒྱས་ཀྱི་སྤྲུལ་སྐུའི་མཛད་པ་དང། མཐུན་པར་རྗེས་འཇུག་རྣལ་འབྱོར་པ ་རྣམས་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་ལ། ལས་དང་པོ་བསྒྲུབ་པར་འདོད་པ་འང་རུང་མཆོག་ཏུ་གྱུར་པའི་རྣལ་འབྱོར་པ་འང་རུང། སྙིང་རྗེ་ཆེན་པོ་དང་ལྡན་པའི་རྣལ་འབྱོར་པ་གཞན་ལ་ཕན་འདོགས་པའང་རུང་སྟེ། དབུགས་དབྱུང་དྲུག་གི་གྲངས་དང། ་དུས་དང་མཚན་མའི་བསྙེན་པ་བྱ་བ་བསྟན་ནས། བསྙེན་པ་འགྲུབ་པའི་རྗེས་ལ་ཚོགས་ཀྱི་འཁོར་ལོའི་དཔའ་བོ་དང། རྣལ་འབྱོར་མ་ལྷའི་ཆ་བྱང་དུ་བྱས་པས་ལས་སྒྲུབ་པར་བྱ་བ་དང། དངོས་གྲུབ་ལེན་པ་དང། གཞན་ལ་ཕན་འདོགས་པ་བསྟན་པ་ཡིན་ནོ། ་ད་ནི་གཟུགས་བརྙན་ལུགས་སུ་བླུགས་པ་འམ། འབུར་དུ་བསྐོས་པ་འམ་རི་མོར་བྲིས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་མོས་པའི་ངོར་དབུགས་དབྱུང་བ་དྲུག་གི་བསྙེན་པ་བྱས་ནས། གཟུགས་བརྙན་གྱི་དཀྱིལ་འཁོར་བྲི་བ་གསུངས་པ་ནི། དེ་ནས་གཞན ་ཡང་བཤད་བྱ་བ་ཞེས་པ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའ་སྣ་ཚོགས་ཀུན་གྱི་མཆོག་གི་འཁོར་ལོ་དྲུག་གི་གཟུགས་བརྙན་གྱི་དཀྱིལ་འཁོར་སྤྲུལ་པར་བཞེད་པས། གསང་བ་མཆོག་གི་དགྱེས་བ་རྡུལ་ཚོན་གྱི་བདག་ཉིད་དུ་བསྟན་པ་ཡིན་ནོ།། ་གསང་བ་དཔལ་ཧེ་རུ་ཀ་མཆོག་ནི་པདྨ་གར་དབང་ཕྱུག་དགྱེས་པ་རྡོ་རྗེ་ཉི་མ་སྟེ། བདག་གི་རྟ་མཆོག་གི་བརྟག་པ་རྣམ་པར་སྣང་མཛད་དེ། རྗེས་སུ་སྒྲུབ་པ་རྡོ་རྗེ་སེམས་དཔའ་ཞེས་གསུངས་པས། རྡུལ་ཚོན་དྲུག་གི་བསྒྲུབས་པ་ཡིན་ནོ། །དེ་ལ་ཡང་བྱེ་བྲག་གི ་རིགས་གནས་གསུངས་པ་ནི། དབེན་པ་བཞེས་པ་ནས་ཅི་བདེ་བར་ནི་བསྒྲུབས་པར་བྱ་ཞེས་པ་རྡོ་རྗེ་སེམས་དཔའ་ཨི་གནས་གསུངས་པ་ཡིན་ནོ། །རྟེན་དང་དགོན་པ་ཞེས་པ་ནས་བསྒྲུབས་པར་བྱ་ཞེས་པའི་བར་གྱིས་རྣམ་སྣང་གི་གནས་གསུངས་པའོ། །དུར་ཁྲོད་ཅེས་པ་ནས་བསྒྲུབས ་པར་བྱ་ཞེས་པའི་བར་གྱིས། ཧེ་རུ་ཀའི་གནས་གསུངས་པའོ། །པདྨ་ཞེས་པ་ནས་གྲུབ་པར་འགྱུར་ཞེས་པའི་གར་གྱིས་པདྨ་གར་དབང་གི་གནས་གསུངས་སོ། །རྒྱལ་པོ་ཞེས་པ་ནས་བསྒྲུབས་པར་བྱ་ཞེས་པའི་བར་གྱིས་རྡོ་རྗེ་ཉི་མའི་གནས་གསུངས་པའོ། །འཁོར་ནི་ཞེས་པ ་ནས་བསྒྲུབ་པར་བྱ་ཞེས་པའི་བར་གྱིས་རྟ་མཆོག་གི་གནས་གསུངས་པའོ། །དེ་ལྟར་དཀྱིལ་འཁོར་བཞིའི་གནས་བཤད་ནས་རྣལ་འབྱོར་པའི་ཆ་ལུགས་དང་རྫས་བསགས་པ་བསྟན་པ་ནི། ཆ་ལུགས་ཞེས་པ་ནས། རྟ་མཆོག་རྡོ་རྗེ་ཅན་གྱིས་སོ་ཞེས་པའི ་བར་གྱིས་སྟོན་ཏོ། །གནས་དང་འཁོར་རྣམས་ཅི་འདྲ་བ་ཞེས་པ་གནས་གྱི་རྟེན་གྱི་འཁོར་ལོ་དྲུག་གོ་།འཁོར་གྱི་རྟ་མཆོག་གི་དཀྱིལ་འཁོར་བ་རིགས་སུ་བསྡུས་པའི་དཀྱིལ་འཁོར་མ་བྱས་ན་རིགས་དྲུག་ལ་ལྷ་བརྒྱ་རྩ་བརྒྱད་ཡིན་ནོ། །རིགས་བསྡུས་བྱས་ནས ་ཕྱོགས་བཞི་གཙོ་བོ་དགུ་དགུ་སུམ་ཅུ་རྩ་དྲུག་ཡིན་ལ། འཁོར་གླིང་བུ་མ་ལ་སོགས་པ་དང། མེ་ཏོག་མ་ལ་སོགས་པ་དང། རྟ་གདོང་མ་ལ་སོགས་པ་བཞིས་ཡང་དྲུག་དྲུག་དགོད་པས་ལྷ་བསྡུས་པའི་དཀྱིལ་འཁོར་གྱི་ལྷ་བརྒྱ་རྩ་བརྒྱད་འཕེལ་བ་ཡིན་ནོ།། ་ཕྲིན་ལས་བཞིའི་རྟ་མཆོག་དང། ཡབ་ཡུམ་གསུམ་སོ་སོ་བགྲངས་པའི་བརྩི་བར་མི་བྱའོ། །བཀོད་པར་ནི་དབྱིབས་ཡིན་ཏེ། གཞལ་ཡས་ཁང་གི་དབྱིབས་དང་ལྷའི་སྐུ་མདོག་དང། ཕྱག་མཚན་གྱི་དབྱིབས་ཡིན་ནོ། །བཀོད་པ་རིགས་དྲུག་གི་གཙོ་བོ་སྟེ། ་ཅི་འདྲ་བ་ཞེས་པ་དང་སྦྱར་ན་བདེ་བར་པ། གཤེགས་པ་ཞེས་བྱའོ། །འཁོར་ནས་ནི་སྔོན་བྱུང་གི་དཀྱིལ་འཁོར་རོ། །དེ་འདྲའི་འཁོར་ལོ་མཆོག་མཛད་ཅེས་པ་གཟུགས་བརྙན་བྲི་བའི་དཀྱིལ་འཁོར་བཤད་དོ། །དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི ་བསམ་གཏན་གྱི་འཁོར་ལོ་སྤྲུལ་པའི་སྐུ་མཐོང་པའི་བསོད་ནམས་དང་ལྡན་པར་བྲིས་པའི་དཀྱིལ་འཁོར་ཡང་བསོད་ནམས་སུ་འགྱུར་ཞེས་པ་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་དགོས་པ་བཤད་པའོ། །དེ་ལྟར་དགོས་པ ་བཤད་ནས། ཐིག་གི་ཆོག་གི་དཀྱིལ་འཁོར་ཞེས་པ་ལ་སོགས་པ་སྨོས་པ་ཏེ། གང་གིས་གདབ་ཅེ་ན་དཀྱིལ་འཁོར་གྱི་ཐིག་གདབ་ཅེས་གསུངས་ཏེ་དྲུག་གིའོ། །སུ་ཞིག་གིས་ཤེ་ན། ཤེས་རབ་ཅན་གྱིས་སོ། །ཇི་ལྟར་བསམ་པས་ཤེ་ན། ཕྱོགས་ཀུན ་མཉམ་པ་ཉིད་དུ་དམིགས་པས་སོ། །དབུས་ཀྱི་དཀྱིལ་འཁོར་གྱི་ཆ་རུ་བྱ་ཞེ་ན། ཤར་དང་ནུབ་དང། བྱང་དང་ལྷོར། ཐིག་བཞི་བཏབ་ནས་དཀྱིལ་འཁོར་བརྒྱད་ཅེས་གསུངས་ཏེ། ཀ་བ་བརྒྱད་ཀྱི་ཐིག་གཏབ་པས། ཆ་བརྒྱ་དང་དབུས་མ་དང་དགུར་འགྱུར་རོ།། ་དཀྱིལ་འཁོར་གྱི་ཚད་ཙམ་ཞེ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་སྣང་བའི་སྤྲུལ་པའི་དཀྱིལ་འཁོར་ནི་ཅི་འདྲ་བ་ཡིན་བརྟག་པར་མི་ནུས་སོ། །གཟུགས་བརྙན་གྱི་དཀྱིལ་འཁོར་དྲུག་ནི་རང་གི་ལྷ་ཡང་མང་ཉུང་གི་བྱེ་བྲག་གིས་དེ་ནི་ཆད་ཀྱི་དཀྱིལ ་འཁོར་མོས་པས་བརྟགས་ན་འགྲུབ་བོ། །དཀྱིལ་འཁོར་ལྷག་མ་དང་མ་ཚད་བ་ཇི་ལྟར་དག་པར་འགྱུར་ཞེ་ན། བདག་ཉིད་ཅེས་པ་ནས་འགྲུབ་པར་འགྱུར་ཞེས་པའི་བར་གྱིས་སྟོན་ཏེ། ཀུན་ཏུ་སྣ་ཚོགས་བསྐལ་བཟང་པོ། །ཞེས་པ་རྒྱུའི་རྒྱུད་དོ། །ཀུན་ཏུ ་སྣ་ཚོགས་འཁོར་ལོ་ཅན་ཞེས་པ་ཐབས་ཀྱི་རྒྱུད་དོ། །ཀུན་ཏུ་སྣ་ཚོགས་གྲུབ་པའི་ཕྱིར་ཞེས་པ་ནས་མར། ཚིགས་བཅད་ཕྱེད?་འབྲས་བུའི་རྒྱུད་བསྟན། ཕྱིའི་དཀྱིལ་འཁོར་ལ་ཁྱད་མེད་ཀྱང་ནང་གི་དཀྱིལ་འཁོར་ཇི་ལྟ་བ་ཞེ་ན། རྣམ་སྣང་གི་དཀྱིལ ་འཁོར་དཀར་པོ། ཀ་བ་བརྒྱད་དང་ལྡན་པ་རྡོ་རྗེ་ཕྲེང་བ་ཟླུམ་པོས་བསྐོར་བའོ། །ཧེ་རུ་ཀའི་ནག་པོས་ཟླ་གམ་དགུས་བསྟོར་བའོ། །པདྨ་གར་དབང་གི་པདྨ་འདབ་མ་འགྲུབ་ཀྱི་བར་དུ་?་ཀ་བ་བརྒྱད་དང་ལྡན་པ། ཁ་དོག་དམར་པོ་ལ་པདྨ་ཕྲེང ་བས་བསྐོར་བའོ། །རྡོ་རྗེ་ཉི་མའི་རིན་པོ་ཆེ་ཀ་བ་བརྒྱད་དང་ལྡན་པ་ཟུར་བརྒྱད་པ་རྩེ་མོ་རིན་པོ་ཆེའི་ཕྲེང་བས་བསྐོར་བའོ། །རྟ་མཆོག་གི་ལྗང་གུ་སྣ་ཚོགས་རྡོ་རྗེའི་ཀ་བ་བརྒྱད་དང་ལྡན་པ་སྣ་ཚོགས་རྡོ་རྗེའི་ཕྲེང་བས་བསྐོར་བའོ། །ཇི་ལྟར་འདོད་པའི་རྟ་མཆོག་དཔའ་བོ ་གཅིག་པུ་འམ། ལྷ་བཅུ་དགུ་པ་འམ་བསྡུས་པའི་དཀྱིལ་འཁོར་ལྷ་བརྒྱ་བཅོ་ལྔ་པ་བྲིའོ། །ཅི་འབྱོར་པ་ནི་རྫས་དང་ཡོ་བྱད་ཆེ་ཆུང་ངོ། །ཇི་ལྟའི་དུས་ཞེས་བྱ་བ། ཞིབ་ཐོ་དངས་ཀྱི་དུས་སུ་ཞི་བའི་རྟ་མཆོག་དབུས་སུ་བཞག་པ་དང། རྒྱས་པ་སྔ་དྲོའི་དུས་སུ་རྒྱས་པའི ་རྟ་མཆོག་བཞག་པ་དང། མངོན་སྤྱོད་ཉི་མ་བྱེད་ནས་མངོན་སྤྱོད་ཀྱི་རྟ་མཆོག་བཞག་པ་དང། དབང་སྲོད་ལ་དཀྱིལ་འཁོར་དབུས་སུ་དབང་གི་རྟ་མཆོག་གོ། ཅི་བདེ་བར་ཞེས་པ་སྔ་མ་བཞིན་བསྙེན་བསྒྲུབས་བཞིར་བསྒོམས་ལ། བདག་ཉིད་རྟ་མཆོག་ཏུ་བྱང ་ཆུབ་པས་བསྐྱེད་ནས། མདུན་གྱི་དཀྱིལ་འཁོར་སྐད་ཅིག་བསྐྱེད་དོ་པཱུ་ཛ་ལ་སོགས་པ་བྱའོ། །དཀྱིལ་འཁོར་ཀུན་ཏུ་གནས་ཞེས་པ། བསྡུས་པའི་རྟ་མཆོག་གི་དཀྱིལ་འཁོར་རོ། །དེ་ལྟར་དཀྱིལ་འཁོར་ཐིག་གཏབ་ཅིང་བྲིས་ནས་རྫས་བཏགས་ཏེ། ལྷག་པར ་བསྐངས་ནས། བུམ་པ་ལ་སོགས་པའི་མཆོད་པའི་རྫས་བཅུག་སྟེ། ཚོགས་འཁོར་དུ་ཞུགས་པ་བཞིན་དུ་བདག་ཉིད་བཞུགས་ནས། ཕྱིས་འབྱུར་བའི་སྔགས་དང། ཕྱག་རྒྱས་ཡེ་ཤེས་སེམས་དཔའ་བཅུག་ལ་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་དང། དབང་བསྐུར ་ཏེ་མཆོད་པ་རྒྱས་པ་བྱས་པས་སློབ་དཔོན་གྱི་ལས་རྫོགས་ནས་ད་ནི་སློབ་མའི་ལས་བཤད་པར་བྱའོ། །དོར་བྱ་བའི་རྟེན་གྱི་གང་ཟག་ནི་ཚིགས་བཅད་གཅིག་གིས་བསྟན་ཏོ། །ཚིགས་བཅད་གཅིག་གིས་དམ་ཚིག་དང་སྡོམ་པ་བསྟན་ཏོ། ཀུན་ཏུ་སྣ་ཚོགས་སྐལ ་བཟང་པོ་ཞེས་པ་ནས། ཐུབ་པ་ཐམས་ཅད་སྐལ་ངན་པ་ཞེས་པ་ཚིགས་བཅད་བཞི་ཡིས་གླང་བྱའི་རྟེན་གྱི་གང་ཟག་དྲུག་བཤད་དོ། །བདེ་བ་ཐམས་ཅད་ཅེས་པ་ནས་གྲུབ་པར་འགྱུར་ཞེས་པའི་བར་གྱི་ཚིགས་བཅད་གཉིས་ཀྱི་དངོས་གྲུབ་ལོན་པའི་སློབ་དཔོན་གྱི་མཚན ་ཉིད་བཤད་དོ། །དངོས་གྲུབ་ལེན་བའི་སློབ་མའི་ཆོ་ག་ནི། །ཀུན་གྱི་སློབ་དཔོན་ཞེས་པ་ལ་སོགས་པ་སྨོས་ཏེ། ཀུན་གྱི་སློབ་དཔོན་ལ་གནས་པས་ཞེས་པ། དཀྱིལ་འཁོར་དྲུག་གི་གཙོ་བོར་བསྒོམ་པའོ། །སློབ་དཔོན་འཁོར་ལོར་འཇུག་པར་བྱེད་པ་ན་ཞེས ་སློབ་མ་དྲུག་གོ། དེའི་དཀྱིལ་འཁོར་དུ་འཇུག་པའི་སློབ་མ་ལ་དཀྱིལ་འཁོར་དྲུག་གི། འཇིག་རྟེན་དང་ཐུན་མོང་དང། མཆོག་གི་དངོས་གྲུབ་གྱི་གསུང་བ་ཡང་དག་པ་མཛའ་ཡས་མཆོག་ཏུ་ཙམ་དག་ཞེས་སློབ་མ་ལ་དྲི་བར་བྱའོ། །སློབ་མས་ཀྱང ་འདི་འདོད་ཅེས་སྨྲ་བར་བྱའོ། །མཆོག་ཏུ་གྱུར་པའི་རྣལ་འབྱོར་པས་གསར་བ་བཞིའི་མཚན་མ་ཡང་དག་པར་ཤེས་ནས་དངོས་གྲུབ་འདི་སུ་ཇི་ལྟར་འདོད་པ་ལ་རབ་ཏུ་འཇུག་གོ། དེ་ལྟར་མཆོག་ཏུ་གྱུར་པའི་སློབ་མའི་ཆོ་ག་བཤད་ནས་ལས་དང་པོའི་པའི་ཆོ་ག ་བཤད་པ་ནི། གསང་བ་ཡང་དག་མི་ཤེས་ན། ཡོན་ཕུལ་ནས་ནི་འཇུག་པར་བྱ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སློབ་མས་གསོལ་བ་བཏབ་ནས། རྒྱུན་བཤགས་དགུ་དང། སྡོམ་པ་གཟུང་བ་དང། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། ལྷར་བསྐྱེད་པ་དང། ་ཕྱི་རོལ་བྱམ་པའི་ཆུས་དབང་སྐུར་བའི་རྗེས་ལ་སློབ་དཔོན་ལ་ཡོན་དབུལ་བར་བྱའོ། །དེ་ལྟར་དཀྱིལ་འཁོར་དུ་ཞུགས་ནས། ཞེས་པ་ནས་རྟ་མཆོག་གི་ཡོན་ཡིན་ནོ་ཞེས་པའི་བར་གྱི་ཚིགས་སུ་བཅད་པ་བཅུས་ཡོན་དབུལ་པ་འབྲས་བུ་དང་བཅས་བསྟན་ཏོ། ། ་དེ་ལྟར་སྒོ་ནས་ཞུགས་ནས་ལྷའི་དམ་ཚིག་བསྒྲག་པ་དང། སློབ་དཔོན་གྱི་དམ་ཚིག་བསྒྲག་པ་དང། ཡེ་ཤེས་དབབ་པ་དང། ཕྲེང་བ་འདོར་བ་དང། གདོང་གཡོགས་དགྲོལ་བ་དང། དཀྱིལ་འཁོར་བལྟ་བ་ནི་ཚོགས་ཀྱི་འཁོར་ལོའི་དཀྱིལ་འཁོར་བཤད་པ ་བཞིན་བྱས་ལ། བསྙེན་བསྒྲུབས་བཞིས་སློབ་མ་ལྟར་བསྐྱེད་ནས། །དབང་བསྐུར་བར་བྱ་སྟེ། ཁམས་ཀྱི་ངོ་བོ་ཐམས་ཅད་དང་ཞེས་པ་གསེར་ལ་སོགས་པ་ལས་བྱས་པའི་ཅོད་པན་བཞིའོ། །སོག་ནི་བ་སོ་དང་རུས་པ་ལ་སོགས་པ་ལས་བྱས་པའོ། ། ་རྩ་བ་ནི་ཙན་དན་དང་རྒྱ་དབུགས་ལ་སོགས་པ་ལས་བྱས་པའོ་ཐོད་པ་རིན་ཆེན་དབུ་རྒྱན་ཞེས་པ་རིན་པོ་ཆེའི་དབུ་རྒྱན་མཐོད་པའི་འཕྲ་བཀོད་པའོ། །སངས་རྒྱས་གཙུག་གི་ནོར་བུ་དག། ཅེས་པ་སྤྱི་གཙུག་ཏུ་རྣམ་སྣང་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་བཞག་པར་བྱའོ། །ཀུན་ཏུ་སྣ་ཚོགས་བླ ་མ་ནི་ཞེས་པ་རིགས་ལྔའི་ཅོད་པན་གྱིས་དབང་བསྐུར་ནི་དཀྱིལ་འཁོར་དྲུག་གི་སློབ་དཔོན་དུ་འགྱུར་རོ། །ཀུན་གྱི་སློབ་དཔོན་ནི་དཀྱིལ་འཁོར་དྲུག་གིའོ། །ཀུན་ལ་ཞེས་པ་གཙོ་མོ་བསྒོམ་པ་ལ། རིགས་ལྔའི་ཅོད་པན་གྱིས་དབང་བསྐུར་བའི་རྒྱལ་སྲིད་ཅེས་པ་ལ་སོགས་པ ་འབྲས་བུའོ། །ཡང་ན་གསང་ལ་ཏོག་ཕོག་པ་བདེ་མཆོག་མ་ལ་སོགས་པ་འཁོར་ཇི་ལྟར་བསྒོམ་པའི་ཆེ། །རིན་པོ་ཆེ་ངོ་མཚར་གཅིག་ལས་བྱས་ཞེས་པ་གསེར་ལ་སོགས་པ་ལས་བྱས་པ་ཐོབ་པ་སྤངས་པའི་རིགས་ལྔའི་ཅོད་པན་གྱིས་དབང་བསྐུར་ལ། དེའི་སྟེང་དུ ་རྡོ་རྗེ་རིན་པོ་ཆེ་པདྨ་སྣ་ཚོགས་རྡོ་རྗེ་ཕྲེང་བ་གཉིས་དབང་བསྐུར་བ་དང། ཤར་ཕྱོགས་པ་ལ་སངས་རྒྱས་དང། ལྷོ་ཕྱོགས་པ་ལ་རིན་པོ་ཆེ་དང། ནུབ་ཕྱོགས་པ་ལ་པདྨ་དང། བྱང་ཕྱོགས་པ་ལ་སྣ་ཚོགས་རྡོ་རྗེས་དབང་བསྐུར་བར་བྱ་བ་ཡིན་པས་ན། དེ་བཞིན་སྣ་ཚོགས་རྒྱན ་གྱིས་སྤྲས། །སངས་རྒྱས་པདམོ་དབང་བསྐུར་བས། །སློབ་མ་ཐམས་ཅད་དབང་བསྐུར་རོ། །རྡོ་རྗེ་སེམས་དཔས་དཀྱིལ་འཁོར་གྱི་དབང་བསྐུར་བཤད་ནས། །ད་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་དབང་བསྐུར་བཤད་པ་ནི། རིན་པོ་ཆེའི་རྡོ་རྗེ་ཕྲེང་བས་མཚན ་པའོ། །ཧེ་རུ་ཀའི་དཀྱིལ་འཁོར་གྱི་དབང་ནི། ཁྲོ་བོའི་རྡོ་རྗེ་ལྔའོ། །ལྷ་བ་ལ་སངས་རྒྱས་ལྔ་བཞུགས་པའོ། །པདྨ་གར་དབང་གི་ནི་པདྨ་འདབ་མ་གཉིས་ཀྱི་དབུས་སུ་སྣང་བ་མཛའ་ཡས་བཞུགས་པའོ། །རྡོ་རྗེ་ཉི་མའི་ནི་རིན་པོ་ཆེ་ཆུའི་འོ། །རྟ་མཆོག་གི་ནི་སངས་རྒྱས ་རིན་པོ་ཆེ་པདྨ་རྡོ་རྗེ་ནོར་བུའི་ཕྲེང་བ་ལྔས་སློབ་མ་ལ་དབང་བསྐུར་བར་བྱའོ། །རྡོ་རྗེ་དྲིལ་བུའི་དབང་བསྐུར་བ་ནི། བརྡུངས་པའི་བྱས་པ་འམ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏོ། །ཚོགས་ཀྱི་འཁོར་ལོ་བྱེད་པ་འམ། མཚན་མ་ཐོབ་ནས ་དངོས་གྲུབ་ལེན་པའི་དཀྱིལ་འཁོར་དྲུག་གིས་ལྷ་རྣམས་ཀྱི་ཕྱག་མཚན་བཟུང་ནས་སྒྲུབ་པ་དང་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་ཡང་ཕྱག་རྒྱ་ཆེན་པོ་འདི་ལྟར་བྲི་བར་བྱའོ། །ཞེས་སྟོན་པའི་ཕྱིར། ཀུན་ཏུ་སྣ་ཚོགས་སྐལ་བཟང་པོ། རབ་འབྱུང ་རྣམས་ཀྱི་མཚན་མའི་རྒྱ་ཞེས་པ་དངོས་གྲུབ་ལེན་པའི་སློབ་མ་དང་ཚོགས་ཀྱི་འཁོར་གྱི་ལྷ་དང། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རང་འབྱུང་རྣམས་ཀྱིས་མཚན་མའི་རྒྱ། །རང་འབྱུང་རྣམས་ཀྱི་ལག་ན་འདུག། སྣ་ཚོགས་སྐལ་པ་བཟང་གིས་བཅིང། །ོཾ་སརྦ ་ཏ་ཐཱ་ག་ཏ་ཨི་ཥ་ཏཱཾ་དྷ་ར་ཡཱ་མི་བཛྲ་ས་ཏྭ་ཧི་ཧི་ཧི་ཧི་ཧཱུཾ། ཞེས་པས་ལྷ་ཐམས་ཅད་ཀྱི་ཕྱག་མཚན་གྱི་བརྟུལ་ཞུགས་སྦྱིན་པར་བྱའོ། །དེ་སུའི་ཕྱག་རྒྱ་ཡིན་ཞེ་ན། ནམ་མཁའ་ཨི་དབྱིངས་ཀྱི་མཛའ་ཀླས་པའི། །ལྷ་མོ་ཐམས་ཅད་བདེ་བའི་མཆོག་ཅེས་གསུངས་སོ། །མངལ་དང ་གཞུ་མི་བདེ་མཆོག་མའོ། །སྐལ་བཟང་དེ་བཞིན་སྐལ་བཟང་ཞེས་པ་པདྨ་དང། རྡོ་རྗེ་ངོ་མཚར་བདེ་མའི་འོ། །ཐོད་པ་དང་ཁ་ཊཝཱཾ་ག་དང། རྡོ་རྗེ་རྒྱ་གྲམ་ནི། སྣང་མཛད་མའི་འོ། །པདྨ་རྒྱ་གྲམ་དང། ཚེ་དཔག་མེད་ཀྱིས་སྐུ་ནི་སློབ་མའི་འོ། །མདའ་གཞུ་དང་ཚངས་པའི་མགོ ་བོ་བཞི་ནི་སངས་རྒྱས་བྱང་ཆུབ་མའི་འོ། །འཁོར་ལོ་རྩིབས་བརྒྱད་པ་ནི་ཆོས་ཀྱི་འཁོར་ལོ་མའི་འོ། །རྡོ་རྗེ་རྩེ་ལྔ་པ་དང་ཏྲི་ཤུ་ལ་ནི། ཁམས་གསུམ་རྣམ་རྒྱལ་མའི་འོ། །དཔག་བསམ་ཤིང་དང་ལྕུག་མ་ནི་འདོད་པའི་དབང་མོའོ། །པདམོ་དང། རྟ་མགྲིན ་དང། མཉམ་པའི་ལྕགས་ཀྱུ་འཕང་མཐོ་བ་ནི་རྟ་གདོང་མའི་འོ། །ཕག་གི་མཆེ་བ་ནི་ཞགས་པ་མའི་འོ། །ཉི་ཟླས་མཚན་པའི་ལྕགས་སྒྲོག་ནི་སྒྲོགས་ཀྱིའོ། །སྣ་ཚོགས་རྡོ་རྗེ་དང་དྲིལ་བུ་དང་ཐོད་པའི་ནང་དུ་སངས་རྒྱས་ཀྱི་སྐུ་ལྔ་བཞུགས་པའི་བཅུད་ཀྱི་ལེན་ནི་དྲིལ ་བུ་མའི་འོ། །གླི་བུ་ནི་ཤར་ལྷོའི་འོ། །པི་ཝང་ནི་ལྷོ་ནུབ་པོ། །མུ་ཀུན་ད་ནི་ནུབ་བྱང་ངོ། །མུ་ཛ་ནི་བྱང་ཤར་རོ། །མེ་ཏོག་མ་ལ་སོགས་པ་བཞི་ནི་ཕྱིའི་མཚམས་བཞིར་རོ། །དེ་ལ་སོགས་པ་མཛའ་ཡས་མཆོག་ནི་འཁོར་གྱི་གཙོ་བོ་བྱས་ནས། དཀྱིལ ་འཁོར་ཉི་ཤུ་རྩ་གཅིག་ཏུ་འགྱུར་པ་ལ་དགོངས་སོ། །རྡོ་རྗེ་སེམས་དཔའ་ཨི་ཕྱག་མཚན་གྱི་བརྟུལ་བཞུགས་བཤད་ནས། རྣམ་སྣང་གི་ཕྱག་མཚན་གྱི་བརྟུལ་བཞུགས་ནི། ཆོས་གོས་ལྷུང་བཟེད། ཁར་བསིལ་གླེགས་བམ་བཞི་ནི་གཙོ་བོའི་ཕྱག་མཚན་གྱི་བརྟུལ་ཞུགས། ་ཀུན་སྙིང་ནི་སྤྲོས་པའི་དཀྱིལ་འཁོར་ལ་ཕྱོགས་བཞིར་དགོད་ཅེས་ཟེར་རོ། །ལྕེ་ནི་རྒྱས་འདེབས་མའི་འོ། །ཆ་ལང་ནི་དཔའ་བོ་མའི་འོ། །རྡོ་རྗེ་ནི་ཀུན་བཟང་མའི་འོ། །མི་བསྐྱོད་པའི་གཟུགས་བརྙན་ནི་སྐུར་ལྡན་མའི་འོ། །མེ་ལོང་དང་རླུང་ཡང་ནི་ཞལ་བཟང་མའི་འོ། ། ་རྡོ་རྗེ་སེར་བ་ནི་སྒྲོན་སྤྲིན་མའི་འོད་ཟེར་མའི་འོ། །མིག་ནི་ནམ་མཁའ་ཨི་སྤྱན་མའི་འོ། །དེ་བཞིན་གཤེགས་པའི་བརྟུལ་ཞུགས་བཤད་ནས་ཧེ་རུ་ཀའི་བརྟུལ་ཞུགས་ནི་གཡས་ན་རྡོ་རྗེ་འབར་བ། གཡོན་ན་ཁ་ཊཝཱཾ་དང་ཐོད་པ་བསྣམས་པ་ནི། ཧེ་རུ་ཀའི་འོ། །དམར་ཆེམ་སྙིང་ཆེན ་པོ་ཡང་ཐོད་པའི་ནང་དུ་གནས་པ་བཅོམ་ལྡན་འདས་ཀྱིའོ། །ཞེས་ཀུན་སྙིང་ཟེར་རོ། །མདའ་ནི་གཽ་རཱི། འདྲེན་པའི་ལྕགས་ཀྱུ་ནི་ཙཽ་རཱི། ཆ་ལ་དཔྲ་མོ་ཧ། ཆུ་པེ་ཏེ་ལི། ལྕགས་ཀྱུ་ནི་སུཀྐ་སཱི། རླུང་གིས་བསྐྱོད་པའི་རས་སར་པ་ཙཎྜ་ལི། མའི་སྣོད་འབར་བ་བསྣམས ་པ་གྷསྨ་རི?། ཧེ་རུ་ཀའི་ཕྱག་མཚན་དང་འདྲ་བ་ནི་ཌོམྦི་ནི་སྟེ། དེས་བརྗོད་མས་ཕྱག་མཚན་མཐུན་པས་ཧེ་རུ་ཀར་སྣང་འདེབས?་བཤད་དོ། །པདྨ་གར་དབང་གི་བརྟུལ་ཞུགས་བཤད་པ་ནི། པདྨ་ཁ་དོག་སྣ་ཚོགས་པ་ནི་བྷ་ག་ཅན་གྱིའོ། །པདྨ་སྙིང་པོ་ནི་རྣམ་གཟིགས ་མའི་འོ། །ཆོས་འབྱུང་གྲུ་གསུམ་ནི་སྒྲོལ་མའི་འོ། །འཁོར་ལོ་ནི་རྒྱལ་མཚན་མའི་འོ། །གསལ་ཤིང་ནི་འབྲོ་གཉེར་མའི་འོ། །རྡོ་རྗེ་ཉི་མའི་བརྟུལ་ཞུགས་ནི། མདའ་གཞུ་རལ་གྲི་འབར་བ་མེ་བཞི་ནི་གཙོ་བོའི་འོ། །དབུ་རྒྱན་ནི་དབང་བསྐུར་མའི་གོ། །བུམ་པ་ནི་ཏིང ་འཛིན་མའི་འོ། །རྒྱལ་མཚན་ནི་རྟོག་ལྡན་མའི་འོ། །མེ་ཏོག་གི་མཆོད་པ་ནི་མཆོད་ཆེན་མའི་འོ། །རྟ་མཆོག་གི་བརྟུལ་ཞུགས་ནི། སྣ་ཚོགས་པདྨའི་རྡོ་རྗེ་རྒྱག་མ་གཅིག་གཉིས་ཀྱིས་རྒྱལ་སྲིད་ལ་སོགས་པའི་དངོས་གྲུབ་ཐམས་ཅད་འཐོབ་ཡུམ་རལ་གྲིའི ་ཕྱག་མཚན་ཡང་རྡོ་རྗེ་དང་པདྨ་ཡིན་ནོ། །བཞི་པ་རྟོག་པ་བདུན་པའི་འགྲེལ་པའོ།། །།དེ་ལྟར་རྟུལ་ཚོན་གྱི་འཁོར་ལོ་དམ་ཚིག་དང་དབང་བསྐུར་བ་དང་རྡོ་རྗེ་བརྟུལ་ཞུགས་ཀྱི་ཆོ་ག་བཤད་ནས། ད་ནི་དཀྱིལ་འཁོར་བཞི་ལ་མཆོད ་པའི་ཕྱག་རྒྱས་མཆོད་པ་བཤད་པ་ནི། དེ་ནས་གཞན་ཡང་བཤད་བྱ་བ། ཞེས་པ་ལ་སོགས་པ་གསུངས་ཏེ། ལས་དང་པོ་པའི་རྣལ་འབྱོར་པས་བསྒྲུབ་པའི་ཡན་ལག་ཏུ་བྷ་ག་བན་རྡོ་རྗེ་སེམས་དཔའ་རིགས་དྲུག་གི་རྣམ་པ་སྣ་ཚོགས་པའི་མཆོད་པ་ཐམས་ཅད་སྤྲུལ་བར ་བྱའོ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། ལག་པ་གཡས་གཡོན་གཉིས་དག་དང་ཞེས་པ་ལ་སོགས་པ་གསུངས་ཏེ། ལག་པ་གཡས་གཡོན་གྱི་མཐེ་ཆུང་གཉིས་མཐེ་བོས་མནན་ནས་ལུས་འགྱིང་བ་དང། ་བཅས་པས་འཛུམ་པའི་མིག་གིས་ལྟ་ཞིང་གར་བྱས་ལ་བསམ་པ་གཡོན་པས་འདུད་པ་ནི། སངས་རྒྱས་ཀྱི་རིགས་དང། རྡོ་རྗེའི་རིགས་དང། པདྨའི་རིགས་དང། རྡོ་རྗེ་ཉི་མའི་རིགས་དང། ལས་ཀྱི་རིགས་རྣམས་ལ་ཕྱག་བྱ་བ་ཡིན་ནོ། །དེ་བཞིན་དུ ་འཇིག་རྟེན་པའི་དྲག་པོ་མ་ཧཱ་དེ་བ་དང། དབང་པོ་བརྒྱ་བྱིན་དང། ཉེ་དབང་ཁྱབ་འཇུག་དང། ཉི་ཟླ་དང། གཤིན་རྗེ་ལ་སོགས་པ་ཕྱོགས་སྐྱོང་རྣམས་དང། ཚངས་པ་ལ་སོགས་པ་ལ་ཐལ་མོ་སྦྱར་ཏེ་ཕྱག་བྱས་པར་ཞི་བ། རྒྱས་པ་ལས་ཐམས་ཅད་བྱེད་པར ་འགྱུར་རོ། །དེ་བཞིན་གཤེགས་པའི་ཕྱག་འཚལ་བའི་ཐལ་མོ་ནི། རྡོ་རྗེ་དཔལ་གྱི་ཐལ་མོ་སྦྱོར་ཞེས་པ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཐལ་མོ་བཅིངས་ལ་གར་བྱས་ཏེ། སྙིང་གར་བཞག་ལ་དབྲལ་བས་ལག་ཏུ་ག་པར་བྱའོ། །ཧེ་རུ་ཀའི་ཕྱག་འཚལ ་པའི་རྡོ་རྗེ་ཐལ་མོ་ནི་གར་བྱས་ལ། སྤྱི་བོར་བཟུང་ནས། སྨིན་མ་གཡོ་བ་ཞེས་པ་ལ་སོགས་པ་གསུངས་ཏེ། འདེགས་ཤིང་རུ་ལུ་རུ་ལུ་ཧཱུཾ་ཤྱོ?་ཧཱུཾ་ཞེས་དགོད་པ་དང་བཅས་པས་ཕྱག་བྱས་སོ། །པདྨ་གར་དབང་གི་ཕྱག་འཚལ་བའི་ཐལ་མོ་ནི། ཐལ་མོ ་པདྨ་ཁ་དབྱེ་དབུ་བཞིན་ཞེས་པ་ལ་སོགས་པ་གསུངས་ཏེ། ཐལ་མོ་པདྨ་ཁ་འབུས་པ་བཞིན་བྱས་པ་ལས་མཐེ་བོ་མཐེ་ཆུང་བཞི་བསྣན་ནས་ཕྱག་བྱའོ། །རྡོ་རྗེ་ཉི་མའི་ཕྱག་འཚལ་བའི་རྡོ་རྗེ་ཐལ་མོ་ནི། ལུས་ཀྱི་ཡན་ལག་ཐམས་ཅད་ཅེས་པ་ལ་སོགས་པ་གསུངས་ཏེ ་ལུས་ཀྱི་ཡན་ལག་ཐམས་ཅད་ས་ལ་བསྙལ་ནས་ཕྱག་རྒྱའོ། །རྟ་མཆོག་གི་ཕྱག་བྱ་བའི་ཐལ་མོ་ནི། དཔལ་རྡོ་རྗེ་འགྱིང་བའི་ཐལ་མོ་ཞེས་པ་ལ་སོགས་པ་གསུངས་ཏེ། འཛུམ་པའི་མིག་གིས་ལྟ་ཞིང་གར་བྱས་འཕྱག་བྱའོ། །ཐམས་ཅད་ཀྱི་ཐུན་མོང་གི་ཕྱག ་འཚལ་བའི་སྔགས་ནི། ཨོཾ་ན་མོ་ཏེ་ཧཱུཾ། ན་མ་མི་ཧཱུཾ། ན་མོ་ན་མ་ཧཱུཾ། ཞེས་བརྗོད་པས་བྱའོ། །དེ་ལྟར་ཕྱག་འཚལ་པའི་ཕྱག་རྒྱ་བཤད་ནས། གར་གྱི་ཉམས་དགུ་དང་ལྡན་པས་གར་བྱས་ནས་མཆོད་པ་བྱ་བ་བསྟན་པ་ནི། གར་གྱི་ཉམས་དགུ་ཇི་སྙེད་དང་ཞེས་པ་ལ ་སོགས་པ་གསུངས་ཏེ། སྒེག་པ་དཔའ་བ་འཇིགས་སུ་རུངས་པས་སྐུའི་ཉམས་རྒོད་པ། གཤེ་བརྡབ་པ་གསུངས་གི་ཉམས། སྙིང་རྗེ་ཞི་བར་ངོ་མཚར་བ་ཐུགས་ཀྱི་ཉམས་སོ། །དེ་ཡང་འགྱིང་བའི་ཉམས་དང་བཅས་པས་གར་བསྐོར་ནས་དབུལ་བར་བྱའོ། །དེ་ལྟར ་གཙོ་བོའི་གར་བཤད་ནས། འཁོར་གྱི་གང་གསུངས་པ་ནི། ལག་པ་གཡས་གཡོན་དག་གི་ཞེས་པ་ལ་སོགས་པ་གསུངས་ཏེ། གཡོན་པ་རྡོ་རྗེ་ཁུ་ཚུར་བྱས་ལ་གཡས་པ་བ་དན་གསུམ་པར་བྱས་ལ་གར་བྱ་བ་ནི་བདེ་མཆོག་མ་དང། ངོ་མཚར་བདེ་མ་དང། ་སྣང་མཛད་མ་དང། སློབ་མ་མོ་རྣམས་ཀྱི་ཉམས་ཀྱིས་ཚུལ་དུ་གར་བྱའོ། །གླིང་བུ་མ་ལ་སོགས་པའི་གར་བྱ་བ་ནི། སྲེགས་འཛིན་ཆེན་དམོ་བཅངས་པའི་ཞེས་པ་ལ་སོགས་པ་གསུངས་ཏེ། སྙེམས་པ་དང་བཅས་པས་གར་བྱས་ལ་ཐལ་མོ་འགྲམ་པ་གཉིས་དང ་སྤྱི་བོར་བཞག་སྟེ། དེ་ཡང་ཕབས་ནས་གླིང་བུམ་ནས་ཐལ་བྱེད་མའི་བར་གྱི་ལྷ་མོ་བཅུ་གཉིས་ཀྱི་གར་བྱ་བ་ཡིན་ནོ། །དེ་བཞིན་གཤེགས་པའི་གར་ནི། གཡས་དང་གཡོན་གྱི་ལག་པ་ཡིས་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པའི་ཁུ ་ཚུར་བཅིངས་ལ་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་གར་བྱའོ། །ཧེ་རུ་ཀའི་གར་ནི། ལག་པ་གཡས་གཡོན་གཉིས་དག་གི་ཞེས་པ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་གར་བྱས་ལ་རྡོ་རྗེ་ཐལ་མོ ་གྱེན་དུ་ཕྱེ་ནས་བཀྲོལ་ཏེ། ཧེ་རུ་ཀའི་ལྷ་ཐམས་ཅད་ཀྱི་མཆོད་པའི་ཕྱག་རྒྱ་གར་གྱི་ཚུལ་དུ་བྱས་པ་ཡིན་ནོ། །པདྨ་གར་དབང་གི་གར་ནི། ལག་པ་གཡས་གཡོན་གཉིས་དང། གིས་ཞེས་པ་ལ་སོགས་པ་གསུངས་ཏེ། པདམོའི་ཁུ་ཚུར་གཉིས་ཀྱིས་གར་བྱས་པ ་པདྨའི་ཐལ་མོ་བསྐོར་ནས་གར་དབང་གི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་པུ་ཛའི་ཕྱག་རྒྱས་གར་གྱིས་བྱ་བ་ཡིན་ནོ། །རྡོ་རྗེ་ཉི་མའི་གར་ནི། ལག་པ་གཡས་གཡོན་གཉིས་དག་གིས་ཞེས་པ་ལ་སོགས་པ་གསུངས་ཏེ། རིན་པོ་ཆེའི་ཁུ་ཚུར་བཅིངས་ནས་གར ་བྱ་སྟེ། རིན་པོ་ཆེའི་ཐལ་མོ་བསྐོར་ལ་རྡོ་རྗེ་ཉི་མའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་ཕྱག་རྒྱའི་ཚུལ་གྱིས་གར་གྱི་མཆོད་པ་བྱའོ། །རྟ་མཆོག་ནི་ལས་ཀྱི་ཁུ་ཚུར་ལས་བྱུང་བའི་གར་བྱས་ལ་ལས་ཀྱི་ཐལ་མོ་བསྐོར་བས་གར་གྱི་ཕྱག་རྒྱས་བྱ་བ་ཡིན་ནོ། །དཀྱིལ ་འཁོར་ལས་བྱུང་བའི་ལྷ་མོ་རྣམས་ཀྱི་གར་ནི་གྱེན་དུ་འཐོར་བ་མེ་ཏོག་མའི་འོ། །ཐུང་དུ་འདེབས་པ་ནི་བདུག་པ་མའི་འོ། །བསྐོར་བ་མར་མེ་མའི་འོ། །བྱུག་པ་དྲི་ཆབ་མའི་འོ། །ལག་པ་གང་ཡང་རུང་སྟོན་པ་ན་མེ་ཏོག་ལ་སོགས་ཅི་འབྱོར་པས་ལག་པ ་བཀང་སྟེ། རང་གི་ལྷའི་དམ་ཚིག་དང་མཉམ་པར་གར་གྱི་སྒྲུབ་པས་མཆོད་པ་བྱས་ན་མཉེས་པར་འགྱུར་རོ། །ཕྱག་རྒྱ་འདི་རྣམས་བཅིངས་ན་ནི་ཞེས་པ་ལ་སོགས་པའི་ཚིགས་བཅད་གཅིག་གིས་ཕྱག་རྒྱ་བཅིངས་པའི་བར་ཀྱིས་ཕན་ཡོན་བསྟན་ཏོ། ། ་ཆོས་དབྱིངས་མཉེམ་དང་མི་མཉམ་པ་ཞེས་པ་ནས་དེའི་མི་འགྲུབ་གང་ཡང་མེད་ཅེས་པའི་བར་གྱིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་མཆོད་པ་བྱས་ནས་དེའི་དངོས་གྲུབ་གསུམ་པོ་མི་འགྲུབ་པ་གང་ཡང་མེད་དོ། །དེ་ཡང་ཇི་ལྟར་ཆུ་ལ་ཆུ་བཞག་དང ་ཇི་ལྟར་མར་ལ་མར་བཞིན་དུ། །རང་གི་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། ཞེས་བཤད་དོ། །རྟོག་པ་བརྒྱད་པའི་འགྲེལ་པའོ།། །།དེ་ལྟར་ལས་དང་པོ་པའི་བསྒྲུབ་པའི་ཡན་ལག་བཤད་ནས། ད་ནི་མཆོག་ཏུ་གྱུར་བའི ་རྣལ་འབྱོར་པ་མཚན་མ་ཐོབ་པ་ཡེ་ཤེས་ཅུང་ཟད་ཙམ་པ་དབང་བ། འཇིག་རྟེན་གྱི་དངོས་གྲུབ་འགྲོ་བ་རིགས་དྲུག་གི་ཡོན་ཏན་དང། ཐུན་མོང་གི་དངོས་གྲུབ་བསམ་གཏན་དང། གཟུགས་མེད་ཀྱི་ཡོན་ཏན་བརྒྱད་དང། མཆོག་གི་དངོས་གྲུབ་བཅུ་གཅིག་པ་བསྒྲུབས ་པའི་ཡན་ལག་ཏུ་གྱུར་པ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་ཉི་ཤུ་རྩ་བརྒྱད་གསུངས་པ་ནི། དེ་ནས་གཞན་ཡང་བཤད་བྱ་བ། ཞེས་པ་ལ་སོགས་པ་གསུངས་ཏེ། བསྒྲུབ་པའི་ཡན་ལག་ཐབས་ཉི་ཤུ་རྩ་བརྒྱད་པོ་དེ་དག་གི་སྟོན་པ་པོ་གང། གནས་ནི་གང་དུ། ་འཁོར་ནི་སུ་དང་ལྷན་ཅིག་།དུས་ནི་ནམ་གྱི་ཚེ། དམ་པའི་ཆོས་ནི་ཅི་ཞིག་བཤད་ཅེས་ན། རྡོ་རྗེ་སེམས་དཔའ་ཞེས་པ་ནས། བདེ་བ་ཆེ་ཞེས་པའི་བར་གྱིས་སྟོན་པ་པོས་བསྟན་ཏོ། །གསང་པ་མཆོག་གི་དགྱེས་བཞེས་པས་གནས་བསྟན་ཏོ། །ཐམས་ཅད་བདག ་ཉིད་ཅེས་པས་འཁོར་བསྟན་ཏོ། །རྟག་ཏུ་ཞུགས་ཞེས་པས་དུས་སྟན་ཏོ། །བདེ་བ་ཀུན་ལ་ཆགས་པ་དང། ཞེས་པ་ལ་སོགས་པས་ཆོས་བསྟན་ཏོ། །བདེ་བ་ཀུན་ཞེས་པ་ནི་དཀྱིལ་འཁོར་ལྷའི་སྐུ་ལ་ཞེ་ན་པའོ། །དངོས་གྲུབ་ཐམས་ཅད་རྣམ་དག་ཕྱིར་ནི ་སྟོང་པ་ཉིད་ཀྱི་རྒྱས་བཏབ་ན་བདེ་བ་ཆེན་པོ་རྟོགས་པའོ། །དེ་གང་ཡིན་ཞེ་ན། རྡོ་རྗེ་སེམས་དཔའ་བདེ་བའི་མཆོག་ཅེས་གསུངས་ཏེ། བདེ་བ་སྟོང་པ་ཉིད་བསྒོམ་པའི་ཏིང་ངེ་འཛིན་ཏོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། ཟླ་བ་ལྟར་དཀར་རྩ་དམར་སྐུ་ཞེས་པ་ནས ་དབུ་རྒྱན་གྱི་དམ་པས་མཛེས་ཞེས་པའི་བར་གྱིས་རྡོ་རྗེ་སེམས་དཔའ་ཨི་སྐུ་ཕྱག་རྒྱ་ཆེན་པོ་ཅོད་པན་དང་བཅས་པ་བསྟན་ཏོ། །གཞན་གྱི་ནོར་མིན་མི་ཕྲོགས་པ་ཞེས་པ་གཞན་གྱི་ནོར་མ་ཡིན་པ་ནི་ཐོད་པའོ། །མི་ཕྲོགས་པ་ནི་གཞན་ལ་ཉེ་བར་མི་འཁོ་བས་སོ། ། ་ཐོང་བའི་སྣོད་ཀྱི་ནང་གི་ལྷའི་ཆུ་དག་པ་དང་བཅས་པ་སྟེ་ཞེས་པ་ནས། དེ་འགྲུབ་པ་པོའི་ཞེས་པའི་བར་གྱི་ཚིགས་བཅད་གཅིག་གིས་ཆུའི་དབང་བསྐུར་བའི་རྟགས་ཕྱོགས་བཞིར་ཐོད་པའི་ཕྲེང་བའི་དབུ་རྒྱན་དང། སྤྱི་གཙུག་ཏུ་སངས་རྒྱས་ཀྱི ་བཞག་པ་ནི། ཉོན་མོངས་པ་དང་བཅས་པའི་འཇིག་རྟེན་སྟོང་གསུམ་བཅུ་གསུམ་པ་མི་མཛེད་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་ཚབ་ཏུ་དབང་བསྐུར་བ་ཡིན་ནོ། །རྡོ་རྗེ་སེམས་དཔའ་སྦྱོར་བའི་ཞེས་པ་ནས་མཁའ་འགྲོ་མ་ནི་ཐམས་ཅད་འགྲུབ་ཅེས་པའི་བར་ཤལོ་ཀ་གཅིག་གིས་རྡོ་རྗེ ་སེམས་དཔའ་ལྷ་མོས་བསྐོར་བ་བཤད་པ་ཡིན་ནོ། །སངས་རྒྱས་དང་རྡོ་རྗེ་དང། པདྨ་དང་ཉི་མ་ཁམས་གསུམ་པའི་གདུལ་བྱ་རྣམས་རྒྱས་བཏབས་པས་དབང་བྱས་པ་དང། རྨོངས་པས་ལོངས་སྤྱད་པ་དང། ཐིམས་པས་བསླངས་ནས་སླར་གསོལ་ཏེ། སྲོག་བྱིན་ནས ་ལས་རྣམས་ཀུན་ལ་སྦྱོར་བར་བྱེད་པ་ཡིན་ནོ། །དེ་ལྟར་མཛད་པ་སུ་ཞིག་ཡིན་ཞེ་ན། ཕྱག་རྒྱ་འདི་ཡིས་བཏབ་ན་ནི། །ཞེས་གསུངས་ཏེ། རྡོ་རྗེ་སེམས་དཔའ་ཨི་སྐུ་ལྷ་མོས་བསྐོར་བའི་སྤྲུལ་སྐུས་གདུལ་བྱ་ལ་རྒྱས་བཏབ་ནས། རྡོ་རྗེ་སེམས་དཔའ་རབ་ཏུ་འགྲུབ་པར་འགྱུར་རོ། ་རྡོ་རྗེ་སེམས་དཔའ་ཨི་རྐང་པ་ཡིས། །ཕྱག་རྒྱས་བཅིངས་ནས་དངོས་གྲུབ་འགྲུབ་པ་བཤད་པ་ནི། །གཡས་དང་གཡོན་གྱི་སྦྱོར་བ་ཡིས་ཞེས་གསུངས་ཏེ། སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་སོ། །རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་ཆེན་པོ་བཤད་པ་ནས། ཡུམ་བཞིའི་ཕྱག ་རྒྱ་ཆེན་པོ་བཤད་པ་ནི། །ཟླ་བའི་ཁ་དོག་འཛུམ་པའི་ཞལ་ཞེས་པ་ནས་མི་འཇེད་ལ་སོགས་བརྒྱན་པ་བཞིན་ཞེས་པའི་བར་གྱིས་བསྟན་ཏོ། །དེ་བྱེ་བྲག་ཏུ་བདེ་མཆོག་མའི་ཕྱག་རྒྱ་བྱ་བ་ནི། སྒེག་པའོ། །ཟློག་པ་ནི་དཔའ་བོའོ། །འཕྲོག་པ་ནི་འཇིགས་རུང་བའོ།། ་ལྷག་པར་མཛད་པ་ནི་གར་གྱི་ཉམས་གསུམ་དང་ལྡན་པའོ། །བདག་ལ་འཁྱུད་པའི་ཕྱག་རྒྱའི། །ཡན་ལག་ཐམས་ཅད་ཕྲོགས་པ་འགྲུབ་ཅེས་གསུངས་སོ། །སྒྲུབ་པ་པོའི་འཁྱུད་པ་ལ་སོགས་པའི་སྦྱོར་བས་དངོས་གྲུབ་སྟེར་བར་འགྱུར་ཏེ། མདའ་གཞུ་བསྣམས ་བའོ། །རྣམ་པ་སྣ་ཚོགས་ཞེས་པ་ནས། འོལ་པ་ཞེས་བྱ་བའི་ཕྱག་རྒྱ་བཞིན་ཞེས་བྱ་བའི་བར་གྱིས་བདག་དང་ཡིད་ག་འཁྱུད་པའི་ངོ་མཚར་བདེ་བ་མོའི་ཕྱག་རྒྱ་བསྟན་ཏོ། །སེ་རལ་ཁའི་ཚུལ་དག་ཏུ་ཞེས་པ་ནས་བདེ་མཆོག་རོལ་པའི་ཕྱག་རྒྱའོ་ཞེས་པའི་བར་གྱིས་གཡས ་པ་སྣ་ཚོགས་རྡོ་རྗེ་གཡོན་པ་ཁ་ཊཝཱཾ་ག་བསྣམས་པ། སྣང་མཛད་མའི་ཕྱག་རྒྱས་སོ། །རྫོགས་པའི་སངས་རྒྱས་ཀྱི་ཁམ་པོར་འགྲུབ་ཅེས་པ་ནས་ཕྱག་རྒྱའོ། །ཞེས་པའི་བར་གྱིས་གཡས་པ་སྣ་ཚོགས་རྡོ་རྗེ་དང་གཡོན་པ་ཁམ་པོར་བསྣམས་པ་སློབ་མ་མའི་ཕྱག་རྒྱ་བསྟན ་ཏེ། དེ་ལ་སོགས་པ་མཛའ་ཡས་མཆོག་ཅེས་བ་ལྷ་མོ་དེ་རྣམས་ཀྱི་ལག་པའི་ཕྱག་རྒྱ་དང། རྐང་པའི་ཕྱག་རྒྱ་དང། མིག་གི་ཕྱག་རྒྱ་དང། ངག་གི་ཕྱག་རྒྱ་ལ་སོགས་པ་མཛའ་ཡས་ཀྱང། རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་གསུང་ཐུགས་ཀྱི་བདག་ཉིད་ཀྱི ་ཡེ་ཤེས་ཕབ་པར་འགྱུར་རོ། །རྩ་བའི་ཕྱག་རྒྱའི་ཚོགས་སོ་ཞེས་པ་རྡོ་རྗེ་སེམས་དཔའ་དང་ཡུམ་བཞིའི་དཀྱིལ་འཁོར་གྱི་གཙོ་བོ་ཡིན་པས་རྩ་བ་ཞེས་གསུངས་སོ། །གཙུག་ལག་ཇི་ལྟར་རྗེས་མཐུན་སོགས་ཞེས་པ་ལ་སོགས་པས་སངས་རྒྱས་བྱང་ཆུབ་པའི་ཕྱག ་རྒྱས་གསུངས་པ་ཡིན། རྐང་པ་བཏེག་ཅིང་ཕབ་པ་དང། ཞེས་པ་ལ་སོགས་པས་ཆོས་ཀྱི་འཁོར་ལོ་མའི་ཕྱག་རྒྱ་ཆེན་པོ་གསུངས་སོ། །བྱ་བ་དང་ནི་ཟློག་པ་དང་ཞེས་པ་ལ་སོགས་པས་ཁམས་གསུམ་རྣམ་རྒྱལ་མའི་ཕྱག་རྒྱ་གསུངས་སོ། །ལྕུག་མ་གང་ཡང་རུང་པ ་གཟུང་ནས་ཞེས་པ་ལ་སོགས་པ་འདོད་པའི་དབང་མོའི་ཕྱག་རྒྱ་གསུངས་སོ། །མྱང་བ་བརྡུབ་པ་ལྟར་བྱས་པས་ཞེས་པ་ལ་སོགས་པས་རྟ་མཆོག་གི་ཕྱག་རྒྱ་གསུངས་སོ། །སྣའི་མྱང་བ་བརྡུབ་པ་ཡིས་ཞེས་པ་ལ་སོགས་པས་ཕག་གདོང་མའི་ཕྱག་རྒྱ་གསུངས་སོ། །མིག ་ཚུགས་ཞེན་པར་ལྷ་པ་ཡིས་ཞེས་པ་ལ་སོགས་པ་ལྕགས་སྒྲོག་མའི་ཕྱག་རྒྱ་གསུངས་སོ། །ཐམས་ཅད་བདག་ཉིད་མྱང་བ་ངོས་ཞེས་པ་ལ་སོགས་པས་ཐལ་བྱེད་མའི་ཕྱག་རྒྱ་གསུངས་སོ། །གླིང་བུ་མ། པི་ཝང་མ། ཅང་ཏེའུ་མ། རྫ་རྔ་མ་རྣམས་ཀྱི་ཕྱག་རྒྱ་ནི་མིང ་གི་གསལ་བར་བསྟན་ཏེ་ཕྱག་རྒྱ་གར་གྱི་མཆོད་པ་ཡིས་ཞེས་པ་ནས། མ་ལུས་ལུས་པ་མེད་པ་འགྲུབ་པ་ཅེས་པའི་བར་གྱིས་ཤལོ་ཀ་གཅིག་གིས་མེ་ཏོག་མར་མེ་དྲི་ཆབ་མ་རྣམས་ཀྱི་ཕྱག་རྒྱ་བསྟན་ཏོ། །རིམས་དང་དུག་དང་དབྱིག ་དུག་བྱས་ཞེས་པ་ལ་སོགས་པ་ནས། ཐམས་ཅད་བདག་ཉིད་འགྲུབ་པར་འགྱུར་ཞེས་པར་འགྱུར་ཞེས་པའི་བར་གྱིས་ལྷ་མོ་དེ་རྣམས་ཀྱི་ཕྱག་རྒྱའི་ཕན་ཡོན་བསྟན་ཏོ། །དེ་ལྟར་དངོས་གྲུབ་ལེན་པའི་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་བཤད་ནས། ད་ནི་ལྷ་ཉི་ཤུ་རྩ་གཅིག་གི་ཐུན་མོང ་གི་གླུ་བཤད་པ་ནི། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ་ཞེས་པ་ནས། བླ་ན་མེད་པའི་དངོས་གྲུབ་ཐོབ་ཅེས་པའི་བར་གྱི་ཐུན་མོང་གི་གླུ་བསྟན་ཏོ། །དེ་ནས་ཞེས་པ་ལ་སོགས་པ་ཤལོ་ཀ་གཅིག་གིས་ཕྲིན་ལས་འགྲུབ་པའི་ཕན་ཡོན་བསྟན་ཏོ། །དཔལ་ ་རྡོ་རྗེ་སེམས་དཔའ་བདེ་ཆེན་ཞེས་པ་ནས་གཟུང་དུ་གསོལ་ཞེས་པའི་བར་གྱིས་ཐུན་མོང་གི་གླུ་བསྟན་ཏོ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ་ཞེས་པ་ལ་སོགས་པས། ཐུན་མོང་གི་སྒྲུབ་པའི་ཕན་ཡོན་གསུངས་པའོ། །དེ་ལྟར་རྡོ་རྗེ་སེམས་དཔའ་ཨི ་དཀྱིལ་འཁོར་གྱི་དངོས་གྲུབ་ལེན་པའི་ཕྱག་རྒྱ་དང་གླུ་བཤད་ནས། ད་ནི་རྣམ་སྣང་གི་དཀྱིལ་འཁོར་གྱི་དངོས་གྲུབ་ལེན་པའི་ཕྱག་རྒྱ་ཆེན་པོ་གསུངས་པ་ནི། རྣལ་འབྱོར་དེ་ཉིད་བྷ་ག་བན་ཞེས་པ་ནས། དཔལ་དམ་ཚིག་ཞེས་པའི་ཕྱག་རྒྱའོ།། ་ཞེས་པའི་བར་གྱིས་ཆོས་གོས་ལྷུང་གཟེད་གསེག་ཤར་བསྣམས་པའི་ཕྱག་རྒྱ་ཆེན་པོ་བསྟན་ཏོ། །དེའི་རྐང་པའི་ཕྱག་རྒྱ་ནི། གཡས་པའི་ཡན་ལག་འདུས་པ་ཡིས་ཞེས་པ་ལ་སོགས་པས་རྣམ་སྣང་གི་སེམས་དཔའ་ཨི་སྐྱིལ་མོ་ཀྲུང ་བསྟན་ཏོ། །རྣམ་སྣང་གི་ཕྱག་རྒྱ་བསྟན་ནས། སངས་རྒྱས་དབྱངས་མའི་ཕྱག་རྒྱ་ཆེན་པོ་ནི། རྡོ་རྗེ་ཁུ་ཚུར་བཅངས་ནས་སུ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དཔའ་བོ་མའི་ཕྱག་རྒྱ་ནི། །དེ་བཞིན་དཔལ་ལྡན་ཧེ་རུ་ཀ་ཞེས་པ་ལ་སོགས ་པས་བསྟན་ཏོ། །ཀུན་ཏུ་བཟང་མོའི་ཕྱག་རྒྱ་ནི་པདྨ་བུད་མེད་ཅེས་པ་ལ་སོགས་པས་བསྟན་ཏོ། །ཟད་པ་མེད་པའི་ཕྱག་རྒྱ་ནི། རིན་ཆེན་འཛིན་པའི་ཁུ་ཚུར་ཡང་ཞེས་པ་ལ་སོགས་པས་བསྟན་ཏོ། །སྐུར་ལྡན་མའི་ཕྱག་རྒྱ་ནི། སངས་རྒྱས་ཁུ་ཚུར་བཅངས་ནས་སུ ་ཞེས་པ་ལ་སོགས་པས་བསྟན་ཏོ། །མཛེས་པའི་ཕྱག་རྒྱ་ནི་པདྨའི་བུད་མེད་ཀྱི་ཕྱག་རྒྱ་བཅིང་སྣས། ཞེས་པ་ལ་སོགས་པས་བསྟན་ཏོ། །སྤྲིན་ཆེན་མའི་ཕྱག་རྒྱ་ནི། རྟ་མཆོག་དཔལ་གྱི་ཁུ་ཚུར་ཡང་ཞེས་པ་ལ་སོགས་པས་བསྟན་ཏོ། །ནམ་མཁའ་སྤྱན ་མའི་ཕྱག་རྒྱ་ཡང། དཔལ་གྲུབ་སྤྱན་གྱི་ཕྱག་རྒྱ་ཡང་ཞེས་པ་ལ་སོགས་པས་བསྟན་ཏོ། །དེ་ནས་ཐུན་མོང་དུ་མཚན་བརྒྱད་གསུངས་པ་ནི། དང་པོ་སངས་རྒྱས་ཀུན་བླ་མ་ཞེས་པ་ལ་སོགས་པའི་ཤལོ་ཀ་གཉིས་ཀྱིས་གསུངས་སོ། །ཕྱག་རྒྱ་ཆེན་པོ་བཅིངས ་ནས། དངོས་གྲུབ་བསྒྲུབ་པའི་ཡན་ལག་ཏུ་གླུ་གསུངས་པ་ནི། ཕྱག་རྒྱ་ཞེས་པ་འདི་དག་གི་ཞེས་པ་ལ་སོགས་པས་ཚིགས་བཅད་གཉིས་ཀྱིས་གླུ་བླང་བའི་ཐབས་འབྲས་བུ་དང་བཅས་པས་བསྟན་ཏོ། །དེ་ལས་རྫ་ནི་དྲུག་ལྡན་ནོ། །དེ་བ་ལྟ་ཞེས་པ་སུམ ་ཅུ་རྩ་གསུམ་གྱི་ལྷ་མོ་ཏིལ་མཆོག་དང། རིམ་པའི་གླུའོ། །སེམས་ཅན་ཁམས་མང་ཞེས་པ་ནས་དི་རིང་འགྲུབ་པར་འགྱུར་ཞེས་པའི་བར་གྱིས་རྣམ་སྣང་གི་ལྷ་མོ་ཐམས་ཅད་ཀྱི་ཐུན་མོང་གི་གླུ་གསུངས་པ་ཡིན་ནོ། །རྡོ་རྗེ་སེམས་དཔའ་ཨི་ལྷ་མོའི་གླུ་དང། ་རྣམ་སྣང་གི་ལྷ་མོའི་གླུས་ནི་བདག་མཚན་པ་ཐོབ་པའི་རྣལ་འབྱོར་པ་ལ། ལྷའི་སྐུ་བསྟན་ནས། ཐུགས་ཀར་ཞུགས་པར་མཛད་ཅེས་པའི་དོན་ཡིན་ནོ། །གླུ་འདི་དག་ནི་བླངས་པ་ཡིས་ཞེས་པ་ནས་གདོན་མི་ཟ་ཞེས་པའི་བར་གྱིས་སྒྲུབ་པའི་ཕན་ཡོན་གསུངས་པ ་ཡིན་ནོ། །དེ་ལས་བུད་མེད་བཞི་རྣམས་ཞེས་པ་ནི་གླིང་བུ་མ་ལ་སོགས་པ་བཞི་དང། མེ་ཏོག་མ་ལ་སོགས་པ་བཞི་དང། རྟ་གདོང་མ་ལ་སོགས་པ་བཞིའི་ཕྱག་རྒྱ་ཆེན་པོའི་ཚུལ་གྱིས་མཆོད་ཅིང། དངོས་གྲུབ་བསྒྲུབ་པར་བྱ་བ་ཡིན་ནོ། །ཞེས་པའི ་དོན་ཏོ། །དེ་ལྟར་དེ་བཞིན་གཤེགས་པའི་དངོས་གྲུབ་ལེན་པའི་ཕྱག་རྒྱ་ཆེན་པོ་བཤད་ནས། ད་ནི་ཧེ་རུ་ཀའི་དངོས་གྲུབ་ལེན་པའི་ཕྱག་རྒྱ་ཆེན་པོ་བསྟན་པ་ནི། རྣལ་འབྱོར་དེ་ཉིད་བྷ་ག་བན་ཞེས་པ་ནས། །རྡོ་རྗེ་གར་གྱི་དབང་ཕྱུག་གི ་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ལ་དུར་ཁྲོད་དཔལ་གྱི་ཕྱག་རྒྱས་ནས་ཞེས་པ། རུས་པའི་རྒྱན་གྱིས་བརྒྱན་པའོ། །གཞན་གྱིས་མ་ཡིན་མི་འཕྲོགས་ཞེས་པའི་ཤལོ་ཀ་གཅིག་གིས་ཆུའི་དབང་བསྐུར་བ་བསྟན་ཏོ། །གོས་ཆེན་པོའི་ནི་མི་ལྤགས་སོ། །དབང་བསྐུར་ཆེ ་ནི་ཐོད་པའི་བཅོད་པན་ལྔའོ། །ཤ་ཆེན་དང་སྦྲང་རྩི་ཆེ་ནི། ཕྱག་གཡོན་ན་བསྣམས་པའི་སྤྲང་རྩི་ཏེ་ཤ་ཆེན་པོ་དང་ཁྲག་གིས་གང་བའོ། །ཅིའི་ཕྱིར་བྷ་ག་བན་དེ་ལྟ་བུ་བསྣམས་ཤེ་ན། དུར་ཁྲོད་རྒྱད་ཀྱི་འབྱུང་པོ་རྣམས་གདུལ་བའི་ཕྱིར། ཐོད་པ་དང་ཁ་ཊཝཱཾ ་གདང། ཐོད་པའི་ཕྲེང་བ་དང་མི་བསྐྱོབ་པས་གཙུག་གི་ནོར་བུ་བྱས་པའོ། ཁ་ཊཝཱཾ་བཅས་ཞེས་པས་ཕྱག་མཚན་བསྟན་ཏོ། །ཕྱག་མཚན་དེས་ཅི་ཞིག་བྱེད་སྙམ་ན། དེ་བཞིན་གཤེགས་པའི་གདུལ་བྱ་དང། རྡོ་རྗེ་པདྨ་ནོར་བུ་སྣ་ཚོགས་རྡོ་རྗེའི་གདུལ་བྱ ་རྣམས་དབང་དུ་བྱ་བ་གསུམ་གྱིས་རྒྱས་བཏབ་པ་དང། བཙུན་མོ་ལ་ལོངས་སྤྱད་པས་རྨོང་སྤར་བྱས་པ་དང། ཚེགས་འཁོར་ལ་ལོངས་སྤྱད་པ་ཟབ་པ་དང། སྲོག་ཐིམས་པས་ཐལ་བར་གྱུར་པའོ། དེ་ལྟར་ཞལ་བཞི་བརྒྱད་བཤད་ནས། ཞལ་གཅིག ་ཕྱག་གཉིས་པ་བཤད་པའི་ཕྱིར། སེ་རལ་ཁའི་ཚུལ་དག་ཅེས་པ་ལ་སོགས་པ་གསུངས་ཏེ། ལག་པ་གཡོན་པར་ཐོད་པ་ཐོགས་ནས། མཆན་ཁུང་གཡོན་པར་ཁ་ཊཝཱཾ་ག་སེར་ལ་ཁར་བསྣམས་པ། གཡས་པར་བ་དན་གསུམ་པ་རྡོ་རྗེ་རྩེ་ལྔ་པ ་བཟུང་པའོ། །བུད་མེད་ལ་སོགས་རིན་ཆེན་ཅེས་པ། བཙུན་མོ་རིན་པོ་ཆེ་ལ་སོགས་པ་རིན་པོ་ཆེ་སྣ་བདུན་སྤྲུལ་ནས། ལོངས་སྤྱོད་པའོ། །དབང་པོ་དྲུག་པོ་ཉེ་དབང་བསད་ཅེས་པ་བདུད་བཞི་དང་ཕྱོགས་སྐྱོང་ཐམས་ཅད་བསད་ནས་ཟ་བར་མཛད ་པའོ། །དབང་པོ་གཅིག་པུ་དང་ཞལ་བཞི་ཕྱག་བརྒྱད་པ་གཉིས་ཀའི་ཐུན་མོང་གི་གར་གསུངས་པ་ནི། གཡས་དང་གཡོན་པའི་སྦྱོར་བ་ཡིས་ཞེས་པ་ལ་སོགས་པ་གསུངས་ཏེ། ལག་པ་གཉིས་ཀྱིས་གར་བྱེད་ཅིང་སེམས་དཔའ་ཨི་ཕྱེད་ཀྲུང་དང། ལངས་པས་དྲག་པོ་ལ ་སོགས་པའི་བདུད་ཐམས་ཅད་དབང་དུ་བྱས་ཤིང་ལོངས་སྤྱད་ནས་གསོལ་བར་མཛད་པ་ཡིན་ནོ། །དེ་ཉིད་ཀྱི་སྦྱོར་བ་ཡིས་ཞེས་པ་ལ་སོགས་པ་སྐྱིལ་ཀྲུང་བྱེད་པའི་གར་བཤིགས་ནས་གཡས་བརྐྱང་བྱས་ཏེ། བསྐལ་པ་བཟང་པོའི་ལྷ་མོ་རྣམས་ཀྱི་བུད་མེད་ཀུན ་ལ་ལོངས་སྤྱོད་པ་ཡིན་ནོ། །རྐང་པ་གཡས་པའི་མཐེ་བོ་ས་ལ་བརྩུགས་ནས་གཡོན་པ་བརླའི་སྟེང་དུ་བཞག་ནས་རབ་ཏུ་བརྐྱང་བ་སྟེ། བསྐྱོད་པ་དང་བཏང་བ་ནི་བྱང་ཆུབ་སེམས་བཟློག་པ་སྟེ། ལུས་ཀྱི་འཁྲུལ་འཁོར་བསྟན་ཏོ། །ལུས་ཀྱི་འཁྲུལ་འཁོར་གྱི་སྒྱུ་མ་དེ ་དག་ཉིད་ཀྱིས་ལྷ་དང་མི་རྣམས་ལ་ལོངས་སྤྱོད་པ་ཡིན་ནོ། །དེ་ལྟར་ཧེ་རུ་ཀའི་དངོས་གྲུབ་ལེན་པའི་ཕྱག་རྒྱ་ཆེན་པོ་བསྟན་ཏོ། །དེའི་འཁོར་གྱི་ཕྱག་རྒྱ་ཆེན་པོ་བསྟན་པ་ནི། དེ་ནས་གཞན་ཡང་བཤད་བྱ་བ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔལ་ལྡན་ཧེ ་རུ་ཀའི་དབབ་པ་ཞེས་པ། ཚོགས་འཁོར་རམ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་ཡེ་ཤེས་ཕབ་ནས། གདུལ་བྱའི་ཇི་ལྟར་མོས་པའི། སྒྱུ་མ་སྣ་ཚོགས་གནས་པ་ཡིན་ནོ། །དེ་ལ་འཁོར་གྱི་ཉམས་ནི། ཞི་བ་ནི་ཀཽ་རཱིའོ། །དྲག་པོ་ནི་ཙཽ་རཱིའོ། །རྨོངས་པ་ནི་པྲ་མོ་ཧཱ་འོ། ་དགའ་བ་ནི་བེཏྟཱ་ལཱིའོ། །གར་བྱེད་སྒྱུར་བ་ནི་པུཀྐ་སཱིའོ། །བབས་པ་ནི་ཙནཌ་ལཱིའིའོ། །ཤི་བ་བཞད་པ་ནི་གྷསྨ་རཱིའིའོ། །བདེ་བའི་ཕྱག་རྒྱས་གནས་པ་ནི་ཌོཾ་བི་ནའིའོ། །གཞན་ཡང་ཞི་བའི་མིག་དང་ལྡན་པ་ནི་གཽ་རཱིའོ། །དྲག་པོའི་མིག་དང་ལྡན་པ་ནི་ཙཽ་རཱིའོ། །རྨོངས ་པའི་མིག་དང་ལྡན་པ་ནི་བེཏྟཱ་ལིའིའོ། གྱེན་དུ་ལྟ་བ་ནི་པུཀྐ་སཱིའི་འོ། །ཆག་པའི་ལྟ་བ་ནི་ཕྲ་མོ་ཧའིའོ། །གར་བྱེད་པས་ལྟ་བ་ནི་ཙཎྜ་ལིའིའོ། །ཁྲོ་བོའི་ལྟ་བ་ནི་གྷསྨ་རཱིའིའོ། །བྱམས་པའི་ལྟ་བ་ནི་དངོས་གྲུབ་མཆོག་སྟེར་ཌོཾ་བི་ནིའིའོ། །ཕྱག་མཚན་བསྟན་པ་ནི ་མེ་ཏོག་ནི་གོ་རཱིའིའོ། །བདུག་པ་ཙཽ་རཱིའིའོ། །ཆང་ཕྲ་མོ་ཧའིའོ། །ཆུ་བེཏྟ་ལཱིའིའོ། །ལྕུག་མ་པུཀྐ་སཱིའིའོ། །རས་ཙཎྜ་ལིའིའོ། །མེན་གྷསྨ་རཱིའིའོ། །གྲུབ་པས་འཁྱུད་པས་ནི་ཌོཾ་བི་ནིའིའོ། །དེ་རྣམས་ཀྱི་སེམས་ཀྱི་ཕྱག་རྒྱ་བསྟན་པ་ནི། རྩེ ་གཅིག་མཉམ་པར་སྦྱོར་བ་ཡིས། ཞེས་པ་ལ་སོགས་པ་གསུངས་ཏེ། རྩེ་གཅིག་པས་བདེ་བ་རྒྱས་འདེབས་པ་ནི་གཽ་རཱི་སྟེ་དང་པཱོའོ། །ལག་པ་གཉིས་མངོན་པར་བསྟོད་ནས་སེ་གོལ་རྡེབས་ཤིང་དབུགས་གྱེན་དུ་འབྱིན་པས་གཡོན་དུ་ལྟ་ཞིང་ལག་པ་སྙིང ་འདྲེན་པ་ནི་གཉིས་པའོ། །འོ་བྱེད་པས་འཁྱུད་ཅིང་གར་བྱེད་པས་རྨོངས་པ་ནི་གསུམ་པའོ། །སྒྲུབ་བྱ་ཟ་བའི་བསམ་པས་ལུས་འདེགས་པ་ནི་བཞི་པའོ། །ཚངས་པའི་མགོ་བོའི་ནང་དུ་བདུད་རྩི་རྣམས་འཇིག་རྟེན་གསུམ་ལས་རྒྱལ་བའི་གར་བྱེད་པ་ནི་ལྔ་པའོ།། ་དེ་བཞི་ནས་ལ་འདྲེན་པས་སྙིང་ཕུབ་ནས་རང་གི་ཕྱག་རྒྱ་ཚུལ་དུ་སྟོན་པ་ནི་བདུན་པ་བསོད་བྱེད་མའོ། །ཀླུའི་དཀྱིལ་འཁོར་གྱི་སྒྲུབ་པར་བྱ་བའི་ཞལ་བུ་གསོལ་བ་ནི་ཟབ་མོའིའོ། །རབ་ཏུ་འཇིགས་པའི་མེས་སྲེག་པ་ནི་ཧེ་རུ་ཀ་དང་ཌོཾ་བི་ནིའི་ཕྱག་རྒྱའོ། །དེ་ནས ་ཕྱག་རྒྱའི་ལན་གྱིས་དངོས་གྲུབ་སྒྲུབ་པ་བཤད་པ་ནི། དེ་ནས་ཕྱག་རྒྱ་འདི་ཀུན་གྱིས་ཞེས་པ་ལ་སོགས་པ་གསུངས་ཏེ། དངོས་གྲུབ་སྒྲུབ་པའི་དུས་སུ་སློབ་དཔོན་གྱིས་གཽ་རཱིའི་ཕྱག་རྒྱའི་བའི་ཆེ་སློབ་མས་ཌོཾ་བི་ནིའི་ཕྱག་རྒྱའོ། །སློབ་དཔོན་གྱིས་ཙཽ་རཱི། སློབ་མས་གྷསྨ་རི། སློབ་དཔོན་གྱི་པྲ་མོ་ཧ། སློབ་མས་ཙཎྜ་ལཱི། ་སློབ་དཔོན་གྱི་བེཏྟཱ་ལཱི། སློབ་མ་པུཀྐ་སཱིའི་ཕྱག་རྒྱའོ། །དེ་ལྟར་གར་དང་གར་གྱི་ལན་ཕྱག་རྒྱའི་མཚན་ཉིད་ཉོན་མོངས་འཇོམས་པའི་བདག་ཉིད་ཕྱག་རྒྱའི་ཁྱད་པར་བཤད་པར་བྱའོ། །དཔལ་ལྡན་རྡོ་རྗེ་པདམོ་སློང་ཞེས་པ། དང་པོ་ལག་པ་གཉིས་པདམོ་ཁ་ཕྱེ ་བ་ལྟ་བུའི་ཕྱག་རྒྱ་བྱས་པས་རྒྱས་བཏབ་པ་དང། རྨོངས་པ་དང། ཟོས་པ་དག་ཐལ་བར་བསྒྲུབ་པ་དང། འཚོ་བར་བྱེད་པའོ། །ལས་ལྔ་ཕྱག་རྒྱའི་ལན་བརྒྱད་ཀྱིས་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ལྟར་ལས་ཀྱི་ཕྱག་རྒྱ་བཤད་ནས། ཧེ་རུ་ཀའི་དཀྱིལ ་འཁོར་གྱི་གྲུ་བཤད་པ་ནི། དེ་ནས་ཕྱག་རྒྱ་ཤེས་པའི་ཞེས་པ་ནས། ཁྱད་པར་དུ་ནི་བཤད་པར་བྱ་ཞེས་པའི་བར་གྱིས་དམ་བཅའ་བ་བསྟན་ཏོ། །གཟིགས་པ་རྣམ་པ་སྣ་ཚོགས་ཞེས་པ་ནས། གསལ་བར་མཛོད་ཅེས་པའི་བར་གྱིས་ཧེ་རུ་ཀའི་དངོས་གྲུབ་ཡིན་པའི ་གླུ་གསུངས་པ་ཡིན་ནོ། །གླུ་འདི་དག་ནི་བླངས་པ་ཡིས་ཞེས་པའི་ཤལོ་ཀ་གཅིག་གི་ཕན་ཡོན་བསྟན་ཏོ། །ཧེ་རུ་ཀའི་ཕྱག་རྒྱ་དང་དངོས་གྲུབ་ལེན་པའི་གླུ་གསུངས་པ་ཡིན་ནོ།། །།ད་ནི་པདྨ་གར་དབང་གི་དཀྱིལ་འཁོར་གྱི་ཕྱག་རྒྱ་བཤད་པ་ནི། ་རྣལ་འབྱོར་དེ་ཉིད་བྷ་ག་བན་ཞེས་པ་ནས་ཕྱག་རྒྱའོ་ཞེས་པའི་བར་གྱིས་པདྨ་གར་དབང་གི་ཕྱག་རྒྱ་ཆེན་པོ་གསུངས་སོ། །གཡས་པ་གཡོན་པ་སྦྱོར་བ་ཡིས། ཞེས་པ་རྐང་པའི་ཕྱག་རྒྱ་བསྟན་ཏོ། །འཁོར་གྱི་ལྷ་མོའི་ཕྱག་རྒྱ་ནི། སྙེམས་པའི་ལག་པ ་གཡོན་པ་ཡིས་ཞེས་པ་ལ་སོགས་པ་གསུངས་ཏེ། གཡོན་པ་བསྙེམས་པས་པདྨ་གཟུང་ནས་གཡས་པས་ཁ་འབྱེད་པ་རྣམས་གཟིགས་མའིའོ། །གཡོན་པ་སྙེམས་པས་པདྨ་རྣོན་པོ་བཟུང་ནས་གཡས་པ་སྙིང་གར་འདེན་པ་སྒྲོལ་མའི་འོ། །གཡོན ་བསྙེམས་པས་པདྨ་བཟུང་ནས་གཡས་པས་སའི་འཁོར་ལོ་བསྐོར་བ་ནི་ས་འཛིན་མའོ། །གཡོན་བསྙེམས་པས་པདྨའི་ཐང་ཀ་བཟུང་ནས་གཡས་པ་བ་དན་གསུམ་པ་གར་བྱེད་པ་ཁྲོ་གཉེར་མའི་འོ། །གཡོན་པ་བསྙེམས་པས་པདྨ་སེར་པོ་ཅི་བདེར ་བཟུང་བས་གཡས་པ་ཆུ་སྲིན་གྱི་རྒྱལ་མཚན་བསྒྲེངས་ནས་འཛིན་པ་གཏུམ་པའི་དབང་ཕྱུག་མའི་འོ། །གཡོན་པ་པདྨ་དམར་པོ་བཟུང་ནས་གཡས་པས་སྙིང་གར་འབྲེན་པ་སྣ་ཚོགས་པདམིའོ། །སྣ་ཚོགས་པདྨ་འམ་པདྨ་དམར་སྐྱ་འཛིན་པ་པདྨ་ན་ཟ?་མའིའི ་པདྨ་དཀར་སྔོ་གཡོན་པས་བཟུང་ནས་གཡས་པས་སྙིང་གར་འབྱེད་པ་རྡོ་རྗེ་དབང་ཕྱུག་མའིའོ། །དེ་ལྟར་ལས་ཀྱི་ཕྱག་རྒྱ་བཤད་ནས་སྐུའི་ཕྱག་རྒྱ་ཆེན་པོ་བསྟན་པ་ནི། །རྣམ་དག་གཟིགས་མ་ཞེས་པ་ནས། ལྷ་མོ་ཆེན་པོ་རྣམས་སོ་ཞེས་པའི་བར ་གྱིས་བསྟན་ཏོ། །ཕྱག་རྒྱ་བཤད་ནས་དངོས་གྲུབ་ལེན་པའི་གླུ་བཤད་པར་དམ་བཅའ་བ་ནི། དེ་ནས་ཕྱག་རྒྱ་ཞེས་པ་ཤལོ་ཀ་གཅིག་གིས་གསུངས་སོ། །དེ་བཞིན་གཤེགས་པ་ཀུན་གྱིས་སོ་ཞེས་པ་ནས། གར་མཛོད་ཅིག་ཅེས་པའི་བར་གྱིས ་པདྨ་གར་དབང་གི་དངོས་གྲུབ་ལེན་པའི་གླུ་གསུངས་པ་ཡིན་ནོ། །གླུ་འདི་དག་ནི་བླངས་པ་ཡིས་ཞེས་པ་ཤལོ་ཀ་གཅིག་གིས་ཕན་ཡོན་ཡིན་ནོ། །དེ་ལྟར་པདྨ་གར་དབང་གི་ཕྱག་རྒྱ་དང་གླུ་བཤད་ནས།། །།ད་ནི་རྡོ་རྗེ་ཉི་མའི་དངོས་གྲུབ་ལེན ་པའི་ཕྱག་རྒྱ་ཆེན་པོ་གསུངས་པ་ནི་མཉམ་སྦྱོར་དེ་ཉིད་བྷ་ག་བན་ཞེས་པ་ལ་སོགས་པ་གསུངས་པ་ཡིན་ནོ། །ཤིན་ཏུ་གདུག་ཅིང་གཏུམ་བ་ལ། ཞི་བས་ཕན་པར་མི་འགྱུར་ཏེ། ཞེས་པ། རྡོ་རྗེ་ཉི་མ་ཅུང་ཞིག་ཁྲོ་བོའི་ཉམས་དང་བཅས་པ། ཁྲོ་བོའི་གཟུགས ་དང། ཁྲོ་བོའི་སྤྱོད་ལམ་དང། ཁྲོ་བོའི་ཚུལ་དང་གཟི་བརྗིད་ཆེན་པོ་སྟོན་པ་ལྷའི་ཉི་མའི་གཟུགས་ཅན་ནོ། །ལྷག་མ་ནི་གོ་སླའོ། །རྡོ་རྗེ་པུས་མོ་གཉིས་བཅིངས་ནས་བཞེས་པ་ཤལོ་ཀ་གཅིག་གིས་རྐང་པའི་ཕྱག་རྒྱ་བསྟན་ཏོ། །གཙོ་བོ་བསྟན་ནས ་འཁོར་གྱི་ནི?་དབང་བསྐུར་བ་དང། གཏེར་དག་དང་ཞེས་པ་ལ་སོགས་ཏེ། །དབང་བསྐུར་མ། གཏེར་ལྡན་མ་རྒྱལ་མཚན་མཆོག་མ། མཆོག་ལྡན་མའོ། །མཆོད་ཚེ་ཞེས་བྱ་བས་མངའ་འཛིན་མ་ལ་སོགས་པ་གཅིག་དང། གླིང་བུ་མ་ལ་སོགས ་པ་བཞི་དང། མེ་ཏོག་མ་ལ་སོགས་པ་བཞི་དང། བཅུ་གཉིས་མཆོད་པ་ཆེ་ཞེས་བྱའོ། །ཇི་ལྟའི་ཚུལ་དུ་སྟོན་པ་དག་།ཅེས་བྱ་བས་རྟ་གདོང་མ་ལ་སོགས་སྒོ་བཞི་གསུངས་སོ། །ཕྱག་རྒྱ་བཤད་ནས། གླུ་བཤད་པ་ནི། དེ་ནས་ཕྱག་རྒྱ་ཞེས་པ་ལ ་སོགས་པ་ལ་ཤལོ་ཀ་གཅིག་ནི་དམ་བཅའ་བའོ། །ཁམས་གསུམ་ཀུན་གྱི་རྒྱལ་སྲིད་ཅེས་པ་ནས་ཐམས་ཅད་འགྲོ་ཞེས་པའི་བར་གྱིས་དངོས་གྲུབ་ལེན་པའི་གླུ་གསུངས་སོ། །གླུ་འདི་དག་ནི་བླངས་པ་ཡིས་ཞེས་པའི་ཤལོ་ཀ་གཅིག་གིས་ཕན་ཡོན ་གསུངས་པ་ཡིན་ནོ། །རྡོ་རྗེ་ཉི་མའི་ཕྱག་རྒྱ་བཤད་ནས། རྟ་མཆོག་གི་ཕྱག་རྒྱ་གསུངས་པ་ནི། རྣལ་འབྱོར་དེ་ཉིད་ཅེས་པ། རྡོ་རྗེ་སློང་བ་ཞེས་བྱ་བའི་ཕྱག་རྒྱའོ་ཞེས་པའི་བར་གྱིས་སྐུ་ཕྱག་རྒྱ་ཆེན་པོ་བསྟན་ཏོ། །དེའི་རྐང་པའི་ཕྱག་རྒྱ་ནི། གཡས་དང་གཡོན་གྱི་སྦྱོར་བ ་ཡིས་ཞེས་པ་ལ་སོགས་པ་གསུངས་སོ། །རྐང་པ་བཞིས་བརྐྱང་བསྐུམ་གཉིས་སུ་གནས་པ་ནི། ཁྲོ་བོའི་སྐྱིལ་ཀྲུང་ངོ། །དེའི་འཁོར་གྱི་དཀྱིལ་འཁོར་ནི་སླ་བ་ལ་དགོངས་ནས་མ་གསུངས་སོ། །དེ་ལྟར་ཕྱག་རྒྱ་བཤད་ནས་དངོས་གྲུབ་ཀྱི་གླུ་གསུངས་པ་ནི། ་དེ་ནས་ཕྱག་རྒྱ་ནི། ཞེས་པ་ནི་འདི་ཤལོ་ཀ་གཅིག་གིས་དམ་བཅའ་པ་གསུངས་སོ། །མྱོས་བྱེད་སྟོང་པ་ཞེས་པ་ཚིག་རྐང་གཅིག་གིས་དབང་གི་སྐུ་བསྟན་ཏོ། །སྟོང་ནི་གཤིན་རྗེ་སྟོང་པས་ཞེས་པའི་ཚིག་རྐང་གཅིག་གིས་མངོན་སྤྱོད་ཀྱི་བསྟན་ཏོ། ། ་ཚངས་པ་སྟོང་ལས་ཞེས་པའི་ཚིག་རྐང་གཅིག་གིས་ཞི་བའི་སྐུ་བསྟན་ཏོ། །དཀྱིལ་འཁོར་ཞེས་པའི་ཚིག་རྐང་གཅིག་གིས་རྒྱས་པའི་སྐུ་བསྟན་ཏོ། དེ་བསྟན་ནས་ཅི་མཛད་ཅེ་ན། ཕྲིན་ལས་བཞི་མཛད་པ་ཡིན་ཏེ། ཐམས་ཅད་རྣམ་པར་དག་པར་མོས་པའི ་འདུལ་བྱ་བཞི་ལ། །ངོ་མཐོན་སྟོབས་ཀྱིས་མནན་ནས་ཡི་གེ་ཧི་བཞིས་མངོན་སུམ་གྱིས་ལམ་བསྟན་ཏོ། །དེ་ཡང་སུ་ཡིན་ཞེ་ན་དབང་ཕྱུག་ཐམས་ཅད་ཤིག་ཞིག་པས་ལྷ་བཞི་པ་བརྒྱལ་དུ་བཅུག་པ་ཡིན་ནོ། །དེ་ཡང་ཧུ་ལུ་ཧུ་ལུའི་སྒྲས་དབང་ཕྱུག་ཆེན་པོ་ ་མནན་ནས་གསུམ་གྲུབ་མ་ཕྲོགས་པ་ཡིན་ནོ། །མ་ཏ་མ་ཏའི་སྒྲས་མཐུ་བོ་ཆེ། མནན་ནས་དཔལ་མོ་ཕྲོགས་སོ། །སྨན་ཏའི་སྒྲས་ཚངས་པ་མནན་ནས་དབང་མ་ཕྲོགས་པ་དང་འདོད་པའི་ལྷ་མནན་ནས་དགའ་མ་ཕྲོགས། །རྟ་མཆོག་གི་ཕྲིན་ལས ་བཞི་བསྟན་ནས་ལྷ་མོ་བཞི་དང་མཉམ་པར་སྦྱོར་བས་ཨ་ལ་ལ་ཧོ། ཞེས་གསུངས་པ་ཡིན་ནོ། །མ་འོངས་པའི་གསང་སྔགས་ཀྱི་སྒོ་སྤྱད་པ་སྤྱོད་པ་རྣམས་ཀྱང་ཁྲོ་ཞིང་གཏུམ་པའི་སྟོབས་ཀྱིས་བདག་པོ་རྣམས་ནས་ལྷ་མོ་རྣམས་དང་སྦྱོར་བའི་ཚེ ་ཨ་ལ་ལ་ཧོ་ཞེས་གསུངས་པ་ཡིན་ནོ། །རྗེས་འཇུག་རྣལ་འབྱོར་པས་བདག་པོ་བཞིས་བརྒྱལ་དུ་བཞུགས་པའི་སྔགས་ནི་ཨོཾ་སུཾ་བྷ་ནི་ཞེས་པ་ནས་ཧཱུཾ་ཕཊ་ཅེས་པའི་བར་གྱིས་གསུངས་སོ། །དེ་ལྟར་མངོན་སྤྱོད་ཀྱི་སྒྲོལ་བ་དང། ་འདོད་ཆགས་ཀྱི་སྦྱོར་བས་ཇི་ལྟར་སངས་རྒྱས་པར་འགྱུར་ཞེ་ན། མཛའ་བོ་མི་ལ་བྱ་འམ་མི་བྱ་བ། དེ་དག་ཡོངས་རྟོགས་མེད་ཀྱང་བླ་ཞེས་པ་ལ་སོགས་པ་གསུངས་ཏེ། རང་བཞིན་བརྒྱད་ཅུ་དང་བྲལ་བས་གཟུང་འཛིན་མེད་པའི་ཡེ་ཤེས་སྐྱེས་པ ་ན། སྒྱུ་མ་ལྟ་བུར་ངེས་པས་མཛའ་བ་དང། མི་མཛའ་པ་སུ་ཞིག་དང་མེད་དོ། །དེ་བཞིན་དུ་རྒོལ་བ་རྣམས་སྒྱུ་མ་ལྟ་བུར་ཤེས་ནས་དགྲ་བོ་བྱ་བ་སུ་ཡང་མེད་དོ། །གླུ་འདི་བླངས་པའི་ཞེས་པའི་ཤལོ་ཀ་གཅིག་གིས་ཕན་ཡོན་བསྟན་ཏོ། །དེ་ལྟར་ཕྱག ་རྒྱ་ཆེན་པོ་བསྟན་ནས་དམ་ཚིག་གི་ཕྱག་རྒྱ་བཤད་པ་ནི། མཛུབ་མོ་མཐེ་བོ་མནན་ནས་ཞེས་པ་ལ་སོགས་པར་གསུངས་ཏེ། རྡོ་རྗེ་ཐལ་མོ་སྦྱར་ལ། མཛུབ་མོ་དང་མཐེ་བོའི་ཚིགས་ཀྱི་རྩེ་མོར་མནན་ལ་གུང་མོའི་རྩེ་མོ་ནི་དཔལ་གྲུབ་པའི་སྤྱན་ཞེས་བྱ་སྟེ། ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་གྱི་དངོས་གྲུབ་སྒྲུབ་པའི་དམ་ཚིག་གིས་ཕྱག་རྒྱའོ། །རྣམ་སྣང་གི་དཀྱིལ་འཁོར་གྱི་ཕྱག་རྒྱ་ནི། རྡོ་རྗེ་ཐལ་མོ་མཉམ་སྦྱར་ལ། ཞེས་པ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཐལ་མོ་གཉིས་སྦྱར་ནས་མཛུབ་མོ་གཉིས་པ་ཀུན? ་སྟེ་མཐེ་བོའི་རྩེ་མོར་སྦྱར་ལ་ཐལ་མོའི་མཐེ་བོང་སྟེང་དུ་བྱའོ། །ཧེ་རུ་ཀའི་དཀྱིལ་འཁོར་གྱི་ཕྱག་རྒྱ་ནི། རྡོ་རྗེ་ཐལ་མོ་གྱེན་དུ་ཕྱེ་ནས། མཛུབ་མོ་གཉིས་རྩེ་མོ་བཀུག་ལ་མཐེ་བོང་གཉིས་ཀྱིས་མནན་ཏེ་ངལ་བསོ་བོ་མནན་ནས། དཔལ་མོ་ཞེས་བྱའི ་གནོད་སྦྱིན་མ་ཕྲོགས་ནས་འོངས་ཏེ། དགའ་བ་བཞི་བསྐྱེད་པ་བྱའོ། །པདྨ་གར་དབང་གི་ཕྱག་རྒྱ་ནི། །རྡོ་རྗེ་ཐལ་མོ་མཉམ་པར་སྦྱར་ནས་གུང་མོ་བརྐྱང་ལ་མཐེ་བོ་ཆུང་གཉིས་པདྨ་བཞི་པའི་ཆུ་ལ་དུ་ནི་རྡོ་རྗེ་ཉི་མའི་དཀྱིལ་འཁོར་གྱི་ཕྱག་རྒྱ་ནི། ་རྡོ་རྗེ་ཐལ་མོ་མཉམ་པར་སྦྱར་ལ། མཛུབ་མོ་གཉིས་བཀུག་ནས། མཐེ་བོས་བགར?་བ་ནི་དཔལ་གྱི་ནོར་བུ་ཞེས་བྱའོ། །རྟ་མཆོག་ཕྱག་རྒྱ་ནི། རྡོ་རྗེ་ཐལ་མོ་སྦྱར་ལ། མཐེ་ཆུང་དང་སྲིན་ལག་བཞི་པ་ནས་བརྐྱང་ལ་མཛུབ་མོ་གཉིས་རྩེ་མོ་བཀུག་པ་ནི་ཕྱག་རྒྱའོ།། ་དེ་ལྟར་དམ་ཚིག་གི་ཕྱག་རྒྱ་བསྟན་ནས། རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་དམ་ཚིག་ཆེན་པོའི་ཕྱག་རྒྱ་བསྒོམ་པ་ནི། ལུས་ངག་སེམས་ནི་རྡོ་རྗེ་ཞེས་པ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་པའི་ལུས་ངག་སེམས་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ལྟར་བསྒོམས ་ལ། མཚན་མའི་ཕྱག་རྒྱ་བཟུང་ནས་བསྙེན་བསྒྲུབ་བཞིའི་ཚུལ་གྱིས་ཐམས་ཅད་གསུངས་གི་ལྷའི་སྦྱོར་བས་བསྐྱེད་ལ་བདག་ཉིད་ལྷར་བསྒོམ་བར་བྱ་སྟེ། དཀྱིལ་འཁོར་དྲུག་གི་ལྷ་སོ་སོར་རང་རང་དཀྱིལ་འཁོར་བསྒོམ་པར་བྱའོ། །ཅིའི་ཕྱིར་དམ་ཚིག་ཅེས་བྱ་ཞེན ་སྐུ་གསུང་ཐུགས་ལ་སྟོང་ཉིད་ཀྱི་རྒྱས་བཏབ་ནས། སྒྱུ་མ་དང་སྟོང་པ་ཉིད་ཀྱི་ཆོས་ཀྱི་དབྱིངས་ལས་མི་འདའ་བས་དམ་ཚིག་ཆེན་པོ་ཞེས་བྱའོ། །དེ་ནི་ཚོགས་ཀྱི་འཁོར་གྱི་དམ་ཚིག་ཆེན་པོ་བཤད་པ་ནི། རྡོ་རྗེ་སེམས་དཔའ་རྣལ་འབྱོར་ཞེས་པ་ལ་སོགས ་པ་གསུངས་ཏེ། ལྷའི་གཟུགས་དང་ཆ་བྱད་དང་ལྡན་པར་བསྒོམ་པའོ། །བདེ་བ་ཉིད་ཀྱིས་ཀུན་གྱི་བདག་ཅེས་པ། ལྷན་ཅིག་སྐྱེས་དགའ་ཨི་བདེ་བ་ཉིད་ཀྱིས་འདོད་ཡོན་ཀུན་གྱི་བདེ་བའི་བདག་ཉིད་དུ་འདོད་ཡོན་ལྔ་ལ་འཇུག་པར་བྱའོ། །དེ་ཇི་ལྟར་དམ་ཚིག་ཆེན་པོ ་ཡིན་ཞེ་ན། ཆགས་པ་མེད་ཅིང་མ་ཆགས་མེད། དབུ་མ་ཡང་ནི་དམིགས་སུ་མེད་ཅེས་པ་ཡུལ་དང་ཡུལ་ཅན་གྱི་སྟོང་ཉིད་བསྒོམས་པའི་རྡོ་རྗེ་སེམས་དཔའ་ཨི་སྦྱོར་བའོ། །ཡོད་པ་མ་ཡིན་མེད་པ་འང་མིན་ནོ། དབུ་མར་ཡང་ནི་དམིགས་སུ་མེད་ཅེས་པ་སེམས་ཀྱི ་སྟོང་པ་ཉིད་བསྒོམས་པ་དབང་བཞི་པའི་ཏིང་ངེ་འཛིན་སྐྱེ་བར་འགྱུར་བས། རྣམ་སྣང་གི་སྐུ་འོད་གསལ་ལྟ་བུ་བསྒོམས་པས། རྣམ་སྣང་གི་སྦྱོར་པའི་ཕྱག་རྒྱའོ། །ཐམས་ཅད་ནམ་མཁའ་ཨི་མཚན་ཉིད་དེ། ནམ་མཁའ་ལ་ཡང་མཚན་ཉིད་མེད། ཅེས་པ་ལ་སོགས་པས ་འོད་གསལ་གྱི་རང་བཞིན་ནོ། །ཧེ་རུ་ཀའི་གཟུགས་སུ་བསྒོམས་ནས་སྔགས་སྐྱེས་ཞིང་སྐྱེས་ཡེ་ཤེས་ལས་སྐྱེས་བུད་མེད་རིན་པོ་ཆེ་ལ་སོགས་པ་ལ་ལོངས་སྤྱོད་པ་འདོད་པའི་དབང་ཕྱུག་གི་དངོས་གྲུབ་ཐོབ་པར ་འགྱུར་རོ། །ཧེ་རུ་ཀའི་སྦྱོར་བའོ། །ཇི་ལྟར་པདྨ་དམར་པོ་འདི་ཞེས་པ་ལ་སོགས་པས་འོད་གསལ་གྱི་རང་བཞིན་གྱི་པདྨ་གར་དབང་གི་སྦྱོར་བའོ། །ཤིན་ཏུ་གདུག་ཅིང་དྲག་པོ་ལ་ཞེས་པ་ལ་སོགས་པས་འོད་གསལ་གྱི་སྣང་བ་སྟེ་རྡོ་རྗེ་གླུ་མའི་སྦྱོར་བའོ།། ་ཐམས་ཅད་དག་པར་མོས་པའི་ཞེས་པ་ལ་སོགས་པས་འོད་གསལ་གྱི་རང་བཞིན་རྡོ་རྗེ་ཉི་མ་དང་རྟ་མཆོག་གི་གཟུགས་སུ་བསྒོམ་པ་སྟེ། རྟ་མཆོག་གི་སྦྱོར་བའི་ཕྱག་རྒྱའི་ཡེ་ཤེས་སོ། །དེ་ལྟར་དངོས་གྲུབ་སྒྲུབ་པའི་ཕྱག་རྒྱ་ཉི་ཤུ་རྩ་བརྒྱད་ལས ་ཕྱག་རྒྱ་ཆེན་པོ་དམ་ཚིག་རྡུལ་ཚོན་བསྒོམས་པའི་དམ་ཚིག་ཆེན་པོའོ། །ཚོགས་འཁོར་གྱི་ལྷ་བསྒོམས་པའི་སྦྱོར་བའི་ཕྱག་རྒྱའི་ཡེ་ཤེས་གསུངས་པ་ཡིན་ནོ།། །།ད་ནི་ཐམས་ཅད་ཀྱི་སྦྱོར་བའི་ཕྱག་རྒྱ་ནི། སྦྱོར་བ་ཇི ་སྙེད་ཡོད་པ་ཀུན་ཞེས་པ་ལ་སོགས་པ་གསུངས་ཏེ། དཀྱིལ་འཁོར་སྤྲུལ་པའི་རྣལ་འབྱོར་པས་མ་སྙེན་བསྒྲུབ་བཞིས་ཇི་ལྟར་བཞིན་བསྒོམས་ནས་ཕྲིན་ལས་བཞིའི་དབྱེ་བ་རྣམ་པ་སྣ་ཚོགས་པས་རྡོ་རྗེ་སེམས་དཔའ་ལ་སོགས་པའི ་དཀྱིལ་འཁོར་དྲུག་གི་།ཞི་བ་དཀར། རྒྱས་པ་སེར། དབང་དམར། མངོན་སྤྱོད་ནག་པོའི་གདོང་རྒྱན་དང་བཅས་པ་བགོས་གར་མཁན་གྱི་སྤོང་བ་བཞིན་དུ། ལྷ་རྣམས་བསྒོམ་པའི་ཆེ་ཆ་བྱད་སྤོང་ཞིང་སྒོམ་པ་ན། རྡོ་རྗེ་སེམས་དཔའ་ལ ་སོགས་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །བྱ་བ་དང་ནི་ཟོག་པ་དང་ཞེས་པ་ལ་སོགས་པས་དཀྱིལ་འཁོར་དྲུག་གི་ཤིན་ཏུ་སྦྱོར་བའི་ཕྲིན་ལས་ཀྱི་དངོས་གྲུབ་བསྟན་ཏེ། བྱ་བ་ནི་ཕན་འདོགས་པ་དང་ཟློག་པ་ཚར་ཆོད་པའོ། །ཁྱད་པར་དུ ་འཕྲོག་པ་ནི་དབང་ཕྱུག་ལ་སོགས་མནན་ནས་ལྷ་མོ་རྣམས་འཕྲོག་པའོ། །ཡན་ལག་ཀུན་ཏུ་བྱེད་པ་ཡིས་ཞེས་པ་ལུས་ངག་ཡིད་གསུམ་དབང་དུ་བྱེད་པའི་ཡན་ལག་གི་ནོར་ཡང་འཕྲོག་པའོ། །ལོངས་སྤྱོད་པ་ནི་འོ་བྱེད་པ་དང་འཁྱུད་པ་ལ་སོགས་པས་ཁམས་གསུམ ་པ་ལ་རྒྱས་འདེབས་པའོ། །ཐིམ་པ་ནི་ཡེ་ཤེས་ཐིམ་པས་ཐར་པ་དང། སྲོག་ཐིམ་པས་གསོད་པ་དང། ཤི་བ་ལས་དེ་མ་ཐག་སློང་བར་བྱེད་པའོ། །དེ་ལྟར་དཀྱིལ་འཁོར་དྲུག་གི་ཕྱག་རྒྱ་བཤད་པའོ། །བཞིན་གྱི་ཕྱག་རྒྱ་ནི། རྡོ་རྗེ་སེམས་དཔའ་ཨི་ཞལ་མཛེས་པ་དང། བུད་མེད ་ཀུན་གྱི་སྒྱུ་མ་ཆེ་ཞེས་པ་ལ་སོགས་པས། བདེ་མཆོག་མ་ལ་སོགས་པ་ལྷ་མོ་ཉི་ཤུའི་སྒེག་པའི་ཉམས་དང་ལྡན་པའོ། །དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་རང་བཞིན་གྱི་ཕྱག་རྒྱ་ནི་སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། རབ་ཏུ་དགའ་བས་ལྟ་ཞིང ་འཛུམ་ཞེས་པ་ལ་སོགས་པའོ། །ཧེ་རུ་ཀའི་བཞིན་གྱི་ཕྱག་རྒྱ་ནི་དགུ་སྒེག་པ་ལ་སོགས་ཉམས་དང་ལྡན་ཞེས་པ་ལ་སོགས་པའོ། །པདྨ་གར་དབང་གི་བཞིན་གྱི་ཕྱག་རྒྱ་ནི། སྒེག་པའི་ལྟ་བས་གར་བྱེད་ཅིང་ཞེས་པ་ལ་གསུངས་སོ། །རྡོ་རྗེ་ཉི་མའི་མཆེ་བ་ཅུང་ཟད ་གཅིག་པའི་ཁ་ཞེས་པ་ལ་སོགས་པ་གསུངས་སོ། །རྟ་མཆོག་གི་ནི་འདོད་ཆགས་མོས་པས་གཡེམ་སྤྱོ་བ་ཞེས་པ་ལ་སོགས་པ་གསུངས་སོ། །བཞིན་གྱིས་ཕྱག་རྒྱ་བཤད་ནས། འཛུམ་པའི་ཕྱག་རྒྱ་ནི། ལྷ་མོ་ཀུན་གྱི་བདེ་བ་མཆོག་ཅེས་པ་ལ་སོགས་པའོ།། ་བདེ་མཆོག་མའི་འཛུམ་པའི་ཕྱག་རྒྱ་ནི། འདོད་ཆགས་བདེ་བས་གཡེམ་སྤྱོ་བ་ཞེས་པ་ལ་སོགས་པའོ། །ངོ་མཚར་བདེ་མ་ནི། སྦྱོར་པ་ཀུན་གྱི་བདེ་བའི་མཆོག་ཅེས་པ་ལ་སོགས་པའོ། །སྣང་མཛད་མའི་ནི། ཤ་ཆེན་རོ་ནི་མྱོང་བའི་ཞེས་པ་ལ་སོགས་པའོ། །སློབ ་མ་མོའི་ནི། བདེ་བ་ཀུན་གྱི་རོ་མྱོང་ཞིང་ཞེས་པ་ལ་སོགས་པའོ། །དེ་བཞིན་གཤེགས་པ་ལ་སོགས་པའི་དཀྱིལ་འཁོར་ལྔའི་ནི། འཛུམ་བའི་ཕྱག་རྒྱ་མཆོག་འདི་ནི། ཁམས་གསུམ་དག་ཀྱང་ཟ་བར་བྱེད། ཅེས་པ་ལ་སོགས་པ་ཤལོ་ཀ་ཕྱེད་དང་གཉིས་ཀྱིས ་ཐུན་མོང་དུ་གསུངས་སོ། །ལྟ་བའི་ཕྱག་རྒྱའི་ཡེ་ཤེས་ནི་བདེ་བ་སྟོང་པས་རབ་སྦྱོར་བ་ཞེས་པ་ནས་འཚོ་བ་བྱེད་ཅེས་པའི་བར་གྱིས་རྡོ་རྗེ་སེམས་དཔའ་ཨི་ལྟ་བ་བསྟན་ཏོ། །བུ་མེད་མཁས་པ་ཞེས་པ་ཤལོ་ཀ་གཅིག་བདེ་མཆོག་མ་ལ་སོགས ་པའི་འོ། །སངས་རྒྱས་གསང་པ་མཉམ་སྦྱོར་ཞེས་པ་ལ་སོགས་པ་ཤལོ་ཀ་གཅིག་གིས་དེ་བཞིན་གཤེགས་པའི་དཀྱིལ་འཁོར་བསྟན་ཏོ། །སྨིན་མཚམས་ཁྲོ་གཉེར་ཞེས་པ་ལ་སོགས་པ་ཤལོ་ཀ་གཅིག་གིས་ཧེ་རུ་ཀའི་ལྟ་བ་བཤད་དོ། །ཁྲོ་ཞིང ་འགྱུར་ཞེས་པ་ལ་ཤལོ་ཀ་གཅིག་གིས་རྡོ་རྗེ་ཉི་མའི་དང་རྟ་མཆོག་ཐུན་མོང་གི་ལྟ་བ་བཤད་དོ། །བརྡེག་པ་ལ་སོགས་པ་ཞེས་པ་ལྟ་བུ་ཤལོ་ཀ་གཅིག་གིས་པདྨ་གར་དབང་གི་བསྟན་ཏོ། །དེ་ལྟར་ན་ཐམས་ཅད་སྦྱོར་བའི་ཕྱག་རྒྱ་དང། བཞིན་གྱི་འཛུམ་པའི ་ལྟ་བའི་ཕྱག་རྒྱ་སྟེ་རྣམ་པ་བརྒྱད་དོ། །ཆོས་ཀྱི་ཕྱག་རྒྱ་མིན་སྐུ་ཐམས་ཅད་བུ་དྲེ་བྱ་ཞེས་པ་ལ་སོགས་པ་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་གྱི་ཆོས་ཀྱི་ཕྱག་རྒྱ་བསྟན་ཏོ། །རུ་རུ་སྤུ་རུ་ཞེས་པ་ལ་སོགས་པ་རྣམ་སྣང་གིའོ། སུ་བ་ག་སྟ་ཞེས་པ་ལ་སོགས་པ ་དཔལ་ཆེན་པོའི་དཀྱིལ་འཁོར་གྱིའོ། །ོཾ་ཏཱ་རེ་ཞེས་པ་ལ་སོགས་པ་སྒྲོལ་མའི་སྔགས་པདྨ་གར་དབང་གིའོ། །ཏྲཾ་བ་བ་ཏ་ཞེས་པ་ལ་སོགས་པ་མཱ་མ་ཀཱའི་སྔགས་ནི་རྡོ་རྗེ་ཉི་མའོ། །ཤྲི་བཛྲ་པདྨ་བྷ་བ་ཏི་མུ་ཁ་ཞེས་པ་ལ་སོགས་པ་མཆོག་གི་དཀྱིལ ་འཁོར་གྱིའོ། །དཀྱིལ་འཁོར་དྲུག་གི་ཆོས་ཀྱི་ཕྱག་རྒྱའི་ཡེ་ཤེས་སོ། །གླུའི་ཕྱག་རྒྱའི་ཡེ་ཤེས་ནི། སྐད་ཀྱི་གསང་གི་མཐོན་དམན་དུ་ཞེས་པ་ལ་སོགས་ཧཱུཾ་ཧཱུཾ་ཞེས་པ་ལ་སོགས་པའི་སྒྲས་ཡི་གེ་སུམ་ཅུ་རྩ་གཉིས་ཀྱི་ཆེད་དུ་འདོན་པའི་ཀ་ཀ་ལ་ཞེས་པ་དབྱངས་སྙན་པ ་དང། ཤ་རྫ་བ་ཞེས་པ་ལ་སོགས་པས་རྫ་རྔ་ལ་སོགས་བརྡུང་ཞིང་གླུ་བླང་ངོ། །རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་གྱིའོ། །ོཾ་གྱི་གླུའི་ཕྱག་རྒྱ་ནི་ཞེས་པ། ཚངས་པའི་དབྱངས་ཨོཾ་ཡི་གེ་སུམ་ཅུ་རྩ་གཉིས་སུ་འདོན། གླུ་བླངས་ཞིང་རྔ་རིངས་ལ་སོག་པ ་བརྡུང་བར་བྱའོ། །རྣམ་སྣང་གིའོ། །རྡོ་རྗེ་དྲག་མོ་གད་མོ་ཆེ་ཞེས་པ་ལ་སོགས་པ་རུ་ལུ་རུ་ལུའི་སྒྲ་ཧི་དང། ཧཱུཾ་གཅིག་དང་བཅས་པས་ཀླུ་ལེན་ཅིང་རྔ་བོ་ཆེ་བརྡུང་བ་ཧེ་རུ་ཀའི་འོ། །ཏེ་ན་ཏེ་ཞེས་པ་ལ་སོགས་པ་གླུའི་ཕྱག་རྒྱ་དང། རྔ་དྲ་བ་ཅན་བརྡུང་བ་པདྨ་གར་དབང་གི་འོ ་ཧི་ཞེས་བྱ་བ་ཡི་གེ་བཅུ་དྲུག་གི་ཚད་དུ་འདོན་ཏོ། །རྔ་ཟླུམ་བརྡུང་བའི་གླུའི་ཕྱག་རྒྱ་ནི་རྡོ་རྗེ་ཉི་མའི་འོ། །ཧཾ་ཞེས་པ་རྟ་མཆོག་གི་བསླང་པོ། །ཀ་ཀ་ཞེས་པས་འགྲེ་འགྱུར་གསུམ་རྩེག་ཡོན་པ་དང། ཀ་གཉིས་ཞེས་པ་འགྲེ་འགྱུར་མི་མཐུན་པ་ཡོད་པ་དང། རབ་གདངས ་སྙན་ཞེས་པ་གླའི་མཛའ་གསལ་བར་འདོན་པ་དང། ཀ་ཧི་ལ་ཞེས་པ་ཟངས་དུང་བཞིན་རྒྱ་གླུ་ལེན་བའོ། །དཀྱིལ་འཁོར་དྲུག་གི་གྲུའི་ཕྱག་རྒྱའི་ཡེ་ཤེས་མི་སིལ་སྙན་གྱི་ཕྱག་རྒྱ་བཤད་པ་ནི། གླིང་བུ་དང་ནི་རྒྱུད་གཅིག་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། གླིང ་བུ་ནི་བུ་ག་བཅུ་འམ་ཁམས་ལྔ་དང་བཅས་པའོ། །རྒྱུད་གཅིག་ནི་འཛེང་ངོ། རྒྱུད་མངས་ནི་དགུ་པོ་རྒྱུད་མངས་སོ། །རྒྱུད་སྟག་པོ་ནི་རྒྱུད་ཉི་ཤུ་རྩ་གཅིག་པའོ། །སིལ་སྙན་ནི་པི་ཝང་རྫ་རྔ་སྟེ། དཀྱིལ་འཁོར་དྲུག་གི་ལྷ་ཆ་བྱད་བཟུང་ནས་ལྷའི་ཟློས་གར་བཞིན ་དུ་སིལ་སྙན་བརྡུང་ཞིང་གླུ་བླངས་ན་དངོས་གྲུབ་ཟླ་བ་བཞིས་འགྲུབ་པ་འམ་ཟླ་བ་གཅིག་གིས་འགྲུབ་པར་འགྱུར་རོ། །སྙིང་པོ་ནི་རིགས་བཞིའི་གཙོ་བོའི་སྔགས་སོ། །ཕྱག་རྒྱ་ནི་ལྷ་མོ་རྣམས་ཀྱི་སྔགས་སོ། །སྔགས་ནི་བཟླས་པའི་སྔགས་སོ། །རིག་པ་ནི་མཆོད་པའི་སྔགས་སོ། ་བྱ་བ་རྣམ་པ་སྣ་ཚོགས་ནི། །རྐང་པའི་གར། ལག་པའི་གར། མིག་གི་ལྟ་བ་དང་བཅས་པའོ། །རྣམ་པར་སེལ་ལ་སོགས་པའི་ཐབས་ནི། རྒོད་དང་བལྟས་དང། ལག་པར་དེས་དང། འཁྱུད་པ་ལ་སོགས་པའི་ཐབས་སོ། །དེ་ལྟར་ཐུན་མོང་གི་སིལ་སྙན་གྱི ་ཕྱག་རྒྱ་བཤད་ནས། ཁྱད་པར་གསུངས་པ་ནི། ཛ(རྒྱུད་འགྲེལ་གྱིས་རྣམ་སྣང་གི་གླུའོ། །དེ་འོད་ཞེས་པ་ནས་ཧེ་རུ་ཀའི་རྔའི་ཕྱག་རྒྱའི་ཞེས་པའི་བར་གྱིས་ཧེ་རུ་ཀའིའོ། །པདྨ་པདྨ་ཏྲི་ཞེས་པ་ནས། ཐལ་མོ་བདེབས་པའི་རྔའོ་ཞེས་པའི་བར་གྱིས། པདྨ་གར་དབང་གིའོ། ཏུཾ་ཏྲཾ་ཞེས་པ་ནས་རྒྱལ་པོའི་རྔའོ ་ཞེས་པའི་བར་གྱིས་རྡོ་རྗེ་ཉི་མའོ། །ཏ་ཀི་ཧཱུཾ་ཞེས་པ་ནས་མྱུར་བའི་རྔ་ཞེས་པའི་པར་གྱིས་རྟ་མཆོག་གི་ཞི་བའི་འགྲོས་དང། རྒྱས་པ་དང། དབང་དང་མངོན་སྤྱོད་ཀྱི་འགྲོས་བསྟན་ཏོ། །སིལ་སྙན་གྱི་ཕྱག་རྒྱའི་ཡེ་ཤེས་ནི་ཐུན་མོང་དུ་གསུངས་སོ། །ཀུན་སྙིང ་ལྟར་ཡི་གེ་རེ་རེ་དང་ལྷ་རེ་རེ་སྦྱོར་བའི་བཤད་པ་ནི། རྒྱུད་ཡོང་པ་ཡང་མ་ཡིན་ལ། མིང་མཚན་གྱི་དང་པོ་དང་ཐ་མ་བཟུང་བ་ལྟ་བུ་ཕན་ཚུན་མི་འགལ་བའི་ལུང་གི་འཐད་པ་ཡང་མེད་དོ། །ིནྡྲ་བྷཱུ་དྷིའི་ཞལ་ནས་གླུ་འདི་རྣམས་ཀྱི་སིལ་སྙན་བརྡུངས ་ལ། སྒྲའི་རྡོ་རྗེ་ཉམས་ལས་གནས་མེད་དང། ལྷག་མཐོང་སྒྲའི་དེ་ཉིད་ཤེས་པ་ཡིན། སིལ་སྙན་སྒྲ་དང་གཟུགས་རྣམས་ལ། །གང་གིས་སྟོང་ཉིད་དེ་ཤེས་པས། །དེ་ཡིས་མཛད་པ་འདུས་པ་ཡིས། །བདེ་བའི་ཡེ་ཤེས་སྐྱེ་བར་འགྱུར། །ཞེས ་གསུངས་སོ། །དེ་ལྟར་སིལ་སྙན་གྱི་ཕྱག་རྒྱ་ཡེ་ཤེས་བསྟན་ནས། ཡེ་ཤེས་བསྡུ་བའི་ཕྱག་རྒྱ་བསྟན་པ་ནི། རྡོ་རྗེ་སེམས་དཔའ་ཨི་བདག་སྦྱོར་བས་ཞེས་པ་ནས། ཐལ་མོ་དཀྱིལ་འཁོར་བསྡུ་བར་བྱ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །བསྡུ་བ་བྱས་པའི་རྗེས་ལ་གླུ་དང ་སིལ?་སྙན་གར་བྱས་པས་དེ་བཞིན་གཤེགས་པ་རྣམས་མཉེས་པར་བྱ་བའི་ཕྱིར་ཉམས་དགུ་བྱས་ཏེ། དཀྱིལ་འཁོར་རེ་རེ་ལ་ཡང་གར་གྱིས་ཉ་མོས་དགུས་མཆོད་པར་བྱ་སྟེ་ཞེས་བསྟན་པ་ཡིན་ཏེ། སྒེག?་པ་རྡོ་རྗེ་སེམས་དཔའ་ཨོ། །དཔའ་བ་དེ་བཞིན ་གཤེགས་པའོ། །སྙིང་རྗེ་ཧེ་རུ་ཀའོ། རྒོད་པ་འཇིག་རྟེན་དབང་ཕྱུག་གོ། ཁྲོ་བ་རྡོ་རྗེ་ཉི་མའོ། །འཇིགས་པ་རྟ་མཆོག་གོ། མི་སྡུག་པ་ནི་མི་གཙང་བའི་རྫས་བསྒོམས་པ་སྟེ་ཤཱཀྱ་ཐུབ་བོ། །ངོ་མཚར་གྱི་དཀྱིལ་འཁོར་བཞིའི་མཁའ་འགྲོ་མ་རྣམས་སོ། ། ་ཞི་བ་ནི་རྣམ་སྣང་མཛད་ཆེན་པོ་སྟེ། རྒྱུའི་རྡོ་རྗེ་འཆང་དྲུག་གོ། སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པ་ཞེས་པ་འཁོར་ལོ་དྲུག་གི་ལྷའི་གར་བྱས་པས་འཁོར་ལོ་བཞིའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །རྡོ་རྗེ་སེམས་དཔའ་ཨི་སྒེག་ཅེས་པ་ལ་སོགས་པ་རྒྱས་པར ་བཤད་པ་སྟེ། ཨོཾ་རྡོ་རྗེ་སེམས་དཔའ་སྒེག་ཕ་ལ། དཔའ་ལ་དཔའ་བའ་ཨི་དེ་བཞིན་གཤེགས་ཞེས་པ་ནས། མཆོག་ཏུ་གྱུར་པའང་རབ་ཏུ་སྩོལ། སྭཱཧཱ་ཞེས་པའི་བར་གྱིས་རྡོ་རྗེ་གླུ་བླངས་བསྙན་པ་ཡིན་ནོ། །དེའི་ཕན་ཡོན་གསུངས་པ་ནི། ཐམས་ཅད་བདག་ཉིད ་ཅེས་པ་ནས། དམ་པ་སྟེར་གར་འགྱུར་ཞེས་པའི་བར་གྱིས་བསྟན་ཏོ། །བདེ་མཆོག་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་ཕྱག་རྒྱའི་སྦྱར་བ་འདི་དག་གིས་ཞེས་པ་ནས། མཆོད་པ་རབ་ཏུ་སྦྱར་ཞེས་པའི་བར་གྱིས་གསུངས་སོ། །རྣམ་སྣང་གི་དཀྱིལ་འཁོར་གྱི་ཕྱག ་རྒྱ་ནི། ཀུན་ཏུ་སྣ་ཚོགས་སྐལ་བཟང་པོ་ཞེས་པ་ནས། སངས་རྒྱས་ཐམས་ཅད་འབྱུང་བར་འགྱུར་ཞེས་པའི་བར་གྱིས་བསྟན་ཏོ། །དེ་ནས་ལན་དུ་སྦར་ཡང་ནི་རྡོ་རྗེ་འཛིན་པ་ཆེན་པོར་འགྱུར་ཞེས་པས་ཧེ་རུ་ཀའིའོ། །དེ་ནས་ལན་ཡང་ཚུལ་བཞིན་དུ། པདྨ་གར ་བྱུང་མཆོག་ཏུ་སྒྱུར་ཞེས་པས། པདྨ་གར་དབང་གིའི་འོ། །དེ་སླར་ཡང་ལན་དུ་ནི། རྡོ་རྗེ་ཉི་མེ་མཆོག་ཏུ་སྒྱུར་ཞེས་པས་རྡོ་རྗེ་ཉི་མའོ། །དེ་ནས་སླར་ཡང་སྒྱུར་བས་ཞེས་པ་རྟ་མཆོག་གིའིའོ། །དེ་ནས་སླར་ཡང་ནས་བདག་ཉིད་བྱུང་བར་རབ་ཏུ། འགྲུབ་ཅེས་བས ་ཐུན་མོང་གི་དངོས་གྲུབ་བསྟན་ཏོ། །དེ་ལྟར་སིལ་སྙན་མེད་ཀྱང་གར་གྱི་ཉམས་དགུ་དང་མཆོད་པར་བསྣན་པ་ནི། དེ་ནས་ཕྱག་རྒྱ་ཤེས་པ་ཡིས། སྡོམ་པ་ཐམས་ཅད་རབ་སྟོན་པ། རྡོ་རྗེ་སེམས་དཔའ་དཔལ་གྱི་གླུ། ཁྱད་པར་དུ་ནི་བཤད་པར་བྱ།། ་ཞེས་བ་དང་བཅས་པས་བསྟན་ཏོ། །གླུ་གང་ཞེ་ན། ལ་ལར་དྲི་མེད་ཅེས་བྱ་བས་རྡོ་རྗེ་སེམས་དཔའ་དང་རྣམ་སྣང་གི་གླུ་བཤད་དོ། །ལ་ལར་རབ་ཏུ་འཇིགས་ཞེས་པས་ཧེ་རུ་ཀའི་གླུ་བསྟན་ཏོ། །ལ་ལར་མདངས་བཟང་ཞེས་པས་པདྨ་གར་དབང་གི་བསྟན ་ཏོ། །ལ་ལར་འགྲོ་བ་ཐམས་ཅད་ཅེས་པས་རྡོ་རྗེ་ཉི་མ་བསྟན་ཏོ། །རྡོ་རྗེ་སེམས་དཔའ་འགྲུབ་པའི་ཕྱིར་ཞེས་པས། རྟ་མཆོག་གི་བསྟན་ཏོ། །རྣམ་པ་མང་པོ་འདུལ་བར་མཛོད་ཅེས་པ་ལ་སོགས་པས་དཀྱིལ་འཁོར་དྲུག་གི་འཁོར ་བསྟན་ཏོ། །འདི་དག་གླུ་ནི་བླངས་པ་ཡིས་ཞེས་པ་ལ་སོགས་པས་ཕན་ཡོན་བསྟན་ཏོ། །དེ་ལྟར་རབ་ཏུ་དགར་བྱས་ཏེ་ཞེས་པ་ལ་སོགས་པས། གར་མ་ཤེས་ན་ཕན་བ་དང་ལྷུང་བར་འགྱུར་པ་ཡིན་པས་ཚོགས་འཁོར་ལོའི་ཟས་དང། གཡོག་དང་བཅས་པ་དབུལ ་བར་བྱའོ། །མཆོད་པའི་ཆོ་ག་འདི་དག་གིས་ཞེས་པ། སྔར་བཤད་པའི་རིགས་བཞིའི་ཚོགས་ཀྱི་འཁོར་ལོའི་དབང་པོ་དང་རྣལ་འབྱོར་མ་བཀོད་ལ་མཆོད་པ་འམ། ཡང་ན་དྲིའི་ཐིག་ལེ་འམ། མེ་ཏོག་གི་ཚོམ་བུ་དང། ཡིག་འབྲུ་དང། ཕྱག་མཚན་དང་ཕྱག ་རྒྱ་ཆེན་པོ་བཀོད་ལ་ལས་དང་པོ་པས་མཆོད་པ་བྱས་ནས། སྡིག་པ་ཀུན་ལས་ཐར་བ་དང། བསོད་ནམས་ཐམས་ཅད་འཕེལ་ལོ་ཞེས་བས་བརྗོད་ལས་ཀྱང་གསུངས་སོ། །ཆོས་ཀྱི་ཕྱག་རྒྱ་དང། གླུའི་ཕྱག་རྒྱ་དང། སིལ་སྙན་གྱི་དང། གར་གྱི་ཕྱག་རྒྱ་ཞེས་པ་སྟེ ་བཅུ་གཉིས་སོ། །ཕྱག་རྒྱ་བཤད་པ་ནི་རབ་ཏུ་དགའ་བ་ཞེས་པ་ནས། ཨ་ལ་ལ་ཧོ་ཞེས་པའི་བར་གྱིས་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་གྱི་གླུ་བཤད་དོ། །དེ་བཞིན་གཤེགས་པ་ཀུན་གྱི་མཁའ་འགྲོ་ཞེས་བ་ནས་གདོང་མི་ཟ་བ་ཞེས་པའི་བར་གྱིས ་རྣམ་སྣང་གི་གླུའོ། །རྡོ་རྗེ་སེམས་དཔའ་བསྡུས་པས་ནས། རྡོ་རྗེ་དྲིལ་བུ་རབ་ཏུ་འཁྲོལ་བ་ལ་ཕྱག་འཚལ་ལོ། །ཞེས་པའི་བར་གྱིས་ཧེ་རུ་ཀའོ། །ལ་ལར་རབ་ཏུ་དྲན་ཞེས་པ་ནས། གྲུབ་པ་སྟོན་ཞེས་པའི་བར་གྱིས་པདྨ་གར་དབང་གི་གླུའོ། །ཐམས ་ཅད་དབང་བསྐུར་ཞེས་པ་ནས། གྲུབ་པར་མཛོད་ཅེས་པའི་བར་གྱིས་རྡོ་རྗེ་ཉི་མའི་གླུའོ། །ལ་ལར་མཁས་པའི་ཞེས་པ་ཤལོཀ་གཅིག་གིས་རྟ་མཆོག་གི་དཀྱིལ་འཁོར་གྱི་གླུའོ། །གླུའི་མཆོད་པའི་ཡེ་ཤེས་བསྟན་ནས། མེ་ཏོག་ལ་སོགས་པའི་མཆོད་པའི ་ཡེ་ཤེས་བསྟན་པ་ནི། མེ་ཏོག་དཀར་དང་དམར་བ་ལ། ཞེས་པ་ལ་སོགས་པ་གསུང་སྟེ། རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་གྱི་མེ་ཏོག་བདུག་པ་མར་མེ་དྲི་ཆབ་དྲི་དང་ལྡན་པའི་ཞལ་ཟས་ཀྱི་གོང་བུ་བསྟན་པ་ཡིན་ནོ། །མེ་ཏོག་དམར་པོ་ཞེས་པ་ལ་སོགས་པ་གོ་སླའོ། ། ་མཆོད་པའི་ཕྱག་རྒྱ་བསྟན་ནས། ཚོགས་འཁོར་གྱི་དུས་དུ་གཏོར་མ་ལ་སོགས་པའི་རྫས་བསྟན་པ་ནི། སྒེག་མོ་དང་ནི་ཆུ་དང་ཞེས་པ་ལ་སོགས་པས་སྟོན་ཏེ། ཕྱིས་བྱུང་བའི་རྡོ་རྗེའི་ཡེ་ཤེས་དང་སྦྱར་ནས་སྒེག་མོ་དང་ནི་ཆུ་ལ་སོགས་པ་སྟོན་ཏེ་གོ་སླའོ། །རྡོ་རྗེ་སེམས ་དཔའ་ཨི་འོ། །སངས་རྒྱས་རྣམས་ལ་བཤོས་འབུལ་བ་ཞེས་པ་ལ་སོགས་པ་ནས། རྟ་དབུལ་བ་ཞེས་པའི་བར་གྱིས་སངས་རྒྱས་ལ་སོགས་པའི་འཁོར་ལོ་ལྔའི་མཆོད་པ་དང་གཏོར་མའི་ཆོ་གའོ། །དེ་ལྟར་གཏོར་མའི་ཕྱག་རྒྱའི་ཡེ་ཤེས་བསྟན་ནས། དབང་བསྐུར་བའི་ཕྱག ་རྒྱ་སྟོན་པ་ནི། །མཐེ་བོ་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་ཞེས་པ་ལ་སོགས་པ་གསུངས་ཏེ། མཐེ་བོང་བསྣོལ་ནས་མཛུབ་མོ་གཉིས་ཀྱི་རྩེ་མོ་བཀུག་གུང་མོ་གཉིས་ཀྱི་ཚིགས་མཉམ་བར་སྦྱར་ལ། ལྷག་མ ་རྡོ་རྗེ་ཐལ་མོ་སྦྱར་ནས། སྤྱི་བོ་ལ་སོགས་པའི་གནས་ལྔར་གཏུགས་ནས། རིགས་ལྔའི་དབང་བསྐུར་བ་དང། དེ་བཞིན་གཤེགས་པ་ལ་རིན་པོ་ཆེའི་ཅོད་པན་གྱི་དབང་བསྐུར་བ་དང་ཚོགས་ཀྱི་འཁོར་གྱི་དབུས་ཀྱི་རྡོ་རྗེ་སེམས་དཔའ་ཨི་ཅོད་པན་གྱི་ཕྱག་རྒྱ་ན། སོར་མོ་ཐམས་ཅད་ནང ་དུ་བསྣོལ་ཞེས་པ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་པ་སྔམས་པ་ནང་དུ་བཅིངས་ལ། མཛུབ་མོ་དང་མཐེ་བོ་རྩེ་མོར་སྦྱར་ནས། ཐོད་པ་སྐམ་པོའི་ཁ་དང་མིག་གི་ཕུག་ལྟ་བུར་བཞག་པའི་ནི་ཧེ་རུ་ཀ་པདྨར་གར་དབང། རྡོ་རྗེ་ཉི་མ་རྟ་མཆོག་གི་བདག་པོའི་རིགས་བསྡུས་པའི་གཙོ ་བོའི་དབང་བསྐུར་ཡིན་ནོ། །རྡོ་རྗེ་ཐལ་མོ་མཉམ་སྦྱར་ཏེ། ཞེས་པ་ལ་སོགས་པས་དེ་བཞིན་གཤེགས་པའི་དབང་བསྐུར་བའི་ཕྱག་རྒྱ་བསྟན་ཏོ། །ལག་པ་ཤིན་ཏུ་བརྐྱང་བ་ཡིས་ཞེས་པ་ལ་སོགས་པས་ཧེ་རུ་ཀའི་དབང་བསྐུར་བསྟན་ཏོ། །མཐེ་བོང་དཔའ་ཨོ་སྐྱིལ་མོ་ཀྲུང ་ཞེས་བྱ་བ་ལ་སོགས་པས་པདྨ་གར་དབང་གི་ཕྱག་རྒྱ་བསྟན་ཏོ། །རྡོ་རྗེ་ཐལ་མོ་མཉམ་སྦྱར་བར་ཞེས་པ་ལ་སོགས་པས། རྡོ་རྗེ་ཉི་མའི་དབང་བསྐུར་བའི་ཕྱག་རྒྱ་བསྟན་ཏོ། །སངས་རྒྱས་རིན་ཆེན་པདམོ་དང། །ཞེས་བྱ་བ་ལ་སོགས་པས་རྟ་མཆོག་གི ་དབང་བསྐུར་བའི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །དེ་ལྟར་དབང་བསྐུར་བའི་ཡེ་ཤེས་ཀྱི་ཕྱག་རྒྱ་བསྟན་ནས། ད་ནི་རྡོ་རྗེ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་ནི། སོར་མོ་ཐམས་ཅད་བསྣོལ་བ་ནི། །རྡོ་རྗེ་ཐམས་ཅད་ཡིན་པར་བཤད་ཅེས་བྱ་བ་ལ་སོགས་པ་ཐུན་མོང་གི་ཕྱག་རྒྱ ་དམ་ཚིག་འབྱུང་བའི་རྒྱུ་བཤད་དོ། །ཐུན་མོང་གི་སྤྱན་དྲང་བའི་ཕྱག་རྒྱ་ནི། དེ་ལས་གུང་མོ་ལྕགས་ཀྱུ་ཞེས་པ་ལ་སོགས་པ་སྨོས་ཏེ། དེ་བཞིན་གཤེགས་པ་ནི་རྡོ་རྗེ་བསྡམས་པ་བྱ་བ་ནི་ཞེས་པ་ལ་སོགས་པ་གསུངས་སོ། །ཧེ་རུ་ཀ་ནི་རྡོ་རྗེའི་ཕྱག་རྒྱ་བཅིངས ་པ་ལས་ཞེས་པ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་དབབ་པ་དང། རྡོ་རྗེའི་སྙིང་པོའི་ཕྱག་རྒྱ་གཉིས་ཧེ་རུ་ཀའི་ཕྱག་རྒྱ་ཡིན་ནོ། །རྡོ་རྗེ་བསྡམས་པ་ལ་སོགས་པ་ལ་གནས་ཏེ་ཞེས་པ་ལ་སོགས་པས་པདྨ་གར་དབང་གི་ཕྱག་རྒྱ་བསྟན་རྡོ་རྗེའི་ཕྱག་རྒྱ་པདམོར་བྱས ་པ་ལས་ཞེས་པས་རྡོ་རྗེ་ཉི་མའི་ཕྱག་རྒྱ་བསྟན་ཏོ། །རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་བཅིངས་ནས་ཞེས་པ་ལ་སོགས་པ་རྟ་མཆོག་གི་ཕྱག་རྒྱ་བསྟན་ཏོ། །རྡོ་རྗེ་ཐམས་ཅད་ཀྱི་ཕྱག་རྒྱ་དེ་ཤེས་པས་ཅི་ཞིག་བྱེད་ཅེ་ན། སྒྲུབ་པར་འདོད་པ་དང། དངོས་གྲུབ་ལེན་པའི་གང ་ཟག་གིས་རྡོ་རྗེ་ཐལ་མོ་དང་བསྡམས་པ་དང། གུང་མོ་གཉིས་ནང་དུ་བཅུག་པ་དང། མཐེ་བོ་མཐེ་ཆུང་བརྐྱང་བས་ཡེ་ཤེས་འབེབས་པ་དང། རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་སྒྱུར་བས་ལྷའི་སྐུར་བསྒོམ་པ་དང། གུང་མོ་ལྕགས་ཀྱུ་བྱས་པས་ཡེ་ཤེས ་སེམས་དཔའ་སྤྱན་དྲངས་པ་ནི། རྡོ་རྗེ་སེམས་དཔའ་ཨི་དངོས་གྲུབ་དང་བསྒྲུབ་པའི་ཡན་ལག་ཏུ་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་སོགས་པ་ལྔ་ལ་ཡེ་ཤེས་དབབ་པ་དང། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་ལྷར་བསྒོམས་པར ་བལྟ་བར་བྱའོ། །དེ་ཡང་དང་པོའི་རྡོ་རྗེ་སེམས་དཔའ་དང་དབུས་མའི་ཧེ་རུ་ཀ་དང། ཡེ་ཤེས་དབབ་པ་ཡེ་ཤེས་སེམས་དཔའ་ཞེས་གསུངས་སོ། །བསྟོད་པ་དང་བཅས་པའི་ཡུམ་གྱི་ཕྱག་རྒྱ་ནི། ཨཱ་ལི་ཀཱ་ལི་མཉམ་བྱས་ནས། །ཁ་ཡི་ཐད་ཀར་འདུད་པར་བྱ་ཞེས་པ་དབྱངས་ཡིག་བཅུ་དྲུག ་དང། གསལ་བྱེད་སུམ་ཅུ་རྩ་བཞི་ལས། དཀྱིལ་འཁོར་དྲུག་ལྷ་གང་རུང་བསྒོམས་པ་ལ་སྙིང་གར་ཉི་ཟླ་ཉིས་བརྩེགས་བསམ་པ་ནི། ཨཱ་ལི་ཀཱ་ལི་མཉམ་སྦྱར་ནས་ཞེས་བྱའོ། །དེ་ལ་གཟུགས་ཀྱི་རྣམ་རྟོག་ཡིག་འབྲུ་དང། སྒྲའི་རྣམ་རྟོག་གཉིས་ལས་སྒྲའི་རྣམ་རྟོག་གེ ་དབང་དུ་བྱས་ནས། ཨཱ་ལི་ཀཱ་ལི་ནི་དབྱུང་རྡུབ་པོ། །མཉམ་པར་གནས་པ་ནི་ལྟེ་བའི་དབུས་ཀྱི་གནས་པའི་རླུང་ངོ། །ཁའི་ཐད་ཀར་འདུད་པར་བྱ་ཞེས་པ། ལྟེ་བ་སྙིང་ག་ལྐོག་མ་བྱེད་པ་གསུམ་གྱིས་འགྲིབ་པའི་གླིང་པུར་བརྡབས་ནས་སྒྲའི་གནས་བརྒྱད་ཀྱི་བྱེད་པས་ཕྱེ་སྟེ། དེའི ་འོག་ཏུ་བཞི་པས་གཟུང་དུ་རུང་བའི་སྒྲའི་རི་མོ་རྣམས་དཔག་བསམ་གྱི་ཤིང་གི་སྡོང་པོ་ལྟར་རྩ་བར་དགོད་པར་བྱ་བ་ཡིན་ལ་དབྱངས་ཡིག་བཅུ་དྲུག་གི། གུ་ཀུ་ལྕུག་མ་ལྟར་བྱས་ལ་གསལ་བྱེད་ཀྱི་སྟེང་དུ་ཡི་གེར་བཞག་པས་མགོ་རྩེག་མར་གྱུར་པ་ལྕུག་མ་ལས་མྱུ ་གུ་སྐྱེས་པ་བཞིན་ནོ། །དེ་ལས་མེ་ཏོག་བྱུང་བ་ལྟར་ལྷའི་ཕྱེད་ཆག་གི་ཟླ་བ་ཚེས་པ་དང། འབྲས་བུ་སྨིན་པ་ལྟར་རྗེས་འཇུག་གི་དབྱངས་ཀྱི་ཐིག་ལེ་དང། ལོ་འདབ་འབྲུལ་པོ་བཞིན་ཚེག་དྲག་གཉིས་ཀྱིས་མཚམས་བཅད་པ་ཡིན་ནོ། །གཟུགས་ཀྱི་རྣམ་རྟོག་དབྱངས ་དང་གསལ་བྱེད་མཉམ་པར་བྱས་ནས་ཐམས་ཅད་ཐིག་གི་རི་མོ་ལས་མི་འདའ་བར་ཚར་དུ་བཀྲིས་པ་ནི་ཁའི་ཐད་ཀར་ཞེས་བྱའོ། །དབྱངས་དང་གསལ་བྱེད་ཐམས་ཅད་སྔ་མ་ལ་བལྟ་བས་ན་འདུད་པ་བྱ་ཞེས་བྱའོ། །དེའི་འོག་ཏུ་རི་མོ་རྣམས་ཞེས་པས་དབྱངས ་གསལ་བྱེད། མཐེ་མཛུབ་ཐབས་ཤེས་རབ་ཀྱི་སྤུ་གུས་བཟུང་ནས་མིག་གི་ལྟར་རུང་བར་དགོད་དོ། །གུག་སྐྱེད་དག་གིས་ལྕུག་མར་བྱ་ཞེས་པ་ལ་སོགས་པ་གཟུགས་ཀྱི་རྣམ་རྟོག་དང་མཚུངས་གི་སློའོ། །དེ་ཡང་རྒྱུད་འབུམ་པ་ལས་ཡི་གེའི་དབྱིབས་གསུངས་པ ་ནི། ཨ་ནི་ཁྱིམ་བྱའི་མགོའི་གཟུགས། །ི་ནི་གླང་ཆེན་སྣ་ལྟ་བུ། །འི་ནི་དབང་ཕྱུག་ཆེན་པོ་འདྲ། །ུ་ནི་རྔ་མོའི་མགོ་ཇི་བཞིན། །འུ་ནི་ཤ་བའི་ཁ་འདྲ་བ། །རི་ནི་རི་བོང་མགོ་བོ་འདྲ། །ཡི་གེ་རཱི་ནི་སེང་གེ་བཞིན། ཡི་གེ་ལི་ནི་གླང་ཆེན་ཁ། །ལཱི་ནི ་དབང་ལྡན་ཞལ་དང་མཚུངས། །ེ་ནི་མ་ཧེའི་ཁ་འདྲ་བ། །ི་ནི་རྨ་བྱའི་ཁ་དང་མཚུངས། །ོ་ནི་བྱེ་ལའི་ཁ་བཞིན་ནོ། །ཽ་ནི་ཁྱིའི་ཁ་བཞིན་ནོ། །ཾ་ནི་ཆུ་སྲིན་མགོ་བོ་འདྲ། །ཚེགས་དྲག་ཨ(རྒྱུད་འགྲེལ་རུས་སྦལ་དང། བུང་བ་དང། བསེ་དང་ཀངཀ་དང་ཙག་ཤ། གདུག་།རྔ། རྔ་ཆེན་དང། རྐེད་ཉེག། ཐི་བ། པུ་ཤུད། མཁའ་འགྲོ། སྦྱིན་བདག་སྲང། ཕ་བང་ཆེ་བ་ཅན། གཞུ་མ་སྟེ། རི་སྐགས། ཁྲུང་ཁྲུང། འདམ་བྱ། སྒེག་ག། སྤྲེའུ། ཕུག་རོན། དུར་པ། ་ཁུ་བྱུག་བྱ་རོག་།རི་བོང། ཞི་བའི་བྱ། སྤྱང་གུ། འཕྲོག་མ། སྲིན་པོའི་ཁ་འགྲོ་བ་དང་འདྲ་བར་གསུངས་སོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱིས་ཞེས་པ་ལ་སོགས་པས་གཟུགས་ཀྱི་རྣམ་རྟོག་དང་སྒྲའི་རྣམ་རྟོག་གསུངས་སོ། །ཡི་གེ་དག་ཀྱང་མི་འགྱུར་མཆོག་ཅེས ་བ་རྡོ་རྗེ་སེམས་དཔའ་ཨི་ཡི་གེ་བཛྲ་སྭཱཧཱ་ཞེས་པའི་མཚན་བྲིས་པས་ཡོངས་སུ་གྲུབ་པའི་འོད་གསལ་བའི་ངོ་བོ་མི་འགྱུར་བའི་མཆོག་མཚོན་པས་ན་སྔགས་ཀྱི་ཡི་གེ་ཨ་ན་ཧ་སྟེ། མི་འགྱུར་བ་ཞེས་བྱའོ། །དེ་ཇི་ལྟར་མཚོན་ཞེ་ན། སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་བརྡར་གྱུར་བའི་ཕྱིར་རོ། །དེ་ཡང་གསང་བ་འདུས་པའི་ཕྱི་མ་ལས། ཡི་གེ་ལྔའི་རང་བཞིན་ལུས། འབྱུང་བ་ལྔའི་ངོ་བོ་ཉིད་ཅེས་གསུངས་སོ། །དེ་བཞིན་གཤེགས་པ་ནི། ཆགས་ཆེན་འགྲོ་བའི་དཔལ་ཞེས་པ་དེ་བཞིན་གཤེགས་པའི ་མཚན་སྙིང་གའི་ཉི་ཟླའི་སྟེང་དུ་ཕྱག་མཚན་གྱི་དབུས་སུ་མཚན་བྲིས་པས་བསྟོད་ན་དངོས་གྲུབ་ཐོབ་བོ། །དེ་བཞིན་དུ་ཧེ་རུ་ཀའི་ཐུགས་ཀར་ཟླ་བའི་སྟེང་བུ་ཁྲོ་བོའི་རྡོ་རྗེ་ལ་སྙིང་རྗེ་དྲི་མེད་ཁྲོ་བོའི་དཔལ་ཞེས་པའི་མཚན་བྲིས་ནས་བསྟོད་དོ། །པདྨ་གར ་དབང་གི་ཐུགས་ཀར་ཉི་ཟླའི་སྟེང་དུ་པདྨ་ཆགས་པའི་དཔལ་དག་པ་ཞེས་པའི་མཚན་བྲིས་ལ་བསྟོད་དོ། །རྡོ་རྗེ་ཉི་མའི་ཐུགས་ཀར་ཉི་ཟླའི་སྟེང་རིན་པོ་ཆེའི་དབུས་སུ། རྡོ་རྗེ་ཉི་མ་དཔལ་གདངས་པ་ཞེས་པ་བཀོད་ལ་བསྟོད་དོ། །རྟ་མཆོག་གི་ཐུགས་ཀར་ཉི་ཟླའི ་སྟེང་གི་སྣ་ཚོགས་རྡོ་རྗེའི་དབུས་སུ། རྟ་མཆོག་ཕ་རོལ་རྣོན་པོའི་དཔལ་ཞེས་པ་བྲིས་ལ་བསྟོད་དོ། །དངོས་གྲུབ་མྱུར་དུ་གྲུབ་པར་འགྱུར་རོ། །ད་ནི་ལྷ་གཞན་དག་ལ་བསྒྲེ་བ་བསྟན་པ་ནི། ལྷག་པའི་ལྷ་ནི་གང་དག་གི་ཞེས་པ་ལ་སོགས་པ་གསུངས་ཏེ། ་རྡོ་རྗེ་སེམས་དཔའ་ཨི་བདེ་མཆོག་མ་དང། རྣམ་སྣང་གི་སངས་རྒྱས་དབྱངས་དང། ཧེ་རུ་ཀའི་ཀེ་རི་མ་དང། པདྨ་གར་དབང་གི་རྣམ་གཟིགས་མ་དང། རྡོ་རྗེ་ཉི་མའི་དབང་བསྐུར་མ་དང། རྟ་མཆོག་གི་ཞི་བའི་རྟ་མགྲིན་ལ་སོགས་པ་དཀྱིལ་འཁོར་བཞིའི་སློབ་དཔོན ་གྱིས་ལྷ་གང་དང་གང་ལ་མེ་ཏོག་ཕོག་པ་དེ་དང་དེའི་མཚན་བྲིས་ནས་བསྟོད་པར་བྱའོ། །གལ་ཏེ་གཞན་ལ་ཕན་འདོགས་པའི་ཚེ། སློབ་མ་འཇུག་པ་དང། དབང་བསྐུར་བའི་ཐ་མར་མིང་གི་དབང་བསྐུར་རོ། །མིང་དེ་བརྟན་པར་འགྱུར་རམ་ཞེ་ན། །ཕྱག་རྒྱའི ་སྦྱོར་བ་དེ་དག་གིས། བྱང་ཆུབ་སྙིང་པོ་བར་དུ་ནི། །རྡོ་རྗེའི་མིང་དུ་རབ་ཏུ་གནས། །དེ་ནས་སངས་རྒྱས་སུ་ཡང་འགྱུར་ཞེས་གསུངས་སོ། །མེ་ཏོག་ཕོག་པའི་པྲ་སེ་ནས་ལྷའི་རིགས་སུ་ཤེས་ཤིང་མིང་གཏགས་པ་བཞིན་དུ་དབྱངས་དང། གསལ་བྱེད་ཀྱི་ཡི་གེ་སྡེ ་ཚན་བཞི་དང། ཤ་ས་ཧ་སྤངས་པའི་སྡེ་མཚན་བཞི་གསལ་བྱེད་དང། དབྱངས་དང་པོ་དང། ཐ་མར་མཉམ་པར་སྡེ་མཚན་བཞི་རུ་བྲིས་ལ་ཀ་གནས་པའི་བར་གྱི་སྡེ་ཚན་བཞི་ལ་ཡི་གེ་མ་ཚང་བའི་ཡི་གེ་ལྔ་ལྔ་ལས་ཤ་ཥ་ས་ཧ་བཞི་དང། རི་དང་ལི་མ་ནིང ་ཡི་གེ་རྣམས་གཉིས་སུ་བརྩིས་པས་ཁ་བསྐངས་ནས་བརྒྱད་ཚན་བཞི་རུ་བྱས་ལ་འཁོར་ལོའི་རྩིབས་བཞི་ལ། ཡི་གེ་ལྔ་བཅུ་རྩ་བརྒྱད་བཀོད་པ་ལ་རེག་པ་འམ། མེ་ཏོག་འདོར་བས་དེའི་རིགས་སུ་ཤེས་པ་འམ། དེའི་མིང་གདགས་སོ།། ་གལ་ཏེ་ཁ་དོག་དང་དབྱིབས་དང་སྤྱོད་ལམ་གྱི་མཚན་དང་ལུས་ངག་ཡན་ལག་བརྡ་ཤེས་པས་ཀྱང་སྔགས་སྐྱེས་ཞིང་སྐྱེས། ཡེ་ཤེས་ལས་སྐྱེས་པའི་དཔའ་བོ་དང་རྣལ་འབྱོར་མ་ཤེས་པས་ཚོགས་འཁོར་གྱི་ལྷར་བྱ་བ ་དང། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་དབང་བསྐུར་བའི་མཚན་ཉིད་ཤེས་པར་འགྱུར་རོ། །དེ་སྐད་དུ་ཡང་ཆོས་སྤྱོད་བཅུ་པའི་མདོ་ལས། དུ་བ་ལས་ནི་མེར་ཤེས་ཤིང་ཞེས་པ་ལ་སོགས་པ་གསུངས་སོ། །བརྡའི་ཕྱག་རྒྱ་ཇི་ལྟར་ཤེས་པར་འགྱུར་སྙམ ་ནས། སྤྱི་བོར་བྱུག་པ་གང་ཡིན་པ་ཞེས་པ་ལ་སོགས་པས། ཚོགས་འཁོར་བྱེད་པའི་ཚེ་འམ། རྡུལ་མཚོན་ལ་མཚན་མ་ཐོབ་ནས་དངོས་གྲུབ་ལེན་པའི་ཚེ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་བརྡར་གྱུར་པ་ཡན་ལག་དང་ཉིང་ལག་ལ་ལུས ་ཀྱི་བརྡར་གྱུར་པ་ཡིན་ནོ། །ཐ་མལ་པས་མི་བརྗོད་ཅིང་ཐ་མལ་པའི་ལུས་ཀྱི་བརྡར་ཡང་མི་བྱ་བས་དཔའ་བོ་རྣལ་འབྱོར་མའི་ཐ་སྙད་དུ་བྱེད་པ་ཡིན་ནོ། །བརྡའི་ཕྱག་རྒྱ་བཤད་ནས། ཟག་མེད་ཀྱི་ཚིག་གི་བརྡའི་ཕྱག་རྒྱ་བཤད་པ་ནི། ཨ་པི་པུ ་ལ་སོགས་པ་གང་གི་བརྡར་གསུངས་སོ། ། བི་པུ་ཏ་པྲ་ཏི་པུ་ཏ་ནི་དཀྱིལ་འཁོར་གྱི་ཕྱག་འཚལ་པ་ཡིན་ནི། ཟག་མེད་ཀྱི་ཚོགས་ཀྱི་འཁོར་ལོའི་བརྡ་དང་ཐ་སྙད་བྱས་པ་ནི། རྡོ་རྗེ་སེམས་དཔའ་བདེ་བའི་མཆོག་།ེ་མ་ཧོ་བདེ་བ་ཐོས་མཛའ་ ་མེད་པ་དང་བཞི་ནི་རྡོ་རྗེ་སེམས་དཔའ་ཨི་མཚན་མ་ཡིན་ནོ། །བདེ་མཆོག་མ་ལས་རྒྱས་འདེབས་མ་དང། མཚན་གཉིས་སོ། །ེ་མའོ་བདེ་བ་ལ་རྨོངས་བྱེད་མ་དང་མཚན་གཉིས་སོ། །སྣང་མཛད་མ་ལ་ཟབ་མོ་དང། མཚན་གཉིས་སོ།། ་སློབ་མ་མོ་ལ་ཚེ་འཕེལ་མ་དང་མཚན་གཉིས་སོ། །ལྷག་མ་ལྷ་མོ་བཅུ་བཞི་ལ་མཚན་རེ་རེའོ། །སྨིན་མ་སྤྱོད་པས་མདའ་བཞི་འཛིན་པའི་བདེ་མཆོག་མ་མཚོན་ཏེ། བྷ་ག་ལིང་ག་བསྟན་པས་ཨེ་མའོ། །བདེ་བ་མཚོན། ཐོད་པ་ཁ་ཊཝཱཾ་གས ་རྣམ་སྣང་མཚོན། སངས་རྒྱས་ཕྱག་རྒྱ་ཐོད་པ་གཉིས་ས་ལ་ནས་གང་བས་སློབ་མ་མོ་མཚོན་ཏོ། །འཁོར་ལོས་བསྟན་པས་དཀྱིལ་འཁོར་མཚོན་ཏོ། །སྡོང་རྒྱན་གོམ་བདེ་ཉིད་དམ་ཚིག་ཡིན་པར་བཤད་དོ། །ལྷ་ཐམས་ཅད་ཀྱིས་ཆ་བྱད་གྱོན་ནས་སྐྱེ་བོ་དམ་པ་རྣམས ་འདུས་པ་ནི་ཚོགས་ཀྱི་འཁོར་ལོ་ཡིན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་བརྡ་དེ་དག་ནི། འཛའ་བ་འདུས་པའི་དུས་སུ་བྱ་བ་ཡིན་པར་གསུངས་སོ། །ཅིའི་ཕྱིར་དཀྱིལ་འཁོར་ཡིན་ཞེ་ན། རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། དཀྱིལ་འཁོར་ཐམས་ཅད་ཡིན་པར ་བཤད་ཅེས་པས་ལུས་ཀྱི་དཀྱིལ་འཁོར་བསྟན་ཏོ། །ལྷ་མོ་ཐམས་ཅད་བསྐལ་པ་བཟང་ཞེས་པས། བྷ་གའི་དཀྱིལ་འཁོར་བསྟན་ཏོ། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ་ཞེས་པ་ནས། ཀུན་གྱི་སློབ་དཔོན་ཡིན་པར་བཤད་ཅེས་པའི་བར་གྱིས་ཆོས་ཀྱི་དབྱིངས་ཀྱི ་དཀྱིལ་འཁོར་བསྟན་ཏོ། །དེ་ཡང་ངེས་བརྗོད་ལས་དཀྱིལ་འཁོར་ལུས་ཅེས་བྱ་བར་བཤད་ཅེས་པ་ལ་སོགས་པས་གསུངས་སོ། །དཀྱིལ་འཁོར་གསུམ་ལ་དབང་བའི་སློབ་དཔོན་ཇི་ལྟ་བུ་ཞེ་ན། ཀུན་གྱི་སློབ་དཔོན་རབ་གནས་ཞེས་པ་ལ་སོགས་པ་ཤལོ་ཀ ་གཅིག་གིས་མཚན་ཉིད་གསུངས་སོ། །དེའི་སློབ་མ་སྒྲུབ་པའི་གྲོགས་པོ་ཇི་ལྟ་བུ་ཞེ་ན། དེའི་སློབ་མ་གྲུབ་ན་ནི་ཞེས་པ་ལ་སོགས་པ་ཤལོ་ཀ་གཅིག་གིས་ལས་ཀྱི་སློབ་དཔོན་རྒྱལ་ཚབ་ཡིན་པར་བཤད་དོ། །སློབ་མ་ལྷག་མ་རྣམས་ཇི་ལྟ་བུ་ཞེ་ན། ་དེ་ལས་གཞན་པའི་སློབ་མ་ཀུན་ཞེས་པའི་ཤལོ་ཀ་གཅིག་གིས་འཇིག་རྟེན་ཐུན་མོང་མཆོག་གི་དངོས་གྲུབ་བསྒྲུབ་པའི་ཐ་མ་དང་འབྲིང་དང་རབ་བྱང་ཆུབ་སེམས་དཔའ་ཡིན་པར་བཤད་དོ། །སངས་རྒྱས་ཐམས་ཅད་རིན་པོ་ཆེ་ཞེས་པའི་ཤལོ་ཀ་གཅིག་གིས་སངས ་རྒྱས་ལྔའི་ཅོད་པན་གྱིས་རྡུལ་ཚོན་གྱིས་དཀྱིལ་འཁོར་གྱི་སློབ་དཔོན་དུ་མཚོན་ཏོ། །ཐོད་པ་བཞི་དང་སངས་རྒྱས་ཀྱི་ཅོད་པན་གྱིས་ཚོགས་འཁོར་གྱི་སློབ་དཔོན་དུ་མཚོན་ཏོ། །སྣང་བ་མཛའ་ཡས་ཀྱི་རང་བཞིན་དུ་གྲུབ་པ་གཅིག། པདྨའི་འདབ་མ་བཞིས་དབང ་བསྐུར་པས་པདྨའི་རིགས་སོ། །རིན་པོ་ཆེ་མྱུ་གུའི་ཅོད་པན་གྱིས་ནོར་བུ་རིགས་ཀྱི་སློབ་དཔོན་དུ་མཚོན་ཏོ། །རྟ་མཆོག་གི་རིགས་ལ་སྙིང་པོ་ལྔ་བརྗོད་ནས། ནོར་གྱི་མཆོག་ཕྲེང་བ་ལྔས་བཅིངས་པས་རྟ་མཆོག་གི་དབང་བསྐུར་བའི་སློབ ་དཔོན་དུ་མཚོན་ཏོ། །ག་པུར་ཙན་དན་དམར་པོ་དང་ཞེས་པ་ལ་སོགས་པས་གསང་བའི་དབང་བསྐུར་གྱི་བདུད་རྩི་ལྔ་བརྡ་ཡིན་ནོ། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། དང་པོ་མནའ་བསྒྲགས་ལ་དམ་ཚིག་བསྒྲགས་ལ་དབང་བསྐུར་བ་ནི་གོ་རིམས ་ཡིན་པས། དང་པོ་བག་ཟན་ལས་གོ་ཀུ་ད་ཧ་ནའི་གཟུགས་བྱས་དེའི་ནང་ཁྲག་གིས་བཀང་ནས། ཕྱི་རོལ་ཙན་དན་དམར་པོས་བྱུགས་ཏེ། མངལ་བཙོས་པའི་རྒྱལ་པོའི་ཟན་ཞེས་བཤད་པས། དེ་དང་མཁའ་འགྲོ་མ་ལ་གཏོར་མ་གཏད་ལ་སློབ་མའི་ལྕེ ་ལ་ཤ་རྡོས་སུ་ཤ་ལྔ་མེད་ན། དེའི་ཁྲག་གི་ཐིག་ལེ་བྱིན་ལ་མནའ་བསྒྲག་གོ། དེའི་ཕྱིར་རྒྱུད་ཐམས་ཅད་ལས་ཕྱུགས་གསོད་པའི་སྦྱོར་བ་ཞེས་བག་ཟན་གྱི་གཟུགས་ལ་ཟེར་རོ།། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་ལྷ་མོ་ལ་མིང་ཇི་སྐད་གདགས ་ཤེ་ན། བདེ་མཆོག་མ་དང་ཨེ་མ་བདེ་མ་ལ་སོགས་པའི་མིང་བཞི་གདགས་སོ། །ལྷ་མོ་དེ་རྣམས་སྔགས་སྐྱེས་ཞིང་སྐྱེས་ཡིན་ནོ། །རྡོ་རྗེ་སེམས་དཔའ་བདེ་བའི་ཡེ་ཤེས་ཕོབ་ལ་སངས་རྒྱས་ཀྱི་བརྡ་བཏགས་ནས་ཕྱག་རྒྱར་བྱིན་གྱིས་བརླབས་ཏེ། དགའ་བཞི་སྦྱོར ་བ་ཐམས་ཅད་རྟོག་བྲལ་སངས་རྒྱས་ཀྱི་ཞི་གནས་དང། ལྷག་མཐོང་ཡེ་ཤེས་ཡིན་པར་བཤད་དོ། །རེག་བྱ་རྡོ་རྗེ་མ་དེ་རྟོགས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་བས་ཕྱིས་ཡེ་ཤེས་ལས་སྐྱེས་པའི་ལྷ་མོ་དེ་ཉེ་བར་ལོངས་སྤྱོད་པས ་ཁམས་གསུམ་མ་ལུས་པའི་སྟོང་པ་ཉིད་རྟོགས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཞེས་བྱ་བའི་བདས་ལས་ཀྱིས་ཕྱག་རྒྱའི་གཟུགས་གདོང་རྒྱན་གྱོན་ནས་རི་མོ་བྲིས་པས་མཚོན་ནོ། །སྒྲས་ནི་གླུའོ། །དྲིས་ནི་དེའི་དྲིའོ། །རོས་ནི་དེའི་ལྕེ་དང ་མཆུ་འཇིབ་པའོ། །རེག་པ་ནི་རང་བཞིན་བརྒྱད་ཅུ་དང་བྲལ་བའི་དགའ་བ་བཞིའི་བདེ་བའོ། །འདོད་པའི་ཡོན་ཏན་ལྔ་ལ་ཕྱག་རྒྱ་གང་གི་བརྡས་གདགས་ཤེ་ན། སངས་རྒྱས་བརྡའི་ཕྱག་རྒྱ་ཡིས། ཆོས་ཀྱི་མུ་དྲ་ཡིན་པར་བཤད། ཅེས་གསུངས་པས་ཆོས ་ཀྱི་ཕྱག་རྒྱ་ལ་བྱའོ། །གལ་ཏེ་རྟོག་མེད་དུ་མ་སོང་ནས་དགའ་བྲལ་དུ་སོང་ན་ཇི་ལྟར་བྱ་སྙམ་ན། སྦྱོར་བའི་ལོངས་སྤྱོད་ཐམས་ཅད་ཀྱིས་ཞེས་པའི་ཤལོ་ཀ་གཅིག་གིས་མཆོད་པར་བྱ་བའི་བསྟན་ཏོ། །དེ་ཡང་བདེ་མཆོག་ལས་ཡིད་ནང་དུ་ཆུང་པ་ཡིས། འདོད ་པའི་དངོས་གྲུབ་བསྒོམ་པར་བྱ། རང་རྫས་ཐིག་ལེ་མཉམ་སྦྱོར་བས། །སངས་རྒྱས་བྱང་ཆུབ་སེམས་དཔའ་མཆོད་ཅེས་གསུངས་སོ། །དེ་ལྟ་བུའི་ཏིང་ངེ་འཛིན་དེ་རྣལ་འབྱོར་དུ་ཡིན་ཞེ་ན། རྗེས་སུ་སྦྱོར་བས་མཆོད་ན་ནི་ཞེས་པའི་ཤལོ་ཀ་གཅིག་གིས ་ལྷ་མོ་དང་སྙོམས་པར་འཇུག་པའི་མཆོག་དགའ་ལ་རྗེས་སུ་རྣལ་འབྱོར་ཞེས་བྱའོ། །རྣལ་འབྱོར་གང་ཡིན་ཞེ་ན། སེམས་ཙམ་ལ་ནི་སྙོམས་པར་ཞུགས་པ་ཞེས་པ་ཤལོ་ཀ་གཅིག་གིས་རྣལ་འབྱོར་ཞེས་པའི་དགའ་བ་བཤད་དོ། །ཤིན་ཏུ་སྦྱོར ་བ་གང་ཡིན་ཞེ་ན། ལྷ་མོ་ཀུན་དང་མཉམ་སྦྱོར་བས་ཞེས་པའི་ཤལོ་ཀ་གཅིག་གིས་ཆོས་ཀྱི་ཕྱག་རྒྱ་འདོད་པའི་ཡོན་ཏན་ལྔ་དང་སྦྱར་བས་ལྷན་ཅིག་སྐྱེས་དགའ་བསྟན་ཏོ། །མཉམ་སྦྱོར་གྱི་བརྡས་ནི། མཆོག་དགའ་ལ་རྗེས་སུ་སྦྱོར་བ། བདེ་བ་ཆེན་པོ ་ཞེས་བཤད་དེ། །དགའ་བ་བཞིའི་ཏིང་ངེ་འཛིན་གྱི་རབ་ཏུ་སྦྱོར་བ་བཤད་དེ། །ལྷན་ཅིག་སྐྱེས་དགའ་ལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བས་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཞེས་བཤད་དོ། །གལ་ཏེ་ཡིད་ནང་དུ་ཆུད་ནས་དགའ་བྲལ ་དུ་སོང་བའི་ཚེ་ཇི་ལྟར་བྱ་སྙམ་ན། དགའ་བའི་སྤྱོད་པ་བསྒྲུབ་པ་བཤད་དེ་ཞེས་པ་ལ་སོགས་པ་གསུངས་ཏེ། རྗེས་སུ་སྦྱོར་བའི་རྗེས་སུ་སྒྲུབ་པ་ནི་ཤེས་རབ་བདེ་བར་འགྱུར་བས་ན་མཆོག་དགའ་ཨོ། །སྐྱེས་པ་ལྟར་བྱེད་དགའ་སྤྱོད་ཅེས་པ་ཐབས་ཀྱི་བདེ ་བསྟེ་དགའ་བའོ། །སླར་ཡང་རྗེས་སུ་བསྒྲུབ་པ་བཤད་ཅེས་པ་ཡིད་བདེ་བར་ཏེ། ལྷན་ཅིང་སྐྱེས་དགའ་ཨོ། །ལྷ་མོ་ཀུན་ལ་བདེ་བླུགས་པས་ཞེས་པའི་ཤལོ་ཀ་གཅིག་གིས་དགའ་བྲལ་གྱི་བཅུད་ཀྱི་ལེན་གྱི་བདེ་བ་སྟེ་དགའ་བྲལ་བཤད་དོ། །དེ་དུས ་ནམ་གྱི་དགའ་བྲལ་ཞེས་གདགས་ཞེ་ན། ཐམས་ཅད་ལྡང་བ་ཀུན་འགྲོ་བ་ཞེས་པའི་ཤལོ་ཀ་གཅིག་གིས་དགའ་བྲལ་ཞེས་པའི་སངས་རྒྱས་ཀྱི་བརྡ་བཤད་དོ། །གལ་ཏེ་དགའ་བྲལ་དུ་མ་སོང་ན་མཆོག་དགའ་ལྷན་ཅིག་སྐྱེས་དགའ་ཨི་རྗེས་ལ་ཅི་ཞིག་སྒོམ ་སྙམ་ན། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག་ཅེས་པའི་ཤལོ་ཀ་གཉིས་ཀྱིས་བདེ་བ་ཆེན་པོ་ཞེས་བྱ་བ་དེ་སངས་རྒྱས་ཐམས་ཅད་ཀྱི་བརྡས་དངོས་གྲུབ་ཆེན་པོ་དང། ཀུན་གྱི་མཆོག་དང། དབང་ཕྱུག་ཆེན་པོ་དང། བདེ་མཆོག་དང། མཉམ་སྦྱོར་དང། ་སྦྱོར་བའི་དབང་ཕྱུག་དང། བདེ་ཆེན་དང། བླ་ན་མེད་པ་ཞེས་པའི་མིང་བརྒྱད་ཀྱིས་བསྟན་ཏོ། །དེ་ལྟར་ཚོགས་ཀྱི་འཁོར་ལོ་སྒོམ་པའི་རྣལ་འབྱོར་པས་ཡིད་ནང་དུ་ཆུད་པའི་དགའ་བ་བཞི་དང། །ཡིད་ཕྱིར་བྱུང་བའི་ཚེ་ལོངས་སྤྱོད་པའི་དགའ་བ་བཞི ་བསྒོམ་པ་ཡིན་པར་རྒྱུད་འདི་ཉིད་དང། དགྱེས་རྡོར། ངེས་བརྗོད། རྡོ་རྗེ་མཁའ་འགྲོ་ཧེ་རུ་ཀ་འབྱུང་བ། མཁར་འགྲོ་མ་ཀུན་སྤྱོད། གདན་བཞི་ལས་གསལ་བར་གསུངས་པ་ཡིན་ནོ། །ཀུན་སྙིང་ནི་མ་རྟོགས་ནས་སྐྱེད་རིམ་གྱི་ལྷ་སྐྱེད་པར་བཤད། ་ལོངས་སྤྱོད་པའི་དགའ་བ་བཞི་བསྒོམ་པ་ཡིན་པར་རྒྱུད་འདི་ཉིད་དང། འཕོ་བ་འབྱུང་བ་དང་འདྲ་བ་ཡིན་ནོ། །ད་ནི་དེ་རྣམས་ཀྱི་ཚོགས་ཀྱི་འཁོར་ལོ་དང། ཞི་བའི་གཏུང་བ་དང། ཕོ་ཉིལ་??་སྒྲའི་ཡན་ལག་ཏུ་གྱུར་པའི་པུ་ཛའི་རྫས་འདོད་པའི་ཡོན་ཏན ་རྣམས་ལ་འཇིག་རྟེན་ན་གྲགས་པའི་བརྡའི་སྟེང་དུ་བྲག་མེད་ཀྱི་བརྡ་དངོས་གྲུབ་ཀྱི་ཡན་ལག་ཏུ་གྱུར་པ་ནི། །འཇིག་རྟེན་ན་གྲགས་པའི་ཁྲག་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཨི་བརྫས་མེ་ཏོག་བཤད་དོ། །མདངས་ལ་འདུག་པ་ཞེས་བཤད་དོ། །ལྷག་མ་རྣམ? ་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །རྡོ་རྗེ་སེམས་དཔའ་ཨི་སྦྱོར་བའི་ཞེས་པའི་ཤལོ་ཀ་གཅིག་གིས་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་གྱི་གླུ་དང། གར་ལ་སངས་རྒྱས་ཀྱི་སྤྲུལ་པ་ཞེས་བརྡར་བཏགས་སོ། །དེ་བཞིན་གཤེགས་པའི་གླུ་གར་ལ་ཞི་བའི་སྤྲུལ་པ་ཞེས་བཏགས་སོ། །རྡོ་རྗེ་ཉི་མའི་གླུ ་གསལ་མའི་དབང་པོའི་སྤྲུལ་པ་ཞེས་བཏགས་སོ། །ཧེ་རུ་ཀའི་གླུ་གར་ལ་དུར་ཁྲོད་ཀྱི་སྤྲུལ་པ་ཞེས་བཏགས་སོ། །པདྨ་གར་དབང་གི་གླུ་གར་ལ་ཆགས་པ་སྤྲུལ་པ་ཞེས་བཤད་དོ། །རྟ་མཆོག་གི་གླུ་གར་ལ་རབ་ཏུ་དགའ་བའི་སྤྲུལ་པ་ཞེས་བཏགས་སོ། །དེ་ལྟར་དག་གི་བརྡ་གསུངས་པ་ནི། ཊི་ཞེས ་བྱ་བ་མཁའ་འགྲོ་མ་ཞེས་པ་ལ་སོགས་པའི་ཚིགས་བཅད་གཉིས་ཀྱིས་རྡོ་རྗེ་སེམས་དཔའ་དང་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་སྔགས་སྐྱེས་ཞིང་སྐྱེས་ཡེ་ཤེས་ལས་སྐྱེས་པའི་བརྡ་ཡིན་ནོ། །ཧེ་རུ་ཀའི་ལྷ་མོ་ལ་ཨར་ལླཱི་ཞེས་བྱའོ། །པདྨ་གར་དབང་གི་ལ་དམ ་ཚིག་མཆོག་ཅེས་བཤད། རྡོ་རྗེ་ཉི་མའི་བཛྲ་ཨ་ར་ལླི་ཞེས་བྱའོ། །རྟ་མཆོག་ལ་ཡང་དེ་ཉིད་དོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་རིགས་བཞིའི་རྣལ་འབྱོར་པ་སྔགས་སྐྱེས་ཞིང་སྐྱེས་ཡེ་ཤེས་ལས་སྐྱེས་པའི་བརྡ་ནི། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ ་ཞེས་པ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའ་ཨི་རྣལ་འབྱོར་པ་ལ་སྐལ་པ་བཟང་པོ་ཞེས་བཤད་དོ། །དེ་བཞིན་གཤེགས་པའི་རྣལ་འབྱོར་པ་ལ་ཏ་ཀི་ཞེས་བཤད་དོ། །ཧེ་རུ་ཀའི་ལ་ཀི་ལི་ཀི་ལ་ཞེས་བཤད་དོ། །པདྨ་གར་དབང་གི་ལ་བྱས་པ་ཆུ་སྲིན ་རྒྱལ་མཚན་ཞེས་བཤད་དོ། །རྡོ་རྗེ་ཉི་མ་ལ་འདོད་པའི་དབང་ཕྱུག་མཆོག་ཅེས་བཤད་དོ། །རྟ་མཆོག་གི་ལ་དབང་ཕྱུག་མཆོག་ཅེས་བཤད་དོ། །རྡོ་རྗེ་དྲིལ་བུ་དྲུག་པ་དམ་ཚིག་ཅེས་བཤད་དོ། །ལུས་ངག་ཡིད་གསུམ་པ་ཨོཾ་བྲུཾ?་ཞེས་བཤད་དོ། །དགུག་?ག་བཞི་ལ་ཛ(རྒྱུད་འགྲེལ་ཧོ(རྒྱུད་འགྲེལ་སངས་རྒྱས་དང་ཞེས་པ་ལ་སོགས་པས་རྡོ་རྗེ་སེམས་དཔའ་ལ་ནི་ཤེས་འགྱུར་ཞེས་བཤད་དོ། །འཇིག་རྟེན་དབང་ཕྱུག་དག་འགྱུར་ཞེས་བཤད་དོ། །ཡང་སངས་རྒྱས་དང། རྡོ་རྗེ་སེམས་དཔའ་དང། འཇིག་རྟེན་དབང་ཕྱུག་དང། མཁའ་སྐྱེས་ལ་ཨཾ་ཨཾ་ཨཾ་ཨཾ་ཨཾ་ཞེས་བྱའོ། །ཐམས་ཅད་མཁྱེན་པ་ལ་སརྦ་བིད་ཅེས་བྱའོ། ། ་སངས་རྒྱས་སྤྱན་གྱི་སྔགས་ནི་རུ་རུ་འཁོར་བའོ། །ཏིཥྛ་སིདྡྷ་ནི་མཁྱེན་ནོ། །ལོ་ཙ་ན་ནི་དོན་དམ་ཉེ་བར་ཞི་བའོ། སངས་རྒྱས་རང་བྱུང་བྷ་ག་བན་ནི་སརྦ་ཨརྠའོ། །ཀི་ཏ་ས་ནི་མིག་ས་སྙིང་ངོ། །ཀོ་ཏ་པ་ནི་རྣ་བ་ཕྱག་ན་རྡོ་རྗེའོ། །ཀོ་ཏ་པ་ནི་ལྕེ་སྤྱན་དྲས་གཟིགས་སོ། །ཀ་ཏི་ར ་ཀ་ནི་ལུས་སྒྲིབ་པ་རྣམས་སེལློ། །ཀོ་ལ་ཤ་ནི་གཟུགས་སངས་རྒྱས་སྤྱན་ནོ། །ཀོ་ལ་བ་ནི་སྒྲ་མཱ་མ་ཀཱིའོ། ཀོ་ལ་ནི་དྲི་སྒྲོལ་མའོ། །ཀོ་ལ་བ་ནི་གོས་དཀར་མོའོ། །ཀོ་ལམ་ནི་རེག་ཀུན་ཏུ་བཟང་མོའོ། །ཕྱག་ན་རྡོ་རྗེ་རང་གི་མཚན་འདི་རྣམས་གང་བརྗོད་པར་བྱ་བ་ནི ་མིག་ནས་རེག་བྱའི་བར་གྱི་ཡུལ་རྣམས་རྣམ་ཤེས་ཀྱི་སྟོང་པ་ཉིད་རྟོགས་པའོ། །དེ་ནས་རྒྱལ་པོ་རྡོ་རྗེ་འཛིན་ཅེས་པ་ལ་སོགས་པ་ཚིགས་བཅད་ཕྱེད་དང་གཉིས་ཀྱིས་ཕན་ཡོན་ནོ། །མིག་དང་ཞེས་པ་ཚིགས་བཅད་གཅིག་གིས་སྔར་གྱི་རང་དོན་གྱི་བརྡའི ་མིང་ཡིན་ནོ། །ཡིད་ཀྱི་རྣམ་ཤེས་ཀྱི་དཀྱིལ་འཁོར་རྡོ་རྗེ་མཚོན་ཆ་དང་བི་ཏི་དང་དགྲ་བོ་དང་ལག་ན་རྡོ་རྗེ་ཞེས་ཀྱང་བྱའོ། །གནོད་སྦྱིན་གྱི་བདག་པོ་ལ་ཉོན་མོངས་པ་ཐམས་ཅད་ཟད་པ་དང་དགྲ་རྣམས་ཟད་པ་དང། ཕྱག་ན་རྡོ་རྗེ་ཞེས་ཀྱང་བྱའོ། །རྡོ་རྗེ་འཆང ་ཆེན་པོ་ལ་ཧེ་རུ་ཀ་དང། ཐལ་བར་འཇིག་དང་མཆོག་དང་སངས་རྒྱས་ཀུན་གྱི་ཁྲོ་བོ་ཞེས་བཏགས་སོ། །དེའི་ཕྱིར་མཚན་རྡོ་རྗེ་འབར་བ་ལ་རབ་ཏུ་འཇིག་།ཅེས་བཤད་དོ། །ཁ་ཊཝཱཾ་ག་ལ་རྒྱལ་མཚན་ཆེ་ཞེས་བྱའོ། །ཐོད་པ་ལ་ཁམ་པོར་ཞེས་བྱའོ། །ཁྲག ་ཆེན་པོ་ལ་སྦྲང་རྩི་ཞེས་བྱའོ། །སྒེག་མོ་ལ་སོགས་པ་བརྒྱད་པ་ལ་དཀར་མོ་རྐུན་མོ་ཞེས་བྱ་བར་གྲགས་སོ། །སྒོ་མ་བཞི་ལ་སྲུངས་ཤིག་དང། མྱུར་དུ་དང་རྣམ་རྒྱལ་དཔལ་དང། ཐལ་བཞི་དང་གློག་ཅེས་བྱའོ། །ཡང་ན་གདོང་མ་ནི་ཧཾ། ཉི་ཟླ་མ་ལ་དྲ ་ཐལ་བྱེད་མ་ལ་ཧཱུཾ་ཞེས་བྱའོ། །ཕཊ་ཅེས་པ་རོལ་ཅིག་པའོ། །རང་ཅེས་པ་དགོངས་ཅིག་པའོ། །ཕཊ་ཞེས་པ་རོལ་ཅིག་པའོ། །ཕཊ་ཅེས་པ་སོད་ཅིག་པ་སྟེ། ཧེ་རུ་ཀའི་བརྡའོ། པདྨ་གར་དབང་དཀྱིལ་འཁོར་གྱི་བརྡ་ནི། པདྨ་སྤྱན་རས་གཟིགས་དབང་ཕྱུག་ཅེས་པ་ལ་སོགས ་པ་གསུངས་སོ། །རྣམ་གཟིགས་མ་ལ་དགའ་བ་ཞེས་བྱའོ། །སྒྲོལ་མ་ལ་གྲུབ་པ་ཞེས་བྱའོ། །རྒྱན་ལྡན་མ་ལ་བློ་ཞེས་བྱའོ། །ཁྲོ་གཉེར་མ་ལ་རྫུ་འཕྲུལ་ཞེས་བྱའོ། །ན་བཟའ་མ་ལ་འཕེལ་བ་ཞེས་བྱའོ། །པདྨའི་དབང་ཕྱུག་མ་ལ་སྦྱོར་བ་ཞེས་བྱ་བའོ། །སྣ་ཚོགས་པདྨ་ལ ་པདྨའི་རིན་ཆེན་ཞེས་བྱའོ། །ནམ་མཁའ་ཨི་སྙིང་པོ་ལ་ཐམས་ཅད་རེ་རེ་མ་དང་རྫོགས་མཛད་དང། སྐལ་བཟང་དང། རྡོ་རྗེ་ཉི་མ་ནོར་བུ་ཆེ་ཞེས་གྲགས་སོ། །དེའི་འཁོར་ནི་ཏྲཾ་གྱི་དབང་བསྐུར་བའོ། །བ་པ་མ་ནི་གཏེར་ལྡན་མའོ། །དེ་བཞིན་གཤེགས་པའི་རྒྱལ་མཚན ་མའིའོ། །ར་ཏ་ཏྲ་ཧ་ནི་མཆོད་ཆེན་མའོ། །རྟ་མཆོག་གི་ནི་སྣ་ཚོགས་སངས་རྒྱས་པདམོ་སྤྱན་ཞེས་པ་ལ་སོགས་པ་གསུངས་ཏེ། སྣ་ཚོགས་པདམོ་སངས་རྒྱས་སྤྱན། འཇིག་རྟེན་དབང་བྱང་ཆུབ་ཀུན། སེམས་དཔའ་ཆེན་པོ་སྣ་ཚོགས་རྡོ་རྗེ་བླ་ན་མེད་པ་ཐམས་ཅད་མོ?།། ་འཇིག་རྟེན་ཀུན་རབ་འཇིགས། རྟ་མཆོག་མ་དཔལ་ལྡན་དང་མཚན་བཅུ་གཉིས་དང་ལྡན་པ་ནི་རྟ་མཆོག་གི་བརྡའོ། །དེ་བས་ན་ཕྱག་རྒྱ་ཉི་ཤུ་ཡིན་ནོ། །དེ་ལྟ་དངོས་གྲུབ་བསྒྲུབ་པའི་ཕྱག་རྒྱ་ཉི་ཤུ་བཤད་ནས། ད་ནི་གདོང་རྒྱན་གོན་ལ་མཚན་མ་བྱིན་པའི་དཀྱིལ ་འཁོར་གསུངས་པ་ནི། རྗེས་སུ་ཆགས་པར་བྱའོ། །ཞེས་ཆ་ལུགས་ཆག་པ་བཞིན་བྱེད་ཅེས་ཞེས་པ་ལ་སོགས་གསུངས་ཏེ། ཤལོ་ཀ་གཉིས་ཀྱི་རྡོ་རྗེ་སེམས་དཔའ་ཨི་ཆ་ལུགས་གྱོན་ལ་བསམ་གཏན་དང་པོ་མཚན་མ་འབྱིན་པ་བསྟན་ཏོ། ཤལོ་ཀ་རེ་རེས་ནི་རྣམ་པར ་ལ་སོགས་པ་དཀྱིལ་འཁོར་ལྔའི་ཆ་ལུགས་བྱ་བ་བསྟན་ཏོ། །དེ་ལྟར་མཐོང་བ་དང་ཐོས་པ་དང་རེག་པའི་མཚན་མའི་ཡེ་ཤེས་ཀྱི་ཕྱག་གྱི་བསྟེན་ནས། མངོན་ཤེས་ཀྱི་ཕྱག་རྒྱ་བཤད་པ་ནི། རྡོ་རྗེ་སེམས་དཔའ་ཨི་དཔལ་འབྱོར་པ་ཞེས་པ་ལ་སོགས་པ་གསུངས་ཏེ། ་ཡུན་རིང་དུ་གོམས་པར་བྱས་པའི་ཏིང་ངེ་འཛིན་གྱིས་མངོན་ཤེས་སྐྱེད་པ་འམ། འཁྲུལ་འཁོར་གྱིས་བསྐྱེད་པའོ། །ཐབས་བསྟན་པ་ནི་གཟུགས་དང་ཁ་དོག་དང་དབྱིབས་དང་གར་གྱི་ཉམས་དགུ་དང་ལྡན་པ་དང། ཐབས་ཀྱི་ཕྱག་རྒྱ་ལྷ་མོར ་སྦྱོར་བ་དང། ལྷའི་སྐུ་མི་འགྱུར་བ་དམ་པ་འགྲུབ་པར་ཡུལ་ཀུན་ལ་དངོས་པོ་ཀུན་ལ་ཐམས་ཅད་ཀྱི་བྱེ་བྲག་ཀུན་གྱིས་བག་ཉིད་ལ་ཤེས་པའི་རྣམ་པ་ཀུན་རྡོ་རྗེ་པྲ་སེམས་དངོས་གྲུབ་འགྱུར་རོ། །ཞེས་བསྟན་ཏོ། །དེ་ལྟར་ཐུན་མོང་གི་མངོན་ཤེས་བསྟན་ནས། ་བྱེ་བྲག་ཏུ་རྡོ་རྗེ་སེམས་དཔའ་བསྟན་པ་ནི། མཚན་མ་ཐོབ་པའི་རྣལ་འབྱོར་པས་ས་ཕྱོགས་པ་ཀོ་ཙམ་དུ་བྱུགས་ལ་བདུད་རྩི་ལྔའི་ཐིག་ལེར་བྱས་ནས་མཆོད་པ་ལྔ་མཆོད་ལ། བུ་མོ་འམ་ཁྱེའུ་གཞོན་ནུ་མ་གྲོང་པའི་ཆོས་ཀྱིས་མ་གོས་བ་སྡོམ་པ་བྱིན ་ལ། གནས་བཞི་རུ་རིགས་བཞིའི་སྙིང་པོ་བཀོད་ལ་དཀྱིལ་འཁོར་གྱི་སྟེང་དུ་ཐོད་པ་ཀོར་གྱིས་རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་ཇི་ལྟ་བ་བཞིན་བྲིས་ཏེ། ཡིག་འབྲུ་བཀོད་ལ་མཚམས་བཞིར་བདེ་མཆོག་མ་ལ་སོགས་པ་ཡུམ་བཞི་བཟླས་པའི ་བུམ་པ་ལ་སྨན་ལྔ་འབྲུ་ལྔ། རིན་པོ་ཆེ་ལྔ་བཅུ་ལ་རས་སར་བས་མགུལ་བ་བཅིངས་ཏེ། ལྡུམ་ཆགས་ལྕུག་མས་ཁ་བརྒྱན་ལ། རྣམ་རྒྱལ་གྱི་བུམ་པ་ལ་གཙོ་བོ་བཀོད་ལ་སྔགས་འབཟུམ་བཟླས་པར་བྱའོ། །དེ་ནས་བདག་གམ་གཞན་ལ་མངོན ་ཤེས་བསྐྱེད་པར་འདོད་པ་དེ་ལ་རྣམ་རྒྱལ་གྱི་ཆུས་དབང་བསྐུར་ཞིང་བསྲུང་བ་བྱས་ལ་དཀྱིལ་འཁོར་དེའི་ཐོག་ཏུ་ལྷ་གང་ཡིན་པ་དེའི་ཡི་གེ་ལ་རེག་ཏུ་གཞུག་པར་བྱའོ། །དེའི་ཚེ་དཀོན་མཆོག་གསུམ་གྱི་བདེན་པ་དང། བདེན་པ་ཆེན་པོའི ་བྱིན་བརླབས་དང། ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང། བདེན་པའི་བྱིན་གྱིས་བརླབས་ཀྱིས། ཇི་ལྟ་བ་བཞིན་སྟོན་པར་གྱུར་ཅིག། ཅེས་བྱས་ལ་རེག་པར་གཞུག་གོ། དེ་བཞིན་དུ་མ་རེག་པར་མེ་ཏོག ་དོར་བ་འམ། རལ་གྲི་འམ། མེ་ལོང་ངམ། ཤིང་ལེབ་ཨམ། ཆུ་དང་བ་དང་བ་ཆུ་འམ། བྲག་ངོས་འཇམ་པོ་འམ། གཟུགས་བརྙན་འབྱུང་བའི་ཁྱིམ་འཇམ་པོ་དག་ལ་མིག་བྱིན་གྱིས་བརླབས་ལ་བལྟར་གཞུག་གོ། རྣ་བ་བྱིན་གྱིས་བརླབས་ལ་ཉན་དུ་གཞུག་གོ། ་སེམས་བྱིན་གྱིས་བརླབས་ལ་གཞན་གྱི་སེམས་བརྟག་པར་བྱའོ། །འགྲོ་བའི་རིགས་བཞིའི་འཁོར་ལོ་སྙིང་གར་བཀོད་ལ་འཆི་འཕོ་དང་སྐྱེ་བ་བརྟག་པར་བྱའོ། །ཟད་པར་དང་ཟིལ་གནོན་བསྒོམས་ལ་རྫུ་འཕྲུལ་གྱི་ཡུལ་ཤེས་པ་བསྒོམས་པར་བྱའོ། ། ་དེས་འཇིག་རྟེན་གྱི་བྱ་བ་བླང་བྱ་དོར་བྱ་དང། ནོར་སྟོར་བ་དང། མ་སྟོར་བ་དང། ཆོམ་པོས་ཕྲོགས་པ་དང། མ་ཕྲོགས་པ། །རྙེད་པ་དང་མ་རྙེད་པ། རྒྱལ་བ་དང་འཕམ་པ། དོན་ཡོད་པ་དང་མེད་པ། གྲུབ་པ ་དང་མི་འགྲུབ་པ། བདེ་བ་དང་མི་བདེ་བ། འདོད་པ་གཟུགས། གཟུགས་མེད་པའི་ཁམས་ཏེ། སངས་རྒྱས་ཀྱི་དོན་ཐམས་ཅད་ཀྱང་འཁྲུལ་འཁོར་གྱི་སྟོབས་ཀྱིས་མངོན་ཤེས་ལྔ་སྐྱེས་ནས་སེམས་ཅན་གྱི་དོན་བྱེད་དོ། །རྡོ་རྗེ་སེམས་དཔའ་ཨི་མངོན་ཤེས ་བསྐྱེད་ནས། རྣམ་སྣང་གི་རྣལ་འབྱོར་བས་ས་ཆུ་མེ་རླུང་ནམ་མཁའ་ལ་མངོན་ཤེས་བསྐྱེད་པར་བྱའོ། །ཧེ་རུ་ཀའི་རྣལ་འབྱོར་པས་འདོད་ཡོན་ཐམས་ཅད་ལ་བསྐྱེད་པར་བྱའོ། །རྟ་མཆོག་རྣལ་འབྱོར་པས། རེག་པ་འམ་མ་རེག་པ་ལ་སོགས་པ་པ་དབང་པའི ་ཡུལ་བཅུ་ལ་སྔ་མ་ལྟར་མངོན་ཤེས་བསྐྱེད་པར་བྱའོ། །དེ་ལྟ་ཇི་སྙེད་མཁྱེན་པའི་རྣམ་ཤེས་ཀྱི་ཕྱག་རྒྱའི་ཡེ་ཤེས་བཤད་ནས། ད་ནི་ལྷའི་བུ་བདུད་འཇོམས་པའི་བསྲུང་བའི་ཕྱག་རྒྱའི་ཡེ་ཤེས་བཤད་པར་བྱ་སྟེ། རྡོ་རྗེ་སེམས་དཔའ་དཔལ་འབྱོར ་པ། ཇི་ལྟའི་གཟུགས་དང་དབྱིབས་ལྡན་པས་རྡུ་ཚོན་སློབ་དཔོན་བསྙེན་བསྒྲུབ་བཞིས་ལྷར་བསྐྱེད་པ་འམ། ཚོགས་ཀྱི་འཁོར་ལོའི་སློབ་དོན་ཆ་བྱད་དང། རྒྱན་བཏགས་པ་འང་རུང་སྟེ། དུར་ཁྲོད་དུ་རོ་བསྲེགས་པའི་ཐལ་བ་འམ། མ་མོའི་གནས་སུ ་ཀེང་རུས་ཡུན་རིང་པོ་ལོན་པའི་ཕྱེ་མས་བདུད་རྩི་ལྔ་དང་བསྲེས་པས་བསྒྲུབ་པའི་དཔྲལ་བར་ཐིག་ལེ་བྱ་བ་འམ། ཡང་ན་སྙིང་ག་ལྐོག་མ་དཔྲལ་བ་གསུམ་དུ་སོར་མོ་གསུམ་པའི་རི་མོ་བྱས་པ་བདག་དང། གཞན་བསྲུང་བར་འགྱུར་རོ། །ཐལ་བ་དེས ་ཕྱོགས་བཞི་དང་མཚམས་བཞི་དང། ནམ་མཁའ་དང་ས་ལ་གཏོར་ན་བསྲུང་བར་འགྱུར་རོ། །དེ་བཞིན་དུ་དཀྱིལ་འཁོར་ལྔ་ཡང་བསྲུང་བ་དེ་ཉིད་ཡིན་པར་ཤེས་པར་བྱའོ། །ཐལ་བ་དེ་ཇི་ལྟ་བུ་ཡིན་སྙམ་ན། བདུད་རྩི་ལྔ་དང་བསྲེས་པའི་ཐལ་བ་ལ་བསྙེན་པ་བྱས་ནས། ་དུ་བ་དང། རླངས་པ་དང། འཕར་བ་ལ་སོགས་པའི་རྟགས་བྱུང་ནས་བསྲུང་བའི་རྡོ་རྗེ་ཐལ་བའི་དམ་ཚིག་ཅེས་བྱ་བའི་བསྲུང་བའོ། །རིགས་བཞིའི་ཐལ་བའི་བསྲུང་བ་བཤད་ནས། ཆའི་བསྲུང་བ་བཤད་པ་ནི། རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ་ཞེས་པ་ལ་སོགས ་པ་གསུངས་ཏེ། བསྒོམ་པ་གདོང་བརྒྱན་གྱོན་པའི་ལྷ་བཞིའི་རྒྱ་མཚོ་འམ་འབབ་ཆུའི་འགྲམ་དུ་ཆུའི་དཀྱིལ་འཁོར་བསྒོམས་ནས། ཆུ་གྱེན་དུ་འགྲོ་བ་དང་མི་གཡོ་བ་མཐོང་བ་དེའི་ཚེ་ལྷ་ཐམས་ཅད་ཞུ་བའི་ལྷ་རྫས་ཀྱི་ཞི་བའི་ཆུའི་མཆོག་གིས་བདག་དང ་གཞན་ལ་གཏོང་བ་དང། སྤྱི་བོར་བླུགས་པ་དང་ཁྲུས་བྱ་བ་དང། ཆུ་དེར་འཕོགས་ཤིང་བརྒལ་ནས་བཅུད་ཀྱི་འཇིག་རྟེན་བསྲུང་བ་དང། སྣོད་ཀྱི་འཇིག་རྟེན་ཀྱང་སྔ་མ་བཞིན་དུ་བསྲུང་བར་འགྱུར་རོ། །རིགས་བཞིའི་ཆུའི་བསྲུང་བ་?་ནས། ཡུངས་ཀར ་བསྐྱེད་ནས་བསྲུང་བ་ནི། རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ་ཞེས་པ་ལ་སོགས་པ་གསུངས་ཏེ། སྔ་མ་ལྟར་བསྒོམས་པ་འམ། ལྷ་རྣམས་ཀྱི་ཆ་བྱད་གྱོན་པ་བསྐྱེད་པ་ནས་མིའི་ཐོད་པ་དུར་ཁྲོད་ཀྱིས་བཀང་པ་ལ་སངས་རྒྱས་སྤྱན་གྱིས་སྔགས་ཀྱིས་གཟུགས? ་དང། མཱ་མ་ཀཱིའི་སྔགས་ཀྱི་བདུད་རྩི་ལྔ་དང་ལྡན་པའི་ཆུ་བླུགས་པ་དང། གོས་དཀར་བའི་སྔགས་ཀྱིས་གྱུར་མ་བྱ་བ་དང། སྒྲོལ་མའི་སྔགས་ཀྱིས་བསྲུང་བ་བྱས་ལ། སྨིན་པའི་ཚེ་དམངས་རིགས་ཀྱི་བུ་མོའི་ལག་པར་སྤྲུལ་ནས། ལུས་སམ་མགུལ་དུ ་གདགས་པ་དང། ལོ་མས་ཚོད་མ་བྱ་ཞིང་ཡུངས་མར་གྱི་མགོ་ལ་བསྐུ་བ་དང། ཕྱོགས་མཚམས་ཀྱང་སྔ་མ་བཞིན་བསྲུང་བ་བྱའོ། །དེ་ལྟར་རིགས་རྣམས་ཀྱི་ཡུངས་གར་གྱི་བསྲུང་བ་བཤད་ནས། རིགས་རྣམས་ཀྱི་ལུས་ཀྱི་དཀྱིལ་འཁོར་གྱི་སྲུང་བ་བཤད་པ་ནི། རྡོ་རྗེ ་སེམས་དཔའ་དཔལ་སྦྱོར་བ་ཞེས་པ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའ་བསྒོམ་པའི་རྣལ་འབྱོར་བས་མིག་ཏུ་མ་དང་ཊ་ལས་ནི་ཟླ་བསྐྱེད་ལ་མིག་འབྲས་ལས་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་བསྐྱེད་དེ། གློག་ལྟ་བུ་རྡོ་རྗེ་ཕྲ་མོའི་འོད་ཟེར་གྱིས་ནམ་མཁའ་ཨི་ཁམས ་གང་བར་སྨྲ་བར་བྱའོ། །རྡོ་རྗེ་ཕྲ་མོའི་མཐོང་བ་མཚན་མ་ཐོབ་པའི་ཚེ། མ་མཆུ་སོས་མནན་ལ་རྡོ་རྗེ་དྲིལ་བུ་བཟུང་ནས་གཡོན་དུ་འགྱིང་བ་དང་བཅས་པའི་རྡོ་རྗེ་དྲིལ་བུ་བཟུང་ནས་གཡོན་དུ། འགྱིང་བ་དང་བཅས་པའི་རྡོ་རྗེ་འགྲོས་ཀྱི་འགྲོ་ཞིང་གསལ་བའི་ལྟ ་བས་ཕྱོགས་བཅུར་བསྐོར་ཞིང། སྟེང་འོག་བྱིན་གྱིས་བརླབས་ལས་འོག་ས་བླ་ས་སྟེང་གསུམ་རྒྱས་འདེབས་པར་འགྱུར་རོ། །དེ་བཞིན་དུ་གདུལ་བྱ་དཀྱིལ་འཁོར་དུ་ཞུགས་པའི་རྐང་པའི་རང་བཞིན་ངན་པ་རྣམས་ཀྱང་སྣོད་དུ་འགྱུར་རོ། །དེ་བཞིན་དུ་དཀྱིལ ་འཁོར་བཞི་ལ་ཡང་ཤེས་པར་བྱའོ། །ཐུན་མོང་གི་ཕྱག་རྒྱ་གསུངས་ནས་བྱེ་བྲག་གསུངས་པ་ནི། རྡོ་རྗེ་སེམས་དཔའ་དཔལ་སྦྱོར་ཞེས་གསུངས་ཏེ། བུད་མེད་བཅུ་བཞི་ལྷ་མོའི་ཆད་བྱད་དུ་བྱས་ལ་དེའི་དབུས་སུ་བ་ར་ཏི་ནས་འབྱུང་བ་བཞིན་དུ་བདག་ཀྱང་རྡོ་རྗེ ་སེམས་དཔའ་ཚེ་བྱེད་དུ་བྱས་ནས་བསྙེན་སྒྲུབ་བཞི་ཇི་ལྟ་བ་བཞིན་དུ་བསྒོམས་ཏེ། ལྷ་མོ་ཕྱག་རྒྱ་ལྟ་བ་འདུག་སྟངས་དང་ཕྱག་རྒྱའི་གར་དང་སྔགས་ཟློས་ཤིང་ཆེ་གེ་མོ་རཀྵ་རཀྵ་བྱ་ནས་བདག་དང་གཞན་ཕྱོགས་བཅིང་བ་ལ་སོགས་པ་བསྲུང་པར ་འགྱུར་རོ། །རྣམ་སྣང་གི་རྣལ་འབྱོར་ལས་རྣམ་སྣང་གི་དཀྱིལ་འཁོར་གྱི་ལྷའི་ཆ་བྱད་ནས། བུད་མེད་བཅུ་བདུན་གྱི་བ་ར་ཏི་ནས་འབྱུང་བ་ལྟར་ལྷའི་ཆ་བྱད་བྱས་ནས་ལྟ་བ་དང། ལག་པ་རྐང་པ་སྔགས་འདོན་པ་དང་བཅས་པས་སྔ་མ་ལྟར་བསྲུང་བར ་འགྱུར་རོ། །ཧེ་རུ་ཀའི་རྣལ་འབྱོར་པས། ཧེ་རུ་ཀའི་རྣམ་པར་འཕྲུལ་པས་བ་ར་ཏི་ནས་འབྱུང་བ་བཞིན་བྱས་ནས་བསྲུང་བར་འགྱུར་རོ། །པདྨ་གར་དབང་གི་རྣལ་འབྱོར་པས། །ཇི་ལྟ་བའི་གཟུགས་དང་དབྱིབས་དང་ཞིང་པདྨ་ཁ་འབྱེད་པས་བ་ར ་ཏི་ནས་འབྱུང་བ་ལྟར་ཆ་བྱད་བྱས་ན་སྔ་མ་བཞིན་དུ་བསྲུང་བར་འགྱུར་རོ། །རྡོ་རྗེ་ཉི་མའི་རྣལ་འབྱོར་པས་འབར་བའི་རྡོ་རྗེ་ལྟ་བ་ཡིས་ཚུལ་བཞིན་ཞུགས། །རྡོ་རྗེ་ཉི་མའི་དཀྱིལ་འཁོར་གྱི་ལྷའི་ཆ་བྱད་བ་ར་ཏི་ལྟར་བྱས་ན་སྔ་མ་ལྟར་བསྲུང་བར་འགྱུར་རོ། །རྟ་མཆོག་གི ་རྣལ་འབྱོར་པས་ཇི་ལྟ་བའི་རྟ་མཆོག་གི་དཀྱིལ་འཁོར་གྱི་ཚུལ་བཞིན་བྱས་ལ་རྟ་མཆོག་གི་དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་ཏེ་ཧཾ་ཁཾ་ལས་གོ་ཆ་བསྐྱེད་དེ། སྙིང་གར་མདུད་པ་ལན་གསུམ་ནུ་མ་དང་ལྐོག་མང་ལན་གཉིས་གཉིས་མདུད་ལ། ལན་ཅིག ་དཔྲལ་བར། ལན་ཅིག་རྣ་བ་གཉིས་ཀྱི་ལྷག་པར་ཐེག་བཅིངས་ནས་ལྟག་མ་སྦྱངས་པ་ནི་གོ་ཆའི་ཚུལ་དུ་ཞེས་བྱའོ། །དེ་ནས་སྤྱི་བོ་དང་དཔྲལ་བ་དང་གློ་གཡས་གཡོན་དང་རྒྱབ་ཏུ་རྡོ་རྗེ་ཕྲེང་བ་བཅིངས་ལ་དར་བིན་བ་བཞིན་དུ་ཕྲེང་བ་ཡང་བཅིངས་ནས་བདག་དང ་གཞན་བསྲུང་བ་དང། ཕྱོགས་བཅིངས་པར་འགྱུར་རོ། །དེ་ལྟར་དངོས་གྲུབ་ལེན་པའི་བསྲུང་བའི་ཕྱག་རྒྱ་བཤད་ནས་ད་ནི་ནད་ཞི་བར་བྱས་ནས་ཚེ་འཕེལ་བའི་ཕྱག་རྒྱའི་ཡེ་ཤེས་བཤད་པ་ནི། ཆོས་སེམས་དཔའ་ཨི་ཚུལ་སྟོན་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། བསྙེན་བསྒྲུབ་གཉིས་ཀྱིས་རྡོ་རྗེ་སེམས་དཔའ་ཨི་བསྐུར་བསྐྱེད་ལ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་ནད་པའི་ལུས་ལས་མིག་གསུམ་པ་ལག་པ་གསུམ་པ་རྐང་པ་གསུམ་པ་ཁ་དོག་ནག་པ་སྟེ། ནད་དང་སྡིག་སྤྲུལ་དང། སྤྲུལ་བ་དང་སྡིག་པ་ལ་སོགས་པའི ་གཟུགས་བསམས་ཏེ། ཁམས་གསུམ་རྣམ་རྒྱལ་གྱི་ཕྱག་རྒྱ་བཅིངས་མཛུབ་མོ་ལྕགས་ཀྱུར་བྱས་ནས་ནད་དང་དུག་བསལ་བ། དེ་ཉིད་སྨིན་མཚམས་སུ་བཞག་ན་བསྲུང་བར་འགྱུར་རོ། །རྡོ་རྗེ་བསྡམས་པ་ལས་མཛུབ་མོ་གཉིས་ཀྱི་རྩེ་མོ་བཀུག་ལ་?་?་གསུམ? ་?་ལ་གཙུགས་ན་བུ་འབྱུང་པ་དང། ལྐོག?་པ་དང། སྐྲན་དང། དམུ་རྫིང་ལ་སོགས་པ་ལ་བཙུགས་ན་སྔགས་འབུམ་ཕྲག་གཅིག་བཟླས་ན་ཟུག་དུ་སོས་པར་འགྱུར་རོ། །མིག་གསོ་བ་ནི་དཔལ་གྲུབ་པའི་སྤྱན་ཞེས་བྱ་བ་མཛུབ་མོ་མཐེ་བོའི་རྩེ་བར་བཀུག་ནས་མཐེ་བོང་དང། ་ཀྲུང་མོ་རྩེ་སྦྱར་བ་ནི་དཔལ་གྲུབ་པའི་སྤྱན་ཞེས་བྱ་སྟེ། སྔགས་འབུམ་བཟླས་ནས་མིག་ཕྱིས་ན་ལོང་བ་མཐོང་བར་འགྱུར་རོ། །གླད་ནད་གསོ་བ་ནི་བདག་ཉིད་ལྷ་རྣམས་ཀྱི་སྦྱོར་བ་དང། རྡོ་རྗེ་དང། དེ་བཞིན་གཤེགས་པ་དང། ཁྲོ་བོའི་ཁུ་ཚུར་དང། པདྨའི་དང། ་རིན་པོ་ཆེ་དང། ལས་ཀྱི་ཁུ་ཚུར་གྱིས་གླད་པའི་ནད་དྲངས་ནས་ཁའི་ཕྱོགས་སུ་བྱུང་བ་ལྟར་བྱ་ན་གླད་ནད་སོས་པར་འགྱུར་རོ། །རྣ་བ་གསོ་པ་ནི་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དཀར་པོ་གཉིས་རྣ་བར་སྐྱེད་ལ་བདག་ཉིད་ཀྱི་ལྕེ་ལ་རྡོ་རྗེ་རྩེ་ལྔ་པ་དཀར་པོ་བསམས་ལ་དེ་རྣམས ་ཏཱ་ཐཱ་ག་ཏཱ་ཧཱུཾ་ཞེས་འབུམ་བཟླས་པ་རྣ་བར་ཕུས་གདབ་པར་བྱའོ། །བྱིས་པ་གསོ་བ་ནི་རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་བརྐྱང་ལ་མཐེ་བོ་མཐེ་ཆུང་སོ་སོར་བརྐྱང་ནས་ལག་པ་གཡས་པའི་གུད་མོ་བྱིས་པའི་སྤྱི་བོར་བཞག་ནས། སུམ་བྷས་གཙུག་ཏེ་? ་ན་བྱིས་པའི་ནད་སོགས་པར་འགྱུར་རོ། །དུག་གསོ་བ་ནི་ལག་པ་གཡས་པའི་མཐིལ་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམས་ལ། དེ་ལས་བྱུང་བའི་སོར་མོ་ལྔ་སྤྲུལ་མགོ་དེངས་ཀ་བསམ་ནས་སྒྲུབ་པའི་རྐང་??་རླུང། ལྟེ་དང་རཾ་ལས་མེ། དེའི་སྟེང་དུ ་ར་??་ཞོན་པའི་སྐྱེས་བུའི་གཟུགས་ཅན་ནག་པོ་བསམས་ནས། མེ་འབར་བས་བསྲེག་པ་དང། དུག་བ་ཀུན་ནས་གདུལ་བ་དང། དུག་འོད་ཟེར་གྱི་ལྕགས་སྒྲོག་གིས་བཅིང་བ་དང། མེ་ལྷས་??་བསམས་ལ། གདུག?་པའི་མཆེ་བ་ལ་སོགས་པའི ་ཟིན་པའི་?་སྟངས་ཏེ་??་?་སྟེ་བརྩོན་པ་རྣམས་སོས་པར་འགྱུར་རོ། །གདོན་གསོ་བ་ནི། ཁྲོ་བོའི་སྡིགས་མཛུབ་ཀྱིས་གཡས་པའི་མཐེ་བོ་དང། གུང་མོ་གཉིས་མིག་ལྟ་བུར་བྱས་ནས་གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་ཡོད་དེ ་བཞིན་དུ་བྱས་ཏེ། གཡས་གཡོན་གྱི་གོང་མོའི་ཚིག་གསུམ་པའི་རྒྱབ་སྦྱར་ཏེ། མཐེ་བོ་དང་མཛུབ་མོ་སོ་སོར་བཅད་པས་མཛུབ་མོ་དང་གུང་མོ་བར་དུ་གྲུ་གསུམ་དང། གུང་མོ་གཉིས་མཐེ་བོའི་ཚིགས་དང་པོར་བཞག་པས། མཛུབ་མོ་གུང་མོ་མཐེ་བོ་གཉིས ་ཀྱི་བར་གྲུ་བཞི་བྱས་ནས་ཞི་རྒྱས་མངོན་སྤྱོད་ཀྱི་ཕྱག་རྒྱ་བཅིངས་ལ་གདོན་དང་དུག་སེལ་བར་འགྱུར་རོ། །ཤི་བ་སློང་བའི་ཕྱག་རྒྱ་ནི་ཧེ་རུ་ཀའི་ཕྱག་རྒྱ་འཛིན་བྱས་ལ་བ་དན་གསུམ་པ་གཉིས་བཅིངས་ཏེ་ནང་བཟློག་པ་གུང་མོ་གཉིས་འདུད་ནས། མཛུབ་མོ་གཉིས་དང། མ? ་གཉིས་སོ་སོར་འདུད་དེ། གཡས་པའི་སྲིན་ལག་དང། གཡོན་པའི་མཐེབ་མོ་གཡོན་པའི་སྲིན་ལག་དང། གཡས་པའི་མཐེ་བོང་རྩེ་མོར་སྦྱོར་བས་རྩེ་མོ་ལྔ་པ་ཞེས་བྱ་བ་སྨིན་མཚམས་ཀྱི་མཛོད་སྤུ་རུ་བཞག་པས་མ་མོ་ཐམས་ཅད?་འདུལ་བ་དང། འཇིག་རྟེན་?? ་གདབ་པ་དང། རྨོངས་པ་དང་ཐལ་བར་བྱས་པས་སླར་འཚོ་བར་བྱེད་དོ། །རྟ་གསོ་བའི་མུ་དྲ་ནི་ཏྲཾ་ལས་རྟ་རྣམས་བསྐྱེད་ལ། ཧྲཱི་ལས་སྟན་པདྨར་སྐྱེད་ལ། ཨ་ལས་ཟླ་བའི་དཀྱིལ་འཁོར་བསྐྱེད་ལ། ཧཱུཾ་ལས་རྡོ་རྗེ་སེམས་དཔའ་བསྐྱེད་པ་འམ། རྟ་མཆོག་? ་ནད་མེད་ཅིང་ཉམས་སྐྱེ་བར་འགྱུར་རོ། །གླང་པོ་གསོ་བ་ནི་ཧཱུཾ་ག་ཧཱུཾ་ཞེས་པ་ནས་གླང་པོ་བསྐྱེད་ལ་པདྨའི་གདན་དང་ཟླ་བའི་གདན་བསྐྱེད་དེ། རིགས་བཞིའི་ལྷའི་བསྐྱེད་ནས་བདུད་རྩི་འཛག་པར་བསམས་ན་གླང་པོའི་ཉམས་སྟོབས་འཕལ་བར་འགྱུར་རོ། །བྱ་གསོ་བ་ནི? ་ཧྲི་མཾ་ཧྲི་ཞེས་པས་བྱ་བསྐྱེད་ལ་ཤྲཱི་བཛྲ་སཏྭ་སཾ་ཨ་གི་ཧོ་ཞེས་པ་རྣ་བར་བཟླས་ན་ནད་མེད་པ་དང་མི་སྐད་སྨྲ་བར་འགྱུར་རོ། །ལྗོན་ཤིང་བསྐྱེད་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རིགས་བཞིའི་རྣལ་འབྱོར་བྱས་ལ་ཧཱུཾ་མཾ་ཧཱུཾ་ཞེས་པ་ལས་སྐར་མ་རྒྱལ་གཟའ? ་བུའི་ཞིང་ཐམས་ཅད་སངས་རྒྱས་སྤྱན་གྱི་སྔགས་ཀྱིས་བསྐྱེད་ལ། མཱ་མ་ཀཱིའི་སྔགས་ཀྱིས་བཅུ་པ་དང། སྒྲོལ་མའི་སྔགས་ཀྱིས་བསྲུང་བ་དང། གོས་དཀར་མོའི་སྔགས་ཀྱིས་ཡུར་མ་བྱ་བ་དང་གནོད་མཛེས་ལ་སོགས་པའི་སྔགས་ཀྱིས་བསྲུང?་མེད་ཅིང་མེ ་ཏོག་དང་འབྲས་བུ་འཕེལ་བར་འགྱུར་རོ། །དེ་ལྟར་གོས་པའི་ཕྱག་རྒྱའི་ཡེ་ཤེས་བསླབས་ནས། མཚོན་ཆའི་ཕྱག་རྒྱའི་ཡེ་ཤེས་བཤད་པ་ནི། འཁྲུལ་འཁོར་གྱི་འཕངས་མ་འཕངས་ཞེས་བྱ་བ་ལ་སོགས་ཏེ། འཁྲུལ་འཁོར་གྱི་འཕངས་པ་ནི་མདའོ། །མ་འཕངས་པ་ནི ་མདུང། ལག་པས་འཕངས་པ་ནི་འཁོར་ལོ། །འཕངས་ནས་སླར་བཟུང་བ་ནི་མདའ་མདུང་དང་ཞགས་པའོ། །སྟོབས་འགྱེད་པ་ནི་ལག་སྟོབས། དེ་ཉིད་རྒྱས་པར་བཤད་པ་ནི་དབྱིབས་དང་བདེ་བླག་སྦྱོར་བ་དག་ཅེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་འཁྲུལ་འཁོར ་གྱི་འཕེན་པའི་སྦྱོར་བ་དང། ཀུན་ཏུ་སྦྱོར་བ་དང་འདྲེན་པར་འགྱུར་བ་དང། འགེངས་པ་དང། གསལ་བ་དང། འཕེལ་ལོ། །དེ་དག་གི་བཤད་པ་ནི། རྐང་པ་གཤིབས་ནས་མཉམ་པའི་སྟངས་སྟབས་བྱ་བ་དང། རྐང་པ་འགྱེད་པས་ས་ག་བྱ་བ་དང། དཀྱིལ་འཁོར་དག་ཀྱང ་ཞེས་པ་ཟླུམ་པོས་ས་གནོན་དང། བསྐྱད་བསྐུམ་གྱིས་ཀྱང་ཞེས་གཡས་བརྐྱང་གཡོན་བསྐུམ་པའོ། །གཡས་བརྐྱང་ནི་དབྱིབས་ཀྱི་ཕྱག་རྒྱའོ། །དེ་ལ་བདེ་བླག་གི་རྒྱ་ཆེར་བཤད་པ་ནི། དཔུང་པ་གཡོན་པ་ནི་ལྷོད་པར་བསྒོམས་པ་དང། འཕེན་པ་རྟད་ནས་སྲན ་གཟུགས་པ་དང། ལག་པ་གཡས་པ་བསྐུམས་པས་བཏེན་པ་སྟེ། འདི་ནི་ལུས་ཀྱི་ཕྱག་རྒྱ་བདེ་བླག་ཅན་ཞེས་བྱ་སྟེ། ལྷག་མ་ནི་ཕན་ཡོན་ནོ། །དེ་ལ་སྦྱོར་བའི་རྒྱ་ཆེར་བཤད་པ་ནི། རང་གི་སྙིང་ཀར་འདྲེན་ཚུལ་དུ་ཞེས་པའི་ཤལོ་ཀ་གཅིག་གིས་ཀུན་ཏུ་སྦྱོར་བའི་རྒྱ ་ཆེར་བཤད་པ་ནི། ལག་པ་གཡོན་ལེགས་པར་བསྲངས་པ་ཤེས་པ་ཤལོ་ཀ་གཅིག་གིས་འདྲེན་པའི་རྒྱ་ཆེར་བཤད་པའོ། རྣ་དྲུང་དུ་བར་དུ་ཟླུམ་པོར་ནི་ཞེས་པའི་ཤལོ་ཀ་གཅིག་གི་འགེངས་པའི་རྒྱ་ཆེར་བཤད་པ་ནི། ཇི་ལྟར་རིག་པ་དྲངས་ནས་ནི་ཞེས་པའི་ཤལོ་ཀ ་གཅིག་གིས་མྱུར་བའི་རྒྱ་ཆེར་བཤད་པ་ནི་འདས་པས་འཕེན་པ་བསྒྲིམ?་པར་བྱ་ཞེས་པའི་ཤལོ་ཀ་གཅིག་གོ། འཕེན་པའི་རྒྱ་ཆེར་བཤད་པ་ནི། དེ་གྲུ་བཞི་པ་ལ་སྒོ་བཞི་པ་ཞེས་པ་ལ་སོགས་པ?་སྨོས་ཏེ། གཡས་ཕྱོགས་??? ་སྣང་པ་དང་འཕེན་ནམ་ས་ལ་གཏོད་པ་དང། རྐང་པ་གཡོན་པའི་པུས་མོ་བཀུག་གཡས་པའི་བྲང་ང་ས་ལ་བཙུགས་པ་ནི་དམིགས་པས་མནན་ཤེས་པའོ། །འབིགས་པ་བཅུའི་རྒྱལ་མཆོག་གིས་ཤེས་པ་གཡས་པའི་སོར་མོ་སངས་རྒྱས་ལྔར ་བསྐྱེད་དེ། ཕྱག་རྒྱའི་མཆོག་ངེས་ཕུང་པོ་ལྔ་དང། དབང་པོ་ལྔ་ལ་མདའ་ཕོག་པར་བསམ་མོ། །གསལ་བའི་རྒྱ་ཆེར་བཤད་པ་ནི། མཚོན་ཆ་ལྔ་པོ་ཐུན་མོང་གི་ཆོ་ག་བསྟན་པ་ཡིན་ཏེ། རབ་ཏུ་འཕངས་པ་དང། མཉམ་པ་དང་རབ་ཏུ་འཕངས་པ་ལ་སོགས་པ་ལྔ་ཐབས ་ཀྱི་ཕྱག་རྒྱ་དང། ཉམ་ང་ལ་གམ་དང་བདེ་སོགས་ཤེས་པ་ནི། ཟློག་པའི་ཕྱག་རྒྱ་ལྔ་དང། ཐམས་ཅད་འདེགས་དང?་ངེས་པར་འདེགས་ཞེས་པ་ཕྲེང་བའི་ཕྱག་རྒྱ་ལྔ་དང། ཀུན་ཏུ་ཀུན་ནས་ཐམས་ཅད་དུ་ཞེས་པ་རུས་པ་ལ་སོགས་པ་ཕྱག་རྒྱ་ལྔ་དང། ཉི་ཤུ་ནི་དགྲ་ཆ་ཐམས ་ཅད་གསལ་བར་ཤིང། རྟོག་པ་ཞེས་བྱ་བའི་ཐ་ཚིག་གོ་།མཚོན་ཆ་དེ་རྣམས་ནི་དངོས་གྲུབ་ལེན་པའི་ཚེ་མདུན་གྱི་ལྷ་དང་བར་ཆད་ཀྱི་བདུད་ལ་འཕེན་པ་དང། འཕྲིན་ལས་བྱེད་པའི་ཚེ་གཡུལ་ལས་རྒྱལ་བར་འགྱུར་བའི་ཕྱག་རྒྱའོ། །དེ་ལྟར་མཚོན་ཆའི་ཕྱག་རྒྱ ་བསྟན་ནས་ལས་ཐམས་ཅད་ཀྱི་ཕྱག་རྒྱ་བསྟན་པ་ནི། སྲིན་ལག་གཉིས་ཀྱི་ནང་དུ་ནི་ཞེས་པ། རྡོ་རྗེ་སེམས་དཔའ་ཨི་རྡོ་རྗེ་ཁུ་ཚུར་དང། དེ་བཞིན་གཤེགས་པའི་ཁྲོ་བོའི་པདྨའི་རིན་པོ་ཆེའི་ལས་ཀྱི་ཁུ་ཚུར་རྣམས་ཀྱི་དངོས་གྲུབ་བསྒྲུབ་པ་དང། མཚན་མ་ཐོག?་?་ལས་རྣམས ་བྱའོ། །དེ་ལྟར་ལག་པའི་མུ་དྲའི་ཡེ་ཤེས་བཤད་ནས། དཔལ་རྡོ་རྗེ་ལས་ཀྱི་རྐང་པའི་ཕྱག་རྒྱའི་ཡེ་ཤེས་བསྟན་པ་ནི་རྐང་པ་བརྐྱང་དང་གནོན་པ་དང་ཞེས་པ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའ་ཨི་རྣལ་འབྱོར་པས་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་དངོས?? ་ལེན་པ་དང། ལས་རྣམས་བྱེད་པ་དང། ཚོགས་ཀྱི་འཁོར་ལོ་སྤྱོད་པའི་བརྟུལ་ཞུགས་བྱེད་པའི་ཚིག་རྐང་པ་བརྒྱད་པ་གཡས་ཀྱི་བྱེད་ཀྲུང་དང། གནོན་པ་གཡོན་གྱི་ཕྱེད་ཀྲུང་བསྐུམས་ནས་འདེགས་པའི་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་གཟུགས་བརྙན་མནན་ནས་བསྐད? ་ཕྱུང་བའི་ཚེ་བཀའ་བསྒོ་བར་བྱའོ། །དེ་བཞིན་དུ་རྣམ་སྣང་རྣལ་འབྱོར་པས་དཔལ་མནན་པ་རྡོ་རྗེ་སྐྱིལ་མོ་ཀྲུང་དང། རྡོ་རྗེ་འཛིན་པ་ཧེ་རུ་ཀས་གཡོན་བརྐྱང་བ་དང། པདྨ་གར་དབང་གི་པདྨའི་སྐྱིལ་ཀྲུང་གིས་མནན་པ་དང། རྡོ་རྗེ་ཉི་མའི་རིན་པོ་ཆེའི་སྐྱིལ་ཀྲུང་གིས་མནན་པ ་དང། རྟ་མཆོག་གི་ལས་ཀྱི་སྐྱིལ་མོ་ཀྲུང་གིས་མནན་པའོ། །མནན་ནས་སུ་དག་ལོངས་སྤྱོད་སྙམ་ན། དབང་ཕྱུག་མནན་ནས་དངོས་གྲུབ་གསུམ་མ་བཀུག་པ་དང། ཁྱབ་མཇུག་མནན་ནས། དཔལ་མོ་བཀུག་བ་དང། ། ་ཚངས་པ་མནན་ནས་གྲོལ་མ་བཀུག་པ་དང། འདོད་པའི་ལྷ་མནན་ནས་དགའ་མ་བཀུག་པ་དང། དེའི་འཁོར་མ་མོ་དང། མཁའ་འགྲོ་མ་རྣམས་ལོངས་སྤྱད་པར་བྱའོ། །དེ་བཞིན་དུ་ཀུ་པེ་ར་མནན་ནས་རིག་པ ་གྲུབ་པའི་རྣལ་འབྱོར་མ་བཀུག་པ་དང། །མིའི་རྒྱལ་པོ་མནན་ནས་བཙུན་མོ་བཀུག་ལ་ལོངས་སྤྱད་པར་བྱའོ། །དེ་ལྟར་རྐང་པའི་ཕྱག་རྒྱ་བཤད་ནས། སྒྲུབ་པའི་ཡན་ལག་སྔགས་སྐྱེས་ཞིང་སྐྱེས། ཡེ་ཤེས་ལས་སྐྱེས་པ་ཁ་དོག་དང་དབྱིབས་དང་སྤྱོད་ལམ ་ཤེས་ནས་ཡན་ལག་དང་ཉིད་ལག་གི་བརྡ་བྱ་སྟེ། སྒྲུབ་པའི་ཡན་ལག་ཏུ་ཤེས་ནས། དགུག་པའི་ཕྱག་རྒྱ་བསྟན་པ་ནི། རྡོ་རྗེ་ཁུ་ཚུར་སྙིང་གར་བཅིངས་ཞེས་པ་ལ་སོགས་པ་གསུངས་སོ། །ཐུན་མོང་གི་ཕྱག་རྒྱ་བཤད་ནས། བྱེ་བྲག་ཏུ་རྡོ་རྗེ ་སེམས་དཔའ་ཨི་ལྷ་མོ་དགུག་པ་ནི། གཡོན་འགྱིང་ཚུལ་ཤལོ་ཀ་གཅིག་གིས་སོ། །རྣམ་སྣང་གི་ནི། དཔལ་ལྡན་སྣ་ཚོགས་འཛིན་ཞེས་པ་གཅིག་གོ་།ཧེ་རུ་ཀའི་ནོ། གཡོན་པའི་དྲིལ་བུ་སྒྲ་སྒྲོགས་ཤིང་ཞེས་པ་གཅིག་གོ་།པདྨ་གར་དབང་གི་ནི་གཡོན་པའི་པདྨ་? ་ཅེས་པ་གཅིག་གོ་།རྡོ་རྗེ་ཉི་མའི་ནི། བདག་སྙིང་གར་འདྲེན་བའི་ཚུལ་དུ་ཞེས་པ་གཅིག་གོ་།རྟ་མཆོག་གི་ནི། བདག་གི་སྙིང་གར་འདྲེན་ཚུལ་དུ། ཞེས་པའི་ཤལོ་ཀ་གཅིག་གོ་།དེ་ལྟར་རྟོག་པ་དགུ་པ་ནི་ཕྱག་རྒྱ་ཉི་ཤུ་རྩ་བརྒྱད་ཀྱི་བསྒྲུབ་བའི་ཡན་ལག་ཉི་ཤུ་རྩ་གསུམ? ་དུ་བྱས་ན། ལས་དང་པོ་པ་བསྒྲུབ་པའི་ཚེ། མཚན་མ་ཐོབ་པའི་ཚེ། མཆོག་ཏུ་གྱུར་པའི་རྣལ་འབྱོར་པ་དངོས་གྲུབ་ལེན་པའི་ཚེ་དང། དངོས་གྲུབ་ཐོབ་པས་ཡེ་ཤེས་ལ་དབང་བའི་རྣལ་འབྱོར་པས། སེམས་ཅན་གྱི་དོན་དུ་ལས་རྣམས་བྱེད་པའི ་ཚེ་དག་ཅིང་རིགས་པར་ཡན་ལག་ཏུ་གྱུར་པ་ཡིན་ནོ། །བརྟག་པ་དགུ་པའི་འགྲེལ་པའོ།། །།དེ་ལྟར་བརྟག་པ་དགུ་བཤད་ནས། ད་ནི་ཕྱག་རྒྱ་ཆེན་པོ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལ་མོས་པ་བདག་བྱིན་གྱིས་རློབ་པའི་ཕྱག་རྒྱ་ཆེན་པོ་དང་མཉམ་པར ་སྦྱོར་ནས། མངོན་སུམ་གྱི་ལམ་བསྒོམ་པ་བཤད་པ་ནི། དེ་ནས་སྣ་ཚོགས་ཀུན་ཏུ་ནི་ལྷ་དྲུག་ཏུ་བསྒོམ་པའི་རྣལ་འབྱོར་པ་དྲུག་གོ་།ཕྱག་རྒྱ་ཞེས་པའི་སྒྲུབ་པ་འདི་ཞེས་པ་རིགས་དྲུག་ཕྱག་རྒྱ་བཞིའི་བྱེ་བྲག་གི་།ཀུན་ཏུ་སྣ་ཚོགས་སྦྱོར་བ་ཡིས་ཞེས་པ་ཕྱག་རྒྱ་བཞི ་ལ་དགའ་བ་བཞིའི་ཡེ་ཤེས་བསྐྱེད་པའོ། །ཀུན་ཏུ་སྣ་ཚོགས་བཤད་པར་བྱ་ཞེས་པ། རྣལ་འབྱོར་མ་བཞིའི་ཕྱག་རྒྱ་ཉི་ཤུ་རྩ་བཞི་ལ་སྦྱོར་བའོ། །དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། སྨིན་མ་མིག་དང་སྣ་དང་མཆུ་ཞེས་པ་ལ་སོགས་པ ་གསུངས་ཏེ། རང་དང་འདྲ་བའི་ལས་ཕྱག་རྒྱ་དྲུག་ཡུམ་གྱི་སྨིན་མ་དང་མིག་དང་སོ་ལ་སོགས་པ་ཆ་ལུགས་སུ་བྱས་ལ་ཕྱག་རྒྱ་ཐམས་ཅད་ཀྱིས་འཁྱུད་པ་དང། འོ་བྱ་བ་ལ་སོགས་པ་རྣམ་པར་སྨིན་པ་བཀྲོལ་ནས་རྣམ་པ་སྣ་ཚོགས་དང། རྣམ་པར་སྨིན་པ ་བཀྲོལ་ནས་མཚན་ཉིད་དང་བྲལ་བའོ། །དེ་ཡང་རྣམ་པར་ཤེས་པ་བསམ་གཏན་གྱི་ཏིང་ངེ་འཛིན་བསྐྱེད་པའི་ལྷ་མོ་དྲུག་གི་དབང་དུ་བྱས་ནས། རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བའི་ཞེས་པའི་ཤལོ་ཀ་གཅིག་གི་དགའ་པའི་མཚན་ཉིད་བཤད་དོ། །ཕྱག་རྒྱ་འདི ་ཡིས་བཏབ་ན་ནི་ཞེས་པས་མཆོག་དགའ་ཨི་མཚན་ཉིད་དོ། །སངས་རྒྱས་ཀུན་དང་མཉམ་སྦྱོར་བས། ཞེས་པའི་ཤལོ་ཀ་གཅིག་གིས་ལྷན་ཅིག་སྐྱེས་དགའ་ཨི་ལྷ་མོའི་མཚན་ཉིད་དུ་བསྟན་ཏོ། །ད་ལྟར་ཞི་གནས་ཀྱི་བདེ་པ་བསྟན་ནས། ལྷག་མཐོང་གི་བདེ་བ་བསྟན་པ་ནི། རྡོ་རྗེ་སེམས་དཔའ་ ་སྦྱོར་བའི་ཞེས་པ་ཤལོ་ཀ་གཅིག་གིས་རྡོ་རྗེ་སེམས་དཔའ་ཨི་བདེ་བ་ཆེན་པོ་འོད་གསལ་བ་བསྒོམ་པའོ། །ལྟ་བས་མི་ངོམས་པའི་སྐུ་ཞེས་པའི་ཤལོ་ཀ་གཅིག་གིས། རྣམ་སྣང་གི་བདེ་བ་ཆེན་པོ་བསྟན་ཏོ། །བསམ་པ་ཐམས་ཅད་རྫོགས་པའི་ཤལོ་ཀ་གཅིག་གིས་ཧེ་རུ་ཀའི་བདེ་བ་ཆེན་པོ ་བསྟན་ཏོ། །དབང་པོ་ཀུན་ལས་བྱུང་བ་ཡིས་ཞེས་པའི་ཤལོ་ཀ་གཅིག་གིས་རྡོ་རྗེ་ཉི་མའི་བདེ་བ་ཆེན་པོ་བསྟན་ཏོ། །དཔལ་ལྡན་ཡོན་ཏན་འགྱིང་དང་བཅས་ཞེས་པའི་ཚིག་རྐང་དྲུག་གིས་པདྨ་གར་དབང་གི་བདེ་བ་ཆེན་པོ་བསྟན་ཏོ། །གྱེན་དུ་འབར་པའི་དངོས་གྲུབ་དང་ཞེས་པའི་ཚིག་རྐང ་དྲུག་གིས། རྟ་མཆོག་གི་བདེ་བ་ཆེན་པོ་འོད་གསལ་བསྟན་ཏོ། །ལྷ་མོ་རྣམས་ཀྱིས་ཇི་ལྟར་ཕྱག་བྱ་ཞེ་ན། ཀུན་ཏུ་སྣ་ཚོགས་བསྐལ་བཟང་པོ་ཞེས་པ་ལ་སོགས་པ་གསུངས་ཏེ། འབྱུང་བ་བཞི་རྩ་གསལ་ནས། ཨ་བ་དྷུ་ཏཱི་ཁ་སྦྱར་ན་དཔལ་རྡོ་རྗེ་?་གྱེན་དུ་འཕར་པའི ་སྤྱན་ཞེས་བྱ་བ། རིགས་བཞིའི་སྲོག་ཨཱ་དྷུ་ཏཱིར་འཇུག་པའི་ཐབས་ཀྱིས་ཕྱག་རྒྱ་དྲུག་ལ་ཤེས་རབ་ཀྱི་ཕྱག་རྒྱ་དྲུག་གི་ལན་དུ་ཤེས་པར་བྱའོ། །དེ་ལྟར་རྟོག་པ་བཅུ་པའི་དོན་བཤད་ནས། དེའི་འབྲས་བུ་གསུངས་པ་ནི། སངས་རྒྱས་ཐམས་ཅད་འདུས་པ་ཡི་ཞེས ་པ་ལ་སོགས་པ་གསུངས་ཏེ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་འདུས་སྐུ་དཔག་ཏུ་མེད་པ་དང་ལྡན་ཞིང། ནམ་མཁའ་ཨི་ཁམས་ཀྱི་མཐས་གཏུགས་པའི་དུས་སུ་བདེན་པའི་ཚིག་ཏུ་གསུངས་ཀྱང། སངས་རྒྱས་ཀྱི་ཞིང་མཛའ་ཡས་པ་མུ་མེད་པ་ན་རྒྱུད ་སྡེ་བཞིའི་རྟོག་པ་ཐམས་ཅད་དང། རྟོག་པའི་རྒྱལ་པོའི་གཟུགས་ཀྱི་རྣམ་པར་རྟོག་པའི་མཐུ་དང། སྒྲའི་རྣམ་རྟོག་གི་ཡོན་ཏན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གང་དུ་ཡང་གསུང་པར་མི་ནུས་སོ། །ཅིའི་ཕྱིར་ཞེ་ན། བྱིན་བརླབས་ཀྱི་ལམ་? ་མཐུ་དང། མངོན་སུམ་ལམ་གྱི་རང་བཞིན་དག་འགྲུབ་པ་དང། སེམས་འོད་གསལ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་བརྟག་ཏུ་འགྲུབ་པ་དང། ཞི་གནས་དང་ལྷག་མཐོང་སོ་སོར་གྲུབ་པའི་ཕྱིར་རོ། །དེ་ལྟ་བུ་ཡིན་ཡང། ཅིའི་ཕྱིར་གསུང་པར་མི་ནུས་ཤེ་ན ་འདི་ནི་གསང་བ་མཆོག་གི་མཆོག་ཅེས་པ་ལ་སོགས་པ་གསུངས་ཏེ། དོན་རང་གི་མཚན་ཉིད་ནི་སྒྲའི་བརྗོད་བྱ་མ་ཡིན་པས་མངོན་སུམ་གྱིས་ཉམས་སུ་མྱོང་བའི་དོན་དགའ་བ་ནི་གསང་བ་དང། མཆོག་དགའ་ནི་མཆོག་དང། ལྷན་ཅིག་སྐྱེས་དགའ་ ་ཡིན་པས་མཆོག་གི་དང། བདེ་བ་ཆེན་པོ་ཡིན་པས་བདེ་མཆོག་གོ་།སངས་རྒྱས་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ལ་ལོངས་སྐུ་དང་སྤྲུལ་སྐུས་ཇི་ལྟར་བསྟན་ཞེ་ན། སེམས་ཅན་དོན་ཕྱིར་ལམ་རྣམས་སྤྱོད་བ་དང། རྣམ་པར་དག་པ་རྒྱལ་བ་ཡོད་མི་མཛད་ཅེས ་གསུངས་ཏེ། ཉན་ཐོས་ལྟར་ཕུང་པོ་ལྷག་མེད་ཀྱི་མྱ་ངན་ལས་འདས་པར་མི་མཛད་པ་སངས་རྒྱས་རྣམས་ལ། ཡེ་ཤེས་ཀྱི་རྣམ་པ་དང། བྱང་ཆུབ་སེམས་དཔའ་ལ་གཟུགས་ཀྱི་སྐུའི་རྣམ་པ་དང། ལས་དང་པོའི་སོ་སོའི་སྐྱེ་བོ་ལ་གསུང་གི་རྣམ་པར་སྣང་པ་ཡིན་ནོ། །དོན་དམ་པར་མཉམ་པར་སྦྱོར་བའི་དོན་ལ་གསུང་མི ་མདའོ། །ཅིའི་ཕྱིར་མཉམ་པར་སྦྱོར་བའི་དོན་ལ་བར་ཆད་མེད་པ་ཡིན་ཞེ་ན། འདི་ལ་འགེགས་བྱེད་བདུད་ཀྱང་ཡོད་མ་ཡིན་ཞེས་གསུངས་སོ། །དྲི་མ་དག་པ་དང་མ་དག་པ་ཅིའི་ཕྱིར་མེད་སྙམ་ནི། རྟོག ་པས་མི་འགྲུབ་བརྡར་བས་ཡོང་མི་འགྱུར་ཞེས་གསུངས་སོ། །ཅིའི་ཕྱིར་བློ་བུར་དང་འདྲེས་པ་མ་ཡིན་ཞེ་ན། མི་བརྟན་པ་དང་བདུད་དུ་ང་མི་འགྱུར་ཞེས་བཤད་དོ། །རྩ་བའི་ཆོས་ཀྱི་སྐུ་སེམས་རང་རིག་འོད་གསལ་ཅིའི་ཕྱིར་མི་སྟོན་ཞེ་ན། བརྟན་པའི་ཕྱིར་ཡང་བའི? ་འདོམས་ཞེས་གསུངས་སོ། །དོན་དམ་པར་མཁྱེན་པ་མེད་ཀྱང། ཀུན་རྫོབ་ཏུ་ཇི་ལྟར་ལམ་རྟོགས་ཞེ་ན། གང་ཞིག་རང་གི་བདེ་པས་བདེ་བ་གྲུབ་པ་དངོས་གྲུབ་མཆོག་གིས་ནི་བརྟན་པར་མཛད། དེ་ལྟར་འབྲས་བུའི་རྒྱུད་གསུངས་ནས། རྗེས་སུ་ཡི་རང་ཞིང་བསྟོད་པ་ན། སྣ་ཚོགས ་ཞེས་པ་ལ་སོགས་པ་གསུངས་ཏེ། སྣ་ཚོགས་པས་དེ་སྐད་གསུངས་པ་ནི། རིགས་དྲུག་གི་སྟོན་པ་དྲུག་གོ་།བྷ་ག་བན། དེ་བཞིན་གཤེགས་པ་རྟག་ཏུ་དགྱེས་ཞེས་པ། ཉན་པ་པོའི་སངས་རྒྱས་གངྒཱ་ཀླུང་གི་བྱེ་མ་སྙེད་རྟག་ཏུ་དགྱེས་པའོ། །རྡོ་རྗེ་སེམས ་དཔའ་དཔལ་གྱི་རི་ལ་གསུངས་པ་ཞེས་པ། རིགས་དྲུག་གི་གཟུགས་ཀྱི་རྟོག་པ་བཤད་ནས། སྒྲའི་རྣམ་པར་རྟོག་པ་དྲུག་ནི། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་ཞེས་པའི་དོན་ཏོ། །མངོན་པར་བསྟོད་ཅིང་རབ་ཏུ་དགྱེས་པར་འགྱུར་ཞེས་པ། གཟུགས་ཀྱི་རྣམ ་རྟོག་བསྡུས་པ་ལ་བསྟོད་པ་དང། སྒྲའི་རྣམ་རྟོག་བཤད་ཟིན་པ་ལ་སོགས་པ་བསྟོད་པའོ།། །།འདིས་མ་འོངས་པའི་སྔགས་པ་གསང་སྔགས་ཀྱི་སྤྱད་པ་སྤྱོད་པ་རྣམས་ཀྱི་དཀྱིལ་འཁོར་བསྡུས་པ་ལ་བསྟོད་པ་དང་ཆོས་བཤད་པའི ་རྗེས་ལ་རྗེས་སུ་ཡི་རང་ཞིང་བསྟོད་པའོ། །དེ་ལྟར་རྗེས་སུ་ཡི་རང་བསྟོད་པའི་རྗེས་ལ་དབང་པོ་རྣོན་པོ་རྣམས་ཀྱིས་རྟོག་པ་བཅུའི་དོན་ཅིག་ཅར་རྟོགས་པར་བྱའོ་ཞེས་བསྟན་པ་ནི། རྣམ་མང་རྗེས་ཆགས་དགའ་བས་མཆོད་པ་རང་ཞེས་པ། དགའ་བ་གསུམ་གྱི་ནི ་གནས་ཀྱི་ཏིང་ངེ་འཛིན་ཏོ། །རྟ་མཆོག་རྣལ་འབྱོར་བདེ་བས་གསལ་བར་རྗེས་སུ་གསལ་བར་མཆོད་ན་ནི། བདེ་བ་ཆེན་པོ་གྲུབ་པར་མངོན་སུམ་དུ་བསྒོམ་པར་བྱའོ། །ཞེས་པའི་དོན་ཡིན་ནོ། །རབ་ཏུ་བདེ་བ་རྣལ་འབྱོར་དམ་པ་སྐལ་བཟང་དགའ་བ? ་ཅེས་བྱ་བ་རང་ལྷག་པར་གནས་པའི་རྣལ་འབྱོར་བདེ་བ་ཆེན་པོ་ཅིག་ཅར་བསྒོམས་ཤིག་ཅེས་པའི་དོན་ཏོ། །རབ་མཆོག་བདེ་བའི་རང་བཞིན་དམ་ཚིག་རྗེས་སུ་གྲུབ་པར་འགྱུར་ཞེས་པ་བདེ་བ་ཆེན་པོ་སྐུ་གསུམ་ཐོབ་པར་འགྱུར་རོ། །ཞེས་བཤད་དོ། །དེ་?? ་ཅིག་ཅར་བསྒོམ་པའི་དོན་བསྟན་པ་འདས་མ་འོངས་པའི་རྣལ་འབྱོར་རྣམས་ཀྱིས་ཉེ་བར་བསྡུ་བ་བྱས་པའི་རྗེས་ལ། དགེ་བའི་རྩ་བ་བསྔོ་བ་གྱིས་ཞེས་པའོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་དེ་སྐད་གསུངས་སོ། །ཞེས་པ་ལག་ན་རྡོ་རྗེའི?་ཚིག?་ཡིན།། ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཡེ་ཤེས་ཀྱི་ཡུལ་དང། མཉམ་པར་སྦྱོར་བའི་མཁའ་འགོ་ཕྱག་རྒྱ་བཞིའི་རྒྱུ་རྐྱེན་གྱི་ཚོགས་པ་མངོན་སུམ་ལམ་གྱི་སྒྱུ་མ་ཡིས་ཟག་པ་མེད་པའི་བདེ་བའི་མཆོག?་ཅེས་བྱ་བ་རྟོག་པ་བཅུའི་མཚན་ཡིན་ནོ། །རྟོག་པ་བཅུ་པ ་འདིས་ནི་རྟོག་པ་ཐམས་ཅད་ཀྱི་འཁོར་ལོ་བསྐོར་པ་ཞེས་བྱ་བ། དབང་བཞི་པ་ཆེན་པོ་བསྒོམ་པ་རྫོགས་སོ།། །།ཞེས་བྱ་བ་ནི་མཐར་ཐུག་པ་ཞེས་བྱ་བའི ་དོན་ཏོ། །བརྟག་པ་བཅུ་པའི་འགྲེལ་པའོ། །འགྲེལ་པ་དག་གིས་མཉམ་སྦྱོར་ནི། །མ་ལུས་གསལ་བར་མ་བཀྲོལ་ཞེས། །མཉམ་སྦྱོར་རྒྱུད་ལས་བདག་གིས་ནི། །གཏམ་དུ་དྲིས་པ་བཞིན་དུ་ཐོས།། ་བདག་གིས་རྟོགས་དཀའ་ཡིན་ན་ཡིན། །བླ་མའི་ཞབས་ཀྱིས་བྱིན་བརླབས་པས། དེ་དོན་རྩོམ་ཕྱིར་ཉེས་པ་མེད། །དེ་ཕྱིར་རྒྱུད་རྒྱལ་རྟོག་པའི་དོན། གསལ་བྱེད་དག་གི་འོད་ཟེར་འདི། ་འཕགས་པའི་ཤེས་རབ་བསྐྱེད་པའི་ཕྱིར། །དགེ་བ་ཅུང་ཟད་གང་བསགས་པ། །དེ་ཡིས་ཀུན་མཁྱེན་ཐོབ་པར་ཤོག། སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ ་མ་སྒྱུ་མ་བདེ་མཆོག་གི་འགྲེལ་པ་མཉམ་སྦྱོར་གྱི་རྒྱན་ཞེས་བྱ་བ་རབ་དགའ་རྡོ་རྗེས་མཛད་པ་རྫོགས་སོ།། སརྦ་མངྒ་ལམ།། དགེའོ།། །། ་