| Wylie | e-texts based on the ACIP/ALL Input |
རི་གི་ཨཱ་ར་ལིའི་སྒྲུབ་ཐབས་བཞུགས།། །།རྒྱ་གར་སྐད་དུ། རི་གྱ་ར་ལླི་སཱ་དྷ་ནཾ། བོད་སྐད་དུ། རི་གི་ཨཱ་ར་ལིའི་སྒྲུབ་ཐབས། །དཔལ་ཧེ་རུ་ཀ་རྡོ་རྗེ་ལ་ཕྱག་འཚལ་ལོ། །དང་པོ་རེ་ཞིག་སྔགས་པས་ཡིད་དུ་འོང་བའི་གནས་འགའ་ཞིག་ཏུ་བདེ་བའི་སྟན་ལ ་འདུག་སྟེ། །རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་ཡིག་གི་འོད་ཟེར་རྣམས་ཀྱིས་ནམ་མཁའ་ཨི་ཕྱོགས་སུ་གནས་པའི་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་བལྟས་ནས་ཡང་དག་པར་མཆོད་ནས་ཀྱང། སྡིག་བ་བཤགས་པ་ལ་སོགས་པ་བྱས་ཏེ། ཚངས ་པའི་གནས་བཞི་བསྒོམས་ནས་སྟོང་པ་ཉིད་དུ་རྣམ་པར་བསྒོམ་པར་བྱའོ།། ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་རྡོ་རྗེ་རྒྱལ་མཚན་གྱིས་མཚན་པ། རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་རྡོ་རྗེས་མཚན་པ་བཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་རྡོ་རྗེས་མཚན་པ་ལཾ ་ལས་བྱུང་བའི་སའི་དཀྱིལ་འཁོར་རྡོ་རྗེས་མཚན་པ། དེའི་སྟེན་དུ་རེ་བ་ཡོངས་སུ་གྱུར་པའི་ཆོས་འབྱུང། དེའི་དབུས་སུ་གནས་པའི་སྣ་ཚོགས་པདྨ་ལ་གནས་པའི་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་ཡིག་ལས་སྐྱེས་པ་རྡོ་རྗེ་རྡོ་རྗེའི་ར་བ་དང་རྡོ་རྗེའི་གུར་གྱི་རང ་བཞིན་ཅན་གྱི་ས་བཞི་རྣམ་པར་བསྒོམ་པར་བྱའོ། །ཧཱུཾ་ཡིག་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེའི་ཟེ་འབྲུའི་དབུས་སུ། རི་རབ་ཀྱི་རྩེ་མོར་སྣ་ཚོགས་རྡོ་རྗེ་ལས་སྐྱེས་པའི་སྣ་ཚོགས་པདྨའི་ཟེ་འབྲུ་ལ་དབྱངས་བཅུ་དྲུག་ཉིས་འགྱུར་དུ་གྱུར་པ་ཡོངས་སུ་གྱུར་པར་ཟླ་བའི་དཀྱིལ ་འཁོར་ཀ་ལ་སོགས་པ་ཡོངས་སུ་གྱུར་པའི་ཉི་མའི་དཀྱིལ་འཁོར་ལ་གནས་པའི་གི་ངང་ཧཱུཾ་ཡིག་ལས་སྐྱེས་པའི་ལྕགས་ཀྱུ་དང་རྡོ་རྗེ་དེ་ཡོངས་སུ་གྱུར་པའི་རི་གི་ཨཱ་རི་ལར་བསམ་པར་བྱའོ། ནག་པོ་སྤྱན་གསུམ་པ་ཕྱག་གཉིས་ཞགས་པ་དང་ལྕགས་ཀྱུས་ལྷོ་མོ་རི་གི་ལ་འཁྱུད་པ་ཕྱག ་དྲུག་?་?་པ། གཡས་ཀྱི་ཕྱག་གཉིས་ཀྱིས་འཁོར་ལོ་དང་ཅིང་ཏེའུ་བསྣམས་པ། གཡོན་གྱི་ཕྱག་གཉིས་གྱིས་ཐོད་པ་དང་ཚངས་པའི་མགོ་བོ་བསྣམས་པ། ཕྱག་གཉིས་ཀྱིས་ཤེས་རབ་ལ་འཁྱུད་པ། གཡོན་བརྐྱང་བའི་ཞབས་ཀྱིས་འཇིགས་བྱེད་མནན་པ། རེ་གིའི་ཞབས་ཀྱིས་ཤིང་ལ ་འཛེག་པ་བཞིན་གིས་པ། ཕྱག་རྒྱ་ལྔ་ལ་སོགས་པས་བརྒྱན་པ། ཐལ་བའི་རྡུལ་གྱིས་བྱུགས་པའོ། །སིཾ་སེང་གེ་མ་ལྗང་གུ། ཀཱཾ་འདོད་པའི་འཁྲིལ་ཤིང་མ་སེར་མོ། །ཾ་ཨེ་མ་བདེ་བ་མ་ཁ་དོག་དམར་མོ། །ཤཾ་འཚེ་བྱེད་མནག་མོ། །ཐུགས་ཀྱི་འཁོར་ལོ་སྔོན་པོ་ལའོ། །དེའི་གྲཝ་བཞིར་དུར་ཁྲོད ་རྣམ་པར་དག་པའི་ཐོད་པ་བཞིའོ། །གྷཾ་དྲག་མོ། ལྗིང་ཁུ་བ་ཏཱཾ(རྒྱུད་འགྲེལ་མགྲིན་མ་དམར་མོ། །ཀཱཾ་གླང་ཆེན་རྒྱལ་མཚན་མ་ནག་མོ། །སྐུའི་འཁོར་ལོ་ལ་སྟེ། ཤར་ལ་སོགས་པའི་ཕྱོགས་སུ་ལུགས་དང་མཐུན་པས་དགོད་དོ། །འདི་དག་ཐམས་ཅད་གཅེར་མོ་སྐྲ་གྱེན་དུ་གྲོལ་བ། ཞལ་གཅིག་པ། ཕྱག་གཉིས་ཀྱི་གཡས་ན་གྲི་གུག། གཡོན་ན་ཐོད་པ་བསྣམས་པའི ་ཕྱག་གིས་གར་བྱེད་པའོ། །རང་གི་སྙིང་གར་ཟླ་བ་ལ་གནས་པའི་ཧཱུཾ་ཡིག་དང་རྡོ་རྗེ་ལས་སྐྱེས་པའི་ཡེ་ཤེས་སེམས་པའོ། །དེའི་སྙིང་གར་ཟླ་བ་ལ་གནས་པའི་ཧཱུཾ་ཡིག་འོད་ཟེར་ལྕགས་ཀྱུའི་རྣམ་པས་དང། ལྕགས་ཀྱུའི་ཕྱག་རྒྱས་ཛཱ་ན་ཙ་ཀྲཾ་དྲི་ཌཧོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ་སུ་བོ་ཥོ་མེ་བྷ ་བ། སརྦ་སིདྡྷི་མེ་པྲ་ཡཙྪ་ཨེ་ཧཡ་ཧི། བྷ་ག་བ་ཧི་རིའི་གི་སྭཱཧ། ཛ(རྒྱུད་འགྲེལ་ག་དང། ལྟེ་བ་དང། གསང་གནས་སུ་བྱིན་གྱིས་བརླབ་པར་བྱའོ། །སྦྱི་བོ་དང། མཆན་ཁུང་དག་དང། ལྟེ་བ་དང། ཁ་དང། མིག་དང། རྐང་པའི་མཐིལ་དང། གསང་གནས་སུ་ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་འདིས་ཞགས་པའི་ཕྱག་རྒྱས་ཡན་ལག་ལ་དགོད་པར་བྱའོ། །ལྕགས་ཀྱུའི་ཕྱག་རྒྱ་ཞེས་པ ་ནི་མཐེ་ཆུང་དག་ཕན་ཚུན་ལྕགས་ཀྱུའི་རྣམས་ས?་གུང་མོ་གཉིས་དང་མཐེ་བོང?་?་ནས་མཐེ་བོང་གིས་བཙིང་བར་བྱའོ། །ཞགས་པའི་ཕྱག་རྒྱ་ཞེས་པའི་སྡིག་མཛུབ་མཐེ་བོང་གིས་བཙིར་བར་བྱའོ། །ཡེ་ཤེས་སེམས་དཔའ་ཨི་ཐུགས་ཀར་གནས་བཞིར་ཧཱུཾ་ཡིག་ལྕགས་ཀྱུའི་རྣམ་བའི་འོད་ཟེར་གྱིས་ ་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་བསྐུལ་ནས། ཨོཾ་སརྦ་ཏ་ཐ་ག་ཏ་རཱ་ཀི་ནི་ཨ་ནུ་ག་ཏཱ་མ་ཏྱཾ། ཨ་བྷི་ཥེ་ཀཾ་ད་དནྟུ་ཞེས་པ་འདིས་གསོལ་བ་གདབ་པར་བྱའོ། །སངས་རྒྱས་ལྔའི་ངོ་བོ་བདུད་རྩི་ལྔའི་བུམ་པ་ལྔ་རྣམས་ཀྱིས་གཏོར་བར་བྱ་སྟེ། འདིས ་ལྷ་རྣམས་ལ་དབང་བསྐུར་རོ། །ོཾ་སརྦ་ཏ་ཐ་ག་ཏ་ཌཱ་ཀཱི་ནཱི། ཨ་བྷི་ཥེ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཞེས་ང་རྒྱལ་བྱའོ། །སྙིང་པོའི་སྔགས་བཟླས་པར་བྱའོ། །ོཾ་ཨཱ་ར་ལླི་ཤཧཡ་ཤྱོ(རྒྱུད་འགྲེལ་སྭཱཧཱ། རྩ་བའི་སྔགས་ནི། ཨོཾ་ཨཱ་ར་ལླི་རི་གི་པོཾ་པོཾ་པོཾ་བྷཡོ་སྭཱཧཱ། ཨོཾ་ཤཌག་ཏི་ཛ་སཏྭ་རྣཾ་ཨ་ཀཱ་རོ་མུ་ཁཾ། སརྦ་དྷརྨམཱ་ཎཾ་ཨཱ་དྱ་ནུཏཔནྟུ་ཏྭཱ་ཏ་ཧཱུཾ་སྭཱཧཱ། འདི་ནི་གཏོར་མའི་སྔགས་སོ།། །།རི་གི་ཨ་ར་ལླིའི་སྒྲུབས་རྫོགས་སོ།། །།ཤཱཀྱའི་དགེ་སློང་རིན་ཆེན་གྲུབ ་ཀྱིས། རྒྱ་དཔེ་ཇི་ལྟ་བ་བཞིན་དུ་བསྒྱུར་བའོ།། (།།དཔལ་སངས་རྒྱས་ཐམས་ཅད་ཀྱི་སྒྲུབ་ཐབས་བཞུགས།།)་།།རྒྱ་གར་སྐད་དུ། ཤྲཱི་སརྦ་བུདྡྷ་ས་མ་ཡོ་གི་ཛཱ་བ་ལ་ཤམྦ་ར་ཏནྟྲ་རྟ་ད་རོ་ཌཱི་བཱ་ནཱ་མ། བོད་སྐད་དུ། དཔལ་སངས་རྒྱས་ཐམས་ཅད་དང་མཉམ ་