CLOSE WINDOW

N1321: dpal sangs rgyas thod pa'i rgyud kyi rgyal po chen po'i rgya cher 'grel pa 'jigs pa med pa'i gzhung 'grel zhes bya ba
Wyliee-texts based on the ACIP/ALL Input

རྒྱས་ཐོད་པ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོའི་ལེའུ་གཉིས་པའི་འགྲེལ་པ།། །།སློབ་དཔོན་མཁས་པ་ཆེན་པོ་པདྨ་རྡོ་རྗེ་ཞེས་བྱ་བ་དངོས་གྲུབ་ཆེན་པོ་བརྙེས་པས་མཛད་པའོ།། (།།དཔལ་སངས་རྒྱས་ཐོད་པའི་རྒྱུད་ཀྱི་དཀའ་འགྲེལ་ཞེས་བྱ་བ་བཞུགས།) ་རྒྱ་གར་སྐད་དུ། ཤྲཱི་བུདྡྷཱ་ཀ་པཱ་ལཱ་མཧཱ་ཏནྟྲ་རཱ་ཛ་ཊཱི་ཀཱ་བྷཱ་ཡ་པ་དྭ་ཏི་ནཱ་མ། བོད་སྐད་དུ། དཔལ་སངས་རྒྱས་ཐོད་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་རྒྱ་ཆེར་འགྲེལ་པ་འཇིགས་པ་མེད་པའི་གཞུང་འགྲེལ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ ་ལ་ཕྱག་འཚལ་ལོ། །བསྐལ་པའི་མཐར་ཐུག་མཆོག་ཏུ་དུལ་བ་ཆེན་པོར་འཕྲོ་བ་དཔག་མེད་འགྲོ་བའི་ཡུམ་དང་རོལ་དཔལ་ཅན། །སྣ་ཚོགས་སྡེ་མ་དང་འདུས་ཤིན་ཏུ་ཆེ་བའི་མཆོག་ཏུ་དཀའ་བའི་སྐུ་ཅན་སྲིད་པའི་དགྲ་བོ་ནི། །རྫོགས་པའི་བྱང་ཆུབ་ཕུན ་ཚོགས་ལྷན་ཅིག་སྐྱེས་པའི་བདེ་བའི་རོལ་རོལ་པ་སྙིང་ལ་འཇུག་པ་ཡིས། །སྤྱོད་པ་དམ་པས་བསྒོམ་བྱ་དེ་ཕྱིར་འཇིགས་པ་མང་འདི་འདིའི་ལམ་འདི་ལྟར་གསང་མེད་བརྟན་པར་བྱེད། །རྡོ་རྗེ་ལྷ་མོས་གནང་བ་རྣམས། །རྨི་ལམ་དུ་ནི་ཐོས་ལས་དང། །དེས་བྱིན་བརླབས ་ལས་འཇིགས་མེད་ནི། །སངས་རྒྱས་ཐོད་འདིར་འགྲེལ་པ་བྱེད། །ངེས་པར་བདག་ནི་རྡོ་རྗེ་ཅན། །དང་པོའི་མགོན་པོ་དེས་བྱིན་བརླབས། །གང་ཕྱིར་དེས་གསུངས་ཚིག་རྣམས་ནི། །རང་དོན་རྣ་བར་སྨྲ་བ་བཞིན། །དགའ་བ་བསྟེན་པའི་སྐྱེ་བོ་དམ་པ་ལེགས་པ ་རྣམས་ནི་གཙང་དང་དགའ་བ་སྟེ། །དེ་ཡང་ཚུ་རོལ་མཐོང་བ་དན་པར་འགྲོ་ཞིང་དོན་རིང་སྲིད་པར་འཇུག་པ་རྣམས། འཇིགས་པ་མེད་པའི་གཞུང་འགྲེལ་ལས་ནི་ཆོས་གནས་མཆོག་ཅི་ཡང་འཚར་བྱེད་ཅིང། །བཟོད་པར་བྱེད་ཅིང་དབུ་མར་གནས་ལས་མཉམ་མེད་ཕུན ་ཚོགས་རེག་པར་བྱེད། །སངས་རྒྱས་ཐོད་པའི་རྒྱུད་ལེའུ་བཅུ་བཞིའི་བདག་ཉིད་ཅན་འདིའི་སྟོན་པ་བོ་དང་བརྗོད་བྱ་ནི་བཅོམ་ལྡན་འདས་སངས་རྒྱས་ཐོད་པའོ། །དེ་ལྟ་ན་ཡང་བསྟན་པར་བྱ་བ་དང་སྟོན་པ་བོའི་འབྲེལ་པ་དང། རྗོད་པར་བྱེད་པ ་དང་བརྗོད་པར་བྱ་བའི་འབྲེལ་པ་བརྗོད་དོ། །གདུལ་བྱ་རྣམས་ཀྱིས་སངས་རྒྱས་ཐོད་པའི་དོན་རྟོགས་པ་ནི་དགོས་པའོ། །རྡོ་རྗེ་ལྟ་བུ་བདེ་བ་ཆེན་པོ་དང་རོ་གཅིག་པ་འགྲོ་བ་མཛའ་དག་ལ་ཕན་པར་བྱེད་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི་དགོས་པའི་དགོས ་པའོ། །དེ་ལ་འདི་སྐད་བདག་གིས་ཞེས་པ་ལ་སོགས་པ་ནས་གྱུར་ཏོ་ཞེས་པའི་མཐར་ཐུག་པའི་དང་པོར་གླེང་གཞི་སྟེ། འདི་ཡོད་པ་ན་སྟོན་པ་འཇུག་པའི་ཕྱིར་རོ། །དུས་དང་ཡུལ་དང་སྟོན་པ་བོ་དང་འཁོར་རྣམས་ཚོགས་པ་ནི་སྟོན་པའི་གླེང་གཞི་སྟེ། འདི ་མེད་ན་སྟོན་པ་མི་འཐད་པའི་ཕྱིར་རོ། །དེ་ལ་འདི་སྐད་བདག་གིས་ཞེས་པ་དེའི་ཆོས་བསྡུ་བར་བྱ་ཞིང་དེ་བཞིན་དུ་གོ་རིམས་སུ་རྟོགས་པར་བྱས་ནས་ཤེས་བཅོམ་ལྡན་འདས་ཀྱིས་ཆོས་ཡང་དག་པར་སྡུད་པའི་མདོར་གསུངས་ཏེ། དེའི་ཕྱིར་སྡུད་པ་བོས་དེ ་ཁོ་ན་བཞིན་དུ་བསྡུས་སོ། །འདིར་སྡུད་པ་པོ་སུ་ཡིན། མིང་ངེས་པ་འདིས་ཅི་ཞེ་ན། བཅོམ་ལྡན་འདས་ཀྱིས་བཀའ་གནང་བ་ཁོ་ན་དེས་བརྗོད་པའི་ཕྱིར་འདིར་བཅོམ་ལྡན་འདས་ཁོ་ནའི་གསུང་ཡིན་ནོ། །ཡང་འདི་ལ་རྒྱུད་གཏད་བ་ཉིད་ཀྱི་ཕྱིར་ཕྱག་ན་རྡོ་རྗེའོ། ་ཞེས་གསུང་ངོ། །དེ་ལ་བསྡུ་བར་བྱ་བ་ཕྱིན་ཅི་མ་ལོག་པ་རྒྱུད་ཀྱི་དོན་མཛའ་དག་འདི་སྐད་ཅེས་པའི་ཚིག་ཕྲང་འདིས་གསལ་བར་བྱེད་དོ། །དེས་ན་འདི་སྐད་ཀྱི་ཡི་གེ་འདི་ནི་རྒྱུད་ཀྱི་དོན་མཛའ་དག་གི་དོན་དང་ལྡན་པར་རྟོགས་པར་བྱའོ། །རྒྱུད་ཀྱི་དོན ་ཀྱང་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཉིད་ཀྱིས་ཡི་གེ་གཉིས་ཀྱི་ཡན་ལག་གི་ངོ་བོར་གནས་སོ་ཞེས་འཇོམས་སོ། །བདག་གིས་ཞེས་པ་སྡུད་པ་པོ་བདག་གིས་སོ། །ཐོས་པ་ཞེས་པ་ནི་རྣ་བའི་རྣམ་ཤེས་ཀྱི་ཚིག་འབྲུ་དང། ཡིད་ཀྱི་རྣམ་ཤེས་ཀྱི ་དོན་རྟོགས་ཀྱི། འདི་བདག་གི་མངོན་སུམ་དུ་བྱས་པ་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ཁོ་ནས་ཆོས་འདི་ལ་ཐམས་ཅད་རྟོགས་པའི་ཕྱིར་རོ་ཞེས་ཆོས་ལ་གུས་པར་སྟོན་ཏོ། །དེ་ལྟར་སྤྱིར་བསྟན་ནས་ཁྱད་པར་དུ་གླེང་གཞི་དེ་རིམ་གྱིས་སྟོན་པ། དུས་གཅིག་ན་ཞེས་པ་ལ ་སོགས་པ་སྟེ། གཅིག་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དུ་མས་བསྐྲུན་པ་ཚེས་དང་རྒྱུ་སྐར་ལ་སོགས་པས་བཅད་དུ་མེད་པ་བསམ་གྱིས་མི་ཁྱབ་པའི་དུས་ཀྱི་ཁྱད་པར་འགའ་ཞིག་གོ་།དེ་ཡང་འདིར་སྐད་ཅིག་བཞི་པའི་ངོ་བོ་དུས་ཞེས་བཤད་དོ། །དུས་གཅིག་པོ ་དེ་ན་བཅོམ་ལྡན་འདས་བཞུགས་པ་རྣམས་སུ་གྱུར་ཏོ་ཞེས་པ་ཚིག་སྒྱུར་བས་བཞུགས་པར་གྱུར་ཏོ་ཞེས་འབྲེལ་ཏོ། །འདི་ལ་བྷ་ག་ཡོད་དོ་ཞེས་པ་བཅོམ་ལྡན་ཏེ། །དེ་ཡང་དབང་ཕྱུག་ལ་སོགས་པའི་ཡོན་ཏན་རྣམས་སོ། །དེ་གསུངས་པ་དབང་ཕྱུག་གཟུགས་གྲགས་པ ་དང། །དཔལ་དང་ཡེ་ཤེས་བརྩོན་འགྲུས་རྣམས། །ཕུན་སུམ་ཚོགས་པ་དྲུག་རྣམས་ནི། །སྐལ་པ་ཞེས་ནི་བཤད་པ་ཡིན། །ཞེས་སོ། །ཡང་ན་བདུད་བཞི་རྣམས་བཅོམ་པས་ན་བཅོམ་ལྡན་ནོ། །ཡང་ན་ཆོས་ཐམས་ཅད་ངེས་པར་རྟོགས་པ་ཉོན་མོངས་པའི ་བདུད་ལ་སོགས་པ་ངེས་པར་རྟོགས་པ་ཉོན་མོངས་པའི་བདུད་ལ་སོགས་པ་དེས་པར་སེལ་པའི་ཤེས་རབ་ནི་བཅོམ་པ་སྟེ། དེ་འདི་ལ་དེའི་བདག་ཉིད་དུ་ཡོད་དོ་ཞེས་པས་བཅོམ་ལྡན་ནོ། །དེ་རྡོ་རྗེ་རྩེ་མོའི་རྒྱུད་དུ་གསུངས་པ། ཤེས་རབ་གཞོམ་བྱ་ཉོན་མོངས ་ཏེ། །དེ་ཕྱིར་ཤེས་རབ་བཅོམ་པར་བརྗོད་ཅེས་སོ། །དེ་བཞིན་གཤེགས་པ་ཡང་དེ་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དེ། མི་བསྐྱོད་པ་ལ་སོགས་པ་རྣམས་ཏེ། དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྣམས་སོ། །རྡོ ་རྗེ་ནི་སྟོང་པ་ཉིད་དོ། །དེའི་ངོ་བོ་ཆེན་པོ་སྟེ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དག་ཨ་ལཾ་སྟེ། །ཤིན་དུ་བླ་ན་མེད་པར་བྱེད་པ་སྟེ། བྱ་བ་དང་བྱ་བ་ལས་གང་གི་ཡིན་པ་དེ་རྒྱན་ཆེན་པོ་སྟེ། རྡོ་རྗེ་སྙེམས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག ་ཉིད་དོ། །དེའི་དཀྱིལ་སྙིང་པོ་བྱང་ཆུབ་ཀྱི་སེམས་ལེན་ཅིང་འཛིན་པས་ན་དཀྱིལ་འཁོར་ནི་ཆོས་འབྱུང་ངོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྣམས་ཀྱང་དེ་ཡིན་ལ། རྡོ་རྗེ་རྒྱན་ཆེན་པོའི་དཀྱིལ་འཁོར་ཡང་ཡིན ་པའོ། །འདིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོ་ཉིད་ཀྱང་དེ་དང་རོ་གཅིག་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཡང་གྲུ་གསུམ་སྟེ་དེའི་དབུས་སུའོ། །འདིར་གཞལ་ཡས་ཁང་མ་གསུངས་པ་ཉིད་ན་ཡང ་ཆོས་འབྱུང་གི་དབུས་ན་གནས་པའི་གཞལ་ཡས་ཁང་དུ་ཞེས་དོན་གྱིས་རྟོགས་པར་བྱ་སྟེ། དཔེར་ན་གྲོང་ཁྱེར་ན་ཕྱུག་པོ་གནས་སོ་ཞེས་པ་གྲོང་ཁྱེར་ན་གནས་པའི་ཁང་བཟངས་ན་ཞེས་དོན་གྱིས་འགྱུར་བ་བཞིན་ནོ། །དེ་ལྟར་མ་གསུངས་པ་ནི་བདེ་བ་ཆེན་པོའི ་ས་གཞི་གཙོ་བོར་ཉེ་བར་བསྟན་པའི་དོན་དུ་སྟེ་།གཞལ་ཡས་ཁང་ཡང་དེ་དང་རོ་གཅིག་པ་ཁོ་ནས་སོ། །ཡང་ན་རྡོ་རྗེ་ནི་སྟོང་པ་ཉིད་ཆོས་འབྱུང་སྟེ། དེར་རྒྱན་ཆེན་པོའི་དཀྱིལ་འཁོར་ནི་གཞལ་ཡས་ཁང་དེའི་དབུས་སུའོ། །དེ་ལྟར་འགྱུར་པའི་གནས་སུ ་བཅོམ་ལྡན་འདས་བཞུགས་པར་ཉེ་བར་བསྟན་པས་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ལྷན་ཅིག་སྐྱེས་པའི་སྐུ་གསལ་བར་རིག་པ་བྱས་ལ་སྐུ་དེ་ཁོ་ནས་རྒྱུད་སྟོན་པ་ཡང་དེ་དང་རོ་གཅིག་པར་བསྟན་ཏོ། །དེ་ལྟར་དུས་དང་ཡུལ་དང་སྟོན་པ་པོ་ཕུན་སུམ ་ཚོགས་པ་བརྗོད་ནས་འཁོར་ཕུན་སུམ་ཚོགས་པ་གསུངས་པ། ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། མི་བསྐྱོད་པ་ལ་སོགས་དེ་བཞིན་གཤེགས་པ་རྣམས་དང། སྣ་ཚོགས་སྡེ་མ་ལ་སོགས་པ་རྣལ་འབྱོར་མ་རྣམས་དང་འཕགས་པ་ཀུན་དགའ་ ་བོ་ལ་སོགས་པ་རྣམས་དང་ཡང་བཞུགས་སོ། །འདོད་ཆགས་དང་བྲལ་བ་གཟུང་བ་ནི་ཉན་ཐོས་ཀྱི་ཐེག་པ་ཅན་ཉེ་བར་མཚོན་པ་ཉིད་ཀྱི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་བ་རྣམས་ཀྱང་རྡོ་རྗེ་ཐེག་པ་ཁོ་ནས་བདེ་བ་ཆེན་པོའི་རང་བཞིན་རྫོགས་པའི ་བྱང་ཆུབ་འགྲུབ་པོ་ཞེས་ཤེས་པའི་དོན་དུའོ། །འཇིག་རྟེན་དབང་ཕྱུག་ལ་སོགས་པ་རྣམས་ཀྱང་དེར་འདུས་པར་གྱུར་ཏོ། །གླེང་གཞིའི་དག་འདི་ཡང་ཇི་ལྟར་སྲིད་བ་ལྟར་ཁོ་བོས་རྒྱས་པ་དང་བཅས་པར་དཔལ་ཡང་དག་པར་སྦྱོར་བའི་རྒྱ་ཆེ་འགྲེལ་དུ་བཤད་ཟིན ་བས་བློ་བཟང་རྣམས་ཀྱིས་ངེས་པར་བྱའོ། །གླེང་གཞི་དང་རྗེས་སུ་མཐུན་པར་བཅོམ་ལྡན་འདས་ཀྱིས་བསྟན་པ་སྡུད་པ་པོས་དེ་ནས་ཞེས་པ་ལ་སོགས་པས་སྐབས་ཕྱེད་དོ། །རྡོ་རྗེ་སྟོང་པ་ཉིད་ཀྱི་རང་གི་ངོ་བོའི་ཡེ་ཤེས་ལྔ་རྣམས་འཛིན་ནོ་ཞེས་པས ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ལྷན་ཅིག་སྐྱེས་པ་བདེ་བ་ཆེན་པོའི་རང་བཞིན་རྡོ་རྗེ་འཛིན་པའོ། །ཕྱག་རྒྱ་ཆེན་པོ་བདེ་བ་ཆེན་པོ་དང་རོ་གཅིག་པ་འགྲོ་བ་ལ་ཕན་པ་བྱེད་པ་སྟོང་པ་ཉིད་དེ་ཁོ་ན་རྡོ་རྗེ་སྟེ། སྒྲིབ་པ་ཐམས་ཅད་འབྱེད་བའི་ཕྱིར་རོ། ། ་གནས་ཀྱང་སྟེ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་གཞིའོ། །དེ་ཁོ་ན་སྔགས་དང་རྒྱུད་རྣམས་ཀྱི་ཚད་མས་འཐད་པ་ཉིད་ཀྱི་ཕྱིར་མཆོག་ཏུ་ཉེ་བར་བསྟན་པ་ཉིད་ཀྱིས་ན་ལེགས་པར་བསྟན་ཏོ། །དེས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟེ་རྣམ ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱི་བདག་པོས་ཞེས་པ་བདག་པོ་སྟེ། བདག་པོ་ཉིད་ཀྱིས་ན་འདི་སྟོན་པ་པོ་བླ་ན་མེད་པའོ་ཞེས་གསལ་པར་བྱེད་དོ། །རྡོ་རྗེ་ནི་བདག་ཉིད་ཀྱི་སྡེ་པདྨ་ནི་སྡེ་མའི་འོ། །དེ་དག་ཡང་དག་པར་སྦྱོར་བས་སོ། །བཙུན་མོ་ནི་སྣ་ཚོགས་སྟེ ་མ་སྡེ། དེའི་བྷ་ག་ནི་ཆོས་འབྱུང་ངོ། །ནང་དུ་ནི་རྡོ་རྗེ་བྱང་ཆུབ་ཀྱི་སེམས་དང། པདྨ་སྤྱི་བོས་ལ་སོགས་པ་རྣམས་ཏེ། དེ་རྣམས་ཁོ་ན་བཙུན་མོའི་སྟེ། ཨ་བ་དྷཱུ་ཏུའིའི་བྷ་ག་རྣམས། །ཡོངས་སུ་མྱ་ངན་ལས་འདས་བ་སྟེ་བྱང་ཆུབ་སེམས་ཀྱི་ངོ་བོ་ཞུ་བར་གྱུར ་ཞེས་པའི་དོན་ཏོ། །དོན་དམ་པར་ནི་བཙུན་མོ་ནི་ཤེས་རབ་སྟེ། སྣ་ཚོགས་སྔ་མ་མིང་གཞན་ཀུན་ཏུ་བཟང་མོའོ། །དེའི་བྷ་ག་ནི་སྟོང་པ་ཉིད་དོ། །མང་པོས་ཚིགས་ནི་སྣ་ཚོགས་སྡེ་མ་ནི་བཙུན་མོ་ཐམས་ཅད་བསྡུས་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེར་བཅོམ་ལྡན ་འདས་ཕྱག་རྒྱ་ཆེན་པོ་རྡོ་རྗེའི་གནས་ཀྱི་ཤེས་རབ་ཀྱིས་སྲིད་པ་ལ་མི་གནས་ཤིང་སྙིང་རྗེས་ཞི་བ་ལ་མི་གནས་པའོ། །ཞེས་པ་མི་གནས་པའི་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་འདས་ཏེ་།དེའི་བདག་ཉིད་དུ་གྱུར་ནས་རོ ་གཅིག་པའི་རང་བཞིན་གྱིས་ཐ་དད་མཛའ་དག་གིས་མ་རེག་པ་ལས་འཁོར་བའི་བར་དུ། དཔག་ཏུ་མེད་པའི་དེ་བཞིན་གཤེགས་པ་དང། བྱང་ཆུབ་སེམས་དཔའ་དང། རྣལ་འབྱོར་མ་དང། འདོད་ཆགས་དང་བྲལ་བ་དང། ཕྱག་རྒྱ་དང། དཀྱིལ་འཁོར་དང། ་སྔགས་བྱེ་བ་ཕྲག་བརྒྱད་ཅུ་པོ་རྣམས་དང་ལྷན་ཅིག་རྣམས་པར་རྟོག་པར་མེད་པར་གྱུར་ཀྱང་སྔོན་གྱི་འཕེན་པའི་ལས་སེམས་ཅན་ཐམས་ཅད་ལ་ཅི་བྱ་བའི་ཚུལ་གྱིས་གཞུགས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་ཡང་མཆོག་ཏུ་ཟབ་པའི་ཆོས་འདི་བདག་གི་རྟོགས ་ཀྱི་སེམས་ཅན་རྣམས་ཀྱང་ཕལ་ཆེར་བསོད་ནམས་ཞན་པ། ཤེས་རབ་ངན་པ་ཐེག་པ་དམན་པ་ལ་མོས་པ་རྣམས་ཏེ། དེས་ན་སུ་ཞིག་འདི་ལ་མོས་པར་འགྱུར་ཞེས་གདུལ་བྱ་རྣོན་པོ་རྣམས་གུས་པས་རིངས་པའི་དོན་དུ་མྱ་ངན་ལས་འདས་ཏེ། ཁོང་དུ ་ཆུད་པའི་ཆོས་སྟོན་པ་ལ་བྱ་བ་མེད་ཅིང་མི་སྤྲོ་བའོ་ཞེས་པའི་དོན་ཏོ། །དེ་ཞེས་པ་སྲིད་པ་དང་ཞི་བ་ལ་མི་གནས་པ་དང་མི་སྤྲོ་བའོ། །མཆོག་ཏུ་བརྩེ་བ་དང་ཤེས་རབ་དང་ལྡན་པས་ཅི་བྱ་བའི་ཚུལ་གྱིས་བཞུགས་པ་ཇི་ལྟར་མི་སྤྲོ་བ་ཞེས་རྨད་དུ་གྱུར་པ ་ཐོབ་པའོ། །སྣ་ཚོགས་སྡེ་མ་ལ་ཞེས་པ། སྣ་ཚོགས་ཏེ་རྣམ་པ་སྣ་ཚོགས་པ་དང་རྨད་དུ་བྱུང་བའི་སྡེ་སྟེ་བདེ་བ་ཆེན་པོ་གང་གི་ཡིན་པ་དེ་ལའོ། །རྣལ་འབྱོར་མ་ཞེས་པ་ཤེས་རབ་དང་ཐབས་དང་སྙོམས་འཇུག་པ། རྣལ་འབྱོར་ཞེས་པར་མངོན་པར ་བརྗོད། །ད་འདི་ལ་ཤིན་ཏུ་ཡོད་པའོ། །དེ་ཉིད་ཀྱི་ཕྱིར་དྲིས་པ་ལན་གདབ་པ་ལ་ནུས་པའི་ཞེས་འདྲིའོ། །གང་གིས་སེམས་ཅན་རྣམས་ནུས་པ་རང་དང་གཞན་ལ་ཕན་པ་རྫོགས་པར་བྱེད་ཡོད་པ་འཐོབ་པའི་ཐབས་འགའ་ཞིག་ཡོད་དམ། རྒྱུད་ལ་སོགས་པ་རྣམས ་སུ་སྔགས་ཀྱི་ཐབས་བསྟན་པ་ལ་དགོས་པ་འདི་ག་ལས་ཞེ་ན་གསུངས་པ་སྟེ། འདིར་བསྡུས་པའི་དོན་ནི། གང་རྒྱུད་ལ་སོགས་པ་ཐུབ་པའི་དབང་པོ་རྣམས་ཀྱིས་གསུངས་པ་དེ་རྣམས་ལ། སྔགས་མེད་ན་ནུས་པ་མ་མཐོང་ཞིང། སྔགས་ལ་ནི་དགོས་པ་མང་པོ་རྣམས ་སྐྱེ་སྟེ། དེ་ལྟར་ནི་ཆུང་ངུ་དང་འབྲིང་དང་ཆེ་བའི་བསོད་ནམས་ཀྱི་སེམས་ཅན་རྣམས་ཀྱི་རིམ་པ་ཇི་ལྟ་བར་བྱེ་བ་དང་འབུམ་དང། ཁྲི་འདས་པ་རྣམས་ཀྱིས་འགྲུབ་པར་རྡོ་རྗེ་ཅན་ཆེན་པོས་གསུངས་ན། ང་ཡང་ཅི་ཆུར་དུ་ལ་སོགས་པའི་ནང་དུ་གཏོགས་གནས ་མ་ཡིན་ཞེས་ཐེ་ཚོམ་དང་ལྡན་པ་ནི་སེམས་ཞན་པས་ཅི་ལྟར་སྔགས་ཟློས། །འདོད་ཆགས་ལ་སོགས་པས་ཉེ་བར་བཅོམ་པ་ལོག་པའི་ཤེས་པ་ཅན་རྣམས། །ཇི་ལྟར་འདོད་ཆགས་ལ་བཞུགས་པ་དེ་ལས་སྔགས་ཟློས། །འདོད་ཆགས་ལ་ཞུགས་པའི་སེམས་ཅན ་རྣམས་ཞེས་ཀློག་པ་ལ་ནི་དེ་རྣམས་ཀྱི་ཞེས་བརྟག་པར་བྱའོ། །མི་ཤེས་པ་རྣམས་ཀྱི་རྒྱུད་དང་སྔགས་ཟློས་པ་ལ་བརྩིས་བགྲང་བ་སྲིད་ཀྱང་ཇི་ལྟར་ཉོན་མོངས་པ་ཅན་གྱི་སེམས་གྱིས་ཡིན། ཡང་དག་པའི་ཤེས་པ་ཅན་གྱི་ཡང་ཤིན་ཏུ་སྟེ། དངོས་པོ་དང་དངོས་པོ་ཡང ་པའི་མཐར་སེམས་དམིགས་པ་ནི་གང་གིས་ངེས་པར་བཏགས་པ་སྟེ། ནིཥཐའི་མཛའ་ཅན་ནི་འགའ་ཞིག་ཏུ་ཕ་རོལ་ཚིག་ཕྲད་དོ། །དེའི་སྔགས་ནི་ཇི་ལྟར་རྩགས་ཏེ་སྔགས་སུ་བྱ་བ་བཟླས་བྱ་ཡིན་ཏེ། སེམས་རྟོག་པ་དེ་ལས་ཡིད་ཀྱི་ངོ་བོ་ཡིད་དང་སྐྱོབ་པའི ་ངོ་བོ་སྐྱོབ་པ་སྟེ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་དོན་དམ་པའི་སྔགས་ཡིན་ཅིང་དེ་ཁོ་ན་ལས་རང་དང་གཞན་གྱི་དོན་ནུས་པའི་དངོས་གྲུབ་ཡིན་ན་སྔགས་བཟླས་པས་ཅི་ཞིག་ཅེས་པ་དགོངས་པའོ། །ཐམས་ཅད་དུ་ཇི་ལྟར་ཞེས་པ་དྲི་པ་ལའོ། །དེ་ལྟར་ཞེས་པ ་བརྗོད་པའི་རིམས་པས། རྟོག་དཔྱོད་དང་ལྡན་པས་མི་བཟླས་ཏེ། དེ་ལ་ཡང་ཟློས་པ་ཡོད་ན་ཡང་དངོས་གྲུབ་གཞན་དུ་དངོས་གྲུབ་མ་ཡིན་པའོ། །བསྐལ་པ་སྐར་མ་ལྟ་བུ་བྱེ་བ་ཞེས་པ་གསུམ་པའི་དོན་ལ་དང་པོའོ། །ནམ་མཁའ་ལ་སྐར་མ་དཔག་ཏུ་མེད ་པ་བཞིན་དུ་དཔག་ཏུ་མེད་པའི་བསྐལ་པ་བྱེ་བས་སོ། །དེ་ལྟར་ཞེས་པ་ཇི་ལྟར་དགོས་པ་ལ་བཟླས་པ་མི་སྲིད་པ་དེ་ལྟར་དོན་ལ་ཐེ་ཚོམ་ཟ་བ་ལ་སོགས་པས་ངེས་འགའ་བཟླས་པ་ཡོད་ན་ཡང་དངོས་གྲུབ་ཀྱང་ངོ། །བཅོམ་ལྡན་འདས་ཞེས་པ ་བཅོམ་ལྡན་འདས་ཀྱིའོ། །ལྷ་མོ་ཆེན་མོ་ནི་བཙུན་མོ་མཆོག་གོ་།དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་བཞིན་དུ་རྒྱུད་ཐམས་ཅད་བདག་མོ་སྟེ་རྒྱུད་ཐམས་ཅད་སྟོན་པར་རུང་བ་ཉིད་ཀྱིས་སོ་དེ་ལྟར་ནི་འདིས་རྡོ་རྗེ་ཕག་མོའི་གཟུགས་ཀྱིས་འབུམ་པ་མངོན་པར་བརྗོད ་པ་དང། རྡོ་རྗེ་མཁའ་འགྲོའི་རྒྱུད་དག་བསྟན་ཞེས་གསུངས་པ་སྟེ། བཅོམ་ལྡན་འདས་ཁོ་ན་འདིའོ་ཞེས་པ་ནི་དགོས་པའོ། །དབང་ཕྱུག་མ་ནི་ཐམས་ཅད་དུ་ཐོག་པ་མེད་ཅིང་བསམ་གྱིས་མི་ཁྱབ་པའི་ནུས་པ་དང་ལྡན་པའི་ཕྱིར་རོ། །གཟིགས་པ་ཙམ་གྱིས ་བཅོམ་ལྡན་འདས་ཞེས་པ་བཅོམ་ལྡན་འདས་ཀྱིའོ། །ཐོད་པར་ཞེས་པ་ཐོད་པ་ལས་ཏེ། ཀཾ་བདེ་བ་སྐྱོང་བར་བྱེད་ཅེས་པ་ཀ་པཱ་ལ་བྱང་ཆུབ་ཀྱི་ས་བོན་ན་གཞོམ་དུ་མེད་པའོ། །དེ་ལས་སྔགས་ཕྱུང་ངོ། །འདི་ནི་འདིར་དགོངས་པ་སྟེ་སྨིན་མའི་དབུས་སུ་ཡེ་ཤེས ་ཀྱི་ས་བོན་ཐིག་ལེའི་རྣམ་པར་བསྒོམ་པར་བྱའོ་ཞེས་གསུངས་པའི་ཕྱིར། སྨིན་མའི་དབུས་སུ་ཐིག་ལེའི་རྣམ་པར་སེམས་བསྒོམ་པས་བརྟན་པར་བྱས་ནས་སྔགས་སྤྲོ་བར་བྱའོ་ཞེས་པའོ། །ཡང་ན་བཅོམ་ལྡན་འདས་དང་འབྲེལ་པའི་ཐོད་བ་ལས་ཏེ ་སྣ་ཚོགས་སྡེ་མའི་ཆོས་འབྱུང་ལས་སོ། །གང་གསུངས་པར་འགྱུར་བ་དེའི་ཐོད་པར་དཀྱིལ་འཁོར་དང་སྔགས་དང་རྒྱུད་ལེགས་པར་རྣམ་པར་གནས་སོ་ཞེས་སོ། །འདི་ནི་འདིར་མན་ངག་སྟེ། བཅོམ་ལྡན་འདས་ཀྱི་བདེ་བ་ཆེན་པོའི་འཁོར་ལོའི་གནས ་གཞོམ་དུ་མེད་པ་ལས་འོངས་ཏེ། འོག་གི་ལམ་ནས་བྱུང་ནས་བཅོམ་ལྡན་འདས་མའི་ཆོས་འབྱུང་དུ་ཞུགས་ཏེ། ཨ་ཝ་དྷཱུ་ཏིའི་སྒོ་སྨིན་མཚམས་ཀྱི་དཀྱིལ་ནས་སྔགས་བྱུང་བ་ནི་ལྟགས་འབྱུང་ཡིན་ཅིང་ལུགས་མི་མཐུན་གྱིས་འཇུག་པའོ་། ་དོན་འདི་ཉིད་ནི་འདི་ལྟར་ཞེས་པ་ལ་སོགས་པ་ནས་ཐོད་པར་ཞུགས་སོ་ཞེས་པའི་མཐར་ཐུག་པ་གསལ་བར་མཛད་དོ། །བཅོམ་ལྡན་ཞེས་པ་བཅོམ་ནས་སོ། །སྣ་ཚོགས་སྡེ་མའི་འདིར་བཅོམ་ལྡན་འདས་མ་སྣ་ཚོགས་སྡེ་མའི་རྩ་ཨ་ཝ་བྷཱུ་ཏཱིའི་སྟེ། དེའི་སྒོ་སྨིན ་མཚམས་ཀྱི་དབུས་སུ་ཞུགས་ཤིང་བྱང་ཆུབ་ཀྱི་སེམས་དང་ལྷན་ཅིག་ཞུ་བར་གྱུར་ནས་འོག་གི་ཐོད་པ་ཆོས་འབྱུང་གི་ནང་དུ་ཞུགས་སོ། །དེ་ནས་བྱུང་ནས་བཅོམ་ལྡན་དས་ཀྱི་རྡོ་རྗེའི་ལམ་གྱི་སྟེང་ན། ཨ་ནཱ་ཧཱ་ལ་རིམ་པ་ལས་ཟློག་པས་ཞུགས་པའོ་། ་འདིའི་ཞེས་པ་འདིའིའོ། །ཀླུ་རྣམས་ཞེས་པ་ཀླུ་རྣམས་སོ། །ཀླུ་ཐམས་ཅད་ནི་རྫུ་འཕྲུལ་ཆེན་པོ་ཞེས་པ་དང་འབྲེལ་ཏོ། །ནོར་རྒྱས་དང་སྟོབས་རྒྱུ་ལ་སོགས་དང་གཞན་ཡང་གང་སུ་ཡང་རུང་པ་དུག་འབྱུང་བ་རྣམས་ཏེ། མཐོད་པ་དང་མཆེ་བ་དང་ཁ་ཆུ ་དང། རེག་པ་དང། འོད་ཟེར་དང། ཟ་འཕྲོའི་དུག་རྣམས་ལས་འབྱུང་བའོ། །བཀའ་བསྒོ་བ་ནི་ཀྱེ་ལྷ་མོ་བདག་ཅག་ལའོ། །སྨྲ་བ་ནི་སྨྲ་བ་རྣམས་སོ། །གསུངས་པ་ནི་སྣ་ཚོགས་སྡེ་མས་སོ། །དེ་ལྟར་ཞེས་པ་སངས་རྒྱས་ཞེས་པ་ལ་སོགས་པ་ཐོད་པའི་དེ་མ ་ཐག་ཁོ་ནར་རོ་བཅོམ་ལྡན་འདས་ཀྱི་ཐོད་པ་ནི་བཤད་ཟིན་ཏོ། །ཁ་ཕྱེ་ནས་ཏེ་རྣམ་པར་གསལ་ལ་བར་གྱུར་ནས་སོ། །སྨིན་མཚམས་ནི་གནས་པའི་ཐིག་ལེ་ལས་ཨཱ་ལི་ཀཱ་ལིའི་རང་བཞིན་ཉིད་ཀྱི་ཕྱིར། གླེགས་བམ་ཆོས་ཐམས་ཅད་བསྡུས་པའི་རང་བཞིན ་བྲིས་པའི་འདབ་མའི་བདག་ཉིད་སྔགས་བཞིན་དུ་བྱུང་ངོ། །ཡང་ན་བུ་ཞེས་པུལླི་ར་མ་ལ་ཡ་ར་སྟེ་ཞེས་པ་རྒྱས་པར་བྱེད་དེ་ཀི་བདེ་བའོ། །ཞེས་པ་བུ་སྟ་ཀ་བྱང་ཆུབ་ཀྱི་སེམས་སོ། །དེ་ཁོ་ན་བྲིས་པའི་འདབ་མའི་བདག་ཉིད་དུ་གླེགས་བམ་དུ་འགྱུར་རོ་ཞེས་པའི ་དོན་ཏོ། །ནམ་མཁའ་ཞེས་པ་བཟླས་ནས་བཤད་པ་ལས་སོ། །ནམ་མཁའ་ལས་ཏེ་ཆོས་འབྱུང་དུ་རྡོ་རྗེ་པདྨ་ཡང་དག་པར་སྦྱང་པའི་དུས་ན་གང་གི་ཚེ་སྒྲ་ཙམ་བྱུང་བ་དེའི་ཚེ་གླེགས་བམ་བྱུང་བའོ། །དེའི་ཚེ་ཁོ་ན་ལྷ་རྣམས་ཀྱིས་ནམ་མཁའ་ལས་སྒྲ་བྱེད ་བཞིན་པ་བྱུང་བའོ། །རྒྱུད་ཅེས་པ་ལ་རྒྱུད་ནི་རྒྱུན་ཏེ། དེ་ཡང་རྣམ་པ་གསུམ་སྟེ་རྒྱུ་དང་འབྲས་བུ་དང། ཐབས་ཀྱི་དབྱེ་བ་ལས་སོ། །དེ་ལ་ཐོག་མ་དང་ཐ་མ་མེད་པའི་ཧེ་རུ་ཀའི་བདག་ཉིད་ནི་རྒྱུའི་རྒྱུད་དེ། དེ་ཁོ་ན་རྒྱུར་བྱས་ནས་འབྲས་བུའི ་ཧེ་རུ་ཀ་འབྱུང་བའི་ཕྱིར་རོ། །བློ་བུར་གྱི་དྲི་མ་དང་བྲལ་བ་ལས་འགྲོ་བ་མ་ལུས་པའི་དོན་བྱེད་པའི་ངང་ཅན་འབྲས་བུའི་ཧེ་རུ་ཀ་ནི་འབྲས་བུའི་རྒྱུད་དོ། །དེ་ཁོ་ནའི་རྣམ་པར་དག་པའི་ཐབས་ནི་ཐབས་ཀྱི་རྒྱུད་དེ། མཁའ་ལྡིང་གི་སྦྱོར་བ་ལ་སོགས་པ་རྣམས་ནི་ཐབས་ཀྱི ་ཡན་ལག་ཉིད་ཀྱིས་ཐབས་རྣམས་སོ། །དངོས་སུ་པའི་ཐབས་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དུས་སུ་ཕྱག་རྒྱའི་རྣལ་འབྱོར་ལས་ཇི་སྐད་བཤད་པར་སྒྲུབ་པ་དང་དེའི་ཡང་དངོས་སུ་པའི་ཐབས་ནི་རྫོགས་པའི་རིམ་པ ་སྟེ་དེའི་བསྐྱེད་པའི་རིམ་པའོ། །རྒྱལ་པོ་ཆེན་པོ་ཞེས་པ་ཆེན་པོ་སྟེ། རང་བཞིན་གྱི་དོན་ཕུན་སུམ་ཚོགས་པ་སྒྲུབ་པས་སེམས་ཅན་ཁ་སྒྱུར་བའི་ཕྱིར་རོ། །འདིའི་རྒྱས་པར་བཤད་པ་ནི་སེམས་ཅན་ཀུན་ལ་ཕན་བྱེད་པ་ཞེས་པའོ། །རབ་ཏུ་རྒྱས་པར ་བཤད་པ་ནི་སེམས་ཅན་ཀུན་ལ་བདེ་འབབ་པ་ཞེས་པའོ། །དངོས་གྲུབ་ཐམས་ཅད་ཅེས་པ། གང་གི་ཕྱིར་འདི་ལས་དངོས་གྲུབ་ཐམས་ཅད་ཡིན་བའོ། །རྣལ་འབྱོར་མའི་ཐེག་པ་ཞེས་པ་རྣལ་འབྱོར་མའི་རྒྱུད་དེ། དེར་འགྲོ་བ་དང་འདིས་འགྲོ་བ་ཞེས ་པ་འབྲས་བུ་དང་རྒྱུད་དང་ཐབས་ཀྱི་རང་བཞིན་ནོ། །གོང་ན་མེད་ཅེས་པའི་རྒྱས་པར་བཤད་པ། མྱུར་དུ་འབྲས་བུ་སྟེར་བྱེད་པའོ་ཞེས་པའོ། །དེ་ལ་དངོས་སུ་པའི་ཐབས་ཉིད་ཀྱིས་ན་རྫོགས་པའི་རིམ་པར་ཞིག་མདོར་སྟོན་ཏེ། སྤར་བ་ཞེས་པ་ལ ་སོགས་པའོ། །སྤར་བ་ནི་བཟང་སྟོད་པ་སྟེ་རྡོ་རྗེའོ། །ནང་དུ་ནི་བྱང་ཆུབ་ཀྱི་སེམས་སོ། །མནན་པ་ནི་རྟེན་ཉིད་ཀྱི་ཕྱིར་པདྨའོ། །དེ་ལས་སྐྱེས་པ་ནི་ཆོས་ཐམས་ཅད་ཀྱི་རྩ་བ་ཉིད་ཀྱིས་ན་ཡེ་ཤེས་ཆེན་པོའོ། །སྒྲིབ་པ་མེད་པའི་བདེ་བ་ཆེན་པོ་ཉིད་ཀྱིས ་ན་བླ་ན་མེད་པའོ། །གནས་ཞེས་པ་གོ་འཕང་སྟེ། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་གཞིའོ། །ཡང་ན་གནས་ནི་རྩ་རྣམས་སུ་རྒྱུ་བ་སྤངས་པའོ། །རྙེད་དཀའ་བ་ནི་ལེ་ལོ་ལ་སོགས་པས་ཉེ་བར་བཅོམ་པ་རྣམས་ལའོ། །གསང་བ་ནི་ཉན་ཐོས་ལ་སོགས ་པ་རྣམས་ལ་གསལ་བྱ་མིན་པའོ། །དེ་ཉིད་ཀྱི་ཕྱིར་མཆོག་ཕུལ་དུ་བྱུང་བ་སྟེ། ཤེས་རབ་རྣོ་ཞིབ་བསོད་ནམས་གསགས་པ་རྣམས་ཁོ་ནའི་ཡུལ་འདི་ཉིད་ཀྱི་ཕྱིར་རོ། །ཉམས་དགའ་བ་ནི་དགའ་བ་ལ་སོགས་པ་དང་ལྡན་པའོ། །ལུས་ཀུན་ལ་ནི་རྣམ་པར་གནས།། ་ཤེས་པ་ཐམས་ཅད་དུ་རྒྱུན་མ་ཆད་པར་ཉམས་སུ་མྱོང་བའི་ཕྱིར་བདེ་བ་ཆེན་པོ་ཡོངས་སུ་རྒྱས་པ་ཉིད་དུ་གསུངས་སོ། །ལུས་ཁོ་ན་དང། དེ་རོ་གཅིག་པར་འབྱུང་བའི་ཕྱིར་རླབས་དང་ཆུ་བཞིན་ནོ། །དེ་ལྟར་དངོས་པོ་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཉིད་དུ ་དཀྱིལ་འཁོར་བ་དང་བཅས་པའི་དཀྱིལ་འཁོར་གྱི་དབང་པོ་བསྟན་ཏོ། །ཐབས་ཀྱི་ཡན་ལག་མདོར་སྟོན་ཏེ། མཁའ་ལྡིང་སྦྱོར་དང་ཞེས་པ་ལ་སོགས་པ་གསོད་པའི་བར་ལས་བཅུ་གཉིས་རྣམས་སོ། །བསྐྱེད་པའི་རིམ་པ་མདོར་སྟོན་པ། སྔགས་སྣ ་ཚོགས་ཞེས་པ་ཧཱུཾ་ཡིག་ལ་སོགས་སྐྱེས་པའི་ས་བོན་ནོ། །ཇི་ལྟར་རིགས་པ་ནི་འཆད་པར་འགྱུར་བའི་ལེའུར་བཤད་པའི་ཆོ་ག་ཡིས་སོ། །རྣལ་འབྱོར་མ་རྣམས་ཀྱི་སྣ་ཚོགས་སྡེ་མ་ལ་སོགས་ཀྱིའོ། །ཇི་བཞིན་འབྱུང་བ་ནི་ཇི་ལྟར་རིགས་པར་སྐྱེད་པའོ། །ཧེ ་རུ་ཀ་ཞེས་པ་དཔའ་བོ་ཆེན་པོ་ཧེ་རུ་ཀ་?ཱོ། །སྐྱེད་པའི་རྒྱུ་ནི་ཟླ་བ་ལ་སོགས་པའོ། །གནས་པའི་རྒྱུ་ནི་ཆོས་འབྱུང་ལ་སོགས་པའོ། །བསྐྱེད་པའི་རིམ་པ་འདི་དང་པོར་བསྒོམ་པར་བྱའོ། །ཐེག་པ་ཆེན་པོའི་གསང་སྔགས་འདིར་ལས་དང་པོའི ་སེམས་ཅན?་རྣམས་དང་པོར་གཞུག་པའི?་ཆེད་དུ་ལྷའི་སྐུ་སྒོམ་པ་ཁོ་ན་གསུངས་ཏེ། གང་གསུངས་པ། དང་པོའི་ལས་ཅན་སེམས་ཅན་ལ། ཨོ།ལྷ་ཉིད་ཀྱི་ནི་སྐུ་སྒོམ་པ། །ཐོག་མར་རྒྱུད་དུ་ལས་ཐམས་ཅད། །འགྲུབ་པའི་ཆེད་དུ་ངེས་པར་བསྟན། །ཞེས་སོ།། ་སྐྱེད་པའི་རིམ་པའི་དངོས་སུ་པའི་ཐབས་ལས་བྱུང་བ་རྫོགས་པའི་རིམ་པའོ་ཞེས་པས་གང་གང་འདྲ་བའི་བསྐྱེད་པའི་རིམ་པ་ཐབས་ཡིན་ཞེས་པ་རྟོགས་པའི་དོན་དུ་བསྐྱེད་པའི་རིམ་པ་མདོར་བསྟན་པའི་དེ་མ་ཐག་ཏུ་རིམ་པ་གཉིས ་ཀྱི་ཁྱད་པར་གསུངས་པ་དངོས་པོ་ཞེས་པ་ལ་སོགས་པའོ། །དངོས་པོ་དང་དངོས་པོ་མེད་པ་དག་ཏུ་སྒྲོ་བཏགས་པ་གནོད་པ་མཛའ་དག་གི་ཁྱབ་པར་བྱེད་པ་དག་མེད་པའི་ཕྱིར་དངོས་དང་དངོས་མེད་སྤྲོས་མེད་པའོ། །སྒྲིབ་པ་གཉིས་ཀྱི་ཆ་མེད་པའི་ཕྱིར་གོས་པ་མེད ་པའོ། །འོ་ན་གཞན་གྱི་དོན་བྱ་བ་མ་ཡིན་ཏེ། ཉན་ཐོས་ཀྱི་མྱ་ངན་ལས་འདས་པ་བཞིན་ནོ། །ཞེས་ན་གསུངས་པ། སྲིད་པར་སྤྱོད་བྱེད་ཅེས་པ་སྟེ། སྒྲིབ་པ་མེད་གང་གཞན་གྱི་དོན་དུ་སྙིང་རྗེ་ཆེན་པོས་མུ་མཛའ་མེད་པའི་དུས་སུ་འཁོར་བར་འབྱུང་བའི ་ཕྱིར་རོ། །དེ་མཆོག་གི་དང་པོའི་རྒྱུད་དུ་གསུངས་པ། དཔའ་བོ་མཆོག་རྣམས་ཇི་སྲིད་དུ། འཁོར་བའི་གནས་སུ་གནས་གྱུར་པ། །དེ་སྲིད་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱ་བར་ནུས་ཞེས་སོ། །སླར་ཡང་ཐབས་ཀྱི་ཡན་ལག ་གསུངས་པ། དགོངས་པའི་སྐད་ཅེས་པ་ལ་སོགས་པའོ། །གཟུགས་བརྙན་དགས་པ་ལ་སོགས་པ་རལ་གྲིའི་མཐར་ཐུག་པ་ནི་ལས་བཅུ་གཉིས་རྣམས་སྔར་དང་ཕྱི་མའི་ལས་བཤད་པས་སོ། །བསྐྱེད་པའི་རིམ་པ་ལ་གནས་པ་དང་རྫོགས་པའི ་རིམ་པ་ལ་གནས་པའི་སངས་རྒྱས་ཐོད་པའི་སྦྱོར་བ་ཡིས་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །ཞེས་གསལ་བར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་གསོད་པ་དང་རོ་དག་ལ་ཉེ་བར་མཚན་པ་ཉིད་ཀྱིས་གཉིས་ཀ་ལ་ཉེ་བར་ལེན་པའོ། །མི་སྣང་བ་ཞེས་པ ་བདག་ཉིད་དོ། །མཆོག་མིན་ཞེས་པ་ཕུལ་བྱུང་མ་ཡིན་པའོ། །དཀའ་ཐུབ་ངེས་པ་དྲག་རྣམས་ཀྱིས། །ལུས་ནི་སྐེམས་ཤིང་སྡུག་བསྔལ་ཉིད། །སྡུག་བསྔལ་བ་ལས་སེམས་དབྱེངས་ཏེ། །གཡེང་བ་ལས་དངོས་གྲུབ་གཞན་དུའོ། །ཞེས་གསུངས་པ། ་འདོད་པ་ལྔ་ནི་བསྟེན་བཞིན་པས་ཤེས་སོ། །སྒྱུ་མ་རྣམས་ནི་ཐམས་ཅད་ལ། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་འདི། །འདི་ཁོ་ན་ལ་གསལ་བར་མཚོན་ཞེས་པའི་རིགས་པས་འདོད་པའི་ཡོན་ཏན་ལྔ་རྣམས་ལ། ཉེ ་བར་སྤྱོད་པ་ན་གཙོ་བོ་བུད་མེད་བསྟེན་པ་སྟེ། ཐབས་ལ་མཁས་པ་ཉིད་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་རྒྱུ་ཉིད་ཀྱིས་ཕྱིར་རོ། །ངེས་ན་དེའི་དོན་དུ་རོ་རྩ་བར་བྱེད་པ་མདོར་བསྟན་པའི་དོན་དུ་གསུངས་པ། འཇིགས་པ་འཇོམས་བྱེད་ཅེས་པ་ལ་སོགས ་པ་སྟེ། འཇིགས་པ་རྣམ་པར་རྟོག་པ་རྣམས་ལྷན་ཅིག་སྐྱེས་པ་འཆར་པའི་དུས་སུ་ནུབ་པར་འགྲོ་བའི་ཕྱིར་འཇོམས་པར་རུང་བའོ། །གཡུལ་ཆེན་པོ་ནི་དགའ་རྩེད་སྣ་ཚོགས་པའོ། །བྱེད་བཞིན་པ་ནི་སྐྱེས་པ་གཅིག་གིས་བུད་མེད་འབུམ་ལས་རྒྱལ ་བར་བྱེད་དེ་རོ་རྩ་བའི་བྱེད་པས་སོ། །ཅི་འདི་ལྟར་མཐོང་དམ་ཞེ་ན་གསུངས་པ་སྐྱེས་པ་གཅིག་གིས་ཤེས་ཏེ། སྐྱེས་པ་གཅིག་འདོད་པ་ཆེན་པོ་ཅན་དུ་མཐོང་སྟེ་འཕགས་པ་ཆོས་འཕགས་ལ་སོགས་པས་བུད་མེད་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་རྣམས་ཏེ། ཉེ ་བར་མཚོན་པ་ཉིད་ཀྱི་ཕྱིར་བུད་མེད་འབུམ་ཕྲག་ཟིལ་གྱིས་གནོན་ཞེས་པ་ལྷག་མའོ། །དེའི་ཕྱིར་འདོད་པ་སྤྱོད་དེ། གཅིག་གིས་ཞེས་པ་གཅིག་པུས་ཐམས་ཅད་ཅེས་ཐམས་ཅད་མ་རྣམས་ལའོ། །འདིར་ཡང་ཐབས་ནི་རོ་རྩ་བར་བྱེད་པ་ཞེས་པ་བྱང་ཆུབ་ཀྱི ་སེམས་འཇུ་བར་བྱེད་པ་དང་འཛིན་པ་དང་འཕེལ་བ་སྟེ། གསུམ་པོ་འདི་ཇི་ལྟར་འགྱུར་བ་དེ་འཆད་པར་འགྱུར་རོ། །དེ་ནས་ཞེས་པ་ལ་སོགས་པས་མཁའ་ལྡིང་སྦྱོར་བ་མདོར་སྟོན་ཏེ། མིང་ཇི་བཞིན་ཞེས་པ་ཇི་ལྟར་རབ་ཏུ་གྲགས་པར་འགྱུར་པ་དེ་ལྟར ་བཤད་པར་བྱའོ། །ཤཱ་ལི་ཀཱའི་བྱེད་པ་དང་རིག་པ་འཛིན་པའི་བྱེད་པ་ནི་རབ་ཏུ་རྒྱས་པར་སྟོན་པར་འགྱུར་རོ། །རྒྱན་པ་ནི་ཆོ་ལོ་སྟེ། དེ་རྩེ་བས་དུ་ཞི་བར་བྱེད་དོ། །རྡ་བརྡུང་བའོ། །ཟིན་པ་བུད་མེད་ཀྱིས་འཕྲོག་པའོ། །ཀ་ར་བཱི་རའི་ཤིང་གིས་མགོ་བོ་ནས་བཟུང ་ནས་རྐང་པའི་མཛའ་ཇི་སྲིད་པར་བསྣུན་པའོ། །ཞགས་པ་ཞེས་པ་ཞགས་པའི་རྣམ་པའི་ཐག་པས་མགྲིན་པར་བཅིངས་ནས་འགུགས་པའོ། །ཁུ་བྱུག་གི་སྒྲ་བྱེད་པའོ། །པདྨ་འབྱེད་པ་ཞེས་པ་ནང་གི་པདྨ་རྣམས་སུ་རྩ་བའི་འདོན ་པའི་བསམ་པས་མན་ངག་ཇི་ལྟ་བར་རླུང་འགོག་པའོ། །གཞན་ནི་ལོངས་སྤྱོད་རྫོགས་པའི་འཁོར་ལོའི་རྩ་གཉིས་འཁྲུལ་འཁོར་དུ་བྱེད་བར་སྨྲའོ། །སྟག་བྱེད་ནི་སྟག་བཞིན་དུ་བགྲོང་བའི་ཚུལ་གྱིས་འཆག་པའོ། །ཆུ་ནི་རབ་ཏུ་རྒྱས་པར་སྟོན་པར ་འགྱུར་རོ། །དུང་ཞེས་པ་ནི་དུང་གི་སྒྲའོ། །ཐོད་ལོ་ཀོར་འཕྲོག་ཅེས་པ་ནི་ཐོང་ལོ་ཀོར་གྱི་བཟུང་བའི་མིང་བྲིས་པ་ལས་དུག་འཕྲོག་པའོ། སྐྱུག་པ་ཞེས་པ་སྐྱུག་པར་བྱེད་པའོ། །རས་ཀྱི་གོས་ཀྱི་གཡོགས་པའོ། །ཐལ་ལྕག་ཅེས་པ་ཐལ་ལྕག་གིས་བསྣུན ་པའོ། །ཡི་གསུམ་ཞེས་པ་བྷ་ཀ་ཀར་ཡིས་རྡེག་པའོ། །ཧ་ཧོ་ཧྲཱི(རྒྱུད་འགྲེལ་པ་སྦྱོར་བ་བཅཝ་བ་རྒྱད་པོ་འདི་རྣམས་ཀྱིས་དུག་དགུགས་པར་འགྱུར་རོ། །རྫོགས་པའི་རིམ་པ་མདོར་བསྟན་པ་རྒྱས་པར་སྟོན་ཏོ། །དེ་ནས་ཞེས་པ་ལ་སོགས་པའོ། །རོ་ལས་བདེ་བ་ཅན་པདྨར་ཡོད་པ་ནི་བཟང་པོ་སྟེ། ཡེ་ཤེས་ནི་ལྷན་ཅིག་སྐྱེས ་པའི་དགའ་བའི་དགའ་བའོ། །ཇི་བཞིན་པ་ནི་གཅིག་དང་དུ་མའི་རང་བཞིན་དང་བྲལ་བ་ཉིད་ཀྱིས་རང་བཞིན་མེད་པ་ཉིད་ཀྱིས་ན་དེ་ལྟར་ཀུན་རྫོབ་ཀྱི་བདེན་པའོ། །བྷ་ག་ནི་པདྨ་སྟེ་དེའི་དབུས་ཀྱི་གཞི་ལ་རྣམ་པར་བཞུགས་ཏེ། རྣམ་པར་རྟོག་པ ་རྣམས་གསལ་ནས་བཞུགས་ཏེ། སྲིད་པ་དང་མྱ་ངན་ལས་འདས་པ་ལ་མི་གནས་པ་ཉིད་ཀྱིས་སོ། །དེ་ཀྱེའི་རྡོ་རྗེར་གསུངས་པ། རྡོ་རྗེ་རྩེ་མོའི་བྷ་ག་བཟང། །བདེ་བ་ཅན་དུང་བཞུགས་ཏེ། །སངས་རྒྱས་རིན་ཆེན་ཟ་མ་ཏོག་།ེ་ཡིག་ཆ་བྱད་ངོ་བོ་རོ།། ་དེ་བཞིན་དུ། བཙུན་མོའི་བྷ་ག་བདེ་ཆེན་དུ། །ཁུ་བའི་མིང་གིས་རྣམ་པར་གནས། །དེ་མེད་པར་ནི་བདེ་མི་འགྱུར། །བདེ་བ་པོར་ནས་དེ་མི་འགྱུར། །ཞེས་སོ། །དེ་བཞིན་དུ། ལྷན་ཅིག་སྐྱེས་དགའ་རང་བཞིན་ང། །མཆོག་མཛའ་ཁྱད་དགའ་དང་པོ་ཅན་ཞེས་སོ། །འདིར་ཁུ་བའི ་མིང་གིས་ཞེས་པ་བྱང་ཆུབ་སེམས་ཀྱི་རྣམ་པ་ཁོ་ནའི་སེམས་དེ་ལྟར་གསལ་བའི་ཕྱིར་རོ། །མཆོག་མཛའ་ཁྱད་དགའ་དང་པོ་ཅན་ཞེས་མཆོག་གི་མཛའ་ཁྱད་པར་དགའ་བ་ནི་གང་གི་དང་པོ་ཡིན་པ་སྟེ། མཆོག་གི་དེ་མ་ཐག་ཏུ་ཁྱད་པར་དགའ་བ་དང་དེའི་དེ་མ་ཐག་ཏུ ་ལྷན་ཅིག་སྐྱེས་པ་ཞེས་པའི་དོན་ཏོ། །ལུགས་གཞན་ལ་ནི་ཁྱད་པར་དགའ་བའི་དང་པོ་སྟེ། མཆོག་དང་ཁྱད་པར་དགའ་བ་དག་གི་དབུས་སུའོ་ཞེས་པའི་དོན་ཏོ། །འདོད་པ་འདི་ཡང་མི་འཐད་དེ། །ཁྱད་དགའ་དང་པོར་མཚོན་པར་བྱ། །དེ་ཡང་དགའ་བ་གསུམ་པོ ་སྤངས་ཞེས་གསུངས་པའི་ཕྱིར་རོ། །འདིས་ནི་ཁྱད་དགའ་ཡང་འདི་ཡིན་ལ་དང་པོར་ཡང་ངོ་ཞེས་པས་ཁྱད་དགའ་ཨི་དུས་ཁོ་ནར་ཉེ་བར་འཆར་བའི་ལྷན་ཅིག་སྐྱེས་པ་དང་པོ་ཁོ་ནར་མཚོན་པར་བྱའོ་ཞེས་རྟོག་པར་བྱས་ཏེ་ལྷན་ཅིག་སྐྱེས་པ་ཤར་བ་ན་ནི་རྣམ་པར ་རྟོག་པ་ཐམས་ཅད་ནུབ་པའི་རང་བཞིན་ཉིད་ཀྱི་ཕྱིར་ག་ལ་མཚོན། དེ་ཉིད་ཀྱི་ཕྱིར་འཕགས་པའི་ཞབས་ཀྱིས་གསུངས་པ་ཡེ་ཤེས་གསུམ་གྱི་དབྱེ་བ་འདི། འདི་ཁོ་ན་ལ་གསལ་བར་མཚོན། །ཞེས་པ་འདིས་དགའ་བ་གསུམ་པོ་མཚོན་པ་དང་བཞི་པ་མི ་མཚོན་པར་གསུངས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་མཚན་ཉིད་དང་བྲལ་བ་གསུམ་ལས་གཞན་ཞེས་པ་འདིས་སོ། །དེའི་ཕྱིར་ཇི་ལྟར་ལྷན་ཅིག་སྐྱེས་པའི་རྗེས་ཐོགས་སུ་ཁྱད་དགའ་སྐྱེ་སྟེ། མཚོན་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །ཁྱད་དགའ་ཨི་དེ་མ ་ཐག་པའི་དྲན་པ་ཁོ་ནས་མཚོན་པ་ཉིད་ཀྱིས་ན་ཉམས་སུ་མྱོང་བའི་ཆོས་མ་བསྟན་པར་འགྱུར་རོ། །ལྷན་ཅིག་སྐྱེས་པ་འཆད་བའི་གནས་ལ་ནི་ལོག་པར་རྟོག་པ་མེད་པ་ཁོ་ནའོ། །འོ་ན་དང་པོར་ཡང་ཅིའི་ཕྱིར་མཚོན་ཏེ། ཉམས་སུ་མ་མྱོང་བ་ཉིད་ཁོ་ནའི ་ཕྱིར་རོ་ཞེ་ན། མ་ཡིན་ཏེ། །ཐོ་རངས་ཀྱི་དུས་མཚམས་བཞིན་ནོ། །འོ་ན་དེ་ལྟ་ན་ཡང་དེའི་ངོ་བོ་ཉེ་བར་མཚོན་པ་ཁོ་ནའོ་ཞེ་ན་བདེན་ཏེ། ཉམས་སུ་མྱོང་བའི་ཐབས་ནི་འདི་ལྟར་ཉེ་བར་བསྟེན་པར་བྱའོ། །འོ་ན་དེ་ལྟ་བུ་ནི་ཐབས་སུ་ཡང ་འགྱུར་བར་འོས་པ་མ་ཡིན་ཏེ། དེ་ནས་བཟུང་ནས་དེ་ཉེ་བར་མཚོན་པར་མངོན་པར་ཞེན་པ་འདི་ལ་དེ་མི་སྲིད་པའི་ཕྱིར་རོ་ཞེ་ན། བདེན་ཏེ་གལ་ཏེ་དེ་ལྟར་གྱུར་ནའོ། །དེར་ནི་དེ་ལྟར་འབྱུང་བཞིན་པ་ན་ཇི་ལྟར་བྱ་བ་དེ་ལྟར་བྱ་བ་དེ་ལྟར་བླ་མ་རྣམས ་གསུང་བར་འགྱུར་རོ། །དེ་ལྟར་འདོད་པ་གཉིས་ཀ་ལ་ཡང་ཉེ་བར་མཚོན་པའི་རིམ་པ་གསལ་བར་བྱས་སོ། །ཁྱད་དགའ་ལྷན་ཅིག་སྐྱེས་པའི་དེ་མ་ཐག་པ་ཉིད་ན་རྒྱུད་གཞན་རྣམས་དང། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཛིན་པ་ཕྱག་རྒྱའི ་དངོས་གྲུབ་ཀྱང་མི་འཐབ་ཅིང། ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་བ་ཀྱང་མི་སྲིད་ཀྱི་ལྷན་ཅིག་སྐྱེས་པའི་རང་གི་ངོ་བོ་ཁོ་ན་འབའ་ཞིག་པ་ནི་མི་འཐད་པ་མེད་དོ་ཞེས་པས་ལུགས་སྔ་མ་ཁོ་ན་མན་ངག་རིག་པ་རྣམས་གསུང་ངོ་ཞེས ་པ་ཤིན་ཏུ་ཞར་ལ་བྱུང་བས་ཆོག་གོ་།ཡེ་ཤེས་བཟང་པོ་དེ་དཔེ་ཉིད་ཀྱིས་འཇིག་རྟེན་པའི་ལྷན་ཅིག་སྐྱེས་པའི་བདེ་བ་བསྒྲུབ་པར་བྱ་པའི་སྒྲུབ་པར་བྱེད་པར་བལྟ་པར་བྱའོ་ཞེས་གསུངས་པ་བདེ་བ་ཆེན་པོ་སྟེར་བྱེད་པ་ཞེས་པ། དེའི་ཐབས་སུ ་གྱུར་པའི་ལྷན་ཅིག་སྐྱེས་པ་མན་ངག་ཇི་ལྟ་བ་བཞིན་གོམས་པར་བྱས་ནི་མི་འགྱུར་བ་བདེ་བ་ཆེན་པོ་སྒྲིབ་པ་ཕུལ་དུ་དབྱུང་དུ་མེད་པ་ཐབས་ལས་བྱུང་བ་ཉེ་བར་བསྐྱེད་པར་བྱའོ། །ཐབས་དང་ཐབས་ལས་བྱུང་བའི་བདེ་བ་འདི་དག་གི་དེ་ཁོ་ན ་ཉིད་ནི་རང་བཞིན་མེད་པའི་མཚན་ཉིད་ཅན་སྟོང་པ་ཉིད་ཁོ་ནའོ། །གང་རྣམས་བདེ་བ་ཁོ་ན་དེ་ཁོ་ན་ཉིད་དུ་ཡིད་ཆེས་ནས་གནས་པ་དེ་རྣམས་ཀྱི་འཁྲུལ་པ་གསལ་བའི་དོན་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ། གང་ཕྱིར་འབྱུང་བ ་ཆེན་བདེ་བ། །དེ་ཕྱིར་བདེ་བ་དེ་ཉིད་མིན་ཞེས་སོ། །ལྷན་ཅིག་སྐྱེས་པ་ཡང་ཐམས་ཅད་ཀྱི་ཚེ་ཐམས་ཅད་དུ་མི་འབྱུང་སྟེ། དེ་ལྟར་ན་ལྷན་ཅིག་སྐྱེས་པ་དངོས་པོའི་རང་གི་ངོ་བོ་སྟེ། དེའི་དོན་དམ་པ་སྟོང་པ་ཉིད་ཁོ་ན་དང་ཀུན་རྫོབ་པ་རྟོགས་པའོ། །བདེ་བ་ནི་རྟོགས་པ ་ཡིན་མོད་ཀྱི། དེ་ལྟ་ན་ཡང་ཐམས་ཅད་ཀྱི་ཚེ་ཐམས་ཅད་དུ་ལྷན་ཅིག་སྐྱེས་པ་ཡིན་ཏེ། སྡུག་བསྔལ་དང་བཏང་སྙོམས་ཉམས་སུ་མྱོང་བའི་དུས་སུ་དང། བསམ་གཏན་བཞི་པ་ལ་དང། གཟུགས་མེད་པའི་ཁམས་སུ་རྟོགས་པ་བཞིན་དུ་ཉམས་སུ་མ་མྱོང་བ ་ཉིད་ཀྱི་ཕྱིར་རོ། །གང་མཚན་ཡང་དག་པར་བརྗོད་པར་གསུངས་པ། བསམ་གཏན་བཞི་པའི་རྩེ་མོ་འཆང། ཞེས་པ་དེར་བསམ་གཏན་བཞི་པ་ལྷན་ཅིག་སྐྱེས་པའི་དགའ་བའི་རྩེ་མོར་སྟེ། རྣམ་པར་རྟོགས་པའི་དྲི་མ་ཐམས་ཅད་དང་བྲལ་བ་རབ་ཏུ ་གྱུར་པ་མཐར་ཐུག་པ་ལ་དེའི་བདག་ཉིད་ཀྱིས་གནས་པ་དེའི་ཕྱིར་དེའི་རང་གི་ངོ་བོ་འཛིན་པ་ཞེས་པའི་དོན་ཏོ། །བདེ་བ་ཆེན་པོའི་རང་བཞིན་དུ་མུ་མཛའ་མེད་པའི་ཁམས་གསུམ་པ་སྣང་བར་གྱུར་པ་ན་བསམ་གཏན་ལ་སོགས་པ་ཡང་བདེ་བ་ཆེན་པོའི ་རང་བཞིན་ནི་བཅོམ་ལྡན་འདས་ཁོ་ན་སྟེ་གཞན་གྱི་ནི་མ་ཡིན་ནོ། །ཞེས་པ་བཟླས་ཏེ་བཤད་པའི་དོན་ཏོ། །འོ་ན་ཇི་ལྟར་བདེ་བ་ལྷན་ཅིག་སྐྱེས་པར་བརྗོད་ཅེ་ན། །ཇི་ལྟར་དམིགས་པའི་སྙིང་རྗེ་ཆེན་པོ་དེ་ཁོ་ན་ཉིད་མ་མཐོང་བའི་ཡོད་པ་མ་ཡིན་པ ་ལྷག་པར་མོས་པས་བསྒོམ་བཞིན་པ་ནི་དེ་ཁོ་ན་ཉིད་རྟོགས་པ་ན་རྟོགས་པའི་བདག་ཉིད་ཀྱི་ཕྱིར་ཀུན་རྫོབ་པའི་ལྷན་ཅིག་སྐྱེས་པར་བརྗོད་པ་དེ་བཞིན་དུ་བདེ་བ་རེས་འགའ་ཉམས་སུ་མྱོང་པའི་གནས་སྐབས་སུ་དང། ཉམས་སུ་མ་མྱོང་པའི་གནས་སྐབས་སུ ་དེ་ཁོ་ན་ཉིད་མ་མཐོང་བས་ལྷག་པར་མོས་པས་སྙིང་རྗེ་ཆེན་པོ་དང་དབྱེར་མེད་པའི་རང་བཞིན་སྟོང་པ་ཉིད་ཀྱི་བདག་ཉིད་རྣམ་པ་ཐམས་ཅད་མཆོག་དང་ལྡན་པས། སྡོམ་པ་ནི་དེ་ཁོ་ན་ཉིད་རྟོགས་པའི་གནས་སྐབས་སུ་འཇིག་རྟེན་ལས་འདས་པའི་ཀུན ་རྫོབ་པའི་ལྷན་ཅིག་སྐྱེས་པར་བརྗོད་དོ། །དེ་ཁོ་ན་ཉིད་མ་རྟོག་པའི་གནས་སྐབས་སུ་ཉམས་སུ་མྱོང་བ་ནི་འཇིག་རྟེན་པའི་ཀུན་རྫོབ་པའི་ལྷན་ཅིག་སྐྱེས་པ་སྟེ། ལྷན་ཅིག་སྐྱེས་པའི་གྲིབ་མའི་རྗེས་སུ་བྱེད་པ་ཉིད་ཀྱི་ཕྱིར་རོ། །དེ་སྐད་དུ་ཡང ་གསུངས་པ། ལྷན་སྐྱེས་དག་ལས་གང་སྐྱེས་པ། །དེ་ནི་ལྷན་ཅིག་སྐྱེས་པར་བཤད། །རང་བཞིན་ལྷན་ཅིག་སྐྱེས་པར་བཤད། །རྣམ་པ་ཐམས་ཅད་སྡོམ་བ་ཅིག་།སྙིང་རྗེ་ཐམས་ཅད་རྣལ་འབྱོར་འགྱུར། །ཕྱག་རྒྱ་རྒྱུ་དང་བྲལ་བ་ལས། །སྟོང་ཉིད་སྙིང ་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་བཤད་པའོ། །ཞེས་འདིར་འདི་ལ་སྡོམ་པ་བྱ་བའོ། །ཞེས་པ་སྡོམ་པའོ། །རྣམ་པ་ཐམས་ཅད་ཀྱི་སྟེ་སྔོན་པོ་དང་སེར་པོ་ལ་སོགས་ཀྱིས་གཅིག་སྟེ་གཉིས་པ་མེད་པའི་སྡོམ་པ་སྟེ། ལྷན་ཅིག་སྐྱེས་པ་ཁོ་ན་དེ ་ལྟར་སྣང་བའི་ཕྱིར་རོ། །ལྷན་ཅིག་སྐྱེས་པ་དག་ཡང་གང་དག་ལས་སྐྱེས་པ་ལྷན་ཅིག་སྐྱེས་པར་བརྗོད་པར་བྱ་བ་དེ་དག་ནི་སྙིང་རྗེ་དང་ཕྱག་རྒྱ་དག་གོ་།དེའི་ཕྱིར་སྙིང་རྗེ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་རང་བཞིན་དེ་གང་གི་ཐབས་ཡིན་པ་འདི་ལྟར ་ཐར་པ་དེ་ནི་རྣལ་འབྱོར་པར་འགྱུར་རོ། །འདི་སྐད་བཤད་དེ། ཐབས་ཀྱི་དེ་ཁོ་ན་ཉིད་བདེ་བ་འདི་ཡིན་གྱིས། ཤེས་རབ་ཀྱི་དེ་ཁོ་ན་ཉིད་ནི་མ་ཡིན་ནོ། །ཕྱག་རྒྱ་ནི་སྟོང་པ་ཉིད་དང་དེ་ཁོ་ན་ཆོས་ཐམས་ཅད་སྐྱེ་བ་མེད་པའི་མཚན་ཉིད་ཅན་ཤེས་རབ་དམ ་པ་སྟེ་རྒྱུ་དང་བྲལ་བ་ལས་ནི་རྒྱུ་མེད་པ་ལས་ཏེ། ཆོས་རྣམས་ཐམས་ཅད་གདོད་མ་ནས་མ་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །རང་བཞིན་འདི་དག་ཀྱང་ལྷན་ཅིག་སྐྱེས་པ་དག་ཁོ་ན་སྟེ། རང་ཉིད་ལས་གྲུབ་པ་ཉིད་ཀྱི་ཕྱིར་རོ། །འདི་དག་ལས་སྐྱེས་པའི་དེ་ཁོ ་ན་ཉིད་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའོ། །དེ་ཅི་འདི་ཤེས་རབ་ཀྱི་ཡེ་ཤེས་ལས་གཞན་པ་ཁོ་ན་འམ་ཞེ་ན། གཞན་མ་ཡིན་ཏེ། དེ་ཁོ་ན་མི་མཐུན་ཕྱོགས་བསལ་བ་དེ་ནི་རྣམ་པ་འདི་ལྟ་བུའོ། །ཞེས་རང་གི་ངོ་བོར་རབ་ཏུ ་གསལ་བའོ། །ལྷན་ཅིག་སྐྱེས་པ་ཤེས་རབ་ཡེ་ཤེས་ཀྱི་རང་གི་ངོ་བོ་དག་ལས་གོམས་པ་ལས་སྐྱེས་པའི་བྱང་ཆུབ་ཀྱི་སེམས་འདི་ཁོ་ན་ནི་བཞི་པ་ཕྱག་རྒྱ་ཆེན་པོའི་དབང་བསྐུར་ཏེ། རྣམ་པར་རྟོག་པའི་དྲི་མ་རྣམས་ཐམས་ཅད་དངོས་སུ་འདེས་འཁྲུང་པའི་ཕྱིར་རོ། །དེ ་གསུངས་པ། བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་སོ། །ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད་ཁོ་ན་སྣ་ཚོགས་པར་སྟོན་པ་གསུངས་པ་དེ་ཁོ་ནར་ནི་ཞེས་པ་ལ་སོགས་པའོ། །བཟང་པོའི་ཡེ་ཤེས་དེ་ཁོ་ནར་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པར་སྒྲོ་བཏགས་པ ་མཛའ་དག་སྟོང་པ་ཉིད་དང་རོ་གཅིག་པར་དེའི་བདག་ཉིད་ཀྱིས་ཐམས་ཅད་གནས་སོ། །བྱིས་པ་ཞེས་པ་བྱིས་པ་རྣམས་ཏེ་སོ་སོའི་སྐྱེ་བོའོ། །འོ་ན་ཇི་ལྟར་བདག་ཉིད་ཀྱི་རང་གི་ངོ་བོ་ཡང་མི་ཤེས་ཞེ་ན། གང་ཕྱིར་རྨོངས་པ་རྣམས་ཏེ། དངོས་པོ་དང་དངོས ་པོ་མེད་པར་ལ་སོགས་པར་འཛིན་པའི་ཕྱིན་ཅི་ལོག་མི་ཤེས་པའི་རྨོངས་པ་འདི་རྣམས་ལས་སྐྱེས་པའོ། །ཡེ་ཤེས་དེ་ཁོ་ན་ཉིད་བཅུད་དེ་བདེ་བ་ཆེན་པོ་དང་བཅུད་ལེན་ཏེ། སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་རྒྱས་པའི་རྒྱུ་ཉིད་ཀྱི་ཕྱིར་རོ།། ་འདི་ནི་ཁྱད་པར་ལ་སྟེ། ཕྱི་རོལ་གྱི་བཅུད་ལ་སོགས་པ་རྣམས་ལས་ཁྱད་པར་དུ་འཕགས་པའོ། །ཞེས་པའི་དོན་ཏོ། །དེ་ལྟ་ཁོ་ནར་གོམས་བཞིན་པ་ནི་བདེ་བ་ཆེན་པོ་སྟེར་བར་བྱེད་པ་པོ་ནི་ཇི་ལྟར་སྣ་ཚོགས་པའི་རྣམ་བཅད་དངོས་པོ་དང་དངོས་པོ་མེད་པ་ལ ་སོགས་པ་དང་བྲལ་བའི་དངོས་པོ་ཡང་དག་པ་ཇི་ལྟ་བ་རྟོགས་པ་ལས་སངས་རྒྱས་རྣམས་ཏེ། དྲི་མ་མེད་པ་ཉིད་ཡོངས་སུ་དག་པས་སྟོབས་དང་མི་འཇིགས་པ་ལ་སོགས་པ་ཡེ་ཤེས་ཀྱི་རང་བཞིན་རྣམས་ངེས་པར་གནས་སོ། །འདིས་ནི་སེམས་ཀྱི་རྡོ་རྗེའི ་རང་གི་ངོ་བོ་ཆོས་ཀྱི་སྐུ་གསུངས་སོ། །དཀྱིལ་འཁོར་ཞེས་པ་སྔོན་པོ་དང་སེར་པོ་ལ་སོགས་པ་སྣ་ཚོགས་པའི་རྣམ་པ་ཅན་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པར་སྙོམས་པར་ཞུགས་པའི་ལྷའི་ངོ་བོ་དགའ་བ་ལ་སོགས་པའི་དབྱེ་བས་ཐ་དད་པ་སྐྱེ་བ་དང་འཆི་བ ་དང་འགོག་པའི་ངོ་བོ་སྤྲོ་བ་དང་སྡུད་པའི་བྱེད་པ་པོ་རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གྱི་འཁོར་ལོ་བདེ་བ་ཆེན་པོའི་རང་བཞིན་ཁོ་ནའོ། །བཟང་པོ་ནི་རྫོགས་པའི་ངོ་བོའོ། །བཞི་པའི་དོན་ཁོ་ན་སྒོམ་བཞིན་པ་གྲུབ་པར་འགྱུར་བ་ནི་དབང ་བཞི་པར་འགྱུར་རོ་ཞེས་གསུངས་པ། དེར་ནི་སློབ་མ་བཟང་དབང་བསྐུར་ཞེས་ཏེ། གང་བྷ་གའི་དབུས་སུ་བསྐྱེད་པའི་རིམ་པས་དབང་སྐུར་བ་དེ་ནི་འཆད་པར་འགྱུར་རོ། །ཧེ་རུ་ཀ་ཞེས་པ་ཧེ་རུ་ཀ་བཅོམ་ལྡན་འདས་ཏེ། ལོངས་སྤྱོད་རྫོགས་པའི་སྐུའི ་བདག་ཉིད་དོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས་ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་དཔའ་རྣམས་ལ་ཟབ་ཅིང་རྒྱ་ཆེ་བའི་ཆོས་སྟོན་པས་ཆོས་ལ་ལོངས་སྤྱོད་རྫོགས་པའི་ཡན་ལག་ཉིད་ཀྱིས་ན་མཚན་ནི་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ ་བརྒྱད་ཅུའི་བདག་ཉིད་ཀྱིས་སྐུ་ཁོ་ན་ལོངས་སྤྱོད་རྫོགས་པའི་སྐུའོ། །འདིར་ནི་འདི་ཆོས་ཀྱི་སྐུའི་དབང་གི་གདུལ་བྱའི་དོར་ཧེ་རུ་ཀ་ལ་སོགས་པའི་གཟུགས་ཀྱིས་དེ་ལྟ་དེ་ལྟར་སྤྲུལ་པའི་སྐུ་བརྗོད་དོ། །གང་སྤྲུལ་པའི་སངས་རྒྱས་སྤྲུལ་པའི་སྐུར་ཕ ་རོལ་ཏུ་ཕྱིན་པའི་ཚུལ་ལ་གསུངས་པ་དེ་འདིར་ཡང་དེ་འདྲ་བ་ཁོ་ན་དང་སྤྲུལ་པ་དང་འདྲ་བ་ཡང་ངོ་ཆོས་ཀྱི་སྐུ་ཡིས་སྤྲུལ་པ་ཉིད་ཡིན་ན་ཡང་ལོངས་སྤྱོད་རྫོགས་པའི་སྐུ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ལོག་པ་ཉིད་དེ། ཆོས་ལ་ལོངས་སྤྱོད་རྫོགས ་པའི་ཕྱིར་རོ། །འདིར་ནི་དག་གི་ངོ་བོ་ཉིད་ཀྱིས་ཀྱང་སྟེ་ལོངས་སྤྱོད་རྫོགས་པ་ཉིད་ཀྱང་རོ་ལ་རྫོགས་པར་ལོངས་སྤྱོད་པ་ཉིད་ལས་ཀྱང་ངོ། །མི་མཐུན་པའི་ཕྱོགས་མཛའ་དག་རྩ་བ་མེད་པར་བྱས་པ་ཉིད་ཀྱི་ཕྱིར་དཔའ་བོའོ། །ནང་དུ་དང་དཀྱིལ་འཁོར ་དུ་ཡང་འཆད་པར་འགྱུར་བའི་ལྷ་མོ་ཉི་ཤུ་རྩ་བཞིའི་བདེ་བ་ཆེན་པོའི་རོ་འཐུང་བའི་ཕྱིར་དང་ཆོས་ཀྱི་གསུང་གིས་སྦྱོང་བའི་ཕྱིར་བདག་པོའོ། །མུ་མཛའ་མེད་པར་སྣ་ཚོགས་པའི་སྐུ་སྤྲོས་པས་གཞན་གྱི་དོན་གྱི་ངོར་རབ་ཏུ་འབྱུང་བའི་ངང ་ཚུལ་ཅན་ཉིད་ཀྱི་ཕྱིར་གཙོ་བོའོ། །མཁའ་ལྡིང་སྦྱོར་བ་ནི་དུག་གཞིལ་པའི་ཐབས་ཏེ་མཆོག་ཏུ་སྟོང་པ་ཉིད་ཁོ་ནའོ། །གང་གསུང་བར་འགྱུར་བ། །ཆོས་རྣམས་ཐམས་ཅད་སྟོང་པ་ལ། །སྤྲུལ་དྲུག་དེ་ལས་ཇི་ལྟར་ཡིན་ཞེས་སོ་སྟོང་པ་ཉིད་ལ་ལྷག་པར་མི ་མོས་པ་རྣམས་ཀྱི་འཇིགས་པའི་རྒྱུ་ཉིད་ཀྱི་ཕྱིར་འཇིགས་པའོ། །ལྷ་མིན་སྒྲུབ་པ་ཞེས་པ་གང་དེ་ལྟར་ཤེས་པའི་རྣལ་འབྱོར་པའི་དབང་དུ་འགྱུར་བ་མ་ཡིན་པ་དེ་ཡོད་པ་མ་ཡིན་པའི་ཕྱིར་རོ། །དུར་ཁྲོད་ཅེས་པ་བསྐྱེད་པའི་རིམ་པ་ལ་དབུགས་རྒྱུའོ་ཞེས ་པ་དང་རོ་རྣམས་གནས་སོ་ཞེས་བྱ་བའི་ངེས་པའི་ཚིག་གིས་ཚུལ་གྱིས་བདག་མེད་པ་ཉིད་ཀྱི་མཚན་ཉིད་ཅན་ཆོས་ཀྱི་དབྱིངས་གསལ་བར་བྱེད་པའི་རོ་རྣམས་ཀུན་ནས་གནས་པ་ནི་དུར་ཁྲོད་དེ། བརྒྱད་ཀྱི་གྲངས་སུ་བཅད་པ་ནི་འཆད་པར་འགྱུར་རོ། །འདིར་ནི ་ཆོས་ཀྱི་དབྱིངས་ཀྱི་ངོ་བོའི་ལུས་ཁོ་ན་ཡན་ལག་བརྒྱད་པའི་དུར་ཁྲོད་དོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་བསྐལ་པ་གྲངས་མེད་པ་གསུམ་རྣམས་ཀྱི་སངས་རྒྱས་ཉིད་སྐྱེད་པར་གསུངས་པ་ལ། འདི་ནི་ངེས་པ་མེད་པའི་དུས་ཀྱིས་སོ་ཞེས་གསུངས་པ། ཡུད ་ཅེས་པ་ཡིས་བསྐྱེད་པའི་རྒྱུ་ཞེས་པའོ། །སྟོང་གསུམ་དུ་ནི་རྫུ་འཕྲུལ་ཆེ་ཞེས་པ་སྟོང་པ་གསུམ་ལ་སོགས་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་དཔག་ཏུ་མེད་ཅིང་སྣ་ཚོགས་པའི་སྤྲུལ་པའི་ངོ་བོའི་རྫུ་འཕྲུལ་ཆེན་པོ་གང་རྣམས་ཀྱི་ཡིན་པ་དེ་རྣམས་དེ ་སྐད་དོ། །འདིས་ནི་སྤྲུལ་པའི་སྐུ་ནི་རྡོ་རྗེར་གསུངས་སོ། །སྣོད་ཀྱི་འཇིག་རྟེན་ཡང་དེའི་རང་བཞིན་ནོ་ཞེས་གསུངས་པ། འཇིག་རྟེན་ཁམས་ཞེས་པ་སྟེ། འཇིག་རྟེན་གྱི་ཁམས་རྣམས་སོ། །དེ་ཉིད་ཅེས་པ་ཕྱག་རྒྱ་ཆེན་མོའོ། །མཆོག་ཏུ ་དགའ་རྩེའི་གནས་ཉིད་ཀྱི་ཕྱིར་ལྷ་མོའོ། །སངས་རྒྱས་རྣམས་ཐམས་ཅད་སྐྱེད་པ་སྟེ་རྒྱུའི་གནས་སྐབས་ཀྱི་རང་བཞིན་ནོ། །བྱང་ཆུབ་སེམས་དཔའ་ཨི་དཔལ་ཆེན་པོ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་རང་བཞིན་ནོ། །འབྲས་བུའི ་གནས་སྐབས་སུ་ནི་ཤེས་རབ་ཕ་རོལ་ཕྱིན་དཔུང་གཉེན་ཞེས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་སྟེ་རབ་ཀྱི་མཐར་ཕྱིན་པར་མཆོག་ཏུ་བགྲོད་ཅིང་མཛའ་དག་པར་ཕྱིན་པ་སྟེ་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ཞེས་པའི་དོན་ཏོ། །དམྱལ་བའི་སྒོ་ཞེས་པ་དེ་སྤོང ་བ་རྣམས་ཀྱིའོ། །ཇི་སྐད་དུ་རྒྱལ་པོ་རིན་པོ་ཆེའི་ཕྲེང་བར་གསུངས་པ། གཞན་ཡང་འདི་ཤེས་ལྡན་པའི་ཕྱིར། །རྨོངས་པ་མཁས་པའི་ང་རྒྱལ་ཅན། །འདི་སྤོང་བདག་ཉིད་ཕུང་བྱས་པ། །འོག་ཏུ་ཁ་ཕྱོགས་མནར་མེད་འགྲོ་ཞེས་སོ། །དེ ་ཁོ་ན་ནི་ཁོ་ནའི་སྒྲིབ་པ་ཐམས་ཅད་དང་བྲལ་བ་ནི་ཐར་པའོ། །སྟོང་པ་ཉིད་དང་རོ་གཅིག་པའི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་རང་བཞིན་བདེ་བ་ཆེན་པོ་ལས་བྱུང་བ་འགྲོ་བ་མ་ལུས་པའི་དོན་གྱི་སྐུ་ནི་ཕྱག་རྒྱ་ཆེན་པོའོ། །གང་དུ་གང་གི ་གཞན་ལས་ཡིན་པ་ནི་འདིའི་རང་བཞིན་ཉིད་ཀྱི་ཕྱིར་གྲགས་ཆེན་ནོ། །དེ་ཉིད་ཀྱི་ཕྱིར་སེམས་ཅན་ཀུན་ལ་ཕན་འདོད་མ་སྟེ། སྙིང་རྗེ་ཆེན་པོའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །བདེ་བ་ཆེན་པོའི་རྣམ་པས་སྣ་ཚོགས་པ་སྐྱེད་པའི་ཕྱིར་མའོ། །ཀུན ་རྫོབ་དང་དོན་དམ་པའི་བདེན་པའི་རྣམ་པར་དབྱེ་བ་སྒོམ་པས་སྐྱེས་པ་ཉིད་ཀྱི་ཕྱིར་སྲིང་མོའི་བུ་མོའོ། །ཀུན་རྫོབ་དང་དོན་དམ་པའི་བདེན་པ་དག་གི་རྣམ་པར་དབྱེ་བ་འཆད་པའི་ཕྱིར་སྲིང་མོའི་འོ། །སྟོབས་དང་མི་འཇིགས་པ་ལ་སོགས་པ་བླ་ན ་མེད་པའི་ཡོན་ཏན་ནམ་མཁའ་ཨི་བ་བཞོན་ལས་འཇོ་བའི་ཕྱིར་ཏེ་སྐྱེད་པའི་ཕྱིར་ན་བུ་མོའོ། །བླ་ན་མེད་པའི་བདེ་བས་རྗེས་སུ་ཆགས་པའི་ཕྱིར་བུད་མེད་ཀྱི་ཞེས་པ་བུད་མེད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རབ་ཏུ་གསལ་བས་བག་ལ་ཉལ ་རྣམ་པར་མཁྱེན་ཇི་ལྟར་རིགས་པར་འཛུད་ཅིང་དགོད་པའི་ཕྱིར་སེམས་ཅན་ཐམས་ཅད་རྗེས་སུ་ཆགས་པ་ཉིད་དུ་འགྱུར་ཞེས་པས་ཤེས་རབ་ཁོ་ན་བུད་མེད་ཅེས་བརྗོད་དོ། །སྐྱེས་བུར་ལེགས་གཡོ་ཞེས་པ་ལེགས་པར་སྐྱེས་བུ་རྣམས་ལ་གཡོ ་བ་སྟེ། སྙིང་རྗེ་མཆོག་གི་ཟག་པ་མེད་པ་བར་མེད་བ་མུར་ཐུག་པ་མེད་པའི་བདེ་བ་ཆེན་པོའི་དོན་སེམས་ཅན་སོ་སོལ་བདག་ཉིད་ཀྱི་ཕང་དུ་གཏོད་བར་བྱེད་པའི་ཕྱིར་རམ། ལས་དང་པོའི་སེམས་ཅན་རྣམས་ཀྱིས་བརྟན་པར་བྱ་མི་ནུས་པ་ཉིད་ཀྱི་ཕྱིར་རོ། ། ་ཤེས་རབ་ནི་སྤྲོས་པ་མེད་པ་རྟོགས་པ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཕྱག་རྒྱ་ཆེན་མོ་ཞེས་པའི་བར་རོ། །བླ་ན་མེད་པའི་ཕྱག་རྒྱ་འདི་རྣམས་དང་གཞན་རྣམས་ཀྱང་བཅུ་གསུམ་བར་ཆད་པར་འགྱུར་རོ། །བསོད་ནམས་ཉེ་བར་མ་བསགས་པ་དེའི ་རང་གི་ངོ་བོ་མ་རིག་པ་ཉན་ཐོས་ལ་སོགས་པའི་རིགས་ཅན་རྣམས་འཇིགས་པའི་རྒྱུ་ཉིད་ཀྱི་ཕྱིར་ན་འཇིག་བྱེད་མའོ། །དེ་འཕགས་པ་སྒྲ་གཅན་འཛིན་བཟང་པོས་གསུངས་པ། བྱིས་པ་རྣམས་ལ་འཇིགས་སྟོན་མ་ཞེས་སོ། །ཕྱིན་ཅི་ལོག་པ་སྟེ་ཆད་པ་དང ་སྒྲོ་འདོགས་ལས་ལྟ་བའི་འོ། །མཐོ་རིས་དང་བྱང་གྲོལ་ལས་ཕྱིར་ཕྱོགས་པའི་དམྱལ་བའི་རྒྱུ་ཉིད་ཀྱི་ཕྱིར་འཇིགས་རུང་ངོ། །དེ་གསུངས་པ་ཁྱོད་ཀྱི་མ་མཐོང་བས་འཆིང་འགྱུར་ཞེས་སོ། །འགྲོ་བ་དྲུག་འཇིགས་རུང་ཞེས་ཁ་ཅིག་ཏུ་ཀློག་པ་དེའི་ཚེ་འཇིགས ་རུང་འཁོར་བའོ། །དེའི་ཕྱིར་ཤེས་རབ་གཅིག་པུ་ཁོ་ན་འདི་རྣམས་ཀྱི་དང་གཞན་རྣམས་ཀྱི་དང་མྱ་ངན་ལས་འདས་པའོ། །དེ་འཕགས་པ་ཀླུ་གྲུབ་ཞབས་ཀྱིས་གསུངས་པ། འཁོར་བ་ཡོངས་སུ་ཤེས་ཁོ་ན། །མྱ་ངན་ལས་པ་ཞེས་པར་བཤད་ཅེས་སོ། །དཔལ་ཡང་དག་པར ་སྦྱོར་བའི་རྒྱུད་དུ་ཡང་གསུངས་པ། ཀུན་རྟོག་ཆུང་མིན་མུན་པས་ཟིལ་མནན་པ། རབ་ཏུ་བཅོམ་ཕྱིར་མྱོས་པའི་གློག་འགྱུར་དང། །ཆགས་སོགས་བཟློག་དཀའ་ཨི་དྲི་མས་གོས་པ་ཡིན། །སེམས་ནི་འཁོར་བར་རྡོ་རྗེ་ཅན་གྱིས་གསུངས། །རབ་ཏུ་འོད་གསལ་རྙོགས་པས ་རྣམ་གྲོལ་བ། །ཆགས་སོགས་དྲི་མས་གོས་པར་རབ་སྤངས་ཤིང། །གཟུང་དང་འཛིན་པ་མེད་པ་དེ་ཉིད་ནི། །སེམས་ཅན་མཆོག་གིས་མྱང་འདས་མཆོག་ཏུ་གསུངས། །དེ་ཕྱིར་སྡུག་བསྔལ་ཕུང་པོ་མང་པོ་ཡིས། །རྒྱུ་མཚན་གྱུར་པ་དེ་ལས་གཞན་ཅིའང་མེད། ། ་མཛའ་ཡས་བདེ་བ་འཆར་བའི་རྒྱུར་གྱུར་པའང། །དེ་ལས་གཞན་པ་ཡོད་མིན་ཐར་འདོད་རྣམས་ཞེས་སོ། །མཛའ་ཡས་པའི་བདེ་བ་ཡང་དག་པར་འབྱོར་བས་རྫུ་འཕྲུལ་ཆེན་པོ་ཅན་ནོ། །འཁོར་བ་རྒྱས་པར་སྟོན་ཏེ། རྣམ ་རྟོག་ཅེས་པ་ལ་སོགས་པ་གྲངས་ཀྱི་མཐར་ཐུག་པའོ། །ཡོད་པ་དང་མེད་པ་དང་རྟག་པ་དང་ཆད་པ་དང། གཟུང་དང་འཛིན་པ་ལ་སོགས་པ་རྣམ་པ་སྣ་ཚོགས་པར་རྟོག་པ་ནི་རྣམ་རྟོག་སྟེ་དེ་ཁོ་ན་རྒྱུན་དུ་འཇུག་པ་ནི་ཀུན་རྟོག་པའོ། །འཆར་བ་དང་ནུབ ་པ་ནི་སྐྱེ་བ་འགོག་པ་དག་གོ་།དེ་རྟོགས་པའི་ཐབས་སྟོན་པ། རྣམ་པར་མི་རྟོག་ཅེས་པ་ལ་སོགས་པའོ། །རྣམ་པར་མི་རྟོག་པ་ཅི་ཞིག་རྣམས་ཞེ་ན་གསུངས་པ་དམན་དང་ཞེས་པ་ལ་སོགས་པའོ། །དམན་པ་ནི་ཕྲ་བའི་དངོས་པོ་སེམས་དང་སེམས ་ལས་བྱུང་བའི་ངོ་བོའོ། །མཆོག་ནི་བྱིས་པའི་བར་ལ་དངོས་པོའི་ཐ་སྙད་ཅན་ཉིད་ཀྱི་ཕྱིར་ན་རགས་པའི་ངོ་བོའི་དངོས་པོའི་ལུས་ཁོ་ནའོ། །བར་མ་ནི་གཉིས་དག་ལས་གཞན་ཨ་ལི་དང་ཀཱ་ལི་དག་གོ་།དེ་ལྟར་ལུས་དང་ངག་དང་སེམས་རྣམས་ཇི་ལྟར ་རིགས་པར་དམན་པ་དང་བར་མ་དང་མཆོག་གི་ཚིག་རྣམས་ཀྱིས་གསུངས་སོ། །གཞན་རྣམས་ནི་དབང་པོ་དྲུག་རྣམས་སོ། །གང་རྣམས་དེ་རྣམས་ཞེས་པ་འདིས་བརྟན་པ་ས་གཞི་ལ་སོགས་པ་རྣམས་དང་གཡོ་བ་གཞན་སྲོག་ཆགས་བརྗོད་དོ། ། ་དེ་ཀྱེའི་རྡོ་རྗེའི་རྒྱུད་དུ་གསུངས་པ་དམན་པ་ཕྲ་བའི་ཚིག་དོན་ཏེ། མཆོག་ནི་དངོས་པོར་བརྗོད་པ་བྱ། །བར་མ་གཉིས་ཀ་སྤངས་པའོ། །གཞན་རྣམས་ཞེས་པ་དབང་པོ་དྲུག་།གང་རྣམས་དེ་རྣམས་བརྟན་དང་གཡོ་ཞེས་སོ། །དམན་པ་ལ་སོགས ་པ་རྣམ་པར་མི་རྟོག་པ་རྟོག་པ་མེད་པའི་ལྷན་ཅིག་སྐྱེས་པའི་རང་བཞིན་འདི་རྣམས་སྒོམ་བཞིན་པ་རྣམས་ནི་གསལ་པོར་འགྱུར་ཞེས་རྐང་པ་བརྐྱང་བས་ནི་མ་ཡིན་ཞེས་རྣམ་པར་མི་རྟོག་པའི་སྒྲས་བསྒོམ་པ་གསལ་བར་བྱས་སོ། འོ་ན་རྣམ་པར ་མི་རྟོག་པ་བསྒོམ་པ་ཞེས་པ་དོན་ཅི་ཞེ་ན། བདེ་བ་ཆེན་པོའི་ཐབས་ཀྱིས་ཆོས་ཐམས་ཅད་མི་བསལ་བ་ཁོ་ན་ནི་སྒོམ་བའོ་ཞེས་པའི་དོན་ཏོ། །དེ་ཅི་བདེ་བ་ཆེན་པོ་ཡིད་ལ་བྱེད་པ་སྐྱོན་ཅན་མ་ཡིན་ནོ་ཞེ་ན་སྐྱོན་ཅན་ཡིན་པ་མ་ཡིན་ཏེ་དེ་ཡང་འགྲོ་བ་ཐམས ་ཅད་ཐ་མི་དད་པ་ཉིད་ཀྱིས་ཏེ། འགྲོ་བ་སྟོང་པ་ཉིད་ཀྱི་ཕྱིར་ལ་སྟོང་པ་ཉིད་བསམ་པར་ནུས་པ་ཡང་མ་ཡིན་ཞེས་པས་དེ་ཡང་ཡིད་ལ་བྱེད་པ་སྐྱོན་པའོ། །སེམས་པ་མེད་པའི་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་ནི་ཉེ་བར་བསྟན་པའོ། །ཇི་སྐད་དུ་གསུངས་པ། འཁྲུལ ་པ་རྣམས་ཀྱིས་ཉེར་འཁོའི་ཆད། །འཁྲུལ་པ་གཞན་ནི་སེལ་བའི་ཕྱིར། །ཞེས་སོ། །དེའི་ཕྱིར་རྣམ་པར་མི་རྟོགས་པར་ཆོས་ཐམས་ཅད་ཡོངས་སུ་ཤེས་པ་ཁོ་ན་རྒྱུན་གྱིས་འཇུག་པ་ན་དོན་དམ་པའི་སྒོམ་པ་ཞེས་པ་གདགས་པར་བྱའོ། །དེ་ལ་གང་གི་ཚེ་དང་གང་གི་ཚེ་ཁོ་ན ་སེམས་བསྟན་པ་ཉིད་དུ་འགྱུར་བ་དེའི་ཚེ་ཁོ་ན་མཉམ་པར་བཞག་པའི་རྣལ་འབྱོར་ཏེ། གཞན་གྱི་ཚེ་ནི་མཉམ་པར་མ་བཞག་པའི་རྣལ་འབྱོར་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར་རྫོགས་པའི་རིམ་པ་ལ་ཕྱག་རྒྱའི་རྣལ་འབྱོར་མེད་པར་ཡང་མཉམ་པར་བཞག་པའི་རྣལ ་འབྱོར་ཉེ་བར་སྟོན་ཏེ། བདེ་བ་ཆེན་པོའི་ཐབས་ཀྱིས་ཆོས་ཐམས་ཅད་རྣམ་པར་མི་རྟོག་པས་གནས་པའི་ཕྱིར་རོ། །དངོས་གྲུབ་ནི་ཕྱག་རྒྱའི་རྣལ་འབྱོར་ཁོ་ན་ལས་སོ། །དེ་ལྟར་འདི་གཅིག་པུ་རང་གི་དོན་ཕུན་སུམ་ཚོགས་བས་སལ?་པ་ཆེན་མོ་དང། གཞན ་གྱི་དོན་ཕུན་སུམ་ཚོགས་པས་སེམས་ཅན་ཀུན་ལ་བདེ་བ་འབབ་པ་ཅེས་པ་མཇུག་བསྡུ་བའོ། །དེ་ལྟར་ཞེས་པ་རིམ་པ་གཉིས་སོ། །དགའ་བ་ནི་བསྐྱེད་པའི་རིམ་པ་ཐོས་པ་ལས་སོ། །སྤྱན་གདངས་པ་ནི་རྫོགས་པའི་རིམ་པར་ཐོས་པ་ལས་ཤིན་ཏུ་དགའ་བ ་ལས་སོ། །སེམས་བཅས་ཞེས་པ་སེམས་དང་ལྡན་པ་རྣམས་ཏེ་རིམ་པ་གཉིས་ལ་མཁས་པར་སྦྱངས་པའི་བློ་ཅན་རྣམས་སོ། །བཏུང་ཅེས་པ་ཕྱག་འཚལ་ནས་སོ། །དོན་གང་ཞེས་པ་དོན་བརྗོད་བྱ་གང་ཞིག་གོ་།ཡང་དག་པར་བླངས་སོ་ཞེས་པ་ཡང ་དག་པར་བཟུང་པའོ། །དེ་ནས་ཞེས་པ་ལ་སོགས་པ་ལ་འདིར་བསྡུས་པའི་དོན་ཏོ། །གང་བཅོམ་ལྡན་འདས་ཀྱི་ཐོད་པ་ནས་སྣ་ཚོགས་སྡེ་མའི་སྙིང་གར་ངལ་བསྲོས་ནས་ཕྱུང་བར་གང་སྔར་གསུངས་པའི་གླེགས་བམ་དེ་སོ་སོར་སྣང་བ་ཙམ་ཉིད་ཀྱི ་ཕྱིར་དེ་ལྟར་ཕྱག་ན་རྡོ་རྗེའི་ལག་པ་ནས་སྨིན་མཚམས་ནས་ཞུགས་ཏེ་གཞུང་དང་དོན་དང་བཅས་པ་སྙིང་གར་ཞུ་བར་གྱུར་ཏོ་ཞེས་བའོ། །དེ་ཉིད་ཀྱི་ཕྱིར་ཕྱིས་སྡུས་པ་བོར་འཐད་དོ། །བཟླས་པ་ཞེས་པ་སྔོན་དུ་བསྙེན་པ་ནའོ། །སྣ་ཚོགས་ཞེས་པ་ཡུལ་དང་དུས་ལ ་སོགས་པ་རྣམས་ཀྱིས་སོ། །སྦར་དང་རེངས་པ་ལ་སོགས་པ་གང་གསུངས་པའོ། །དེར་རྗེས་སུ་ནན་ཏན་དུ་བྱ་བའི་དུས་སུ་དང་བྱ་བ་རྣམས་ལ་ངེས་པའོ། །ཇི་ལྟར་འགྱུར་ཞེས་པ་དྲི་བ་གསལ་བར་བྱེད་དེ། ཅི་རྣམས་ཞེས་པ་ལ་སོགས་པའོ། །ཀཾ་བདེ་བ་སྐྱོང་བར ་བྱེད་པ་ཀ་པཱ་ལ་ཁོ་ན་ཐོད་པ་སྟེ་པདྨའོ། །གྲུ་གསུམ་རྣམས་ཀྱི་འབྱུང་ངོ་ཞེས་པ་གྲུ་གསུམ་ཡང་དག་འབྱུང་ངོ། །བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མེའི་རྡོ་རྗེ་དང་པདྨ་དེ་དག་གི་སྦྱོར་བའོ། །ནང་དུ་ནི་རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་བཅོམ་ལྡན་འདས་ཏེ། གསང ་བའི་འཁོར་ལོ་ལས་ཡང་དག་འབྱུང་བའོ། །ཁུ་བའི་རྣམ་པ་བཅོམ་ལྡན་འདས་ཞེས་གསུངས་པའི་ཕྱིར་རོ། །ཐོད་པའི་རྟུལ་ཏེ་ཐོད་པ་ལ་ཡོད་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། གྲུ་གསུམ་ལས་ཏེ་གསང་བའི་འཁོར་ལོ་ལས་ཡང་དག་འབྱུང་བའོ། ་དེ་དག་མན་ངག་ཇི་ལྟ་བ་བཞིན་རིན་ཆེན་འདུས་སར་ལས་ཀྱི་གཏུམ་མོ་ལ་སོགས་པས་སྦྱོར་བའོ། །དོན་དམ་པར་ནི་སངས་རྒྱས་དང་ཐོད་པ་དག་གི་སྟེ་སྟོང་པ་ཉིད་དང་སྙིང་རྗེ་དག་གི་སྦྱོར་བའོ། །དེའི་སྟེ་སྦྱོར་བ་རྣམ་པ་གསུམ་གྱི་གསང་བར་ཏེ་ནང་དུ་གནས་པའི ་རྩ་ཨ་བ་དྷཱུ་ཏཱིའི་ནི་དངོས་སུ་སྣ་ཚོགས་སྡེ་མའོ། །དེས་སྤྲོས་པའི་ཕྱིར་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱང་སྣ་ཚོགས་སྡེ་མའོ། །ཡན་ལག་གི་དོན་གསུམ་པ་སྣ་ཚོགས་ཞེས་པ་སྟེ། ངོ་མཚར་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་སྤྲིན ་པ་མེད་པར་བྱེད་པ་སྟེ། རྣམ་པ་ཐམས་ཅད་མཆོག་དང་ལྡན་པའི་སྟོང་པ་ཉིད་དོ། །དེ་ཁོ་ན་སྣ་ཚོགས་པ་སྟེ། བརྟན་པ་དང་གཡོ་བའི་བདག་ཉིད་ཁམས་གསུམ་པ་ནི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །འདིས་ནི་ཇི་ལྟར་བཅོམ་ལྡན་འདས་སྟོང་པ ་ཉིད་དང་སྙིང་རྗེ་དབྱེར་མེད་པ་ཉིད་ཀྱིས་ན་སངས་རྒྱས་ཐོད་པར་བརྗོད་པ་དེ་ལྟར་བཅོམ་ལྡན་འདས་མ་སྣ་ཚོགས་སྡེ་མ་ཡང་ངོ། །ཞེས་གསལ་བར་བྱས་སོ། །དེ་ལྟར་ན་ཆེན་པོ་རྣམས་ཀྱིས་གང་གིས་སམ་གང་དུ་འགྲོ་བ་ཞེས་པ་ཐེག་པ་སྟེ་རྒྱུ་དང་འབྲས་བུའི་བདག ་ཉིད་ཐེག་པ་ཆེན་པོའོ། །འདི་སྟེ་འཁོར་ལོ་སྐྱེ་བ་ཞེས་པའོ། །རྣལ་འབྱོར་མ་ཞེས་པ་རྣལ་འབྱོར་པ་གསུམ་ཕུལ་དུ་བྱུང་བ་དང་ལྡན་པ་ཉིད་ཀྱི་ཕྱིར་རྣལ་འབྱོར་མ་རྣམས་ཏེ། རྣལ་འབྱོར་མའི་རང་བཞིན་རྩ་ནི་ཨ་བ་དྷཱུ་ཏཱི་སྟེ། དེ་ལས་ཡང་དག་འབྱུང་བའོ། ། ་བཤད་པའི་སྦྱོར་བས་སོ། །དེ་ཉིད་དེ་ཡེ་ཤེས་བཟང་པོ་གང་སྔར་གསུངས་པ་དེ་རྨད་བྱུང་སྟེ། སྒོམ་པས་དྲོད་ལ་སོགས་པའི་རིམ་པས་ཆེ་མཆོག་སྟེ། འབྲས་བུ་རྡོ་རྗེ་འཛིན་པའི་ཡེ་ཤེས་སོ། །སེམས་ཅན་ཀུན་བདེ་འབབ་ཅེས་པ་བླའོ། །ཁ་ཅིག་དུ་སངས ་རྒྱས་ཀུན་གྱི་བདེ་འབབ་ཅེས་ཀློག་པ་དེའི་ཚེ། སངས་རྒྱས་ཀྱི་རང་བཞིན་གྱི་ཕུང་པོ་ལ་སོགས་པ་རྣམས་ཀུན་གྱི་བདེ་བ་འབབ་པའོ། །ཇི་ལྟར་འདི་བཞིན་དུ་ཡིན་ཞེ་ན་གསུངས་པ། སྣ་ཚོགས་ཞེས་པ་ལ་སོགས་པ་སྟེ་བཟང་ཆེན་ཁོ་ནའོ། །ཐོད་པར་ཏེ་ཆོས ་འབྱུང་དུའོ། །གསང་སྔགས་རྒྱུད་དང་རྣམ་པར་གནས་ཞེས་པ། ཨོཾ་བུདྡྷ་ཞེས་པ་ལ་སོགས་པ་སྔགས་སོ། །རྒྱུད་ནི་སྔར་བརྗོད་ཟིན་ཏོ། །དེ་དག་དང་ལྷན་ཅིག་དྲི་མ་དང་བྲལ་བར་གནས་པའོ། །ཡང་ན་སྔགས་ནི་སྟོང་པ་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོ་སྟེ། དེ་རྒྱུད ་དེ་རྒྱུན་དུ་རྣམ་པར་རྟོག་པ་རྣམས་གསལ་ནས་གང་དུ་གནས་པ་དེ་དེ་སྐད་དོ། །དེའི་ནི་ཐོད་པ་ཁོ་ནའིའོ། །གྲུ་གསུམ་ཞེས་པ་གྲུ་གསུམ་གྱི་འབྲས་བུ་ཉིད་ཀྱི་ཕྱིར་དང་ཐབས་གཞན་མེད་པར་ཤེས་པའི་དོན་དུ་ཉེ་བར་བརྟགས་པའོ། །དེར་ནི་ཞེས་པ་གང་དུ་ཡེ་ཤེས་ ་བཟང་པོ་ཤེས་རབ་ཡེ་ཤེས་ཀྱི་ངོ་བོ་དེ་སྐྱེས་བ་དེ་ལ་བརྟེན་པས་དང་དེ་ཁོ་ན་གོམས་པ་ལས་དབང་བཞི་པར་འགྱུར་བའི་གནས་དེར་བདུན་དང་ལྔ་ཞེས་པ་དང་དབང་བཅུ་བཞི་རྣམས་སོ། །སངས་རྒྱས་མངོན་བརྗོད་བྱེད་ཅེས་པ་ནི་མི ་བསྐྱོད་པ་ལ་སོགས་པ་རྣམ་པར་དག་པ་རྣམས་ཏེ་དེ་རྣམས་འཆད་པར་འགྱུར་རོ། །སྦྱོར་པ་སྣ་ཚོགས་རྣམས་ནི་ཞི་བ་ལ་སོགས་པ་འཆད་པར་འགྱུར་བ་རྣམས་སོ། །ཚེ་འཕེལ་ཞེས་པ་ཚེལ་དབང་བ་ཉིད་ཀྱིས་ན་ཡེ་ཤེས་དེ་ཁོ་ནའོ། །ཡང་ན་སྤྲུལ་པའི ་འཁོར་ལོའི་མདུད་པར་འོད་ཟེར་ལྔ་དང་ལྡན་པའི་ཐིག་ལེ་ཕྲ་མོ་དཀར་པོ་ནི་དབང་བསྐུར་ལྔའི་རང་བཞིན་ནོ། །སངས་རྒྱས་བདུན་ནི་རྗོད་བྱེད་བ་ཞེས་པའི་ཐིག་ལེ་དེ་རེ་ཁཱ་བདུན་གྱིས་བསྐོར་པར་བྱ་ཞིང་ཕྲ་བར་འབར་བ་དེ་རྣམས་ཀྱང་རླུང་འབྱུང་བ་ན་འབྱུང ་ཞིང། འཇུག་པ་ན་སེམས་དང་ལྷན་ཅིག་ཐིག་ལེ་ལ་འཇུག་སྟེ། འདི་ལྟར་སྒོམ་པས་སྐྱེས་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི་དབང་བདུན་རྣམས་སོ་ཞེས་པའི་དོན་ཏོ། །ཚེ་འཕེལ་ཞེས་པ་འཇུག་པ་དང་འབྱུང་བ་དག་ཤེས་རབ་དང་ཐབས་ཀྱི་རང་བཞིན ་གྱི་བཟླས་པས་འགོག་པའི་ཕྱིར་རོ་ཞེས་པ་མན་ངག་གོ་།འདི་ཐམས་ཅད་བླ་མའི་མན་ངག་མེད་ན་རྟོགས་པར་དཀའ་ཨོ་ཞེས་གསུངས་པ། མན་ངག་ལམ་ཞེས་པ་སྟེ་མན་ངག་གང་གི་ལམ་དེ་རྟོགས་པའི་ཐབས་ཡིན་པ་དེ་དེ་སྐད་དེ། །མན་ངག ་ཀྱང་ཁོ་བོས་རྣམ་པར་ཕྱེ་ཟིན་ཅིར་འབྱེད་པར་ཡང་འགྱུར་རོ། །མཁས་པ་འཇིགས་པ་མེད་པའི་འབྱུང་གནས་ཀྱི་སྦས་པས་མཛད་པའི་འཇིགས་པ་མེད་པའི་གཞུང་འགྲེལ་དཔལ་སངས་རྒྱས་ཐོད་པའི་རྒྱུད་ཆེན་པོའི་འགྲེལ་པ་ལེའུ་དང་པོའོ། ། ་བསྐྱེད་པའི་རིམ་པ་རྒྱས་པར་སྟོན་པའི་ཆེད་དུ་སྔགས་ཀྱི་ལེའུ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པ་སྟེ། བསྐྱེད་པའི་རིམ་པ་ནི་སྔགས་དང་སྔགས་ཀྱི་སྐུའི་རང་བཞིན་ཉིད་ཀྱི་ཕྱིར་དང་བསྐྱེད་པའི་རིམ་པའི་ཡན་ལག་ལས་རབ་འབྱམ་ཡང་སྔགས ་ཀྱིས་བསྒྲུབ་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །སྔགས་ཀྱི་ངོ་བོ་ནི་སྔགས་ཏེ། བོད་པར་བྱེད་པ་དེ་ཁོ་ན་ཉིད་སྐུལ་བར་བྱེད་པའི་སྨྲ་བའོ། །དེ་གསལ་བར་བྱེད་པའི་ལེའུ་ཡང་དག་པར་བཤད་པར་བྱ་སྟེ། ཇི་ལྟར་འདོད་པ་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཐོད་པའི་རྩ ་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པར་རོ། །རྡོ་རྗེ་ཞེས་པ་ནི་དམ་ཚིག་གི་རྫས་ཏེ། དེ་དབུལ་བའི་སྔགས་སོ། །དངོས་གྲུབ་ཐམས་ཅད་གཏོར་མ་སྔོན་དུ་འགྲོ་བ་ཉིད་ཀྱི་ཕྱིར་གསུངས་པ། ཨོཾ་མཧཱ་ཀཱ་པཱ་ལ་བཛྲ་ཞེས་པ་ལ་སོགས་པའོ། །དབང་པོ་ལ ་སོགས་པ་རྣམས་འཁོར་དང་བཅས་པ་རྣམས་ནི་འབྱུང་པོ་ཐམས་ཅད་དེ་དེ་རྣམས་འདིའི་ལྷའོ་ཞེས་པ་འབྱུང་པོ་ཐམས་ཅད་པ་སྟེ། གཏོར་མ་ནི་ཉེ་བར་སྤྱོད་པའི་ཁྱད་པར་རོ། །དེའི་བྱིན་གྱིས་རློབ་པའི་སྔགས་ནི། འབྱུང་པོ་ཐམས་ཅད་པའི ་གཏོར་མའི་སྔགས་སོ། །འདིར་ཕྱོགས་བཅུ་རྣམས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་དང་དབང་པོ་ལ་སོགས་པ་འཁོར་བ་དང་བཅས་པ་རྣམས་དང་སྲོག་ཆགས་དཔག་ཏུ་མེད་པ་རྣམས་ཤེས་རབ་དང་བཅས་པ་རྣམས་ཤེས་རབ་མཆོག་གི་དབང ་དུ་བྱས་པས་ཡུད་ཀྱིས་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མ་ཡང་དག་པར་སྦྱར་བའི་གཟུགས་སུ་ལྟ་ཞིང་གཏོར་མ་ཡང་འཆད་པར་འགྱུར་བའི་སྒོམ་པས་སམ་ཡུད་ཀྱིས་དངུལ་ཆུ་འདྲ་བ་བདུད་རྩིའི་རང་བཞིན་བདུག་སྤོས་ལ་སོགས་པ་དང་བཅས་པ་དེ་རྣམས ་ལ་སྦྱིན་པར་བྱའོ་ཞེས་པ་མན་ངག་གོ་།འབྲས་སཱ་ལུ་ཞེས་པ་འབྲས་སཱ་ལུ་དམར་པོ་མ་ཆག་པ། བ་དཀར་མོའི་འོ་མས་བཀྲུ་བར་བྱའོ། །གཞོན་ནུ་མ་ནི་ཡན་ལག་མ་ཚང་བ་མེད་ཅིང་མ་ཉམས་པའོ། །ཤིན་ཏུ་ཞིབ་པའི་ཞེས་པ་ནི་ཤིན་ཏུ་ཞིབ་པར་རོ། །དེ་ལྟར ་བཏགས་པའི་འབྲས་བའི་དེས་གཟུགས་ཏེ་ཧེ་རུ་ཀའི་གཟུགས་བརྙན་བྱ་སྟེ་རང་ཉིད་ཀྱིས་བྱ་བའོ། །ཤེས་རབ་ཅན་ཞེས་པ་མཉམ་པའི་ཤེས་རབ་དང་ལྡན་པའོ། །རྡོ་རྗེ་གཙུག་ཅེས་པ་རྡོ་རྗེ་གཙུག་ནི་གཞོན་ནུ་མ་མ་ཉམས་པའི་མེ་ཏོག་དང་པོའི་དུས་སུ་རྡོ་རྗེ་དང་པདྨ་སྦྱོར་བ ་ལས་སྐྱེས་པའི་གཉི་གའི་བྱང་ཆུབ་ཀྱི་སེམས་ཏེ། དེ་དང་རང་འབྱུང་གི་མེ་ཏོག་བསྲེས་ལ་དེ་དང་ལྷན་ཅིག་མཉེས་ཤིང་དེ་དང་ཆ་མཉམ་པའི་དུར་ཁྲོད་ཀྱི་སོལ་བའི་ཕྱེ་མས་གཟུགས་བརྙན་དེ་བྱུག་པར་བྱའོ། །སངས་རྒྱས ་ཐོད་པའི་རྣལ་འབྱོར་པ་ཞེས་པ་སྦྱོར་བ་ཐམས་ཅད་ལ་རང་ཉིད་ཧེ་རུ་ཀའི་བདག་ཉིད་དོ། །ཧེ་རུ་ཀའི་རྣམ་པའི་རབ་ཏུ་སྦྱོར་བས་ཞེས་པས་གཟུགས་བརྙན་དམ་ཚིག་སེམས་དཔའ་ཡེ་ཤེས་སེམས་དཔའ་དང་ལྷན་ཅིག་དབྱེར་མེད་པའི་ཧེ་རུ་ཀ་དངོས་སུ་བསྒོམ ་པར་བྱ་སྟེ། དེ་ལྟར་ན་གཟུགས་བརྙན་ཧེ་རུ་ཀའི་རྣམ་པའི་སྦྱོར་བས་སོ། །གཟུགས་བརྙན་དེ་ལ་ལག་པས་རེག་ནས་ཨོཾ་མཧཱ་བཛྲ་ཞེས་པ་ལ་སོགས་པའི་སྔགས་བརྒྱས་ཟླ་ལྷག་པའི་བརྒྱ་བཟླས་སོ། །ཆུ་ཞེས་པ་རྡོ་རྗེའི་ཆུའོ། །དེའི་རྗེས་སུ་བཀྲུས ་པའི་གཟུགས་བརྙན་མཆོད་དེ་མངོན་པར་འདོད་པའི་བསམ་པས་ཁྲུས་ཀྱི་ཆུ་དེས་བདག་ཉིད་ཀྱིས་གདོང་བཀྲུས་པ་ལས་སྒྲུབ་པ་པོ་མི་སྣང་བར་འགྱུར་རོ། །ཐལ་བའི་སྦྱོར་བ་འཆད་པའི་ཆེད་དུ་གསུངས་པ་དེའི་ཞེས་པ་ལ་སོགས་པའོ། །བབ་པོ་ལའི་ཤིང ་གིས་ཕུག་ནས་ཞེས་བ་ལྷག་མའོ། །མེས་ཞེས་པ་ནི་དུར་ཁྲོད་ཀྱི་མེས་སོ། །དེའི་ཞེས་པ་གཟུགས་བརྙན་གྱིའོ། །ཚངས་པའི་རྡོ་རྗེས་ཞེས་པ་ལ། ཚངས་པའི་རྡོ་རྗེ་ནི་རྣམ་པར་སྣང་མཛད་དོ། །དེའི་ཞེས་པ་གཟུགས་བརྙན་གྱིའོ། །ཐལ་བ་ཞེས ་པ་ཐལ་བའོ། །འདིས་ཞེས་པ་ཨོཾ་བུདྡྷ་ཞེས་པ་ལ་སོགས་པས་སོ། །ོཾ་བུདྡྷ་ཞེས་པ་ལ་སོགས་པ་ཨ་དྷིཥྚཱ་ཡ་ཧྲཱི(རྒྱུད་འགྲེལ་པའི་བསྡུས་པའི་དོན་ཏེ། དུར་ཁྲོད་དུ་ཤིང་བབ་པོ་ལའི་ཤུན་པ་སྐམ་པོ་དང་རྣམ་པར་སྣང་མཛད་སྐམ་པོ་གཅིག་ཏུ་དུར་ཁྲོད་ཀྱི་སེམས་སྦར་ལ་མེ་དེ་ལ་སྙིང་གར་ཤིང་བབ་པོ་ལ་བཞག་པའི་གཟུགས་བརྙན་དེ་བཞག་ནས་གཟུགས་བརྙན་དེའི་སྙིང ་གར་ཚངས་པའི་རྡོ་རྗེ་ཨོཾ་བུདྡྷ་ཞེས་པ་ལ་སོགས་པ་རྐང་པ་ལྔ་པའི་སྔགས་ཀྱིས་བརྒྱད་ལྷག་པའི་བརྒྱར་སྦྱིན་སྲེག་བྱ་ཞིང་གཟུགས་བརྙན་དེ་ཡང་བསྲེགས་ནས་ཐལ་བར་བྱའོ། །དེའི་རྗེས་སུ་ཁམ་པོར་སོ་མ་བཏང་བ་དང་པདྨའི་སྣོད་དབུས་སུ་པདྨ་འདབ་མ་བཞི་པ་བྲི ་ཞིབ་དེའི་ལྟེ་བར་རྐང་པ་ལྔ་པའི་སྔགས་ཀྱིས་ཙི་ཏྲ་སེ་ནའི་རྐང་པའོ། །འདབ་མ་རྣམས་ལ་རྐང་པ་གཞན་རྣམས་སོ། །སྔགས་རྣམས་ཐམས་ཅད་ཀྱང་ལྷ་ཉིད་སྔགས་ཀྱི་གཟུགས་ཀྱིས་ནི་དངོས་གྲུབ་མཛའ་དག་བསྒྲུབ་པར་མཛད་ཅེས་དཔའ་པོ་གྲུབ་པའི་རྒྱུད་དུ་གསུངས ་པའི་ཕྱིར་སྔགས་དང་ལྷ་དག་ཐ་མི་དད་ཅིང་རང་གི་ལྷའི་བཞིན་དུ་བསྒོམ་མོ། །དེ་ནས་ཐལ་བ་དེ་སེ་མ་བཏང་བའི་ཁམ་ཕོར་དུ་བཞག་སྟེ། ཉི་མ་ཉི་ཤུ་རྩ་གཅིག་ཏུ་ཉི་མ་སོ་སོར་དུས་གསུམ་དུ་ཨོཾ་བུདྡྷ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་དུ ་མངོན་པར་སྔགས་པར་བྱའོ། །དེའི་རྗེས་སུ་ཐོད་པར་ཡང་དེ་ལྟར་འགྱུར་རོ་ཞེས་པས་ཐལ་བ་བསྒྲུབ་པར་འགྱུར་རོ། །དེས་ཞེས་པ་ནི་དེ་ལྟར་བསྒྲུབས་པའི་རྡོ་རྗེ་གཙུག་གནུར་བས་སོ། །དེ་ཁོ་ན་ཞེས་པ་དགྲ་བོའོ། །སྦྱོར་བ་གཉིས་པ་གསུངས་པ་དེ་ཁོ་ན་ཞེས་པ ་བསྒྲུབས་པས་སོ། །མར་ཁུ་བཟང་པོ་ནི་སྐྱེས་བུ་སྦྱངས་པའི་མར་ཁུ་སྟེ་དེས་སོ། །དེ་རྣམས་ཞེས་པ་གཏེར་རྣམས་ཏེ། བསྡིགས་སོ་ཞེས་པ་ལྷག་མའོ། །ཐམས་ཅད་ནི་གཏེར་རྣམས་སོ། །སྦྱོར་བ་གསུམ་པ་གསུངས་པ་ཐལ་བ་དེས་ཞེས་པ་ལ་སོགས་པ་སྟེ། ་བསྒྲུབས་པས་བྱུགས་ཏེ་སྡིགས་མཛུབ་ཀྱིས་བསྡིགས་ཤིང་མཐེ་བོས་བསྐོར་ནས་ཁ་སྤུབ་ཏུ་ལྟུང་བར་བྱེད་དོ། །སྦྱོར་བ་བཞི་པ་གསུངས་ཏེ། ངེས་ཞེས་པ་བསྒྲུབས་པས་སོ། །ཐལ་བ་དེ་དང་བདར་ཞིང་སྦྱངས་པའི་ཞ་ཉེའི་ཕྱི་མ་དང་རྡོ་རྗེ་གཙུག་ཆ་མཉམ ་པའོ། །ཅུང་ཟད་ཅེས་པ་ཞ་ཉེའི་ཕྱེ་མས་དམན་པའི་ཚང་ངོ། །འདི་དག་ཐམས་ཅད་བསྲེས་པར་བྱས་ནས་རྡོ་རྗེ་མཆུ་ཞེས་པོ་ཕག་ནག་པོ་སྟེ། དེའི་ཁུ་བ་ནི་ཁྲག་གོ་།རྡོ་རྗེ་དབྱུག་པ་ཞེས་ཀློག་པ་ལ་ནི་རྡོ་རྗེ་དབྱུག་པའི་ཁུ་བ་ནི་མིའི་ཆུའོ། །དེས་ཏ་ཁྲག་གམ་ཆུས་བསྒོས་ནས། ཕྱི ་ནས་སྲང་གང་གི་ཚང་ཀྱི་ཚེམས་དབུག་ཏུ་རུང་བའི་ཟངས་མའི་སྣོད་དུ་གཞག་སྟེ། རྡོ་རྗེ་མཆུའི་ཁུ་བས་སམ་མིའི་གཅི་བས་བཀང་ནས་ཞག་བདུན་དུ་བསྒོམ་པར་བྱའོ། །དེའི་རྗེས་སུ་མཁྲིས་པ་ཆེན་པོས་ཏེ་མིའི་མཁྲིས་པ་དང་ལྷན་ཅིག་ཞག ་བདུན་དུ་སྣོད་དེ་ཁོ་ནར་མཉེ་བར་བྱའོ། །དེ་ནས་ཞེས་སྣོད་ནས་སོ། །ལྕགས་ཀྱི་སྣོང་དུ་སྟེ། ཁབ་ལེན་གྱི་ལྕགས་ཀྱི་སྣོད་སྲང་གི་ཚད་ཁབ་ཀྱིས་དབུག་ཏུ་རུང་བར་རྡོ་རྗེ་མཆུ་ལ་སོགས་པས་བསྒོམ་པ་ལ་སོགས་པ་བྱས་ནས་བཞག་པར་བྱའོ་ཞེས་པའི་དོན་ཏོ། ། ་དེ་ཞེས་པ་དེའི་ཟངས་ཀྱི་སྣོད་དམ་ལྕགས་ཀྱི་སྣོད་དོ། །མེ་ལ་བཞག་སྟེ་བཞག་པར་བྱའོ། །ཁ་ཅིག་སྨྲ་བ་ནི་བར་ཆད་མེད་པར་མེ་འབར་བའི་ས་གཞི་ལ་བཞག་སྟེ། ཐོབ་ནས་ཞག་བདུན་བཞག་པར་བྱའོ། །གཞན་སྨྲ་བ་ནི་བཞག་སྟེ་བསྐོལ་བར་བྱའོ་ཟེར་རོ།། ་དེ་ནས་ཟངས་ཀྱི་སྣོད་དེ་གསེར་དུ་འགྱུར་ཞིང་ལྕགས་ཀྱི་སྣོད་ནི་དངུལ་དུ་འགྱུར་རོ། །གཞན་རྣམས་སྨྲ་བ་ནི་སྣོད་གང་ཅི་ཡང་རུང་བར་དང་པོར་རྡོ་རྗེ་མཆུའི་ཁུ་བས་བསྒོས་ནས། དེ་ནས་ཕྱུང་ནས་ཟངས་ཀྱི་སྣོད་དང་ལྕགས་ཀྱི་སྣོད་དུ་བསྒོ་བ་དང་མཉེ་བ་དང ་བཞག་པ་རྣམས་བྱས་ནས་བཟངས་ཀྱི་སྣོད་དམ་ལྕགས་ཀྱི་སྣོད་དེ་དང་ལྷན་ཅིག་མེའི་དབུས་སུ་བཞག་གོ་ཞེས་བ་སྔ་མ་བཞིན་ནོ། །འོ་ན་ཀྱང་བསྐལ་བའི་ཕྱོགས་ལ་བཤའ་ཚེའི་ཕྱེ་མ་དང་ཁ་ལེན་གྱི་ཕྱེ་མ་ཟད་པར་བྱའོ། །སྟོང་ཕྲག་ཅེས་པ་ལ་སོགས་པ ་གོ་སླའོ། །སྦྱོར་བ་ལྔ་པ་གསུངས་པ་དེ་ཉིད་ཀྱིས་ཞེས་པ་གྲུབ་པས་སོ། །ཉི་མ་བཟང་པོ་ལ་ཐོ་རངས་ཐལ་བ་དེ་གཞོན་ནུ་མའི་མགོར་བཞག་སྟེ་རྡོ་རྗེ་གཙུག་པུད་ཀྱི་བཀྲུའོ། །སྤོས་ལྔ་ནི་སྒྲོན་མ་ལྔའི་བདུག་པས་རྐང་པ་ལྔའི་སོགས་ཀློག་ཅིང་བདུག་པར ་བྱའོ། །སྦྱོར་བ་དྲུག་པ་གསུངས་པ། ཡུངས་ཀར་དཀར་པོ་གཞོན་ནུ་མའི་ཐོད་པར་བསྐྲུན་ནས་དེ་ལས་སྐྱེས་པའི་འབྲས་བུ་སྔགས་འདིས་སྔོན་དུ་བསྙེན་པ་འབུམ་བཟླས་པས་ལན་བདུན་དུ་མངོན་པར་སྔགས་པའོ། །སྐར་རྩིས་ཀྱི་ཆོ་ག་འདི་སངས ་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་གཞོན་ནུ་མའི་འམ། སྒྲུབ་པ་པོ་བརྟན་པ་ཉིད་ལས་གཞན་གྱིའང་གདོད་པ་ལ་སྔགས་བཟློག་ཅིང་བརྟེན་པར་བྱའོ། །དེ་ནས་གཞོན་ནུ་མ་དེ་རྒོད་དོ། །གཅིག་ཅེས་པ་གཞོན་ནུ་མའི་ཁ་ནས་བྱུང་བའི་རལ་གྲི་རྣམས ་ཀྱི་རལ་གྲི་གཅིག་ཡུད་ཀྱིས་གཟུང་ནས་རལ་གྲིའི་གྲུབ་པར་འགྱུར་རོ། །བཟང་པོ་ཞེས་པ་བཟང་མོ་སྟེ་རང་བཞིན་དུ་གནས་པའོ། །སྦྱོར་བ་བདུན་པ་གསུངས་པ་དེའི་ཞེས་པ་ལ་སོགས་པའོ། །ཐལ་བའི་རི་ལུ་རིམ་གྱིས་གསེར་དང་དངུལ་དང་ཟངས་རྣམས་ཀྱིས ་དཀྲིས་ནས་དེ་མ་ཐག་ཏུ་བརྗོད་པའི་སྔགས་འབུམ་བཟླས་པ་བྱས་པས་ལན་བདུན་དུ་མངོན་པར་བསྔགས་པས་དྲོ་བ་དང་དུ་བ་དང་འབར་བའི་རྗེས་ཐོགས་སུ་ཁར་གཞུག་པར་བྱའོ། །འདིར་གསེར་གྱི་ཚད་ནི་ར་ཏི་ཕྱེད་དང་བཅས་པ་བདུན་ལྷག་པའི་དྲུག་ནས་གསུམ་མོ། ་དངུལ་གྱི་ནི་ཕྱེད་དང་བཅས་པའི་ར་ཏི་གཉིས་ལྷག་པའི་དྲུག་ནམ་བཞིའོ། །ཟངས་མའི་ནི་ར་ཏི་ལྔ་ལྷག་པའི་དྲུག་ནམ་ལྔའོ། །དེ་གསུངས་པ་ཕྱེད་དང་བརྒྱད་དང་མཱ་ས་གསུམ། །ཕྱེད་དང་གསུམ་དང་དེ་བཞིན་བཞི། །ར་ཏི་ལྔ་དང་མཱ་ས་གསུམ། རི་ལུ་བཅིངས ་ལ་ཡང་དག་ངེས་ཞེས་སོ། །འཇིག་རྟེན་གསུམ་བསྒྲུབ་པའི་སྔགས་ཞེས་པ་གྲོང་ཁྱེར་དཀྲུག་པའི་སྔགས་སོ། །ལས་ཀྱི་རྗེས་སུ་འབྲང་བས་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མ་དག་གི་སྐུ་མདོག་གི་དབྱེ་བ་བརྒྱད་དང་འཆད་པར་འགྱུར་རོ། །ཞེས་པ་མཁས ་པ་ཨ་བྷ་ཡཱ་ཀ་ར་གྲུབ?་ཡིས་མཛད་པ་མཇིགས?་པ་མེད་པའི་གཞུང་འགྲེལ་དུ་ལེའུ་གཉིས་པའོ།། །།སྔགས་བཤད་ནས་སྔགས་ཀྱི་རང་བཞིན་གྱི་སྐུ་དང་རྫོགས་པའི་ངོ་བོ་ཡང་བཤད་པའི་ཚེད་དུ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། ། ་ལྷའི་ལེའུ་ཞེས་སྔགས་ལས་སྐྱེས་པ་རྣམས་ཀྱི་དང། རྫོགས་པའི་ངོ་བོའི་ལྷ་རྣམས་ཀྱི་ལེའུའོ། །རཾ་ཡིག་ཞེས་པ་ལ་སོགས་པ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ནི་གསལ་བར་ཕྱོགས་གཅིག་ཏུ་འཆད་པར་འགྱུར་རོ། །ནང་གི་ནི་རྡོ་རྗེ་ས་གཞི་ཞེས ་པ་ལ་སོགས་པ་ལ་རྡོ་རྗེ་ས་གཞི་ནི་ལྟེ་བ་སྟེ་དེའི་དབུས་སུའོ། །རྫོགས་པའི་རིམ་པ་ལ་ནི་ཨེ་ཡིག་བདག་ཉིད་ཆེན་པོ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །ེ་ཡིག་ཡོངས་སུ་གྱུར་པའི་གྲུ་གསུམ་ནི་ཆོས་འབྱུང་སྤྲུལ་པའི་འཁོར་ལོ་སྟེ། ་ཁམས་གསུམ་བདག་ཉིད་བསམ་པར་བྱའོ། །གྲུ་གསུམ་དེའི་དབུས་སུ་ཨེ་ཡིག་གམ་ལམ་ཡིག་ས་བོན་ཏེ། དེ་ཡོངས་སུ་གྱུར་པའི་སའི་དཀྱིལ་འཁོར་རོ། །སྙིང་གར་བཾ་ཡིག་གམ་ཨོཾ་ཡིག་ནི་ཆོས་ཏེ་སེམས་ཡིན་ཞིང་དེའི་བདག་ཉིད་ནི་དེ་ལས་བྱུང་བ་སྟེ ་འཁོར་ལོ་ནི་ཆོས་ཀྱི་འཁོར་ལོའོ། །རྩ་རྣམས་ཀུན་གྱི་ངོ་བོ་ཅན་ཞེས་པ་རྩ་བརྒྱད་ཀྱི་རང་བཞིན་ཏེ། འཁོར་ལོ་བཞིའི་རྩ་རྣམས་ཀྱང་བདེ་བ་ཆེན་པོའི་སེམས་ལས་ཐ་མི་དད་པའི་ཕྱིར་དེའི་རང་བཞིན་ནོ། །མགོ་བོ་ལ་རྣལ་འབྱོར་མ་ནི་རྣམ་པར་གནས ་ཞེས་པ་རྣལ་འབྱོར་མ་སུམ་ཅུ་རྩ་གཉིས་རྣམས་ཏེ། ཁྱད་པར་དུ་བདེ་བ་ཆེན་པོའི་གནས་ནས་འཛག་པ་བྱང་ཆུབ་ཀྱི་སེམས་འབབ་པ་རྣམས་གང་དུ་གནས་པའོ། །བཟང་བ་ནི་བདེ་བ་ཆེན་པོའི་འཁོར་ལོ་དེའི་རང་བཞིན་ནོ། །རྩ་ཐམས་ཅད་ཀྱི་རང ་བཞིན་རྩ་སུམ་ཅུ་རྩ་གཉིས་པོ་འདི་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་འབབ་པ་སྤྱིའི་ལས་དང་ཁྱད་པར་གྱི་ལས་དང་མིང་ཡང་རྒྱུད་གཞན་གྱི་རྗེས་སུ་འབྲང་བས་བཤད་པར་བྱའོ། །དེ་ལ་ཨ་བ་དྷཱུ་ཏཱི་ནི་བྱང་ཆུབ་སེམས་ཁོ་ན་འབེབས་སོ། །རྐྱང་མ་ལྟེ་བའི་རྩ་བར ་འཕྱང་བཞིན་པ་ནི་ཟོས་པ་དང་འཐུངས་པ་རྣམས་ལྟོ་བའི་སེམས་སྨིན་པ་རྣམས་ལས་ཞུ་བ་འབེབས་སོ། །དེ་ལས་ཞུ་བ་འདི་རྩ་གཞན་དང་གཞན་དུ་རྒྱུ་བས་ལུས་མངོན་པར་ཁྱབ་པར་བྱེད་དོ། །ར་ས་ནཱ་ནི་ཞུ་བ་ལས་ཁྲག་འབབ་པོ། །དེའི་ཕྱིར་དེ ་ཡང་དེ་ལྟ་ཁོ་ནར་ལུས་ལ་ཁྱབ་པར་བྱེད་དོ། །ཀུན་གྱི་ཡང་བསྡུ་བའི་ད་ཡིན་ཏེ་མི་ཕྱེད་སོ་དང་སོན་མོ་འབབ། །ཕྲ་མོ་སྐྲ་དང་བ་སྤུ་འབྱིན། །རྩོན་མ་པགས་པ་དྲི་མ་འབབ། །གཡོན་པ་མ་ནི་ཤ་འབབ་ཅིང། །མེའུ་ཐུང་མ་ཞག་འབབ་འགྱུར། ། ་རུ་སྦལ་སྐྱེས་མ་རུ་སྦལ་འདོད། །སྦོམ་བ་མོ་འགྱུར་མཁའ་ལ་འབབ། །དབང་བསྐུར་མ་ནི་སྙིང་འབབ་འགྱུར། །སྐྱོན་མ་མིག་ནི་འབབ་པར་འདོད། །འཇུག་མ་མཁྲིས་པ་འབབ་པར་བཤད། །མ་མོ་མ་ནི་གློ་བ་འབབ། །མཚན་མོ་མ་ནི་སྒྱུ་མ་འབབ། ། ་པ་སིལ་བ་མ་ནི་སྟེ་ཟུར་དག་།དྲོད་མ་ལྟོ་བ་འབབ་པར་འགྱུར། །མི་བསྐྱོད་འབབ་བརྒྱད་པའོ། ། བ་དྷཱུ་ཏཱི་ཟླ་བ་འབབ། །རོ་མ་ཁྲག་འབབ་བྱེད་པར་བཤད། །བཤད་བ་ལ་ནི་གཞོལ་མར་འདོད། །དགའ་གདོང་མ་ནི་སྐྲ་མཚམས་ལའོ། །སྤྱི་མ ་རྣག་ནི་འབབ་པར་བྱེད། །བད་ཀན་རྒྱུ་སྦྱིན་མ་རུ་བཤད། །རྡུལ་འབབ་མ་ནི་བྲལ་བ་མ། །ཚིལ་ལ་དགའ་བ་མ་ཞེས་བརྗོད། །གྲུབ་མ་མྱ་ངན་མཆི་མ་འབབ། །འཚེ་མ་མཆིལ་མ་ལ་འདོད་དེ། །ཡིད་བཟང་མ་ནི་སྣབས་འབབ་མ། །གསུམ་སྐོར་མ་ནི ་གཟུགས་ལ་འདོད། །འདོད་པ་མ་ནི་སྒྲ་ལ་བཤད། །ཁྱིམ་མ་དྲི་འབབ་པར་འགྱུར་རོ། །རོ་འབྱིན་བྱེད་མ་གཏུམ་མོའོ། །རེག་ལ་རྣལ་འབྱོར་མར་ཤེས་བྱ། །ཆོས་ལ་བདུད་འབྲལ་མ་རུ་འགྱུར། ཞེས་སོ། །འདིར་ལ་ལ་ནཱ་དང་རོ་མ་དང་ཀུན་འདར་མ ་ནི་སྣ་ཚོགས་སྡེ་མའོ། །དེ་ལས་གཞན་གཉིས་གཉིས་ནི་རིམ་པ་བཞིན་ཕྲེང་བཟང་མ་དང་ཐོད་པ་ཅན་མ་དང། འཇིགས་མ་དང་ཐུབ་དཀའ་མའོ། །དེ་ལས་གཞན་རྣམས་ནི་དགེ་བའི་སྐ་རགས་མ་ལ་སོགས་པ་རྣལ་འབྱོར་མ་ཉི་ཤུའི་ངོ་བོར་ཤེས ་པར་བྱའོ། །གདུང་བྲལ་མ་ནི་ཨ་ཝ་དྷཱུ་ཏཱི་དང་འདྲེས་པ་ཁོ་ན་སྟེ། ལྕེའི་རྩེ་མོ་ཇི་སྲིད་པར་ལྟེ་བ་ནས་ལངས་པ་དུས་ཀྱི་རྩ་སྟེ། འགོག་པའི་མཚན་ཉིད་ཅན་གྱི་ཆོས་རྣལ་འབྱོར་མ་རྣམས་འབབ་པའོ། །དེ་ནི་རྣལ་འབྱོར་མ་སྡུས་པས་རབ་ཏུ ་འཇུག་སྟེ། དེ་ནི་མ་རིག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །འོ་ན་བརྟག་པ་གཉིས་པར་བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་འབབ་པ་རྣམས་སོ་ཞེས་གསུངས་པ་ཇི་ལྟར་ཞེ་ན། དུས་ཀྱི་རྩ་ནི་འགོག་པ་ཉིད་དུ་འབབ་པར་བྱང?་པའི་ཕྱིར་སྐྱོན་མེད་དོ། ། ་རྣལ་འབྱོར་མ་ངོ་བོར་རྩ་སྟོན་པའི་སྐབས་སུ་ནི་དེ་སྟོན་པ་ཡོངས་སུ་སྤངས་པའི་དོན་ཏོ། །དེའི་དབང་ལས་འཇིག་རྟེན་འདི་བདེ་བ་ཆེན་པོའི་རང་བཞིན་དུ་སྐྱེས་ཀྱང་དེའི་དཀྱིལ་འཁོར་མི་མཐོང་ངོ། །དེའི་བདེ་བ་ཡང་ངོ། །དེ་ཉིད་ཀྱི་ཕྱིར ་གསུངས་པ་འབད་པས་ཀུན་གྱི་ལྷག་མ་སྤང་ཞེས་སོ། །བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཀུན་གྱིས་ཐབས་སོ། །འདི་ཡང་དོན་དམ་པར་ས་བོན་ལས་སྐྱེ་བ་མེད་པ་ཁོ་ནར་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ངོ་བོ་རྫོགས ་པའི་དཀྱིལ་འཁོར་གསུངས་པ། བཅུ་དྲུག་ཆ་ཡིས་བརྒྱན་གྱུར་བ་ཞེས་པ་མགྲིན་པར་ཏེ། ཆ་ནི་འདིར་རྩ་རྣམས་ཏེ། རྩ་བཅུ་དྲུག་དང་ལྡན་པ་ལོངས་སྤྱོད་ཀྱི་འཁོར་ལོའོ། །སྤྲུལ་པ་ནི་སྤྲུལ་པའི་པདྨ་སྟེ་གར་དུ་དྲུག་ཅུ་རྩ་བཞིའི་འདབ་མ་རྣམས་ཏེ་རྩ ་རྣམས་ཡིན་པ་དེའོ། །དེ་ལྟར་ཞེས་པ་འཁོར་ལོ་བཞི་རྣམས་སུ་རྩ་བརྒྱ་ཉི་ཤུ་སྟེ། རྩ་རྣམས་ཉི་ཤུ་ལྷག་པའི་བརྒྱར་འགྱུར་རོ། །དེ་ལྟར་བསམ་པར་བྱ་ཞེས་པ་དེ་ལྟར་རྫོགས་པའི་དཀྱིལ་འཁོར་བསམ་པར་བྱ་སྟེ་བསྒོམ་པར་བྱ་ཞིང་བཟླས་པར་བྱའོ། །དེ ་ལ་རྐྱང་མ་དང་རོ་མར་སྲོག་གི་རླུང་ཐུན་ཕྱེད་ཕྱེད་དུ་བདག་པོ་ཉིད་ཀྱི་ཕྱིར་ཉིན་མཚན་དུ་འཕོ་བ་བཅུ་དྲུག་རྣམས་མགྲིན་པར་རོ། །དེ་ཁོ་ན་ལ་དཀྱིལ་འཁོར་བཞིའི་དབྱེ་བས་དབྱུ་གུ་བཞིའི་བདག་ཉིད་ལས་སྤྲུལ་པའི་འཁོར་ལོར་དབྱུག་གུ་དྲུག་ཅུ ་རྩ་བཞི་རྣམས་སུ་འགྱུར། །བཅོམ་ལྡན་འདས་ཀྱིས་ཡང་དག་པར་སྦྱོར་བ་ལ་སོགས་པའི་རྒྱུད་རྣམས་སུ་དང། འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང་ཇི་སྐད་དུ་གསུངས་བ། མེ་ཉིད་དང་ནི་རླུང་དང་ནི། །དབང་ཆེན་དང་ནི་དེ་བཞིན་ཆུའོ།། ་དཀྱིལ་འཁོར་དུ་ནི་དེ་རྒྱུ་བ། །སྟེང་ལོགས་ཐད་ཀ་འོག་ཏུ་འགྲོའོ་ཞེས་སོ། །དེ་ཁོ་ན་ལ་སོ་སོར་ཤེས་རབ་དང། ཐབས་ཀྱི་ངོ་བོའི་དཀྱིལ་འཁོར་གཉིས་ལོངས་སྤྱོད་པ་ལས་རྩ་བའི་འཁོར་ལོར་ཡང་དག་པར་རྒྱུ་བའི་ཕྱིར་བདེ་བ ་ཆེན་པོའི་འཁོར་ལོར་རྩ་སུམ་ཅུ་རྩ་གཉིས་རྣམས་སོ། །ཉིན་མོ་དང་མཚན་མོའི་རྣམ་པར་དབྱེ་བས་ཤེས་རབ་དང་ཐབས་ཀྱིས་དབྱེ་བ་ལས་ཐུན་བརྒྱད་རྣམས་ཏེ་སྙིང་གར་རོ། །རྒྱུད་གཞན་རྣམས་སུ་ཉིན་ཞག་དབྱུ་གུ་དྲུག་ཅུའི་བདག་ཉིད་དུ་གང་གསུངས་པ་དེ་ནི་དབུགས ་དྲུག་ཅུ་ལྷག་པའི་སུམ་བརྒྱ་རྣམས་དབྱུ་གུར་རྣམ་པར་བཞག་པས་སོ། །འདིར་ནི་དཀྱིལ་འཁོར་བཞིར་རྣམ་པར་བཞག་པས་དབུགས་ཕྱེད་དང་བཅས་པ་སུམ་ཅུ་རྩ་བདུན་ལྷག་པའི་སུམ་རྒྱ་རྣམས་དབྱུ་གུར་རྣམ་པར་བཞག་པའོ། །གཉིས་ཀ་ལ་ཡང་ཉིན ་མཚན་ལ་དབུགས་དྲུག་བརྒྱ་ལྷག་པའི་སྟོང་ཉི་ཤུ་རྩ་གཅིག་ཏུ་འགྱུར་རོ་ཞེས་པ་ཁྱད་པར་མེད་དོ། །དེ་ལྟར་རྫོགས་པའི་རིམ་པ་ལ་བལྟོས་པས་བཟླས་པ་ཡང་རྫོགས་པའི་རུ་གསལ་བར་བྱས་སོ། །དེ་གསུངས་པ། རྣལ་འབྱོར་དབང་པོ་ཉིད་མཚན་གྱིས།། ་ཉི་ཁྲི་ངང་ནི་སྟོང་ཕྲག་དང། །དེ་བཞིན་བརྒྱ་ཕྲག་དྲུག་ཏུ་ནི། །བཟླས་པ་ཡིས་ནི་གྲངས་བྱེད་དོ་ཞེས་སོ། །རིག་པ་བཟླས་པས་སེམས་བརྟན་པ་ན་བདེ་བ་ཆེན་པོའི་རང་བཞིན་རྫོགས་པའི་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པར་འགྱུར་རོ། །ཤེས་རབ་ཅན་ཞེས ་པ་ཤེས་རབ་ཆེན་པོ་ཅན་རྫོགས་པའི་རིམ་པའི་དཀྱིལ་འཁོར་བསྒོམ་པ་ལ་མཁས་པའོ། །རྡོ་རྗེ་སྐུ་ལ་ནི་སྟོང་པ་ཉིད་དང་རོ་གཅིག་པ་བདེ་བ་ཆེན་པོའི་རང་བཞིན་གྱི་སྐུ་ལའོ། །དེ་ཉིད་ཀྱི་ཕྱིར་རང་དང་གཞན་དག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་རུང་བ་ཉིད་ཀྱི ་ཕྱིར་བདག་ཉིད་ཆེན་པོའོ། །དེར་ཞེས་པ་ཆོས་ཀྱི་འཁོར་ལོར་རོ། །བསྐྱེད་པའི་རིམ་པ་ལ་ནི་བི་ལས་སྐྱེས་པའི་ཆུའི་དཀྱིལ་འཁོར་རོ། །རྩ་རྣམས་ཀུན་གྱི་དཀྱིལ་འཁོར་ནི། །ཆུའི་དཀྱིལ་འཁོར་ལ་ཐིམ་འགྱུར་རོ་ཞེས་པ་རྩའི་དཀྱིལ་འཁོར་གཞན་ནི་སྙིང་གའི་རྩ ་བརྒྱད་པོ་རྣམས་ཁོ་ན་ཕོ་བ་སྟེ། དེའི་ཕྱིར་རྩའི་དཀྱིལ་ཐམས་ཅད་ཆུའི་དཀྱིལ་འཁོར་ལ་འབྱར་བར་བྱེད་དོ། །སླར་ཡང་ཞེས་པ་ལ་སོགས་པ་ལ་སྤྲུལ་པའི་འཁོར་ལོའི་འོག་ཏུ་མ་ཡིག་དམར་པོ་ལས་སྐྱེས་པ་འམ་རཾ་ལས་སྐྱེས་པའི་མེའི་དཀྱིལ་འཁོར ་གྲུ་གསུམ་པ་འབར་བ་སྤྲུལ་པའི་རྩའི་འཁོར་ལོ་ལ་འབྱར་བཞིན་པའོ། །མེ་ལས་འོག་ཏུ་ཡཱ་ཡཾ་ག་ལས་སྐྱེས་པ་འམ་ཡི་ཡིག་ལས་སྐྱེས་པའི་གླུང་གི་དཀྱིལ་འཁོར་རོ། །རྩ་རྣམས་ཐམས་ཅད་གཡོ་བྱེད་གཟུགས་ཞེས་རླུང་གི་དཀྱིལ་འཁོར ་དེས་མེ་འབར་བར་བྱེད་ཅིང་རྩ་ཐམས་ཅད་ལ་གནས་པའི་བྱང་ཆུབ་ཀྱི་སེམས་གཡོར་འཇུག་གོ་།ཐིམ་བཞིན་པ་ནི་འཁོར་ལོ་རིག་ཅེས་པ་འཁོར་ལོ་ལ་ཐིམ་བཞིན་པ་ནི་རིག་པ་སྟེ་རིག་པར་བྱེད་པ་དེས་གཡོས་པའི་བྱང་ཆུབ་ཀྱི་སེམས་རླུང་གི་འཁོར་ལོར་ཐིམ ་པ་དེའི་ཚེ་ལྷན་ཅིག་སྐྱེས་པའི་བདེ་བ་རིག་པར་འགྱུར་རོ། །དེ་རྣམས་ཐམས་ཅད་ཐིམ་པ་ཡིས། །རྣལ་འབྱོར་པ་དེར་དབུས་སུ་གནས་ཞེས་པ་དེར་ཏེ་ལྷན་ཅིག་སྐྱེས་པའི་བདེ་བ་རིག་པ་ལ། ཐམས་ཅད་དེ་ཕུང་པོ་ལ་སོགས་པ་རྣམས་ཐིམ་བཞིན་པ་རྣམས་དང ་རྣལ་འབྱོར་པ་ནི་སེམས་ཏེ་དེ་ཡང་དེར་དེའི་བདག་ཉིད་ཀྱིས་གནས་སོ། །ཟླ་བ་ཞེས་པ་བྱང་ཆུབ་ཀྱི་སེམས་ཏེ་བདེ་བ་ཆེན་པོའི་འཁོར་ལོར་སྤྱི་གཙུག་ཇི་སྲིད་པར་རོ། །ཉི་མ་ནི་རྡུལ་ཏེ་སྤྲུལ་པའི་འོག་ཏུའོ། །ཧཱུཾ་ཨ(རྒྱུད་འགྲེལ་སྟེ། ཧཱུཾ་ཡིག་སྔོན་པོ་ནི་ཆོས་ཀྱི་འཁོར་ལོ་ལའོ། །ཱ(རྒྱུད་འགྲེལ་ཡིན་ལ་ཧ་ཡིག་ཀྱང་ཡིན་ཞིང་བརྒྱན་པའང་ངོ། །ཀཾ་བདེ་བ་ཆེན་པོ་སྟེ་དེའི་རང་བཞིན་ནི་བདེ་བ་ཆེན་པོའི་འཁོར་ལོར་ཧ་ཡིག་དཔྲལ་བར་སྟོང་པ་གཞོམ་དུ་མེད་པ་ཟླ་བ་ཕྱེད་པ་དང་ཐིག་ལེས་བརྒྱན་པ་དཀར་པོ་བསམ་པར་བྱའོ། །ཀ་ཡིག་ཧ་ཡིག་ལ་ཐིམ་པ ་ཞེས་པ་བདེ་བ་ཆེན་པོ་གཞོམ་དུ་མེད་པ་ལ་འདྲེས་པར་གྱུར་པ་སྟེ་དབྱེར་མེད་པ་ཞེས་པའི་བར་རོ། །ཧ་ཧཱུཾ་དབྱེར་མེད་པ་ཞེས་པ་གཞོམ་དུ་མེད་པའི་རང་བཞིན་ཇི་ལྟ་བུ་དེ་ལྟ་བུ་ནི་ཧཱུཾ་ཡིག་སྟེ། གཉིས་ཡང་གཉིས་ཀའི་རང་བཞིན་ནོ། །ཞེས་བྱ་བའི་དོན ་ཏོ། །ཇི་ལྟར་དེ་ཡི་བདེ་བ་འདོད་པར་བཤད་ཅེས་པའི་གསུངས་ལས། ཀཾ་ཤེས་རབ་དང་ཧ་ཐབས་ཏེ་དེ་དག་དབྱེར་མེད་པ་དེ་ལྟར་བདེ་བའི་ཐབས་ཉིད་ཀྱི་ཧ་ཡིག་ནི་ཤེས་རབ་ཨའུཾ་ཡིག་དང་ལྡན་པ་ལས་ཧ་ཧཱུཾ་ཞེས་པའི་ཡི་གེ་གཉིས་འདྲེས་པ་ནི་ཧཱུཾ་ཡིག་སེམས་ཐབས་སོ་ཞེས་པ་ཤེས ་རབ་དང་ཐབས་དབྱེར་མེད་པའོ། །ཧཱུཾ་ཡིག་གི་ནི་འོད་ཟེར་རྣམས་ཞེས་པ་རླུང་གིས་མེ་གཏུམ་མོའི་འོད་ཟེར་བསྐུལ་བ་བདེ་བ་ཆེན་པོའི་འཁོར་ལོར་སོན་པ་སྟེ། དེར་རི་བོང་ཅན་བསྐུལ་ཞིང་རི་བོང་ཅན་ཡིས་རྣམ་པར་རྟོག་པའི་གདུང་བ་བཞི་པ་ལས་ཁ་བ་ལྟ་བུའི་ཀ་ཡིག ་བདེ་བ་ཆེན་པོ་དང་ཉི་མ་རྡུལ་དང་ཧ་དང་ཨོཾ་དག་ལྷན་ཅིག་ཞུ་བར་གྱུར་ནས་ཧཱུཾ་ཡིག་ལ་ངལ་སོའོ། །དེ་ནས་ཧཱུཾ་ཡིག་ཀྱང་ཞུ་བར་གྱུར་ནས་སྤྲུལ་བའི་ས་བོན་ལ་ངལ་སོའོ། །དེ་དང་ཉི་མ་དང་ཟླ་བའི་དཀྱིལ་འཁོར་གཉིས་ཀྱང་འདྲེས་པར་གྱུར་ནས་ཉི་མ་ཞེས་པ་རྡུལ་གྱི ་དཀྱིལ་འཁོར་ཁོ་ན་ལྷག་པའི་ཐིག་ལེའི་གཟུགས་སུ་བལྟ་བར་བྱ་ཁུ་བ་ནི་ལྷག་མ་མིན་པའོ། །ཡང་ནི་ཧཱུཾ་ཡིག་འོད་ཟེར་རྣམས་ཞེས་པ་ཧཱུཾ་ཡིག་ཞུ་བའི་ཐིག་ལེའི་འོད་ཟེར་གྱི་རི་མོ་རྩའི་འཁོར་ལོ་ཐམས་ཅད་ལ་རེག་པའོ། །ས་བོན་ཞེས་པ་བདེ་བ་ཆེན་པོ་བསྐྱེད་པ་ཐིག ་ལེའི་གཟུགས་སོ། །དེ་ལྟར་ཐིག་ལེའི་རྣལ་འབྱོར་གསུངས་སོ། །རྫོགས་པའི་དཀྱིལ་འཁོར་བསྒོམ་པ་ལ་ནི་ས་བོན་ལ་སོགས་པ་བསྐྱེད་པ་མེད་པར་རྡུལ་གྱི་ངོ་བོའི་གཏུམ་མོ་ངེས་པར་འབྱུང་བ་ཡང་ཤིན་ཏུ་འབར་རོ། །དེས་མཆོག་ཏུ་སྦར་བའི་རི་བོང་ཅན་ཡང་ཤིན་ཏུ ་ཆེས་འཛག་གོ་།དེས་བརྟས་པར་བྱས་པའི་གཏུམ་མོ། །ཤིན་ཏུ་ཆེས་འབར་རོ། །རི་བོང་ཅན་དེས་མཆོག་ཏུ་གདུངས་པ་ཡང་ཆེས་འཛག་གོ་།དེ་ལྟར་ནང་གི་ཟླ་བ་དང་ཉི་མ་མཉམ་འདུབ་པར་མ་ཆད་པ་བདེ་བ་ཆེན་པོའི་རང་བཞིན་ཕུང་པོ་ཁམས་ལ ་སོགས་སྒོ?་བཏགས་པ་ཟིལ་གྱི་གནོན་པ་རབ་ཏུ་སྐྱེ་བོ། །གང་རྣམས་དེ་ལྟར་མི་མོས་པ་དེ་རྣམས་ནི་ཇི་སྐད་བཤད་པའི་བཟླས་པས་སོག་སྡོམ་པ་ལ་དབང་ཉིད་ཐོབ་པས་ཐུར་སེལ་གྱི་རླུང་བསྡུས་ལྟེ་བའི་དཀྱིལ་འཁོར་དུ་ཕྱག་རྒྱ་ཆེན་པོ་དམིགས་ཏེ། ་རླུང་བཀག་པས་གཏུམ་མོ་འབར་དུ་འཇུག་གོ་།དེ་ནས་དེ་ལྟ་ཁོ་ནར་བདེ་བ་ཆེན་པོ་གསལ་བར་འགྱུར་རོ། །དེ་ལྟར་མི་ནུས་པས་ཇི་དེ་ལྟ་ཁོ་ནར་ལྟེ་བའི་དཀྱིལ་འཁོར་དུ་རླུང་བཀག་པར་མོས་ནས་གནས་པས་དབུགས་འབྱུང་བ་ནི་རི་མོ་དྲང ་པོ་གཏུམ་མོའི་ངོ་བོས་བཅོམ་ལྡན་འདས་མ་འབར་བ་མོས་ཏེ། བདེ་བ་ཆེན་པོའི་གནས་རྗེས་སུ་ཐོབ་པ་ལས་དབུགས་འཇུག་པ་ན་ཧཾ་ཡིག་ཟླ་བ་འཛག་པ་ཐིག་ལེའི་གཟུགས་ཀྱིས་དེ་ལ་དམིགས་བཞིན་པ་བདེ་བ་ཆེན་པོའི་རང་བཞིན་ལྟ་པའི་དཀྱིལ་འཁོར ་དུ་འོངས་ནས་དམིགས་པ་མེད་པར་འགྱུར་རོ། །དེ་ལྟར་ཇི་སྲིད་དུ་སྲོག་འགོག་པའི་བར་དུ་གནས་པར་བྱ་སྟེ། དེ་ཁོ་ནར་དབུགས་འབྱུང་བ་དང། འཇུག་པ་དག་ལ་ཡང་དང་ཡང་དུ་བསྒྲུབ་པར་བྱའོ། །གང་ཡང་སྲོག་འབྱུང་བ་དང། འཇུག་པ་བརྟག ་པར་མི་ནུས་པ་དེ་ལྷག་པར་མོས་པ་ཙམ་ཁོ་ན་སྒྲུབ་པར་བྱེད་དོ། །བསྐྱེད་པའི་རིམ་པ་སྒོམ་པ་པོས་ནི་དེ་སྔོན་མ་ཅན་ཁོ་ནར་འདི་མཛའ་དག་སྟོབས་ཇི་ལྟ་བར་དམིགས་པར་བྱའོ། །རྒྱས་པ་ལ་དགའ་བས་ནི་རྣལ་འབྱོར་མའི་འཁོར་ལོ་མཛའ་དག་གི་ངོ ་བོ་ཕྱག་རྒྱ་ཆེན་པོའི་བདག་ཉིད་བཅོམ་ལྡན་འདས་མ་སྣ་ཚོགས་སྡེ་མ་གཏུམ་མོའི་ངོ་བོ་འབར་བཞིན་པས་ཕྱོགས་བཅུར་འཕྲོས་པས་འདོད་ཆགས་ཆེན་པོའི་མེའི་འོད་ཀྱིས་བསྐུལ་བའི་དེ་བཞིན་གཤེགས་པ་འདོད་ཆགས་ཆེན་པོའི་རྗེས་སུ་ཆགས ་པ་རྣམས་ཐམས་ཅད་བདེ་བ་ཆེན་པོའི་འཁོར་ལོར་ཞུགས་པར་བལྟས་ནས་དེ་ཁོ་ན་བཞིན་དུ་ཐམས་ཅད་སྒྲུབ་པར་བྱའོ། །དེ་ལྟར་འདི་ལ་སངས་རྒྱས་ཀྱི་བྱིན་རླབས་ཀྱང་འབྱུང་ངོ། །ཞེས་པ་གཏུམ་མོའི་གདམས་པའི་དབྱེ་བའོ། །འདི་ཐམས ་ཅད་ཀྱང་བླ་མ་དམ་པས་གདམ་པར་བྱས་པ་བསྙེད་པའོ། །དེ་ཁོ་ནས་ཞེས་པ་མིའི་རྒྱུས་པ་རློན་པས་ཞེས་པ་ལྷག་མའོ། །དེ་ལྟར་ཕ་རོལ་ཕྱིན་མ་ཞེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནོ། །བཅོམ་ལྡན་འདས་ནི་སྙིང་རྗེ་ཆེན་པོའི་རང་བཞིན ་ནོ། །མེ་ཡི་ལུས་སྐྱེས་འོད་ཟེར་རྣམས་ཞེས་པ་བཅོམ་ལྡན་འདས་དེའི་སྐུ་ལས་སྐྱེས་པའི་གཏུམ་མོའི་འོད་ཟེར་རྣམས་སོ། །འཛག་པ་དེས་ཞེས་པ་ཆོས་ཀྱི་འཁོར་ལོའི་ས་བོན་བཀྲུ་བའི་དུས་སུ་ཆོས་ཀྱི་འཁོར་ལོའི་རྩ་བརྒྱད་པོའི་རང་བཞིན་རྣལ་འབྱོར་མ་རྣམས ་ཕྱི་རོལ་ཏུ་སྤྲོས་ནས་ཞེས་པའི་དོན་ཏོ། །དྲི་བཟངས་ལྔ་ཞེས་པ་བདུད་རྩི་ལྔ་རྣམས་སོ། །མེ་ཏོག་ནི་བུད་མེད་ཀྱི་རྡུལ་ལོ། །བདུག་སྤོས་ནི་འདོད་ཆགས་རྡོ་རྗེ་མའི་ཆགས་པས་འབར་བའི་གཏུམ་མོའི་མར་མེའིའོ། །དཔའ་པོ་རྫོགས་པ་ཞེས་པ་དཔའ་བོ་གྲུབ ་པར་མཐོང་ནས་སྔར་བཞིན་འཛག་གོ་། མྲའི་ལོ་མ་ནི་ས་ཧ་ཀཱ་རའི་འདབ་མའོ། །གསོལ་བ་གདབ་ཅེས་པ་དོན་དུ་གཉེར་བར་བྱའོ། །དབང་བསྐུར་བ་ཡིས་ཞེས་པ་ལ། དབང་བསྐུར་ནི་དྲི་མ་མེད་པར་བྱེད་པའོ། །མཁས་པ་ནི་རིག་པ་དང་ལྡན་པ ་སྟེ། སྒྲོལ་པའི་ཐབས་རིག་པ་རྣམས་སོ། །བུ་ཚ་མེད་ཅེས་པ་ལ་སོགས་པ་ལ་ཇི་ལྟར་བུ་ཤི་བའི་ཁྱིམ་དུ་བུས་སྟོང་པ་སྟེ་དེ་ལྟར་དབང་བསྐུར་དང་བྲལ་བའི་སྐྱེས་བུ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་བྲལ་བའོ། །ཇི་ལྟར་ཐམས་ཅད་སྦྱར་བ་ན་ཡང ་པི་ཝང་རྒྱུད་མེད་བརྡུང་མི་རུང་དེ་ལས་སྒྲ་འགྲུབ་མ་ཡིན་ནོ། །ཇི་སྲིད་སངས་རྒྱས་ཀྱིས་མི་སྤོང་སྟེ། དམྱལ་བ་མི་བདོར་གྱི་བར་དུའོ། །འདིས་ནི་དབང་བསྐུར་ཐམས་ཅད་གདོན་ནི་ཟ་བར་གསུངས་སོ། །ཧེ་རུ་ཀར་གྱུར་པ་ན་ཞེས་པ། ཧེ་རུ་ཀའི་གཟུགས་སུ་སྒོམ ་པ་རྫོགས་པས། དགོས་པ་ནི་སྟེ་དབང་བསྐུར་མེད་ན་སངས་རྒྱས་ཉིད་མེད་པའི་ཕྱིར་རོ། །བསོད་ནམས་ཙམ་དུ་ནི་འགྱུར་རོ་ཞེས་པའི་དོན་ཏོ། །དེ་ཞེས་པ་དེ་ལའོ། །ཕྱི་དང་གསང་བ་ཞེས་ཉེ་བར་མཚོན་པ་ལས་ཤེས་རབ་དང་བཞི་པའི་དབང་བསྐུར་དག་ཀྱང ་ཤེས་པར་བྱའོ། །དཔལ་སངས་རྒྱས་ཐོད་པའི་རྒྱུད་ཆེན་པོའི་འགྲེལ་བ་འཇིགས་པ་མེད་པའི་གཞུང་འགྲེལ་དུ་ལེའུ་གསུམ་པའོ།། །།མཁའ་ལྡིང་སྦྱོར་བ་བཤད་པའི་ཆེད་དུ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །བདག་ཅག་གི་ནི་བདག་ཅག ་རྣམས་སོ། །འོད་ཟེར་གྱིས་ནི་ལེའུ་དང་པོར་སྤྲོས་པའི་སྔགས་ཀྱི་འོད་ཟེར་གྱིས་སོ། །སྙིང་གི་འོད་ཟེར་རྣམས་ཞེས་པ་སྣ་ཚོགས་སྡེ་མའི་སྙིང་གའི་འོད་ཟེར་རྣམས་ཀྱིས་ཀླུ་རྣམས་གཏང་པར་བྱས་ནས་འོང་སྟེ་སྣ་ཚོགས་སྡེ་མའི་སྙིང་གར་ཞུགས ་པ་རྣམས་སོ། །བཀའ་བསྒོས་པ་ཞེས་པ་བདག་ཅག་རྣམས་སོ། །ལྷ་མོ་ཞེས་པ་ཀྱི་ལྷ་མོའོ། །གསུངས་པ་ཞེས་པ་སྣ་ཚོགས་སྔ་མས་སོ། །ཀླུ་རྣམས་ལ་བྱིན་གྱིས་བརླབས་ནས་དེའི་ཁས་དུག་གི་དེ་ཁོ་ན་ཉིད་རྒྱས་པར་བསྟན་པའི་ཆེད་དུ་དྲི་མ་ལྔ་རྣམས་ཏེ། མུ ་སྟེགས་ལ་སོགས་མཁའ་ལྡིང་སྦྱོར་ཞེས་པ་ལ་སོགས་པའོ། །ཁྱབ་འཇུག་དང་དབང་ཕྱུག་ལ་སོགས་པ་རྣམས་ཀྱི་དང། བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་མཁའ་ལྡིང་སྦྱོར་བ་སྔགས་དང་སྨན་དང་ཏིང་ངེ་འཛིན་གྱི་ཁྱད་པར་རོ། །ཇི་ལྟ་བུར་འདོད་དེ་ཡེ ་ཤེས་ཀྱང་དེ་ཡིན་ལ་ཡང་དག་པར་འབྱུང་ངོ་ཞེས་པས་འབྱུང་བ་ཡང་སྟེ། ཡེ་ཤེས་འབྱུང་བ་ཇི་ལྟ་བུ་མ་ནིང་ཉིད་ནི་ཁྱད་པར་ལྷུར་བྱེད་པ་འམ་གཙུག་ལག་ཁང་ཉིད་ཀྱི་ཕྱིར་རོ། །དུག་གི་ཞེས་པ་དུག་གོ་།ཇི་ལྟར་ཞེས་པ་རབ་ཏུ་དབྱེ་བ་དྲིས་པའོ། །ཞུས་པ་ཞེས ་པ་ཀླུ་རྣམས་ཀྱིས་སོ། །ཁྱབ་འཇུག་ཅེས་པ་ལ་སོགས་པ་མུ་སྟེགས་པའི་ཕྱོགས་ལ་དྲི་བ་ལྔ་པ་ལན་སྔོན་པའོ། །ཁྱབ་འཇུག་དང་དབང་ཕྱུག་ལ་སོགས་པ་བློ་ཕྱིན་ཅི་ལོག་པ་དངོས་པོའི་དེ་ཁོ་ན་ཉིད་མངོན་པར་མི་ཤེས་པ་རྣམས་ཏེ། དེ་རྣམས་ཀྱི་ལུགས་ལ་མཆེ ་བས་བཟུང་བའི་དུག་དང་མཆེ་བ་ཡང་དོན་དམ་པ་དེ་ཡོད་དོ། །དེའི་ཕྱིར་དེ་ཁོ་ན་ཉིད་མི་ཤེས་པ་ལས་དུག་གི་སྐྱོན་རྣམས་ཀྱི་གནོད་འགྱུར་ཏེ། འཆི་བར་འགྱུར་ཞིང་མཁའ་ལྡིང་སྦྱོར་བས་ཀྱང་འཚོ་བར་ནུས་པ་མ་ཡིན་ཏེ། དེ་ལྟར་དུས་སུ་གཟུང་བར་སྨྲ ་ཞེས་པ། མངའ་དང་ཕྱོགས་དུས་མེ་དང་རྟ། །ཟུང་དང་ཟླ་བ་སོགས་ཀྱིས་ཉིན། །དྲུག་དང་རིག་བྱེད་ལག་བདུན་མདའ། །ཡོན་ཏན་ཕུན་ཚོགས་རི་མཚན་མོ། །ཞེས་པ་ལ་སོགས་པའི་ལན་རྣམས་ལ་རིམ་པ་ཇི་ལྟ་བར་ཐུན་ཕྱེད་རྣམས་ནི་དུས་ཏེ། དེ་ལ་བཟུང་བ ་ནི་བཅོས་སུ་མི་རུང་བར་སྨྲའོ་ཞེས་པ་དྲི་བ་གསུམ་པའི་ལན་ནོ། །དྲི་བ་དང་པོའི་ལན་འདེབས་པ། སྦྲུལ་གྱི་ཞེས་པ་ལ་སོགས་པ་སྟེ། དུས་སུ་ཟིན་པ་ཉིད་མེད་ན་འཕྲོག་གོ་།ཞེས་པ་འཕྲོག་བྱེད་དོ། །ཁྱབ་འཇུག་དང་དབང་ཕྱུག་ལ་སོགས་བས་བྱས་པའི་སྦྲུལ་གྱི་དུག ་ཟིལ་གྱིས་གནོན་པའི་ཐབས་ཡོད་དོ། །དེ་ལྟར་གྱུར་ན་བཟུང་བ་ལ་སྤྲུལ་གྱི་དུག་མེད་དོ། །དུས་སུ་ཟིན་པ་ཉིད་ལ་མཁའ་ལྡིང་གི་སྦྱོར་བ་མེད་ན། སྤྲུལ་གྱིས་ཞེས་པ་ལ་སོགས་པ་ཉེ་བར་བསྡུ་བའོ། །རྫུ་འཕྲུལ་ཆེ་བ་ནི་མཁའ་ལྡིང་སྦྱོར་བྱེད་པའི་ཕྱིར་རོ། །བཅོམ་ལྡན་འདས ་ཀྱི་ཕྱོགས་ལ་དྲི་བ་གཉིས་པའི་ལན་ལྡོན་ཏེ། བཅོམ་ལྡན་འདས་ཞེས་པ་ལ་སོགས་པའོ། །དོར་བྱ་དང་བླང་བྱ་སྟོན་པའི་ཕྱིར་སྟོན་པའོ། །ཁྱབ་འཇུག་དང་དབང་ཕྱུག་ལ་སོགས་པ་ཡང། དེ་ལ་གུས་པ་རྣམས་ཀྱི་སྟོན་པར་བརྗོད་དོ་ཞེས་པས་གསུངས་པ་སྟོང་པ ་ཉིད་ངོས་གསུང་བ་ཞེས་ཏེ། ཐབས་ཁྱུང་སྟེ་རྒྱུ་ལྐོག་གྱུར་པས། །དེ་འཆད་པ་ནི་དཀའ་བ་ཡིན་ཞེས་པའི་རིགས་པ་ལས་དངོས་པོ་མཛའ་དག་གི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་བརྩེ་བའི་གཞན་དབང་ཉིད་ལས་གདུལ་བྱ་རྣམས་ལ་སྟོང་པ་ཉིད་ཀྱི་བདག་ཉིད་ཀྱི་དེ་ཁོ་ན ་ཉིད་གསུངས་པའོ། །ངེས་པ་ནི་ཟིན་པ་ཉིད་དེ་བྱ་བའི་ཁྱད་པར་རོ། །བདེ་བྱེད་ལ་སོགས་པ་རྣམས་ནི་རང་ཉིད་ཀྱིས་དེ་ཁོ་ན་ཉིད་མ་ངེས་ཤིང་གཞན་རྣམས་ལ་ཡང་ངེས་པར་མི་སྨྲའོ། །ཞེས་པ་དགོངས་པའོ། །དེས་སྟན་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཁོ་ན་དུག ་ཞི་བར་བྱེད་པ་བླ་ན་མེད་པའོ་ཞེས་དྲི་བ་དང་པོ་ལན་འདེབས་པར་བྱེད་པ། སྟོང་པ་ལ་ཞེས་པ་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་རང་བཞིན་མེད་པ་རྣམས་ལའོ། །རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ་སྟོང་པ་ཉིད་དེ་ཉིད་ཁྱོད་དགོངས་པ་ཞེས་པ་ཆོས ་རྣམས་ཐམས་ཅད་ལ་སྟེ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལའོ། །སྤྲུལ་དང་གཟུང་བ་དང་དུག་ཀྱང་ཅི་ལྟར་ཏེ་མེད་པ་ཁོ་ནའོ། །འདི་ལྟར་སྟོང་པ་ཉིད་ལས་དུག་གི་དེ་ཁ་ཉིད་ངེས་པས་དུག་གདོན་མི་ཟ་བར་འཇིག་པར་འགྱུར་རོ་ཞེས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ ་དྲི་བ་གསུམ་པའི་ལན་ཇི་ལྟར་ཞེས་པ་ལ་སོགས་པ་སྟེ། ཐམས་ཅད་དུ་ཅི་ནི་སྤོང་བ་ལའོ། །དྲི་བ་ལྔ་པ་ལ་ལན་ཟིན་པས་ཞེས་པ་ལ་སོགས་པ་སྟེ་སྟོང་པ་ཉིད་ནི་མ་ངེས་པ་ལས་ནི་འཆི་སྟེ། དེའི་ཕྱིར་དེ་རྣམས་སྟོང་པ་ཉིད་སྨྲ ་བས་བསྟན་པས་བཅོམ་ལྡན་འདས་ཀྱིས་ངེས་པ་གསུངས་སོ། །ད་ནི་གང་རྣམས་ལ་ནང་གི་དུག་མེད་པ་དེ་རྣམས་ལ་སྤྲུལ་ལ་སོགས་པའི་དུག་ཀྱང་ངོ་ཞེས་བཤད་པའི་ཆེད་དུ་གསུངས་པ་འདོད་ཆགས་ཞེས་པ་ལ་སོགས་པའོ། །འདོད་ཆགས་ནི་ཟག་པ་དང ་བཅས་པའི་དངོས་པོ་ལ་ཆགས་པའོ། །གཏི་མུག་ནི་མ་རིག་པ་སྟེ་དངོས་པོ་དང་དངོས་མེད་ལ་སོགས་པར་ཞེན་པའོ། །གྲགས་ཆེན་མ་ཞེས་པ་སྣ་ཚོགས་སྡེ་མ་བོད་པའོ། །ཐ་མལ་པའི་ཡུལ་ཞེས་པ་ལ་ཐ་མལ་ནི་འདིར་མ་རིག་པ་སྟེ། དེས་སྒྲོ་བཏགས་པ ་རྣམས་ནི་ཐ་མལ་པའོ། །རང་བཞིན་ཡུལ་ནི་དྲི་མ་མེད་ཅེས་པ་ལ་རང་བཞིན་ནི་འདིར་སྟོང་པ་ཉིད་དེ་དེས་གཟུགས་ལ་སོགས་པའི་ཡུལ་ལྔ་སེམས་ཀྱིས་རྣམ་པར་བསྒྲུབས་པ་ལྔ་རྣམས་དྲི་མ་འདོད་ཆགས་ལ་སོགས་པ་བག་ཆགས་དང་བཅས་པ ་རྣམས་ལེགས་པར་བརྩད་ནས་བཏོན་ཅིང་སྟོང་པ་ཉིད་ཀྱི་རང་བཞིན་གང་རྣམས་ལ་ཡོད་པ་དེ་རྣམས་ནི་དེ་སྐད་དོ། །མང་པོ་ཉིད་ལ་གཅིག་གི་ཚིག་ནི་གཙུག་ལག་ཉིད་ཀྱི་ཕྱིར་རོ། །འདི་རྣམས་ཀྱི་དྲི་མ་མེད་པ་ཉིད་ཀྱང་སེམས་དྲི་མ་མེད་པ་ཉིད་ལས་སོ། ། ་སེམས་ཀྱང་རང་བཞིན་གྱིས་དྲི་མེད་པ་སྟེ། དེ་ཚད་མ་རྣམ་འགྲེལ་དུ་གསུངས་པ། སེམས་འདི་རང་བཞིན་གྱིས་འོད་གསལ་དྲི་མ་རྣམས་ནི་བློ་བུར་པ་ཞེས་སོ། །དཀྱུས་མ་ལ་སྦྱོར་བ་ནི་དྲི་མ་ཞེས་པ་ལ་སོགས་པའོ། །དོན་འདི་ཡིན་ཏེ། འདོད ་ཆགས་ལ་སོགས་པ་ཁོ་ན་ནང་གི་དུག་སྟེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་སྲོག་འཇོམས་པའི་ཕྱིར་རོ། །དེའི་སེམས་ཀྱི་དབང་ལས་ཡུལ་གྱི་རང་གི་ངོ་བོ་ཡང་དུག་གོ་།གང་གི་ཚེ་སེམས་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་རང་བཞིན་དྲི་མ་མེད ་བ་ཉིད་ལས་དུག་མེད་པར་ངེས་པ་དེའི་ཚེ་ཡུལ་གྱིས་རང་གི་ངོ་བོ་ཡང་དྲི་མ་དང་བྲལ་བ་སྟེ་ཇི་ལྟར་ཏེ་དུག་མ་ཡིན་པ་ཁོ་ནའོ། །འདི་ལྟ་བུའི་ཚུལ་གྱིས་བསྟན་པའི་དུག་ལ་སོགས་པ་ཟ་བ་ལ་སོགས་པ་ན་དེ་ཁོ་ན་ཉིད་ལ་མོས་པ་ལས་མི་གནོད་དོ། །ཞེས་གསལ ་བར་བྱས་སོ། །དེ་ཀྱེའི་རྡོ་རྗེའི་རྒྱུད་དུ་དོལ་ཉིད་ཀྱིས་གསུངས་པ་གང་ཞིག་སེམས་མེད་འཇིག་རྟེན་མི། །དུག་ཟོས་པ་ཡིས་བརྒྱལ་བ་ཡིན། །རྨོངས་སྤངས་དེ་ཁོ་ན་ཉིད་ཤེས། །དེ་ཚེ་ཉིད་ན་མྱ་ངན་སྤོང་ཞེས་སོ། །འདིར་རྨོངས་སྤངས་ནི་དུག་གི་དེ་ཁོ་ན་ཉིད ་ཡོངས་སུ་ཤེས་པའི་ཕྱིར་རོ། །དེ་ཁོ་ན་ཉིད་ཞེས་པ་ནི་དུག་གི་དེ་ཁོ་ན་ཉིད་ལ་མྱོས་བཞིན་པའོ། །མྱ་ངན་ནི་མྱ་ངན་ནོ། །ནང་གི་དུག་འཇིག་པ་ཡང་ངེས་དཔེས་བསྟན་པ་ཉིད་དུ་གསུངས་པ་དེ་བཞིན་མྱང་འདས་ཐབས་ཤེས་ཤིང། །ཀྱེ་ཡི་རྡོ་རྗེར་རལ ་པ་བྱས། །མ་རིག་སོགས་ཀྱིས་མི་འཆིང་སྟེ། གཏི་མུག་ལ་སོགས་འཆིང་བས་མིན་ཞེས་ཏེ། འདིར་ཀྱེའི་རྡོ་རྗེར་ཞེས་པ་སྟོང་པ་ཉིད་དང་བདེ་བ་ཆེན་པོ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་དབྱེད་མེད་པའི་ཡེ་ཤེས་ལའོ། །མ་རིག་ལ་སོགས་རྣམས ་ཀྱིས་ཏེ་ཡན་ལག་བཅུ་གཉིས་རྣམས་ཀྱིས་སོ། །གཏི་མུག་ལ་སོགས་རྣམས་ཀྱིས་ཏེ། ཉོན་མོངས་པ་རྣམས་ཀྱིས་སོ། །དེ་ལྟར་ནང་གི་དུག་དང་བྲལ་བ་ལ་ཕྱི་རོལ་གྱི་དུག་གིས་ཀྱང་མི་གནོད་པར་གསུངས་ལ། སྤྲུལ་གྱིས་ཀྱང་ཞེས་པ་ལ་སོགས་པ་སྟེ། ་དྲི་བ་བཞི་པའི་ལན་འདེབས་པར་བྱེད་དོ། །ཐ་མལ་དུག་དང་སྦྲུལ་གྱི་དུག་།ཉེས་པ་ཁོ་ན་ཞེས་པ་ལ་ཐ་མལ་ནི་མ་རིག་པ་སྟེ། དེས་སྒྲོ་བཏགས་པ་ལས་བྱུང་བ་ནི་ཐ་མལ་པའི་དུག་སྟེ། སྤྲུལ་གྱི་འདི་ཡིན་པ་ནི་སྤྲུལ་གྱི་སྟེ། ཨཎ་འཕེལ་བ་མེད་པའི་ཕྱིར་རོ། ་དེ་དང་ཡུལ་གྱི་དུག་ཅེས་པ་གཉིས་ཀ་ཅི་ཞིག་བྱེད་ཅེས་འབྲེལ་ཏོ། །མུ་སྟེགས་པའི་ཕྱོགས་ལ་དྲི་བ་གཉིས་པའི་ལན་འདེབས་བ་ལྷ་རྣམས་ཡུལ་གྱིས་བསྒྲིབ་པ་ཞེས་ཏེ། བདེ་བྱེད་ལ་སོགས་པ་རྣམས་ཡུལ་རྣམས་ལ་ཉོན་མོངས་པ་དང། ཤེས་བྱའི ་སྒྲིབ་པ་རྣམས་ཀྱིས་དེ་ཁོ་ན་ཉིད་ཀྱི་ཤེས་པ་བསྒྲིབ་པར་བྱས་པ་རྣམས་ཏེ། དེའི་ཕྱིར་དེ་རྣམས་ལ་ནང་གི་རང་ཕྱིའི་དུག་ཡོད་དོ། །འོན་ཀྱང་རྫུ་འཕྲུལ་ཆེ་བ་ཉིད་ཀྱིས་ན་དུག་ཞི་བའི་ཐབས་བྱེད་ཅིང། དུས་སུ་ཟིན་པ་གསོར་མི་རུང་བར་སྨྲའོ།། ་དེ་ཉིད་ཀྱི་ཕྱིར་གསུང་བར་འགྱུར་བ་རྫུ་འཕྲུལ་ཆེ་ལ་བློ་མེད་པ་ཞེས་སོ། །བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་རྩ་བ་ནས་ཕྱུང་བའི་བཅོམ་ལྡན་འདས་སངས་རྒྱས་ཐོད་པ་ནི་འདོད་པ་ལ་སྤྱོད་ཀྱང་མི་འཆིང་ངོ་ཞེས་སྟོན་པ་ཡུལ་ཞེས་པ་ལ་སོགས་པའོ། ། ་དེ་བཞིན་དུ་སྦྱོང་བཞིན་པ་ནི་སངས་རྒྱས་ཐོད་པའི་རྣལ་འབྱོར་པ་རྣམས་ཀྱང་ལོངས་སྤྱོད་ཀྱང་མི་དགོས་ཏེ། སངས་རྒྱས་བོད་པའི་རྣལ་འབྱོར་ལས་སོ། །ཞེས་གསུངས་པ་སངས་རྒྱས་ཞེས་པ་ལ་སོགས་པའོ། །ཐམས་ཅད་ཉེ་པར་མཚོན་པ་ཉིད་ཀྱིས ་མཇུག་སྡད་པ། དེ་ལས་དུས་ཟིན་མེད་ཅེས་པ་སངས་རྒྱས་ཐོད་པའི་སྦྱོར་ལས་སོ། །དེ་ལྟར་དོན་དམ་པའི་དུག་ཞི་ཐབས་བརྗོད་ནས་ཀུན་རྫོབ་པ་གསུངས་པ། ཤཱ་ཀི་ལི་ཞེས་པ་ལ་སོགས་པའོ། །བསྡམས་ཏེ་ཡང་དག་པར་བསྡམས་པར་ཤཱ་ལི་ཀཱའིའི། ་བྱེད་པའི་བར་འགྱུར་བའོ། །མུ་སྟེགས་པ་རྣམས་དུས་སུ་བཟུང་བ་གསོར་མི་རུང་བར་སྨྲ་ལ་བཅོམ་ལྡན་འདས་ནི་མ་ཡོན་ནོ་ཞེས་དགོངས་པའོ། །དེ་སྐད་བརྗོད་ནས་གླུ་རྣམས་ཀྱིས། །སྣ་ཚོགས་སྡེ་མར་ཕྱག་འཚལ་ནས། །རང་རང་གནས་རྣམས་སུ ་ནི་སོང་ཞེས་པ་སྡུད་པ་པོས་གསུངས་པ། འདི་འདྲ་ཞེས་པ་ལ་སོགས་པའོ། །རབ་ཏུ་རྟོགས་པ་ཞེས་པ། རང་གི་ངོ་བོ་ངེས་པར་སེམས་པའོ། །ོཾ་ཞེས་པ་སྐུ་གསུང་ཐུགས་སོ། །ཤཱུ་ནྱ་ཏཱ་རང་བཞིན་མེད་པ་ཉིད་དོ། །ཛྙཱ་ནི་ན་ཐུགས་རྗེ་ཆེན་པོའོ། །དེ ་གསུམ་དབྱེར་མེད་པ་ཉིད་ཀྱི་ཕྱིར་རྡོ་རྗེའི་རང་བཞིན་གང་གི་བདག་ཉིད་རྙེད་གི་ངོ་བོ་ཡིན་པ་དེ་ངའོ། །ཇི་ལྟར་དེ་ལྟ་བུ་ང་ཡིན་པ་དེ་ལྟར་མཛའ་དག་གོ་ཞེས་གསུངས་པ། སྟོང་དང་སྟོང་མིན་ཞེས་པ་ལ་སོགས་པ་སྟེ་སྟོང་པ་སྟེ་རང་གི་ངོ་བོ་དང་བྲལ་བ ་ཉིད་ཀྱི་ཕྱིར་རོ། །སྟོང་མིན་ཏེ་དེ་ལྟར་ཡང་བརྗོད་དུ་མེད་པ་ཉིད་ཀྱི་ཕྱིར་དང། གཉིས་དང་བྲལ་བའི་ངོ་བོར་གནས་པའི་ཕྱིར་རོ། །མཐོ་ལྔ་ཞེས་པ་སོར་དྲུག་ཅུ་བ་རྩ་བའི་ཐིག་གི་ནང་དུ་སྟེ། གྲུ་བཞི་པའི་དཀྱིལ ་འཁོར་རོ། །ཟླུམ་པོ་ནི་སོར་སུམ་ཅུ་པ་སྟེ། དེ་ཉིད་དུ་རྡོ་རྗེ་སྔོན་པོའི་ཕྲེང་བས་བསྐོར་བ་པདྨ་འདབ་མ་བརྒྱད་པ་སོར་བཅུ་པའོ། །རྒྱུད་གཞན་དུ་ས་རྐོ་བ་ལ་སོགས་པས་ཟུག་དུ་དབྱུང་བ་ལ་སོགས་པ་སྦྱང་བ་གསུངས་སོ། ་འདིར་ནི་མཆོག་གི་རྒྱུད་ཡིན་པ་ཉིད་ཀྱི་ཕྱིར་ན་ལག་པས་རེག་ནས་སྔགས་བརྒྱ་རྩ་བརྒྱད་བཟླས་པས་དཀྱིལ་འཁོར་གྱི་ས་གཞི་འཆད་པར་འགྱུར་བའི་སྦྱིན་སྲེག་གི་ཐབས་ཀྱི་ས་གཞི་ཡང་སྦྱང་བར་བྱའོ། །ཞེས ་གསུངས་པ། ས་ཞེས་པ་ལ་སོགས་པའོ། །འདིར་དུག་གི་ཐབས་ཀྱི་དབང་དུ་བྱས་པའི་དཀྱིལ་འཁོར་ལ་ལྷའི་སྟེགས་བུ་དང། སྣམ་བུ་མི་བྱའོ་ཞེས་གསུངས་པ། སྟེགས་བུ་ཞེས་པ་ལ་སོགས་པའོ།། ་རྡུལ་ཚོན་དམར་པོས་ཞེས་པ་ཕྱོགས་བཞི་རྣམས་སུ་དཀྱིལ་འཁོར་གྱི་གནས་ཀུན་རྡུལ་ཚོན་དམར་པོ་ཁོ་ནས་དགང་བར་བྱའོ། །ཇི་ལྟར་འདུས་པ་ལ་སོགས་པར་རྣམ་པར་སྣང་མཛད་ལ་སོགས་པའི་ཕྱོགས་ཀྱི་དབྱེ་བས་སའི ་ཁ་དོག་ཐ་དད་པ་དེ་ལྟར་མ་ཡིན་ནོ་ཞེས་གསུངས་པ། གཞན་ཞེས་པ་ལ་སོགས་པའོ། །རེ་ཁཱ་ལྔ་ལ་སོགས་པ་བཞིན་ཁ་དོག་ལྔའི་ཚོན་རྣམས་ཀྱིས་ཇི་ལྟར་རིགས་པར་བྱའོ། །གཏོར་མ་སྦྱིན་པ་དང་ས་གཞི་སྦྱོང་བ་དང། ཐིག་པ་སྔགས? ་པ་དང། ཐིག་གདབ་པ་དང། རྡུལ་ཚོན་གདབ་པ་ལ་སོགས་པ་ནི་ཧེ་རུ་ཀའི་རྣལ་འབྱོར་དང་ལྡན་པའི་ཟླ་མས་བྱའོ། །བུམ་པ་རྣམས་ཞེས་པ། རྩ་བ་མི་ནག་པ་ལྟེ་བ་དང་མཆུ་འཕྱང་བ་དང། མགྲིན་པའི་དབ་རྣམས་ཏེ། དབང་ལྡན་དང་མེ་ལ་སོགས ་པ་མཚམས་སུའོ། །བུམ་པ་བཞི་རྣམས་སུ་གྲངས་ཇི་ལྟ་བར་མཚན་མ་བཞི་རྣམས་སོ། །རྣམ་པར་རྒྱལ་བའི་བུམ་པ་ནི་ལྔ་པ་གཙོ་བོའི་སྟེ། འདིར་མ་བརྗོད་ཀྱང་རྒྱུད་གཞན་གྱི་རིགས་པས་ཤར་སྒོ་ལས་ཅུང་ཟད་ལྷོར་རྟོགས་པར་བྱའོ། །དེ ་ཁོ་ན་འདིར་ལས་ཐམས་ཅད་པ་སྟེ། འདིར་མཚན་མ་ནི་ཆོས་འབྱུང་དབུས་སུ་ཅང་ཏེའུ་སྟེ། ཅང་ཏེའི་སྟེང་དུ་རྡོ་རྗེ་དང་པདྨའོ། །སློབ་དཔོན་སངས་རྒྱས་ཐོད་པའི་རྣལ་འབྱོར་ལྡན་པར་འགྱུར་རོ་བྱའོ། །ཇི་ལྟར་ཞེ་ན་གསུངས་པ། པདྨ་ཞེས་པ་ལ་སོགས ་པ་སྟེ། སྣ་ཚོགས་པདམེའི་ལྟེ་བར་རོ། །ཕྱིས་ནི་ཞེས་པ་ལ་སོགས་པ་ལ། སློབ་དཔོན་རང་ཉིད་ལྷ་མོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་ཧེ་རུ་ཀའི་བདག་ཉིད་ཀྱི་ཡེ་ཤེས་སེམས་དཔའ་བསྟིམས་པའི་རྗེས་ཐོགས་སུ་བདག་ཉིད་ལ་དབང་བསྐུར་བར་བྱའོ། །ཧེ ་རུ་ཀའི་སྐུ་ལས་སྐྱེས་པའི་འོད་ཟེར་ཞེས་པ་སྙིང་གའི་རྩ་བརྒྱད་རྣམས་ལས་སྤྲོས་པའི་འོད་ཟེར་དང་བཅས་པའི་ལྷ་མོ་བརྒྱད་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་རེག་ཏུ་གཞུར་པར་བྱ་སྟེ། སློབ་དཔོན་གྱིས་སོ། །ལྷ་མོ་དེ་རྣམས་དང་བྱོན་པའི་དེ ་བཞིན་གཤེགས་པའི་འོད་ཟེར་གྱིས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་ཧེ་རུ་ཀ་དང་ལྷ་མོ་བརྒྱད་རྣམས་ཁྲུས་བྱེད་དུ་འཇུག་གོ་།གཅོད་པན་ཅན་དུ་ཞེས་པ་ཧེ་རུ་ཀ་ཅོད་པན་ཅན་དང་རྣལ་འབྱོར་མ་རྣམས་དང་ལྷན་ཅིག་སྟེ། དེ་རྣམས་ཀྱང་ཅོད་པན་ཅན་ཞེས་པའི ་དོན་ཏོ། །དཀྱིལ་འཁོར་རྫོགས་པ་དེ་ལྟར་རང་ཉིད་ཧེ་རུ་ཀའི་བདག་ཉིད་དུ་རྫོགས་པ་ན་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ཡུད་ཀྱིས་དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་དང་དབང་བསྐུར་བ་དང་རྒྱས་གདབ་པ་རྣམ་པར་བསྒོམས་ནས་དཀྱིལ ་འཁོར་སྒྲུབ་པའི་ཕྱིར་རོ། །གཏོར་མ་ཞེས་པ་ཀླུ་རྣམས་ལའོ། །མར་མེ་ཞེས་པ་སྦྲང་རྩི་དང་མར་དང་ཉའི་ཚེལ་བུ་དང། དྲི་ཞིང་པའི་འབྲུ་མར་ཏེ་མར་མེ་བཞི་རྣམ་དཀྱིལ་འཁོར་དང་ཉེ་བར་སྦྱིན་པར་བྱའོ། ། མྲ་དང་ནཱ་རི་ཀེ་ལ་དང་ཆུ་ཤིང་དང། ་ཀ་པི་ཏ་ཐའི་འབྲས་བུ་བཞི་རྣམས་སོ། །རས་ཟུང་གསུམ་ནི་སྨད་གཡོགས་དང་སྟོད་གཡོགས་དང་ཐོད་པའོ། །རྣལ་འབྱོར་མ་ནི་རང་ཉིད་ཀྱིས་ཕུལ་བའི་བླ་མའི་ཤེས་རབ་མ་དང་དཔའ་བོ་ནི་བླ་མའོ། །འཁོར་ལོ་ནི་ཚོགས་འདུ་བའོ། །དམ་ཚིག་སྙིང་པོར་གཅིག་སེམས་ཀྱིས ་ཞེས་པའོ། དམ་ཚིག་སྙིང་པོ་ནི་བཅོམ་ལྡན་འདས་སོ། །བདག་ཉིད་དོགས་པ་བཟློག་བྱེད་པ་ཞེས་པ་དགོངས་པས་དུག་བྱུང་གི་དོགས་པ་མེད་པ་ལ་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །བརྟན་པ་ནི་བོང་ངའི་དུག་ལ་སོགས་པའོ། །གཡོ་བ་ནི་སྤྲུལ་ལ་སོགས་པ་རྣམས ་ཀྱིའོ། །ལུས་སྐྱེས་ནི་ལྷོག་པ་ལ་སོགས་པའོ། །བཅོས་མ་ནི་མར་དང་སྦྲང་རྩི་ལ་མཉམ་པར་སྦྱར་བ་ལ་སོགས་པའོ། །རྣམ་པ་བཞིའི་དུག་ནི་དུག་མེད་པར་བགྱི་ཞིང་ངོ། །ཤིང་བུ་ནི་ས་ཤིང་ངོ། །སློབ་མ་ནི་ཧེ་རུ་ཀའི་གཟུགས་སུ་བསྒོམ་པར་བྱའོ། །མགྲིན་པར ་ཞེས་པ་སློབ་དཔོན་གྱི་རང་སློབ་མའིའོ། །ལག་པར་ཡང་སྟེ་གཡོན་པར་རོ། །ཟླ་བར་ཞེས་པ་མགྲིན་པར་གནས་པ་དང་ལག་པར་གནས་པ་ལའོ། །སྒོམ་པའི་ནུས་པས་ཞེས་ཧེ་རུ་ཀའི་སྐུ་དང་ཟླ་བ་ལ་སོགས་པ་སྒོམ་བར་བྱེད་ཅིང། དེ་ལྟར་བསྒོམ་པའི ་ལག་པ་སློབ་མའི་མགོར་བཞག་ནས་སྔགས་བཟླས་སོ། །བུམ་པ་ཞེས་པ་བུམ་པའི་ཚད་དོ། །བཟོད་དཀའ་ཞེས་པ་སྡུག་བསྔལ་བའོ། །མཁའ་ལྡིང་སྦྱོར་ཞེས་པ་ལ་སོགས་ནི་གང་གི་ཚེ་སེམས་ཅན་འདིས་མཁའ་ལྡིང་གི་སྦྱོར་པ་རྟོགས་པར་འགྱུར ་བ་དེའི་ཚེ་བདག་ཅག་རྣམས་ལ་འགའ་ཞིག་ཏུ་ཡང་ཡོངས་སུ་བསྐྱབ་པའི་མཆེད་དུ་རྟེན་པར་བྱ་བ་ཉིད་ཀྱིས་རྟེན་དུ་འགྱུར་བ་མ་ཡིན་ནོ། །དེ་མ་ཐག་པ་ཞེས་པ་ལྷག་པར་གནས་པའི་དེ་མ་ཐག་ཏུའོ། །རྗེས་སུ་བྱིན་པ་ཞེས་པ་བྱེད་པ་པོ་ལ་འཇུག་བཞིན་པ ་ལ་ཀཏ་སྟེ། གཙུག་ལག་ཉིད་ཀྱི་ཕྱིར་རོ། །རིམ་པས་དབུལ་བར་བྱའོ། །ཞེས་པའི་དོན་ཏོ། །དུང་ཆོས་ཞེས་པ་ལ་སོགས་པ་མན་ཇི་གཅིག་ལ་ནི་དུང་ངོ། །གཉིས་པ་ལ་ནི་ཟངས་ཀྱི་སྣོད་དོ། །བུམ་པ་ནི་རྣམ་པར་རྒྱལ་བའི་བུམ་པ་དང། བུམ་པ ་གཞན་བཞི་རྣམས་སོ། །རྣལ་འབྱོར་མ་བརྒྱད་ཞུ་བར་གྱུར་ནས་ཞེས་པ་ལ་བཅོམ་ལྡན་འདས་དང་དཀྱིལ་འཁོར་ན་གནས་པའི་ལྷ་མོ་རྣམས་དང་ལྷན་ཅིག་དེའི་བདག་ཉིད་དུ་གནས་པ་རྣམས་སོ། །དམ་ཚིག་དང་ཡེ་ཤེས་སེམས ་དཔའ་དག་རོ་གཅིག་པར་གྱུར་པ་ཁོ་ན་ནི་དཀྱིལ་འཁོར་གྱི་རབ་གནས་སོ། །བུམ་པར་ཏེ་རྣམ་པར་རྒྱལ་བའི་བུམ་པར་བཅོམ་ལྡན་འདས་དང་ལྷ་མོ་བརྒྱད་ཞུ་བ་བཞུགས་ཤིང་བུམ་པ་གཞན་རྣམས་སུ་ཇི་ལྟར་རིགས་པར་ལྷ་མོ་རྣམས་བསམ་མོ། ། ་ཆུ་ཞེས་པ་རྣམ་པར་རྒྱལ་བའི་བུམ་པ་ལ་སོགས་པའི་ཆུ་བག་ཙམ་ཟངས་སྣོད་དང་དུང་ཆོས་སུ་བཞག་པར་བྱའོ། །ཆུ་ཞེས་པ་ཟངས་ཀྱིས་ཆུས་ཏེ། དེའི་རྗེས་སུ་དུང་ཕོར་གྱི་ཆུ་ཅུང་ཟད་ཀྱིས་སོ། །བརྗོད་དུ་གཞུག་སྟེ་སློབ་དཔོན་གྱི ་སློབ་མའོ། །མཆོད་དུ་གཞུག་སྟེ་བླ་མས་སློབ་མའོ། །སློབ་མ་ཞེས་པ་གདོང་གཡོགས་བཀྲོལ་བ་ལའོ། །ཡང་ཞེས་པ་ཁྲུས་ཀྱི་དོན་དུ་ཟུང་བ་ལ་བལྟོས་ནས་སོ། །རྡོ་རྗེ་དང་བཅས་པའི་ལག་པ་གཉིས་ཀྱི་འཐུང་ཏུ་བཞུགས་སྟེ། ཧེ་རུ་ཀའི་སྔགས ་ཟློས་ཤིང་ལན་གསུམ་དུ་ཟངས་སྣོད་ཀྱི་ཆུ་བསྲེས་པའི་དུག་གི་ཆུའོ། །ཆུ་འཐུངས་པའི་ཕན་ཡོན་འཆད་པར་འགྱུར་རོ། །འདིར་རིམ་པ་ནི་འདི་ཡིན་ཏེ། སློབ་དཔོན་ཇི་ལྟ་བ་བཞིན་དུ་དབང་བསྐུར་ཞིང་སློབ་མས་རྗེས་སུ་གནང་བའི་ཏིང་ངེ་འཛིན ་གསུམ་པ་མཁས་པ་ཧེ་རུ་ཀའི་བདག་ཉིད་སྔགས་བཟླས་པར་འགྱུར་བས། ཡུན་རིང་པོར་བར་མ་ཆད་པར་ལེགས་པར་བརྟགས་པའི་དོན་དུ་གཉེར་བའི་སློབ་མ་ལ་དབང་བསྐུར་བར་འདོད་པས། ཐོག་མར་རྒྱལ་པོ་དང་རྐུན་མོ་ལ་སོགས་པའི ་ཉེ་བར་འཚེ་བ་ཐམས་ཅད་དང་བྲས་པའི་དཀྱིལ་འཁོར་གྱི་ཁང་པ་ལ་སོགས་པར་ཆོ་ག་ཇི་ལྟ་བར་བཞེངས་པའི་རྡུལ་ཚོན་གྱིས་དཀྱིལ་འཁོར་རམ་རས་བྲིས་ལ་སོགས་པའི་དཀྱིལ་འཁོར་དུ་ཇི་སྐད་བཤད་པའི་མར་མེ་དང་འབྲས་བུ་ལ་སོགས་པ ་ཉེ་བར་མཆོད་པ་ལྔས་མཆོད་པར་ཀླུའི་དོན་དུ་འོ་མ་ཕུལ་བ་ན། བུམ་པ་རྣམས་ལྷག་པར་གནས་པར་བྱའོ། །དེ་ལ་རྣམ་པར་རྒྱལ་བའི་བུམ་པ་ཆོས་འབྱུང་གི་དབུས་སུ་གནས་པའི་ཅང་ཏེའུ་དང་རྡོ་རྗེ་པདྨས་མཚན་པ་དྲིའི་ཆུས་གང་བ། གསེར་དང་དངུལ་དང ་མུ་མེན་དང་མུ་ཏིག་དང་བྱུ་རུ་སྟེ་རིན་པོ་ཆེ་ལྔ་རྣམས་དང། ནས་དང་གྲོ་དང་ཏིལ་དང་སྲན་མཱ་ཤ་དང་འབྲས་སོ་བ་སྟེ། འབྲུ་སྣ་ལྔ་རྣམས་དང་བྲི་ཧ་ཏཱི་དང་ཀ་ཎ་ཌ་ཀ་རི་དང། ཨ་པ་རཱ་ཛི་ཏ་དཀར་པོ་དང། ད་ཎ་ཌོ་ཏ་པཱ་ལཱ་དང། ས་ཧ་དེ་ཝ་སྟེ་སྨན་སྣ་ལྔ ་རྣམས་ནང་དུ་ལྡན་པ་ཨེ་མྲའི་ལོ་མས་ཁ་བརྒྱན་པ་མགྲིན་པ་གོས་དམར་པོས་དཀྲིས་པ་མེ་ཏོག་གི་ཕྲེང་བ་དང་ལྡན་པ། མེ་ཏོག་ཕྲེང་བཅིངས་པའི་རྡོ་རྗེ་སྟེང་ན་ཡོད་པ། འོ་མས་བཀང་བའི་སྣོད་སྟེང་ན་གནས་པ། ནང་དུ་ཡུད་ཀྱིས་བསྐྱེད་པའི་དམ་ཚིག ་སེམས་དཔའ་དང་ལྡན་པར་བྱས་ནས་ཉི་མ་དང་རྡོ་རྗེའི་ལྟེ་བ་ལ་གནས་པའི་ཧཱུཾ་གི་ས་བོན་གྱི་འོད་ཟེར་རྣམས་ཀྱིས། འོག་མིན་ནས་བཅོམ་ལྡན་འདས་རྣལ་འབྱོར་མ་བརྒྱད་ཀྱིས་ཡོངས་སུ་བསྐོར་བ་སྤྱན་དྲངས་ཏེ་སྙིང་པོའི་སྔགས་ཀྱིས་མཆོད་ཡོན་ལ་ལས ་བདུན་བཟླས་ཏེ། ཨེ་ཧེ་རུ་ཀ་བཛྲ་ཨརྒྷཾ་པྲཱ་ཏཱིཙྪ་ཧཱུཾ་ཞེས་པ་འདིས་ཕུལ་ནས་དེའི་དབུས་སུ་བཅུག་པ་སྟེ། དམ་ཚིག་སེམས་དཔའ་དང་ལྷན་ཅིག་གཅིག་ཏུ་གྱུར་པའི་བདེ་བ་ཆེན་པོའི་རང་བཞིན་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་ཆུ་དེ་བསམས་པ། ཁུ་ཚུར ་གཡོན་པས་རྡོ་རྗེ་ལ་བཅིངས་པའི་མེ་ཏོག་གི་ཕྲེང་བ་གཟུངས་ནས་སྙིང་པོའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་དུ་བསྔག་གོ་།དཀྱིལ་འཁོར་བ་གཞན་གྱི་བུམ་པའི་དྲིའི་ཆུས་ཡོངས་སུ་གང་བ་ཨ་མྲའི་ཡལ་ག་དང་ལྡན་པ་གོས་དམར་པོས་མགྲིན་པ་དཀྲོས?་པ་མེ ་ཏོག་གི་ཕྲེང་བ་ཅན་གྲངས་ཇི་ལྟ་བར་ཐོད་པ་དང་ཁ་ཊཝཱཾ་ག་དང་གྲི་གུག་དང་ཅང་ཏེའུའི་མཚན་མས་མཚན་པ་ནང་དུ་དམ་ཚིག་གི་ལྷ་མོ་ཡེ་ཤེས་ཀྱི་ལྷ་མོ་དང་དབྱེར་མེད་པ་ཞུ་བའི་ཆུ་དང་ལྡན་བ་རྣམས་ལ་སོ་སོར་ལྷ་མོའི་ས་བོན་གྱི་སྡངས་ཀྱིས་བརྒྱད་ལྷག་པའི་ ་བརྒྱན་མངོན་པར་བསྔགས་པར་བྱའོ། །དེ་ལ་ཐོད་པས་མཚན་པར་ཆང་འཚོང་མ་དར་སྣ་ཚོགས་སྡེ་མའོ། །ཁ་ཊཝཱཾ་ག་ཡིས་མཚན་པར་འབྱུང་མོ་དང་ལེགས་བཟངས་མའོ། །གྲི་གུག་གིས་མཚན་པར་ཕྱག་བཞི་མ་དང་ས་འོག ་གནས་མའོ། །ཅང་ཏེའུས་མཚན་པར་ནམ་མཁར་གནས་མ་དང། འདོད་མའོ། །ཧཱུཾ་ཨོཾ་ཧཱུཾ་སྭཱ(རྒྱུད་འགྲེལ་གཏོར་མ་ཕུལ་ཏེ། རྡོ་རྗེ་པདྨ་ཞེས་པ་ལ་སོགས་པས་བསྟོད་པ་སྔོན་དུ་འགྲོ་བས་དྲིལ་བུ་དཀྲོལ་ཕྱག་བྱའོ། །ཞེས་པ་བུམ་པ་ལྷག་པར་གནས་པའི་ཆོ་གའི་རྗེས་ཐོགས་སུ་སློབ་དཔོན་སློབ་མས་ཕུལ་བའི་རས་གསུམ་ལ་སོགས་པས་བརྒྱན་བ་ཤེས ་རབ་དང་བཅས་པ་རོལ་རྩེར་བྱས་པས་དཀྱིལ་འཁོར་གྱི་གནས་ལས་ཕྱི་རོལ་གྱི་སྟན་ལ་འདུག་པས་སློབ་མ་མཎྜལ་གསུམ་བྱས་པ། མེ་ཏོག་གི་ཕྲེང་བ་བཟུང་བ། བུས་མོ་ས་ལ་བཙུགས་པ། ཐལ་མོ་སྦྱར་བ། དུག་ཞི་ཐབས་ལ་སོགས་པའི ་སྐལ་བ་ཅན། བློས་རང་གིས་ལུས་ལ་བཅུག་ནས་རྡོ་རྗེ་ནས་ཕྱུང་བ། ཤེས་རབ་ཀྱི་པདྨར་གནས་པ་ལ། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པ་ཨ་བ་དཱུ་ཏཱི་ནས་ཞུགས་པའི་དེ་བཞིན་གཤེགས་པ་ཞུ་བ་རྣམས་ཀྱིས་དབང་བསྐུར་བ ་ཧེ་རུ་ཀའི་གཟུགས་ཅན་དཀྱིལ་འཁོར་གྱི་ཤར་སྒོར་བཞག་ནས། སེམས་ཅན་དོན་ལ་གཅིག་ཏུ་བརྩོན། །བཅོམ་ལྡན་བླ་མ་སྟོན་པ་ཀྱེ། །དུག་ཞིའི་ཐབས་ནི་བཟང་པོ་འཚལ། །ཤཱ་ལཾ་ཀ་བྱེད་སྦྱོར་བ་སྐྱེས། །སེམས་ཅན་དོན་ནི་བཟང་པོ ་འགྱིད། །དུས་སུ་བཟང་བ་བཟློག་བྱེད་པ། །དེ་ནི་སྟོན་ཆེན་བདག་ལ་གསུངས། །སངས་རྒྱས་ཐོད་པའི་སྦྱོར་ལྡན་པས། །ཞེས་པ་འདིས་འཇུག་པ་ཞུར་བཅུག་ནས། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར ་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང། །སངས་རྒྱས་བྱང་ཆུབ་ཡིད་ལ་གཟུང་ཞེས་ལན་གསུམ་བརྗོད་དུ་གཞུག་སྟེ། སྙིང་པོའི་སྔགས་ཀྱིས་བསྲུངས་ལ། དེའི་སྙིང་གར་རྡོ་རྗེ་ནག་པོའི་ལྟེ་བ་ལ་ཧཱུཾ། མགྲིན་པར་པདྨ་དམར་པོ་ལ་ཨཱ(རྒྱུད་འགྲེལ་འཁོར་ལོ་དཀར་པོ་ལ་ཨོཾ་ཞེས་པའི་ཡི་གེ་རྣམས་ནག་པོ་དང། དམར་པོ་དང། དཀར་པོ་རྣམས་བསམ་པར་བྱའོ། །དེ་ནས་ལངས་ཏེ་དྲིའི་ཆུ་དང། རྡོ་རྗེ་དང་ལྡན་པའི་ལག་པ་གཡས་པས་ཧཱུཾ་ཨཱ(རྒྱུད་འགྲེལ་མགོ་བོ་རྣམས་ལ་རེག་ནས་མགོ་བོ་ལ་མེ་ཏོག་དང། མདུན་དུ་སྤོས་དང། མར་མེ་དང། སྙིང་གར་དྲི་སྦྱིན་ནོ། །དེའི་རྗེས་སུ་ཨ་ཤྭཏྠ་ལ་སོགས་པའི་སོ་ཤིང་རྩེ་མོ་མ་གས་པ། འཁྱོག་པོ་ལ་སོགས་པ་མ་ཡིན་པ། སོར་བཅུ་གཉིས་པའི་ཚད་ཙམ ་པ། མེ་ཏོག་གི་ཕྲེང་བ་རྩེ་མོ་ལ་དཀྲིས་པ། དྲི་ཞིམ་པའི་ཆུས་དཀྲུས་པ། སོ་ཤིང་གི་སྔགས་ཀྱིས་ལན་བདུན་མངོན་པར་བསྔགས་པ་ཤར་དུ་ཕྱོགས་པས་སྦྱིན་པར་བྱའོ། །སློབ་མས་ཀྱང་ཤར་རམ་བྱང་དུ་ཕྱོགས་པས་རྩེ་མོ་འཆོས་ནས ་གྱེན་དུ་ལྟོས་པ་མེད་པར་ས་གཞི་བ་ལང་གི་ཀོ་བ་ཙམ་བྱུགས་པ་དོར་རོ། །དེ་ནས་ཁ་བཤལ་བའི་དོན་དུ་དྲིའི་ཆུ་ཁྱོར་བ་གསུམ་གྱི་བཏུང་བ། ཨོཾ་ཧྲཱི(རྒྱུད་འགྲེལ་གཞུག་གོ། དེའི་རྗེས་སུ་སློབ་དཔོན་གྱིས་རང་གི་ལག་པ་གཡོན་པ་དང་མགྲིན་པ་དྲིས་བྱུགས་ཤིང་མེ་ཏོག་གིས་དཀྲིས་པར་ཟླ་བའི་དཀྱིལ་འཁོར་བལྟས་ལ། དེའི་འོད་ཟེར་རྣམས་ཀྱིས་ཕྱོགས་བཅུའི་སངས་རྒྱས་རྣམས་སྤྱན་དྲངས་པ་འདོད་ཆགས་ཆེན་པོས་ཞུ་པར ་གྱུར་ནས་ཟླ་བ་གཉིས་ལ་ཐིམ་པར་བསམ་པར་བྱའོ། །དེ་ནས་ལག་པ་དེ་སློབ་མའི་མགོར་བཞག་ནས་ལྷག་གནས་ཀྱི་སྔགས་ལན་བདུན་དུ་བཟླས་སོ། །དེ་ནས་མགྲིན་པར་གནས་པ་དང། ལག་པར་གནས་པའི་སངས་རྒྱས་དེ་རྣམས་ཟླ་བ་དང་བཅས་པ་སློབ་མའི ་ལུས་ལ་ཞུགས་ནས། བྱིན་བརླབས་མཛད་པར་བསམས་ཏེ། སློབ་མ་སྲུང་བར་བྱའོ། །དེ་ནས་དེ་ལ་སྙིང་པོའི་སྔགས་བཟླས་པའི་ཀུ་ཤ་རྣམས་བཏིང་སྟེ། སྟན་གྱི་དོན་དུ་དང་སྔགས་ཀྱི་དོན་དུ་སྦྱིན་ནོ། །སློབ་དཔོན་དཀྱིལ ་འཁོར་གྱི་ཁང་པར་ཞུགས་ཏེ། བསྒོམ་པ་དང་བཟླས་པ་བྱའོ། །ཞེས་པ་སློབ་མ་ལྷག་པར་གནས་པ་བྱས་ནས། །ཐོ་རངས་གཏོར་མ་བྱིན་ཏེ། དཀྱིལ་འཁོར་གྱི་ཁང་པ་ནས་བྱུང་ལ་སློབ་མ་ལ་རྨི་ལམ་དྲིས་ཏེ། སྙིང་པོའི་སྔགས་ཀྱིས་བསྲུང་བར་བྱ་ཞིང་དཀྱིལ ་འཁོར་གྱི་ཁང་པར་འབྱོར་བ་ཇི་ལྟ་བར་མཆོད་ནས་ལྷའི་འཁོར་ལོ་དངོས་སུ་དེར་གནས་པར་མོས་ལ་རང་གི་བློས་གཙོ་བོ་བླ་མར་བྱས་ཏེ་འཆད་པར་འགྱུར་བའི་སློབ་མ་གཞུག་པའི་ཆོ་གས་རང་ཉིད་དང་པོར་དཀྱིལ་འཁོར་དུ་ཞུགས་ལ། རིགས་ཀྱི་བདག་པོས ་བདག་ཉིད་ལ་དབང་བསྐུར་གྱི་མཐར་ཐུག་པ་བསྒྲུབས་ནས། དེ་ཉིད་ལས་སློབ་དཔོན་གྱིས་ལས་ཀུན་ལ་གནང་བ་ཐོབ་སྟེ། །བདེན་པའི་བྱིན་བརླབས་བྱའོ། །བདེན་པ་གང་གིས་ཡེ་ཤེས་མཆོག་།ཤེས་རབ་ཐབས་བདག་དཀྱིལ་འཁོར་ཡིན། །བདེན་པ ་དེ་ཡིས་མགོན་པོ་ཁྱོད། །བདག་གི་འདོད་པ་ཡོངས་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་དང་མཉམ་པ། །རངས་ཤིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལ་ཡང་དག་བྱུང། །དེ་ཉིད་དེ་བཞིན་ལས་སྐྱེས། །དེ་ལྟའི ་བདེན་པས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་སྡིག་མེད་མཐོང་བར་ཤོག་།ཅེས་པས་སོ། །དེའི་རྗེས་སུ་སློབ་མ་ཁྲུས་བྱེད་དུ་བཅུག་ལ། །དྲི་བཟང་པོ་ལ་སོགས་པས་གཙང་སྦྲ་ཅན་དུ་འགྱུར་བ། །གོས ་དམར་པོའི་སྨད་གཡོགས་དང་སྟོད་གཡོགས་ཅན། །གདོང་གཡོགས་དམར་པོ་བཅིངས་པ། དཔལ་ཧེ་རུ་ཀའི་གཟུགས་སུ་དམིགས་པ་ལ། ཨ(རྒྱུད་འགྲེལ་ཐམས་ཅད་པའི་བུམ་ཆུས་གཏོར་བ། ཧཱུཾ་ཡིག་གིས་དཀྱིལ་འཁོར་གྱི་ཤར་སྒོར་བཞག་པ་ལ། དཀྱིལ་འཁོར་དུ་གཞུག་པའི་དོན་དྲི་བར་བྱ་སྟེ། ཀྱེ་ཁྱོད་སུ་ཡིན་ཞེས་པའོ། །དེས་བདག་ནི་རྒྱལ་བའི་སྲས་ཞེས་བརྗོད་པར་བྱའོ། །དེ་ནས་འདི་ལ་ཨོཾ་སརྦ་ཡོ ་ཙིཏྟཾ་ཨུཏཔཱ?་ཏ་ཡ་མི་ཞེས་པ་འདིས་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་མེ་ཏོག་དང་བཅས་པའི་རྡོ་རྗེ་སྙིང་གར་ཧཱུཾ་སུ་ར་ཏེ་ས་མ་ཡ་སྟཝཾ་ཧོ(རྒྱུད་འགྲེལ་དམ་ཚིག་རྡོ་རྗེ་སྟེ། གལ་ཏེ་ཁྱོད་ཀྱི་འདི་འགའ་ཞིག་ལ་སྨྲས་ན་སྤྱི་བོ་འགས་པར་བྱེད་དོ། །དེ་ནས་སྙིང་གར་རྡོ་རྗེ་བཞག་ནས་འདི་སྐད་བརྗོད་དེ། ཨོཾ་ད་ནི་རྡོ་རྗེ་སེམས་དཔའ་རང། །ཁྱོད་ཀྱི་སྙིང་ལ་ཡང་དག་བཞུགས་།གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག ་ཏུ་དྲལ་ཏེ་གཤེགས། །ཞེས་པ་འདིས་མནའ་བྱེད་དུ་བཅུག་སྟེ། །པདྨའི་སྣོད་དུ་འདུག་པ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པའི་བདུད་རྩི་ལྔ་བསྲེས་པའི་བུམ་པའི་སྟེང་ན་གནས་པའི་འོ་མ། ཨོཾ་པཉྩ་ཨ་མྲི་ཏ་ཨུ་ད་ཀ་ཐ(རྒྱུད་འགྲེལ་འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་བསྲེག་པར་བྱེད། །དམ་ཚིག་བསྲུངས་ལས་དངོས་གྲུབ་སྟེ། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཤིག་།ཅེས་བརྗོད་ཅིང་འཐུང་དུ་གཞུག་གོ་།ཁྱོད་ཀྱིས་ང་ལ་བརྙས་པར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་ནས་དམྱལ ་བར་སོང་བར་གྱུར་ཏ་རེ། ཞེས་བརྗོད་ནས། བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་བས། དཀྱིལ་འཁོར་དུ་ནི་སློབ་མ་དག་།བདག་གིས་ཡང་དག་བཅུག་པ་འདི། །ལྷ་རྣམས་རིགས་ཀྱི་རིམ་པ་ནི། །བསོད་ནམས་ཇི་ལྟ་དེ་ལྟར་ཤོག་།འདི་ཡི་དངོས་གྲུབ་ཇི་འདྲར ་འགྱུར། །རིགས་གང་ལ་ནི་སྣོད་ཡིན་དང། །བསོད་ནམས་མཐུ་ཡང་གང་འདྲ་བ། །དེའང་དཀྱིལ་འཁོར་དུ་གྱུར་ཅིག་།ཅེས་པ་བདེན་པའི་བྱིན་བརླབས་བྱས་ཏེ། །ཡི་གེ་ལྔས་སྔར་བཟུང་བའི་མེ་ཏོག་ཏྲཾ་ཡིག་གིས་བྱིན་གྱིས་བརླབས་པ་ཧཱུཾ་ཡིག་གིས ་དཀྱིལ་འཁོར་གྱི་དབུས་སུ་འཕང་ཞིང་ཨོཾ་བཛྲ་ཧེ་རུ་ཀ་བཛྲ་པུཥཔཾ་པྲ་ཏཱིཙྪ་ཧཱུཾ་ཞེས་འདོན་དུ་གཞུག་གོ་།འཕངས་པའི་མེ་ཏོག་དེ་སློབ་མའི་མགོ་ལ་འཆིང་ཞིང། ཀྱེ་སྟོབས་པོ་ཆེ་ཁྱོད་ཀྱིས་འདི་སླར་ཟུང་ཞིག་ཅེས་བརྗོད་དོ། །དེ་རྗེས་སུ་སློབ ་མའི་སྙིང་གར་ཟླ་བ་ལ་བདག་པོ་དང། དཔྲལ་བར་ར་ཡིག་དང་མིག་གཉིས་ལ་ཨོཾ་ཡིག་གཉིས་བསྒོམས་ནས། ཨོཾ་རྡོ་རྗེ་སེམས་དཔའ་རང་ཉིད་དེང། །ཁྱོད་ཀྱི་མིག་ནི་འབྱེད་པར་བརྩོན། །ཐམས་ཅད་མིག་ནི་འབྱེད་མཛད་དེ། །རྡོ་རྗེའི་མིག་ནི་བླ ་ན་མེད་ཅེས་འདོན་ཅིང་གདོང་གཡོགས་བསལ་ནས། དགུ་ཡི་བདག་ཉིད་དཀྱིལ་འཁོར་དུ། །ོཾ་ཧེ་རུ་ཀ་བཛྲ་པུཥཔཾ་པྲ་ཏཱིཙྪ་ཧཱུཾ་ཞེས་པ་ལ་སོགས་པའི་སྔགས་རྣམས་ཀྱི་བདུག་པ་ལ་སོགས་པའི་སྔགས་རྣམས་ཀྱིས་ཀྱང་མཆོད་དེ། ཀྱེ་རྡོ་རྗེ་ལྟོས ་ཤིག་ཅེས་བརྗོད་པས། །དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་མཚན་བརྗོད་པ་སྔོན་དུ་འགྲོ་བར་བསྟན་པར་བྱའོ། །ཞེས་པ་དཀྱིལ་འཁོར་དུ་འཇུག་པའི་རྗེས་ཐོགས་སུ། སློབ་མས་ཡན་ལག་ལྔས་ཕྱག་བྱས་པས་བུས་མོ་གཡས་པ་ས་ལ་བཙུགས་པ་ཐི ་བའི་ཐལ་མོ་སྦྱར་བས། བདག་ནི་འཁོར་བའི་འདམ་དུ་བྱིང། །དཔུང་གཉེན་སྐྱོབ་པ་པོ་མཛོད་ཅིག་།བདག་ནི་སྐལ་དམན་སྤྲོ་བ་ཆུས། །སངས་རྒྱས་ཆོས་དང་རྣམ་བྲལ་ལས། །ཀྱེ་ཀྱེ་མགོན་སྟོན་བླ་མ་ཆེ། །མགོན་པོ་ཁྱོད་ཀྱི་ཐུགས་རྗེ་མཛོད། ། ་ཅེས་བརྗོད་པས་གསོལ་བ་གདབ་པོ། །དེ་ལ་སློབ་དཔོན་གྱིས་རང་གི་ལྟེ་བར་གཏུམ་མོ་འབར་བས་གཞུ་བའི་བདུད་རྩིས་སྙིང་གའི་ས་བོན་བཀྲུས་པའི་དུས་སུ། སྙིང་གའི་རྩ་བརྒྱད་ཀྱི་རང་བཞིན་གྱི་ལྷ་མོ་སྤྲོས་པ་རྣམས་དང། སྙིང་གའི ་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང། རིག་པའི་ལྷ་མོ་རྣམས་དང་བཅས་པ་རྣམས་ལ། སྙིང་རྗེ་ཅན་རྣམས་འདི་ལ་དབང་བསྐུར་བ་སྩལ་དུ་གསོལ། ཡང་ཡང་ཕྱག་འཚལ་ཐལ་སྦྱར ་གསོལ་འདེབས་བགྱིད། །ཅེས་གསོལ་བ་གདབ་ཅིང། གདུགས་དང། རྒྱལ་མཚན་དང། བ་དན་དང། གོས་དང། རོལ་མོ་ལ་སོགས་པ་དང་ལྡན་པ། །ཡེ་ཤེས་ཀྱིས་ཆུས་ཀང་བའི་བུམ་པ་དཀར་པོའི་ཕྱག་ཙན་བཀྲ་ཤིས་ཀྱི་གླུ་ལེན་པ་རྣམས་ཀྱིས། གང་གི་ཚེ ་སློབ་མ་ཧེ་རུ་ཀའི་གཟུགས་ཅན་ལ་དབང་བསྐུར་བར་མཛད་པ་དེའི་ཚེ་མན་ཇི་གཉིས་ལ་གནས་པའི་ཟངས་སྣོད་དང། དུང་ཆོས་རྣམ་པར་རྒྱལ་བའི་བུམ་པ་ལ་སོགས་པའི་ཆུས་བཀང་ནས། དང་པོར་རྡོ་རྗེ་དང་བཅས་པའི་ལག་པ་གཉིས་ཀྱིས་བཟུང ་བའི་ཟངས་སྣོད་ཀྱི་ཆུ་ཉུང་ངུ་ཡིས་དང་དེའི་རྗེས་སུ་དུང་གིས་དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ོཾ་ཧེ་རུ་ཀ་བཱི་ར་སྟཝཱཾ་ཨ་བྷེ་ཥིཉྩ་མི། ཞེས ་བརྗོད་ཅིང་ཁྲུས་བྱེད་པའི་སློབ་མ་ལ་ཅོད་པན་གྱིས་བྱིན་གྱིས་བརླབ་པར་བྱའོ། །དེ་ལྟར་ཆུ་དང་ཅོད་པན་གྱི་དབང་བསྐུར་དག་གིས་དབང་བསྐུར་བའི་སློབ་མ་ལ་དེ་ལྟར་བཟུང་བའི་དྲུང་གི་ཟངས་སྣོད་ན་གནས་པའི་ཆུ་ལྷག་མ་བསྲེས་པའི་ཆུ་ལྷག་མ། ལེའུ་དང ་པོར་བརྗོད་པའི་སྔགས། ཨོཾ་བུདྡྷཱ་ཞེས་པ་ལ་སོགས་པ་བརྗོད་ཅིང། ལན་གསུམ་བླུང་ངོ། །ཞེས་པའོ་སྦྱར་བ་རྣམས་ཞེས་པ་བྱས་པ་རྣམས་སོ། །གཞན་རྣམས་ནི་ལྷོག་པ་ལ་སོགས་པའི་ལུས་ལ་སྐྱེས་པའི་དུག་རྣམས་སོ། །ཉེ་བའི་དུག་ནི་ལཾ་ག་ལཱི་ལ ་སོགས་པའོ། །མངའ་དུག་ནི་དུག་གི་ཆུ་ཞེས་པའི་དོན་ཏོ། །བྱུག་པ་ཞེས་པ་བཟའ་བའི་དོན་དུ་བཟའ་བྱ་ལ་སོགས་པ་ལ་བྱུག་པ་རྣམས་བྱས་ནས་སོ། །གང་རྣམས་ཞེས་པ་དུག་རྣམས་སོ། །དེ་རྣམས་ཞེས་པ་དེ་ཐམས་ཅད་དོ། །དེ་ཉིད་དུ་ཞེས་པ་གང་གིས ་གཟུང་བ་འམ་སྦྱིན་པ་དེ་རྣམས་ཁོ་ནའོ། །ཤཱ་ལི་ཀཱ་བྱེད་པས་ཞེས་པ་ཤཱ་ལི་ཀཱའི་བྱེད་པ་ཙམ་གལ་ཏེ་ཤེས་པར་འདོད་ན་དེ་ཁོ་ནས་ཤེས་པར་གྱིས་ཤིག་།ཡང་ན་དུག་ཞི་ཐབས་ཏེ་འཇིག་རྟེན་པ་དང་དོན་དམ་པ་ཐམས་ཅད་ཅེས་པའི་དོན་ཏོ། །སྟོང་ཕྲག ་ཅེས་པ་ལ་སོགས་པ་སྟོང་ཕྲག་བརྒྱའི་ནང་ན་གང་བསམ་པ་རྣམ་པར་དག་པ་ལ་གདམས་པ་དང། འཆད་པར་འགྱུར་བའི་སྔགས་སྦྱིན་ནོ། །སྦྲུལ་ཞེས་པ་ལ་སོགས་པ་ལ་སྦྲུལ་གྱིས་ཟིན་པ་ལའོ། །དེ་བཞིན་ཞེས་པ་མི་བརྩོན ་པའོ། །དོན་འདི་ཡིན་ཏེ། གཟུང་བ་ལ་ཇི་སྲིད་དུ་དུག་གསོ་ཐབས་གཞན་སྔགས་དང་སྦྱར་བ་ལ་སོགས་པའི་ལས་བྱེད་པ་འམ། བྱེད་པར་འགྱུར་བ་དེ་སྲིད་སངས་རྒྱས་ཐོད་པའི་རྣལ་འབྱོར་པས་སྤྲོ་བར་མི་བྱའི། །འོད་ན་དུས་སུ་བཟུང་བ་སྟེ་ཤི་བའོ། ། ་ཞེས་དུག་གོས་བ་གཞན་རྣམས་ཀྱི་ས་དོར་བ་ན་བཟུང་བ་ལ་ལས་བརྩམ་པར་བྱའོ། །འོད་ཟེར་རྣམས་ཞེས་པ་ལ་སོགས་པ་ལ། བདག་ཉིད་ཧེ་རུ་ཀའི་གཟུགས་ཅན་གྱི་སྙིང་གའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་ནོར་རྒྱས་ལ་སོགས་པའི་ཀླུའི་གནས ་སུ་བསྐུལ་བས། ཀླུའི་སྙིང་སྐམས་པ་ཅི་བགྱི་ཞེས་ཟེར་བའི་ཀླུ་རྣམས་ལ་གསུངས་པའོ། །སྔོན་ཞེས་པ་ལེའུ་དང་པོར་ཏེ། འདིར་ཡང་སངས་རྒྱས་ཐོད་པ་གསུངས་པ་ཞེས་དོན་དུ་འཇུག་སྟེ། ཁྱེད་རྣམས་སྔགས་ཀྱི་འོད་ཟེར་གྱིས་ཟིལ ་མནན་པ་བཅོམ་ལྡན་འདས་མ་ལ་ཞུས་ནས། དེའི་བཀའ་ཁས་བླངས་པ་ཞེས་པ་དགོངས་པའོ། །དེ་ནས་འགྱུར་ཞེས་པ་འདི་ལྟར་རིགས་པ་སྒྲུབ་པ་མ་ཡིན་ཞེས་པ་ཀླུ་རྣམས་ཀྱིས་གསོལ་པའོ། །ཀྱེ་འོད་ཟེར་བཞུད་ཅིག་།གང་གིས་ཕྱིར་དུས་སུ ་ཟིན་པ་མེད་ཅིང། གཟུང་བ་དང་འཛིན་པ་མེད་དེ། འཛིན་པར་བྱེད་པ་དུས་སུ་ཟིན་པ་ལས་གཞན་མེད་དོ། །དོགས་པ་སྟེ་དོགས་པ་ཅན་དུག་གིས་འཆི་བ་ལ་སོགས་པ་དང་བྲལ་བའི་ཕྱིར་རོ། །འོད་ཟེར་ལ་ནི་འོད་ཟེར་རོ། །བ་ལང་གི་གཅི་བ ་ས་ལ་མ་ལྷུང་པ་ནི་བ་སེར་སྐྱའིའོ། །དེས་འདབ་ཆགས་རི་སྐེགས་དང་རི་སྐགས་མོ་ཡང་བྱའོ། །སྣོད་དཀར་པོ་ནི་འབྲས་དཀར་པོ་བཏས་པ་ལས་བྱས་པ་སྟེ། དེར་འདབ་ཆགས་གཉིས་པོ་དེ་བཞག་པར་བྱའོ། །དེར་དུང་ལ་སོགས་པའི་སྣོད ་དཀར་པོར་རོ་བསྲེགས་པའི་སོལ་བ་མ་ཉེས་པའི་སྣག་ཚ་བཞག་ཅིང་དེས་ཀ་ར་བཱི་རའི་དཀར་པོའི་འབྲི་མྱུག་གིས་རི་སྐེགས་ཀྱི་སྔགས་བྲི་བར་བྱའོ། །ཕོ་དང་མོ་རུ་ཞེས་པ་མོ་རུ་ཞེས་པ་མོ་ནི་རི་སྐེགས་མོ་སྟེ། དེའི་ཕོ་ནི་རི་སྐེགས་སོ། །ནི་ནི་ཁྱད་པར་ལ་སྟེ་དེའི་ཕྱིར་དེས ་བྲིས་པའི་སྔགས་ཀྱི་གྲོ་ག་ལ་སོགས་པའི་འདབ་མ་གཉིས་རི་སྐེགས་ཀྱི་སྙིང་གར་དང་རི་སྐེགས་མོའི་སྙིང་གར་བཞག་གོ་ཞེས་བསྟན་ཏོ། །སྣག་ཚ་སྦྱིན་པར་བྱ་ཞེས་པ་ལ་སོགས་པ་ལ། སྣག་ཚ་དེས་རི་སྐེགས་གཉིས་ལ་ཕྱུག་ཅིང་བྲིས་ལ། བདག་ཉིད་ཀྱི ་མིག་ལ་ཕྱོགས་པར་བཞག་སྟེ། བདེན་པའི་རེ་སྐེགས་གཉིས་བཞིན་དུ་བལྟ་ཞིང་ཀ་ར་བཱི་ར་དཀར་པོའི་ལོ་མས་སྔགས་ལན་བདུན་བདུན་བརྗོད་ཅིང་དཀུག་པའི་ལྷའི་རི་སྐེགས་གཉིས་དང་དབྱེར་མེད་པར་བསྒོམ་མོ། །ོཾ་ཞེས་པ་ལ་སོགས་པ་སྭཱཧཱའི་མཐར་ཐུག ་པ་ནི་སྔགས་གཅིག་གོ་།ཞུས་ཞེས་པ་རི་སྐེགས་དེ་གཉིས་སོད་ནས་ཀླུའི་གནས་སུ་ཞུགས་པའོ། །གང་གིས་ཞེས་པ་ལ་སོགས་པ་འཛིན་པ་པོའི་ཀླུའོ། །རི་སྐེགས་མཐུ་ཆེན་པོ་ཅན་མཐོང་ནས་མ་ཤི་ན་ཡང་ལོང་པར་ནི་མི་འགྱུར་རོ། །ཤཱ་ལི་ཀཱ་རྣམས་ལ་ནི་ཤཱ་ལི ་ཀཱ་དག་ལའོ། །གསོལ་བ་ནི་གསོལ་བ་རྣམས་སོ། །ཚིག་ནི་སྣ་ཚོགས་སྡེ་མ་ལ་ཁས་བླངས་པའི་ཚིག་སྟེ། རྣམ་པ་གཞན་དུ་མི་འགྱིད་པའོ། །ཁ་ཅིག་ཏུ་མ་མཛད་ཅེས་ཀློག་པ་དེའི་ཚེ་སྤྲིན་ལ་ཞོན་གྱིས། ཀླུ་ཉེ་བར་མི་འཚོ་བའི་དོན་དུ་ཕྱེད་དུ་བཅུག་པའི ་ཚིག་གིས་བྱ་ཁྱུང་གི་རྒྱལ་པོས་འདབ་ཆགས་སྟོབས་པོ་ཆེ་ཐམས་ཅད་ལ་དག་བྱས་ཏེ། དེའི་ཕྱིར་ཚིག་དེ་རྣམ་པ་གཞན་དུ་མ་མཛད་ཅིག་ཅེས་པའི་དོན་ཏོ། །དེ་ལྟར་ཞེས་པ་ལ་སོགས་པ་རི་སྐེགས་དང་ཤཱ་ལི་ཀཱ་མོ་དག་གིས་མགོ་དང་མཇུག་མ་དག་བཟུང ་ནས་ཟིན་པའི་མདུན་དུ་ཁྱེར་འོང་བའི་སྤྲུལ་ལོད་བ་ལ་འགུགས་པའི་སྔགས་ཀྱིས་མངོན་པར་བསྔགས་པའི་སྤྲུལ་གྱི་ཁུང་བུའི་ས་ཡིས་འགུགས་པའི་སྔགས་བརྗོད་པ་སྔོན་དུ་འགྲོ་བར་བྲབས་པ་ལས། །མིག་བྱུང་བ་ཟིན་པ་མཐོང་བ་ལ་རྐང་པ་མགོ་ ་པོའི་མཐར་ཐུག་པ་དང། མགོ་བོ་ནས་རྐང་པའི་མཐར་ལན་གསུམ་དུ་འགྲོའོ། །དེ་ནས་གཟུང་བ་ལངས་པ་ན་ཤཱ་ལི་ཀཱ་གཉིས་ཀྱིས་སྦྲུལ་རང་གི་གནས་སུ་ཁྱེར་ནས་སོང་བ་ནི། རང་གི་གནས་སུ་རྟག་ཏུ་གནས་སུ་གཞུག་གོ་ཞེས། ་སྤྱིའི་དོན་ཏོ། །ཡན་ལག་གི་དོན་ནི་བཟུང་བའི་ཞེས་པ་བཟུང་བའོ། །སྤྲུལ་གྱིས་ནི་སྤྲུལ་ལོ། །ཤིང་འགྱེལ་པའི་ཞེས་པ་ཤི་ཞིང་འགྱེལ་བའོ། །འགྲོ་བ་ནི་མགོ་བོའི་མཐར་ཐུག་པར་རོ། །འོད་བ་ནི་རྐང་པའི་བར་དུའོ། །ཀུན་རྫོབ་བའི་དུག་གསོ་ཐབས ་རི་སྐེགས་ཀྱི་བྱེད་པ་གསུངས་ནས་དོན་དམ་པ་གསུངས་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཞེས་པའོ། །དེ་ཉིད་རྒྱས་པར་སྟོན་ཏེ། སྟོང་པ་ཞེས་པ་ལ་སོགས་པའོ། །སྟོང་པ་ནི་རང་བཞིན་མེད་པ་རྣམ་པར་རྟོག་པའི་གོས་པ་ཐམས་ཅད་དང་བྲལ་བའོ། །མཛའ་ ་དག་སྟེ་ཕྱི་དང་ནང་གི་བདག་ཉིད་ཀྱི་དངོས་པོའོ་ཞེས་པའོ། །ཡོད་པར་སྒྲོ་འདོགས་པ་གསལ་ནས་མེད་པ་སྒྲོ་འདོགས་པ་སྤོང་སྟེ། ཆོས་ནི་དངོས་པོ་རྣམས་ཀྱི་ཆོས་ཉིད་སྟོང་པ་ཉིད་མེད་དེ་ནི་སྤྲོས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་སྲིད་དུ་ཞེས་པ་ལ ་སོགས་པ་ཉིན་ཞག་ཉི་ཤུ་རྩ་གཅིག་རྣམས་ཇི་སྲིད་པའོ། །མང་པོས་ཅི་སྟེ་ཇི་སྲིད་དུ་ཟིན་པའི་གདོང་པ་ལ་སོགས་པ་མི་དབྱེ་བ་སྟེ། གདངས་ནས་མི་གནས་པ་དེ་སྲིད་དུ་འཁྲུལ་འཁོར་གྱི་ལས་བྱའོ། །མཇུག་བསྡུ་བ་ནི། དེ་ལྟར་ཞེས་པ་ལ་སོགས ་པ་སྟེ། དེ་ལྟར་དུང་གི་ཆུ་བླུང་པའི་མཐར་ཐུག་པས་རྗེས་སུ་བཟུང་ནས་དུག་ཞི་ཐབས་རི་སྐེགས་ཀྱི་བྱེད་པ་དང། དོན་དམ་པ་ལུང་བསྟན་པར་བྱའོ། །སངས་རྒྱས་ཐོད་པའི་རྣལ་འབྱོར་གྱིས་ཨོཾ་བ་དྷཱ་ཀ་པཱ་ལི་ནཱི་ཨཱ(རྒྱུད་འགྲེལ་རྩ་གཅིག་ཏུ་མངོན་པར་བསྔགས་པའི་དུག་བཟའ་བར་བྱའོ། །ཕྱི་རོལ་གྱི་སར་ཞེས་པ་དཀྱིལ་འཁོར་གྱི་གནས་ལ་སྟེ། དཀྱིལ་འཁོར་གཤེགས་སུ་གསོལ་ནས་སོ། །འདིས་ཞེས་པ་བརྗོད་ཟིན་པས་ཏེ། རྡུལ་མཚོན་གྱི་དཀྱིལ་འཁོར ་དཀྱུའི་བདག་ཉིད་མཆོད་པར་བྱའོ་ཞེས་པ་སྔར་བཞིན་ནོ། །ཡང་ན་བསྒྲུབ་པ་པོ་སེམས་བརྟན་པ་ཧེ་རུ་ཀའི་བདག་ཉིད་ཀྱིས་བརྗོད་ཟིན་པའི་མཆོད་པའི་སྔགས་འདིས་རིམ་པ་ཇི་ལྟ་བར་མཆོད་པར་བྱའོ་ཞེས་འབྲེལ་ལོ། །དཀྱིལ་འཁོར་ནི་ཙན་དན་ལ ་སོགས་པས་ཞེས་པའི་དོན་ཏོ། །དཀར་པོའི་ལུས་ཅན་ཞེས་པ་དཀར་པོའི་ཡོན་ཏན་གྱི་ཚོགས་དང་ལྡན་པའོ། །མི་ཤིག་པ་ནི་མགོ་བོ་མེད་པ་སྟེ། བདེ་བའི་གནས་ཀྱི་ནང་དུའོ་ཞེས་པ་མན་ངག་གོ་།སྣོད་ཀྱི་ཁ་ནི་བུམ་པའི་ཁའོ། །ཟླ་བ་ཅེས་པ་ཟླ་བ་ཞུ ་བར་གྱུར་པའོ། །ལངས་པར་ཞེས་པ་ལྡང་བར་བྱེད་དོ་ཞེས་པའོ། །སངས་རྒྱས་ཐོད་པའི་རྒྱུད་ཆེན་པོའི་འགྲེལ་པ་མཁས་པ་མི་འཇིགས་པའི་འབྱུང་གནས་ཀྱི་སྤས་པས་མཛད་པ་མི་འཇིགས་པའི་གཞུང་འགྲེལ་དུ་ལེའུ་བཞི་པའོ།། །། ་བཅུད་ལེན་རྒྱས་པར་སྟོན་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ཟླ་བ་དྲུག་དུ་ཞེས་པ་སྣར་བླུག་བྱའོ་ཞེས་པ་ལྷག་མའོ། །ཤེས་རབ་བྱ་རོག་མིན། གང་གི་གཟུགས་དང་ཁ་དོག་བྱ་རོག་གི་ལྟ་བུ་སྟེ་ལུས་ནག་པོའོ། །དང་པ་མོ་ནི་ཤེས ་རབ་མ་སྟེ་གང་གི་གཟུགས་དང་པའི་བྱེ་བྲག་གི་བཞིན་དུ་དཀར་པའོ་དྲོང་མ་ནི་ཤེས་རབ་སྟེ། གང་གི་ཐོད་གཟུགས་ཏེ་སྔོན་པོ་དང་དཀར་པོ་བསྲེས་པའོ། །ཁ་ཅིག་ནི་ཁ་དོག་སྔོན་པོ་སྟེ་དྲོད་གཟུགས་ཞེས་པ་ནི་རྟག་ཏུ་འདིའི་ལུས་དྲོ་བའོ་ཞེས་ཟེར་རོ། ་ཞེས་པ་ཤེས་རབ་རྣམ་པ་གསུམ་མོ། །དེ་ལ་བྱ་རོག་མའི་རྡུལ་ནི་ནག་པོའི་ཕྱོགས་ལ་བྱུང་བ་གཟུང་བར་བྱའོ། །ངང་པ་མའི་དཀར་པོའི་ཕྱོགས་ལ་བྱུང་བའོ། །དྲོད་མའི་ཕྱོགས་གཉིས་ཀ་ལ་བྱུང་བའོ། །གཞོན་ནུ་མ་ལ་སོགས་པ ་རྣམས་ཀྱིས་མཚན་ཉིད་གསུངས་པ། སྔོན་བསངས་ནི་བྱ་རོག་མ་སྟེ་མིག་སྤོ་བས་ཁྱད་པར་དུ་བྱས་པའོ། །དེའི་ལོ་བཅོ་བརྒྱད་མ་ནི་རྫས་མིག་རྣག་དང་ཁ་སྦྱར་སྦྱོར་བ་ཅེས་ཐབས་དང་ཡང་དག་པར་སྦྱར་བའི་སྦྱོང་བ་ལས་སྐྱེས ་པའི་གཉི་གའི་བྱང་ཆུབ་ཀྱི་སེམས་དང། དེའི་རྡུལ་ཞེས་པ་གསུམ་གཞོན་ནུ་མ་ཅན་དུ་བརྗོད་དོ། ཤེས་རབ་མ་གསུམ་པོ་དེ་རྣམས་སུ་བྱུང་བས་ན་དེར་བྱུང་ངོ། །དེ་རྣམས་སུ་ཡང་དེ་ཅིའི་ཡིན་ཞེན་གསུངས་པ། རྩ་རྣམས་ཀྱི ་སྟེ་ཨ་བ་དྷཱུ་ཏཱི་ལ་སོགས་པ་རྣམས་ཀྱིའོ། །པདྨ་སྐྱེས་པ་ནི་ཆོས་འབྱུང་དུ་སྐྱེས་པའི་རྫས་བྱང་ཆུབ་ཀྱི་སེམས་སོ། །དེའི་ཡང་ཅི་ཞིག་ཏུ་གནས་ཤེ་ན་གསུངས་པ། གེ་སར་དུ་སྟེ་རྩ་ཚོགས་པར་རོ། །ཁྱད་པར་ཇི་ལྟ་བུར་ཞེ་ན། སྤས་པའི་སྤྱོད་ཡུལ་དུ་སྟེ ་སྐྱེས་པའི་སྤྱོད་ཡུལ་ནི་གང་ཤིས་རྫས་གནས་པའི་ཡུལ?་ལྟེ་ལྟ་བ་ནས་བྱུང་ནས་གེ་སར་དུ་གནས་པ་ཞེས་པའི་དོན་ཏོ། འདིའི་དོན་ནི་འདི་ཡིན་ཏེ། ཤེས་རབ་མ་གསུམ་པོ་རྣམས་ལས་གང་ཡང་རུང་བ་ལོ་བཅུ་གཉིས་ལོན་པ་དང་སྦྱོར་བ་ལས་སྐྱེས་པའི་གཉི་གའི ་བྱང་ཆུབ་ཀྱི་སེམས་དང་དེའི་རྡུལ་དང་པོ་གཉིས་ཤཱ་རི་ཀཱའོ། །མེ་ཏོག་ལྡན་པ་ཞེས་པ་ལ་སོགས་པ་ལ། བྱ་རོག་མ་ལོ་བཅུ་དྲུག་ལོན་བ་རྡུལ་དང་ལྡན་པ་དང་སྦྱར་བ་ལས་བྱུང་བའི་གཉི་ཀའི་བྱང་ཆུབ་ཀྱི་སེམས་གྲུབ་མའོ། །ཉེར་སྦྱོད་ཐ་མི་དད ་པ་ཞེས་པ་ནི་སྤྱོད་པ་མཚུངས་པའོ། །མི་མོ་ནི་ཤེས་རབ་མ་གསུམ་ལས་གང་ཡང་རུང་པའོ། །མ་ཉམས་མ་ནི་སྐྱེས་པ་གཞན་བྱིས་མ་བགྲོད་པ་སྟེ། སྐྱེ་གནས་མ་ཉམས་པ་ཞེས་པའི་དོན་ཏོ། །དེ་ལས་དང་པོར་བྱུང་བ་ཞེས་པ་དེ་ལ་ཉི་ཤུ་མ་ཟླ ་མཚན་དང་ལྡན་པའི་ཉི་མ་དང་པོ་ལ་བྱུང་བའི་རྡུལ་དང། དེའི་ཚེ་ཁོ་ན་དེ་དང་སྦྱར་བ་ལས་སྐྱེས་པའི་བྱང་ཆུབ་ཀྱི་སེམས་ཞེས་པ་གཉིས་ནི་བྱིས་པ་ཅན་མའོ། །ལྷན་ཅིག་སྐྱེས་པ་ཞེས་པ་ལ་སོགས་པ་ཤེས་རབ་གསུམ་པོ་གང་ཡང་རུང་བ ་ལོ་ཉི་ཤུ་རྩ་ལྔ་མ་དང་སྦྱར་བའི་གཉི་གའི་ཁུ་བ་དང། བུད་མེད་ཤི་པའི་ཐོད་པའི་རྩ་ལས་བྱུང་པའི་འབྲུ་མར་ཞེས་པ་གཉིས་ནི་ཐོད་པ་ཅན་མའོ། །སྨན་ལྔ་པོ་འདི་རྣམས་དངུལ་ཆུ་དང་སྦྱངས་པར་ཏི་རེ་དང་ལྷན་ཅིག་རིམ་པ་ཇི་བཞིན ་དུ་ཟླ་བ་དྲུག་དང་གསུམ་དང་གཅིག་དང་ཕྱེད་དང་གཉིས་དང་གཅིག་རྣམས་སུ་འཆད་པར་སྔ་དྲོ་སྦྱར་བར་བྱའོ། །དེ་ལ་སྨན་བྱ་རོག་མ་སྣ་བུག་གཡོན་པར་རླུང་རྒྱུ་པའི་དུས་སུ་སྣར་བླུགས་པར་བྱའོ། །སྨན་དང་མ་ནི་གཡས་ཀྱིས་སོ། །དྲོད་མ་ནི་གཉིས ་གནས་སོ་ཞེས་གསུངས་པ། ཟླ་བ་ཞེས་པ་ལ་སོགས་པའོ། །ཟླ་བ་ནི་འདིར་རྐྱང་མའི་རླུང་ངོ། །ཉི་མ་ནི་རོལ་མོའི་རླུང་ངོ། །ཟླ་བ་ནི་ཁུ་བའོ། །ཉི་མ་ཞེས་པ་རྡུལ་ལོ། །གལ་ཏེ་སྨན་དེ་ལ་ཁུ་བ་ཤས་ཆེ་ན་དེའི་ཚེ་སྣ་བུག་གཡོན་པར་རོ། །ཅི་སྟེ་རྡུལ ་ཤས་ཆེ་ན་དེའི་ཚེ་གཡས་ནས་སོ། །དེ་ནས་འདི་ལས་ཞེས་པ་ལ་སོགས་པ་གོ་སླའོ། །རྣལ་འབྱོར་མའི་མཆོག་ཅེས་པ་བདུད་རྩི་ལྔ་རྣམས་ནི་རྣལ་འབྱོར་རྣམས་སོ། །རྣལ་འབྱོར་མཆོག་རྣམས་ནི་ཐབས་སྒྲོན་མ་ལྔ་རྣམས་སོ། །ནུས་ཏེ་བཟའ་ ་བར་ཞེས་པ་ལྷག་མའོ། །རྣམ་རྟོག་ནི་རྣམས་རྟོག་རྣམས་སོ། །དེ་བཞིན་གཤེགས་པས་མི་རྟོག་སོ་ཞེས་པ་ལ་སོགས་པའི་ཕུལ་དུ་བྱུང་པས་རྗོད་པ་ནི། གུས་པ་བསྐྱེད་པའི་དོན་དུའོ། །འོ་ན་སུ་རྣམས་ཀྱིས་རྟོགས་ཤེ་ན་གསུངས་པ། བླ་མ་ལ ་གུས་ཞེས་པ་ལ་སོགས་པ་སྟེ། རྟག་པ་ལ་སོགས་པའི་མཛའ་ལས་འདས་པའི་སྟོང་པ་ཉིད་སྒོམ་པས་འདོད་ཆགས་ལ་སོགས་པ་དང་བྲལ་བ་རྣམས་སོ། །དེ་ཉིད་ཀྱི་ཕྱིར་ཉོན་མོངས་ཐམས་ཅད་རྣམ་སྤངས་པ། འདི་རྣམས་ཀྱིས་ཟིལ་གྱིས ་མནན་པའོ། །བཟའ་བ་ལ་སོགས་པ་ལམ་ཞེན་པའོ། །ཤེས་རབ་ཐབས་སོགས་ཀྱི་ཤེས་པའི་རེག་བྱ་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས། །ཕྱོགས་གཅིག་གི་ཞེས་པ་ཕྱོགས་གཅིག་གིས་ཏེ། བླ་ན་མེད་པའི་ཤེས་རབ་དང ་ཐབས་དག་གཅིག་གི་ངོ་བོས་དེ་ཁོ་ན་ཉིད་མཉམ་པར་བཞག་པ་དང་མ་བཞག་པའི་གནས་སྐབས་དག་ཏུ་བསྒོམས་པར་བྱེད་པས་འགྲུབ་པོ་ཞེས་པའི་དོན་ཏོ། །དེ་ཁོ་ན་ཉིད་སྒོམ་པ་ཁོ་ན་ལ་ལྷུར་ལེན་པ་ཉིད་ཀྱི་དོན་དུ་ཡུལ་ལ་ཞེན་པ་སྤང་བར ་གསུངས་པ། ཀྱེ་ལགས་ཞེས་པ་ལ་སོགས་པའོ། །ཅལ་ཅོལ་ནི་འགལ་བའོ། །ཅི་ཞེ་ན་གང་དབང་པོ་རྣམས་ཀྱིས་གནོད་ཅིང་ཡུལ་རྣམས་ལ་ཀུན་ནས་ཞེན་པའོ། །སེམས་ཅན་འདི་སྟེ་མངོན་པར་ཞེན་པའི་སྐྱེ་བོ་རྣམས་སོ། །ཧཱ་ཧཱ་ཞེས ་པ་མྱ་ངན་ནོ། །ཅལ་ཅོལ་ནི་དེ་ཁོ་ན་ཉིད་སྒོམ་པ་ལས་གཞན་བཟའ་བ་དང་བཏུང་བ་ལ་སོགས་པ་ལ་ལ་སེམས་གཡེང་བའོ། །གྲིབ་མ་ནི་གཟུགས་བརྙན་ནོ། །གཉུག་མའི་བདག་པོ་ཞེས་པ་གཉུག་པའི་བདག་པོ་རྣམས་ཏེ་མེ་ལོང་ལྟ་བུ་ལ་སོགས ་པ་ཡེ་ཤེས་ལྔའི་རང་བཞིན་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔ་རྣམས་འགྲུབ་པར་འགྱུར་ཏེ། རྣལ་འབྱོར་པ་དེའི་རང་བཞིན་དུ་འགྱུར་རོ། །ཞེས་པའི་དོན་ཏོ། །མི་འཇིགས་པའི་གཞུང་འབྲེལ་དུ་ལེའུ་ལྔ་པའོ།། །། ་དབང་བསྐུར་ནས་དེ་ཁོ་ན་ཉིད་གསལ་བར་བྱ་ཞིང། །དབང་བསྐུར་ནས་དཀྱིལ་འཁོར་སྔོན་མ་ཅན་ཏེ། དེ་ནས་སློབ་མ་དབང་པོ་མཆོག་ཡིད་ཀྱིས་རང་བཞིན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བར་བྱའོ། །ཞེས་རྟོགས་པར་བྱ་བའི་དོན་དུ་གསུངས་པ། ་དེ་ནས་ཞེས་པ་ལ་སོགས་པའོ། །ཕྱི་རོལ་གྱི་དཀྱིལ་འཁོར་ལ་མངོན་པར་ཞེན་པ་རྣམས་འཇིགས་པར་བྱེད་པ་ཉིད་ཀྱི་ཕྱིར་འཇིགས་པའོ། །དབང་པོ་རྣོན་པོ་དགའ་བའི་གནས་ཉིད་ཀྱི་ཕྱིར་བཟང་བ་སྟེ་ཡིད་ཀྱི་རང་བཞིན་ནོ། །མཆོག་ནི་འཇིགས་པར ་བྱེད་པའི་འབྲས་བུ་འབྱིན་པ་ཉིད་ཀྱི་ཕྱིར་རོ། །གང་གིས་ཞེས་པ་དཀྱིལ་འཁོར་གྱིས་སོ། །ཤེས་རབ་ཐབས་ཀྱི་སྒྲུབ་པ་ནི་ཞེས་པ་ཤེས་རབ་དང་ཐབས་དག་གི་སྒྲུབ་པ་སྟེ། དེས་རྗེས་སུ་བསྒྲུབ་པའོ། །མཛའ་ནི་བྱ་གདོང་གི་རྩེ་མོ་སྟེ་དེ་དང ་སྦྱོར?་ཞིང་འབྲེལ་བའོ། །ཞེས་པ་མཛའ་ལ་སྦྱོར་བའོ། །ཕྱིའི་དཀྱིལ་འཁོར་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་རོ། །ལྷ་ཉིད་བཤིག་པ་ཙམ་གྱིས་ཞེས་པ་བག་མེད་པ་ལས་ལྷ་གཤེགས་སུ་མ་གསོལ་བའི་རྡུལ་ཚོན་བཤིག་པས་ཞེས་རྟོགས་པར་བྱ་སྟེ། ་གཞན་དུ་ན་ལྔ་ཕྱི་དང་རྒྱུད་གཞན་རྣམས་དང་འགལ་བའོ། །དེ་ཉིད་ཀྱི་ཕྱིར་ལྷ་བཤིག་པ་སྲིད་པ་ཉིད་ཀྱི་ཕྱིར་རྡུལ་ཚོན་གྱི་ལྷ་ལ་གཟུགས་འཛིན་དུ་འཛིན་པས་དག་པ་སྟེ། གཉིས་མེད་ཡེ་ཤེས་ཀྱི་བདག་ཉིད་མེད་ཅིང་ཡིད་རང་བཞིན་གྱི་དཀྱིལ་འཁོར་ལ་ནི་ཡོད་དོ།། ་ཞེས་མངོན་པར་དགོངས་སོ། །ལྷ་བཤིག་པ་བཞིན་དུ་དེའི་མཚན་མ་བཤིག་ན་ཡང་སྡིག་པའོ། །ཞེས་གསུངས་པ། རྡོ་རྗེ་ཞེས་པ་ལ་སོགས་པ་མི་བསྐྱོད་པ་ལ་སོགས་པའི་རིགས་ཀྱི་བདག་པོ་རྣམས་ཀྱི་མ་སྟེ། ཡང་ཡིག་ལས་ས་བོན་རྣམས་དང། ་ལྷ་གཞན་རྣམས་ཀྱི་ཡང་ངོ་ཞེས་རིགས་པར་བྱའོ། །སོང་ནས་ཞེས་པ་འགྲོ་བའོ། །དོན་དམ་པར་ནི་ཡང། །སངས་རྒྱས་ཞེས་པ་ལ་སོགས་པ་སྟེ་ཅི་ཡིས་ཏེ་ཅི་ཞིག་གིས་ཀྱང་མ་ཡིན་ནོ། །སྤྱན་དྲང་པ་ལ་སོགས་པ་ནི་སེམས་ཅན་དམན་པའི ་བསམ་པའི་དབང་གིས་གསུངས་པའོ། །འབར་ཡང་ཞེས་པ་དོན་དམ་པར་འགའ་ཞིག་ཏུ་ཡང་མ་ཡིན་ནོ། །དེ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གསུངས་པ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་རྣམས་ནི་གང་ལས་ཀྱང་བྱོན་པ ་འམ་བཞུད་པ་མེད་དོ། །དེ་བཞིན་ཉིད་ནི་མི་གཡོ་བ་སྟེ་དེ་ནི་དེ་བཞིན་གཤེགས་པའོ་ཞེས་སོ། །དྲི་མ་མེད་ཅེས་པ་དྲི་མ་མེད་པ་རྣམས་ཏེ་འདོད་ཆགས་ལ་སོགས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །ཤེས་བྱའི་སྒྲིབ་པ་དང་བྲལ་བ་ཉིད་ཀྱི་ཕྱིར་དན་པ་ཆོས ་སྐུ་རྣམས་སོ། །གཞན་རྣམས་ཞེས་པ་གང་རྣམས་དོན་དམ་པར་སྤྱན་དྲངས་པ་ལ་སོགས་པ་སྲིད་པ་ན་རྡུལ་ཚོན་གྱི་དཀྱིལ་འཁོར་རིགས་པ་བཞུད་པ་ལ་སོགས་པའི་སྤྲོས་པ་ལས་གྲོལ་བསྒྲིབ་པ་མེད་པའི་དེ་བཞིན་གཤེགས་པ་རྣམས་ལས ་གཞན་པའི་དེ་བཞིན་གཤེགས་པ་རྣམས་ཡོད་དོ་ཞེས་འདོད་པར་མི་བྱའོ། །འདི་ལ་ཚད་མ་ཅི?་ཞེ་ན་གསུངས་པ་འདིར་ཞེས་པ་ལ་སོགས་པའོ། །གང་གི་པདྨར་དཀྱིལ་འཁོར་དུ་འགྱུར་བ་ཤེས་རབ་མ་ཇི་ལྟ་བུར་ཞེ་ན་གསུངས་པ། ལོ་བཅུ་གཉིས ་མ་ཞེས་པ་ལ་སོགས་པའོ། །ཟླ་བ་སྟེན་པ་ནི་བྱང་ཆུབ་ཀྱི་སེམས་བསགས་པའོ། །མི་གཡོ་བ་ཞེས་པ་མི་གཡོ་བ་སྟེ་སྐྱེས་པ་གཞན་ལ་མི་འགྲོ་བ་ཞེས་པའི་བར་རོ། །འདི་ལྟ་བུའི་ཤེས་རབ་མ་བླ་མ་ལ་དབུལ་པའི་སློབ་མ ་དེ་རྣམས་ནི། འདི་རྣམས་ཁོ་ན་ཞེས་པ་འཆད་པར་འགྱུར་བའི་ཡོན་ཏན་དང་ལྡན་པ་རྣམས་སོ། །དེ་ཉིད་ནི་བཞི་པའོ། །ལྔ་ཞེས་པ་ཆུ་དང་ཅོད་པན་དང། རྡོ་རྗེ་དང། བདག་པོ་དང། མིང་རྣམས་སོ། །སྔགས་དང། རྡོ་རྗེ་བརྟུལ་ཞུགས་དང། ་སྤྱོད་པའི་བརྟུལ་ཞུགས་དང། ལུང་བསྟན་པ་དང། ཕྱིར་མི་ལྡོག་པ་དང། གསང་པ་རྣམས་རིགས་མའི་བརྟུལ་ཞུགས་དང་བཅས་པ་བདུན་ནོ། །གཉིས་ནི་ཤེས་རབ་ཡེ་ཤེས་དང་བཞི་པའོ། །གཅིག་ཏུ་བསྡུས་པ་ཞེས་པ་འདི་རྣམས ་གཅིག་ཏུ་འདུས་ན་དབང་བསྐུར་བཅུ་བཞི་རྣམས་སུ་འགྱུར་རོ། །དེ་ལ་ཆུ་ལ་སོགས་པ་ཕྱིར་མི་ལྡོག་པའི་མཐར་ཐུག་པ་ནི་སློབ་དཔོན་གྱི་དབང་དུ་བརྗོད་པར་བྱའོ། །དེ་ཁོ་ན་རིག་པའི་བརྟུལ་ཞུགས་དང་བཅས་པ་ནི་ཕྱིའོ། །གསང་བ་ནི་གསང་བའི་དབང ་བསྐུར་རོ། །གསང་བ་ནི་དེ་ཉིད་ནི་ཤེས་རབ་ཀྱི་དབང་བསྐུར་རོ། །དེ་ཁོ་ན་ཉིད་ནི་དབང་བསྐུར་བཞི་པའོ། །དེ་ལྟར་ཡང་རིག་མའི་བརྟུལ་ཞུགས་སློབ་དཔོན་གྱི་དབང་ངམ། ཤེས་རབ་ཀྱི་དབང་བསྐུར་དུ་དེ་དང་དེའི་ཡན་ལག་ཉིད་ཀྱིས་ནང་དུ་བསྡུས ་ནས་གསུངས་པ། སློབ་དཔོན་གསང་བ་ཤེས་རབ་དང། བཞི་པ་དེ་ཡང་དེ་བཞིན་ནོ་ཞེས་སོ། །དབུལ་བྱ་ཞེས་པ་ནི་བླ་མ་ལ་སློབ་མས་གསེར་ལ་སོགས་པའོ། །བླ་མར་ཞེས་པ་བླ་མའོ། །མི་གསུངས་པ་ནི་ཏིང་ངེ་འཛིན་ལ་ཕྱོགས་པའོ། ། ་འདི་ཐམས་ཅད་མཚོན་པ་ཁོ་ན་སྟེ། གསལ་བར་རྫོགས་པ་ནི་མ་ཡིན་ནོ་ཞེས་སྡུད་པ་པོས་གསུངས་པ་འདི་ཞེས་པ་ལ་སོགས་པའོ། །འདིར་གདམས་ངག་ནི་འདི་ཡིན་ཏེ། འདིར་སློབ་དཔོན་ལྷ་མོ་ཉི་ཤུ་རྩ་བཞིས་ཡོངས་སུ་བསྐོར་བའི་དཔལ་ཧེ ་རུ་ཀའི་བདག་ཉིད་དུ་དང། སློབ་མ་ཡང་དེ་ལྟར་དཔལ་ཧེ་རུ་ཀའི་བདག་ཉིད་དུ་བསྒོམས་ནས་འཁྱུད་པའི་ལས་ཀྱི་ཕྱག་རྒྱ་སྣ་ཚོགས་སྡེ་མའི་གཟུགས་ཅན་ཆོ་ག་ཇི་ལྟ་བར་སྦྱངས་པའི་པདྨའི་སའི་དབུས་སུ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཚོགས་ཀྱིས་སྤྱན་དྲངས ་པའི་ཉི་ཤུ་རྩ་ལྔའི་བདག་ཉིད་ཀྱི་བཅོམ་ལྡན་འདས་ཨ་བ་དྷཱུ་ཏིའི་སྟེང་གི་སྒོ་ནས་བཅུག་སྟེ་ཞུ་བར་གྱུར་པའི་བྱང་ཆུབ་ཀྱི་སེམས་ཀྱི་རྡུལ་རྡོ་རྗེའི་ལམ་ནས་དབབ་པོ་དེས་ཡུད་ཀྱི་ཁང་པ་བརྩེགས་པ་དང་བཅས་པའི་ལྷ་ཉི་ཤུ་རྩ་ལྔའི་བདག་ཉིད་ཡིད་ཀྱི་རང་བཞིན ་རིམ་པ་གསུམ་པའི་དཀྱིལ་འཁོར་བསྒྲུབས་ནས་སློབ་མས་མཎྜལ་ལྔ་བྱས་པས། ཐར་པ་ཆེན་པོའི་གྲོང?་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་ལན་གསུམ་དུ་གསོལ་བ་བཏབ་པ། རང་གི་ལུས་ལ་བློས་བཅུག་ནས་རྡོ་རྗེའི་ལམ ་ནས་ཕྱུང་པ་དཀྱིལ་འཁོར་གྱི་ཤར་གྱི་སྒོར་འདུག་པ་ལ། རང་བཞིན་དག་པ་སངས་རྒྱས་བདག་།ལུས་རང་བཞིན་གྱི་དྲི་མ་མེད་པ། དཔའ་བོ་དཔའ་མོའི་དབང་མོའི་གྲོང། །དཀྱིལ་འཁོར་ལ་ནི་བུ་ཁྱོད་ལྟོས། །ཞེས་བརྗོད་ཅིང་དཀྱིལ་འཁོར་བསྟན་ཏོ། །དེ ་ནས་འཁོར་བའི་འདམ་དུ་བྱིང་བ་བདག་ཅེས་པ་ལ་སོགས་པས་གསོལ་བ་བཏབ་པ་ལ་གཏུམ་མོས་ཞུ་པའི་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་འཁྲུས་བཞིན་པ་དང། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་དེ་བཞིན་གཤེགས་པ་དང་རིག ་པའི་ལྷ་མོ་རྣམས་སྟེང་གི་སྒོ་ནས་ཞུགས་ཏེ་ཞུ་བར་གྱུར་པའི་རྡོ་རྗེའི་ལམ་ནས་ཕྱུང་བ་རྣམས་ཀྱིས་མི་བསྐྱོད་པའི་རང་བཞིན་བྱང་ཆུབ་ཀྱི་སེམས་ཀྱི་ཆུས། སངས་རྒྱས་ཐམས་ཅད་ཀྱི་ནི་དབང། གསང་བ་གསུམ་གྱི་གནས་ལས་བྱུང། །ཁམས ་གསུམ་ཀུན་གྱིས་ཕྱག་བྱས་པ། །རྡོ་རྗེ་ཆེན་པོ་སྦྱིན་པར་བྱ་ཞེས་བརྗོད་ཅིང། ཨོཾ་ཤཱི་ཏྲཱི་ཙཀྲ་བཱ་ར་ཏཱཾ་ཨ་བྷི་ཥིཉྩ་མི་ཞེས་པའི་སྔགས་ཀྱིས་དབང་བསྐུར་བར་བྱའོ། །ཞེས་ཆུའི་དབང་བསྐུར་རོ། །དེ་ནས་ཆུ་དེ་རིན་ཆེན་འབྱུང་ལྡན་གྱི ་བདག་ཉིད་ཀྱི་ཅོད་པན་དུ་བསྒོམ་ཞིང། ཨ་བྷི་ཥིཉྩནྟུ་མཱ། སརྦ་ཡོ་གི་ནྱོ་མུ་ཀུ་ཊེ་ཨ་ཏྲ་ཨ་དྷི་ཏིཥྛནྟུ། ཨཱ་གཙྪནྟུ་ཧཱུཾ་སྭཱ་ཧཱ། ཞེས་བརྗོད་པར་བྱའོ། །ཞེས་པ་ཅོད་པན་ནོ། །འོད་དཔག་མེད་ཀྱི་བདག་ཉིད་ཀྱི་རྡོ་རྗེ་ལག་པ ་གཡས་པས་སྙིང་གར་ཧེ་རུ་ཀ་དཔལ་སོགས་དཔའ་བོས། །དི་རིང་ཁྱོད་ནི་དབང་བསྐུར་རོ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་རབ་ཏུ་འགྲུབ་ཆེད་ཟུང་ཞེས་བརྗོད་ཅིང་འཛིན་དུ་གཞུག་གོ་ཅེས་པ་རྡོ་རྗེའོ། །དོན་ཡོད་གྲུབ་པའི་རང ་བཞིན་གྱི་དྲིལ་བུ་ལག་པ་གཡོན་པས་སྙིང་གར་འཛིན་དུ་གཞུག་ཅིང་འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །དབྱངས་ཀྱི་རྗེས་འགྲོ་དྲིལ་བུར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཟུང། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད་ཅེས་བརྗོད་ཅིང ་འཁྱུད་པའི་ཚུལ་བྱེད་དུ་གཞུག་གོ་ཅེས་པ་བདག་པོའོ། །དེ་ནས་སློབ་མའི་མགོ་བོར་རྡོ་རྗེ་དང་དྲིལ་བུ་མཉམ་པར་འཛིན་དུ་གཞུག་ཅིང། །ོཾ་ཤྭཱི་ཙཀྲ་ཨ་དྷི་པ་ཏི་ཤྲཱི་ཧེ་རུ་ཀ་ཝཱི་ར་ཏཱཾ་ཨ་བྷི་ཥིཉྩན་མི་ཆེ་གེ་མོ་རྡོ་རྗེ་ཁྱོད་དོ་ཞེས་བརྗོད་དོ། ། ་ཅེས་པ་མིང་ངོ། །ོཾ་བུདྡྷ་ཀ་པཱ་ལི་ནཱི་ཨ(རྒྱུད་འགྲེལ་ཀ་དཔལ་བརྟུལ་ཞུགས་བསྟན། །ཞེས་བརྗོད་ཅིང་རྡོ་རྗེ་སྦྱིན་ནོ། །དེས་ཀྱང་ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏྭཱཾ་དྷཱ་ར་ཡཱ་མི། ཨོཾ་ཧ་ཧ་ཧ་ཧ་ཧཱི(རྒྱུད་འགྲེལ་ཀ་དཔལ་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །དེས་ན་ཁ་ཊཝཱཾ་ཅང་ཏེའུ་སྣོད། །བྱིན་པ་དཔའ་བོ་གཟུང་བར་གྱིས་ཞེས་བརྗོད་ཅིང་ཁ་ཊཝཱཾ་ག་དང་ཅང་ཏེའུ་དང་ཐོད་པ་རྣམས་སྦྱིན་པར་བྱའོ། །ཞེས་པ་སྤྱོད་པའི་བརྟུལ་ཞུགས་སོ། །ལག་པ ་གཡོན་པས་ཆོས་གོས་ཀྱི་སྣ་པ་བཟུང་ནས། ལག་པ་གཡས་པ་མི་འཇིགས་པ་སྦྱིན་པས་རང་ཉིད་སངས་རྒྱས་ཀུན་རང་བཞིན། འཁོར་ལོ་གསུམ་གྱི་དབང་ཕྱུག་ངས། །ཧེ་རུ་ཀ་དཔལ་ཞེས་བྱ་ཡི། །དེ་བཞིན་གཤེགས་པར་ཁྱོད་ལུང་བསྟན། །དཔལ་ཧེ ་རུ་ཀ། ཞེས་པའི་མིང་ཅན་གྱི་དེ་བཞིན་གཤེགས་པའི་དངོས་གྲུབ་ས་མ་ཡ་སྟཝཾ་བྷུར་བྷུར་ཝ(རྒྱུད་འགྲེལ་ཆེན་པོ་བདག་ལ་སྩོལ། །ཞེས་གསོལ་བ་བཏབ་པའི་རྗེས་ཐོགས་སུ། །སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་མཛའ་ཡས་པའི་ཕྱོགས་ན་བཞུགས་པའི་དཔའ་བོ་དང་ལྷ་མོ་རྣམས་སྔར་བཞིན་བཅུག་སྟེ་རྡོ་རྗེ་ནས་བྱུང་ནས་ཡེ་ཤེས ་ཀྱི་ཆུས་གང་བའི་བུམ་པའི་ཕྱག་ཅན་རྣམས་ཀྱིས་བཀྲ་ཤིས་དང་གླུ་དང། མཆོད་པ་དང། བཀུར་སྟི་རྒྱ་ཆེན་པོས་དབང་བསྐུར་ཞིང། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་པོ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ ་གྱི། །གནས་ལས་རྒྱུད་བ་སྦྱིན་པར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲཱི་ཡེ་ཧཱུཾ་ཞེས་བརྗོད་དོ། །དེ་ནས་མི་བསྐྱོད་པ་དབུ་རྒྱན་དུ་བསམས་ལ། དཔའ་བོ་དང་ལྷ་མོ་གཞན་དེ་ཉིད་དུ་ཡེ་ཤེས་སེམས་དཔའ་ཨི་ངོ་བོར་བཅུ་པ་ལ་ཨོཾ ་སུ་པྲ་ཏིཥྛ་བཛྲ་སྭཱཧཱ། ཞེས་པ་ལ་སོགས་པའི་སྔགས་བརྗོད་དོ། །དེའི་རྗེས་སུ་བཀའ་བསྒོ་བར་བྱ་སྟེ། དེ་ཉིད་རིག་པའི་རྣལ་འབྱོར་བས། །མི་བྱ་ཅུང་ཟད་མེད་དེའི་ཕྱིར། །དཔའ་བོས་དེ་ཉིད་ཤེས་ནས་ནི། །ཁྱོད་ཀྱིས་འདོད་པ་ལྔ་སྤྱོད་ཅིག་། ་སེམས་ཅན་གཟུགས་བརྙན་རང་བཞིན་ཏེ། །རྟེན་ཅིང་འབྲེལ་པར་འབྱུང་ཆོས་ཅན། །དེ་རྣམས་ཁམས་གསུམ་པ་ཤེས་ནས། །ཁྱོད་ཀྱིས་སེམས་ཅན་དོན་ནུས་ཀྱིས། །ཞེས་པ་ཕྱིར་མི་ལྡོག་པའོ། །དེའི་རྗེས་སུ་འཁོར་བའི་འདམ་དུ་བྱིང་བ ་བདག་ཅེས་པ་ལ་སོགས་པས་བླ་མ་ལ་དང། བདག་ནི་འཁོར་བའི་འདམ་དུ་བྱིང། །རྣམ་རྟོག་མིང་དང་བདག་ལྡན་པས། །བག་ཆགས་ཡང་དག་བཅད་པ་ཡིས། །མཛེས་མ་ཁྱོད་ཀྱིས་བསྐྱབས་པར་མཛོད། །གྲགས་པ་ཆེན་མོ ་ཐུགས་རྗེ་ལྡན། །དེ་ཉིད་ཉེ་བར་ཞི་བར་མཛོད། །ཅེས་པས་ཤེས་རབ་མ་ལ་གསོལ་བ་བཏབ་པར་བྱས་པ་ལ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་ཕྱོགས་བཅུར་བཞུགས་པའི་དཔའ་བོ་དང་ལྷ་མོ་རྣམས་སྔར་བཞིན་བཅུག ་སྟེ་ཞུ་བར་གྱུར་ནས་ཕྱུང་བའི་བྱང་སེམས་སྙིང་པོའི་བསྔགས་བརྗོད་ཅིང་དཀྱིལ་འཁོར་དུ་གནས་པའི་བློས། ཕྱི་རོལ་ཏུ་གནས་པའི་སློབ་མ་མཐེ་བོང་དང་མིང་མེད་པ་དག་གིས་བཙིར་ལ་རྡོ་རྗེ་པདྨ་ལས་ཕྱུང་སྟེ་དངོས་སུ་འཐུང་དུ་བཞུག་གོ་།སློབ་མས ་ནི་ཨ་ཧོ་སུ་ཁ་ཞེས་སྨྲ་ཞིང་བཏུང་ངོ། །ཤེས་རབ་མས་ཀྱང་ལངས་ལ། །རང་གི་ཆུ་སྐྱེས་ཀྱི་ནང་གི་བྱང་ཆུབ་སེམས་ཀྱི་ལྷག་མ་མེ་ཏོག་གི་བཅུད་ཀྱི་ཐིག་ལེ་དེའི་ཁའི་ནང་དུ་གོས་མེད་པ་ཁོ་ནས་འཇུག་པར་བྱའོ། །ཞེས་པ་ཤེས་རབ་དང་ཐབས ་དག་གི་གསང་བས་དབང་བསྐུར་བའོ་ཞེས་པ་གསང་བའོ། །དེ་ནས་སྔར་བཞིན་དུ་བླ་མ་དང་ཤེས་རབ་མ་ལ་གསོལ་བ་བཏབ་པ་ལ། ཤེས་རབ་མ་དེ་འམ་གཞན་ཡང་རུང་བས་བཀའ་བསྒོ་བ་དཔའ་བོ་བྱང་ཆུབ་སེམས་བཟའ་བར། །ཁྱོད ་ནི་སྤྲོ་བར་གྱུར་ཏམ་ཅི། །རིགས་ལྔ་ལས་བྱུང་རིག་མིན། །གུས་པས་ཡང་དག་མཆོད་བྱེད་དམ། །བཤང་གཅི་སྟོབས་དང་ཁྲག་ལ་སོགས། །གཞན་ཡང་དམ་ཚིག་བཟང་པོ་ནི། །དེ་རིང་རབ་ཏུ་ཟ་བྱེད་དམ། །བུ་ཁྱོད་ཇི་ལྟར་འདོད་པ་སྨྲོས། ། ་ཞེས་སོ་པའོ། །དེས་ཀྱང་ཇི་སྐད་བརྗོད་པའི་དམ་ཚིག་སོགས། །ལྷ་མོ་བདག་ནི་ཅིས་མི་སྤྲོ། །བུད་མེད་པདྨ་མཆོད་པ་དང། །རྟག་ཏུ་གུས་བ་ཅིས་མི་བགྱི། །ཞེས་ཁས་བླང་ངོ། །དེ་ནས་དེས་པདྨ་གསལ་བར་བྱས་ཏེ། ཐར་པ་བསྟེན་ཅིག་ཧོ: ་ཞེས་བརྗོད་དོ། །དེས་ཀྱང་བླ་མའི་མན་ངག་ལས་དགའ་བ་ལ་སོགས་པའི་དབྱེ་བས་ཁོང་དུ་ཆུད་པས་རོལ་པར་བྱའོ། །པདྨའི་ནམ་མཁའ་དང་ནོར་བུའི་ལྟེ་བ་དག་བཙིར་བའི་གནས་སུ། རྡོ་རྗེ་སྐྱིལ་ཀྲུང་ལས་སེམས་ནི། །ནོར་བུའི་ནང་དུ་གནས་ལྟ་ཞིང། །དེ་ལས ་སྐྱེས་པའི་ཡེ་ཤེས་གང། །དེ་གཟུགས་ཞེས་པ་བརྗོད་མི་ནུས། །འདོད་ཆགས་མ་ཡིན་ཆགས་བྲལ་མིན། །བར་མར་དམིགས་པ་མ་ཡིན་ཏེ། །གསུམ་པོ་སྤངས་པ་ཁོ་ན་ལས། །ལྷན་སྐྱེས་བྱང་ཆུབ་བརྗོད་པར་བྱའོ། །གང་དུ་དབང་པོ་ཉམས་པར་འགྱུར།། ་བདག་གི་རང་བཞིན་རྣམ་པར་ཉམས། །ལྷན་ཅིག་སྐྱེས་དགའ་རྟོགས་དེ་ཡིན། །བླ་མའི་ཞལ་ལ་གསལ་འདྲི་ནའོ། །ཞེས་རྟོགས་པས་རྣལ་འབྱོར་བ་ཡིས་བྱང་ཆུབ་སེམས། །ཇི་སྲིད་གཏོང་པར་མི་བྱེད་པ། །དེ་སྲིད་བར་མ་ཆད་པར་ནི། །དགའ་སྐྱེས་བདེ་བ་ཅི? ་ཡང་འཐོབ། །དངོས་གྲུབ་ཐམས་ཅད་ཀྱི་ནི་གཏེར། །བྱང་ཆུབ་སེམས་ནི་ལྷུང་བ་ན། །ཕུང་པོ་རྣམ་ཤེས་བརྒྱལ་བ་ལ། །དངོས་གྲུབ་མ་སྨད་ག་ལ་ཡོད། །ཅེས་པས་ཇི་ལྟར་ནུས་པར་བཟུང་སྟེ། དལ་བུས་བཏང་ནས་དེ་ཁོ་ན་ཉིད་ལྟ་བས་བྱང་ཆུབ་ཀྱི་སེམས ་དམ་ཚིག་གི་ངོ་བོ་ཆུ་སྐྱེས་ནས་ལྕེས་བླང་བར་བྱའོ། །དེའི་རྗེས་སུ་དེས་མགོ་བོར་རྐང་པ་གཡོན་པ་བཞག་ནས་བཀའ་བསྒོ་སྟེ། བུ་ཁྱེད་དེ་རིང་ནས་བརྩམས་ཏེ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །རྨི་འདྲར་སེམས་ཅན་ཐམས་ཅད་ཀྱི། །དོན་ནི་བདག་ཉིད ་ཀུན་གྱིས་བྱོས། །ཞེས་པས་ཏེ་ཤེས་རབ་ཡེ་ཤེས་སོ། །དེ་ནས་བླ་མས་རིགས་མ་འདི་ནི་སྤངས་ནས་ཐབས། །གཞན་གྱི་སངས་རྒྱས་ཉིད་མིན་ཕྱིར། །བརྟུལ་ཞུགས་གོང་མའི་གོང་མ་སྟེ། །གཉེན་གཤིན་རིག་མའི་བརྟུལ་ཞུགས་སྤྱོད་ཅེས་བརྗོད་དེ ་རིག་མའི་བརྟུལ་ཞུགས་སོ། །དེའི་རྗེས་སུ་ཤེས་རབ་ཡེ་ཤེས་བླངས་པ་ཁོ་ནའི་སློབ་མ་ལ་ཤེས་རབ་ཡེ་ཤེས་ཁོ་ན་གོམས་པ་ལས་རྡོ་རྗེ་འཛིན་པའི་ངོ་བོ་བཞི་པའོ་ཞེས་ཚིག་ཁོ་ནས་དབང་བསྐུར་བཞི་པ་བླ་མའི་མན་ངག་ལས་རྟོགས་པར་བྱ་བའི་ཁྱད་པར ་སྦྱིན་ནོ། །དེ་དཔལ་སཾ་བུ་ཊ་ར་གསུངས་པ། ཇི་སྐད་བརྗོད་པའི་ཆོ་གས་དབང་བྱིན་ནས། སློབ་མའི་མོས་པ་ཡིད་ཀྱིས་བལྟ་བྱ་སྟེ། ཟབ་ཅིང་རྒྱ་ཆེ་བའི་ཚུལ་ལ་མོས་པ་ལ་དབང་བསྐུར་རིན་ཆེན་ཚིག་ཉིད་ཀྱིས་སྦྱིན་བྱ་ཞེས་སོ། །དབང ་བཞི་པའོ་ཞེས་པའོ། །གང་སློབ་མ་དབང་པོ་འབྲིང་པོ་དེ་ལ། ཕྱི་རོལ་ཏུ་བསྒོམས་པའི་ཤེས་རབ་ཡེ་ཤེས་ཀྱི་རང་བཞིན་ལ་ཆོས་འབྱུང་གིས་པདྨའི་ནང་དུ་དཔག་ཚད་ཕྱེད་པའི་ཚད་ཅན་ཡིད་ཀྱི་རང་བཞིན་རིམ་པ་གསུམ་པའི་དཀྱིལ་འཁོར་བསྒོམས་ནས ་ཇི་ལྟར་རིགས་པར་བརྗོད་པའི་ཆོ་གས་དབང་བསྐུར་བར་བྱའོ། །གང་བསོད་ནམས་བསགས་པའི་དཀྱིལ་འཁོར་གཉིས་པོ་འདི་བསྐྱེད་པར་ནུས་པའི་བླ་མས་སྤྲུལ་པ་གསལ་བར་མཐོང་བ་དེ་ནི་དབང་པོ་མཆོག་གི་མཆོག་ཡིན་ཏེ། དེ་ལ་ཡང་འདི་ལྟར ་དབང་བསྐུར་བར་བྱའོ། །དབང་པོ་བརྟུལ་པོ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་རམ་རས་བྲིས་ཀྱི་དཀྱིལ་འཁོར་དུའོ། །དེ་ལྟར་གདམས་པ་ཕྱེ་ནས་བྱ་སྟེ། གདམ་པ་ཉམས་པས་འཇིགས་པའི་ཕྱིར་རོ། །བསྐྱེད་པའི་རིམ་པའི་ཕྱོགས་ལ་དཀྱིལ་འཁོར ་གསུངས་ནས་རྫོགས་པའི་དཀྱིལ་འཁོར་བརྗོད་པའི་ཆེད་དུ་གསུངས་པ། ཅི་རུ་ཞེས་བྱ་བ་ལ་སོགས་པ་སྟེ། ཅི་རུ་ཞེས་པ་དོན་དམ་པར་རྟེན་འགོག་པའོ། །ཅི་ཞིག་ཅེས་པ་ལྷའི་ངོ་བོའི་རྟེན་པ་འགོག་པའོ། །དཀྱིལ་འཁོར་བཞེངས་པ་ལ་སོགས ་པ་བསོད་ནམས་སྒྲུབ་པར་བྱེད་པ་ཉིད་ཀྱི་ཕྱིར་བྱང་ཆུབ་ཆེན་པོའི་ལམ་ཡིན་མོད་ཀྱི། དེ་ལྟར་ཡང་རིང་བ་དང་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་རྣམས་ཀྱི་སྟོང་པའོ་ཞེས་གསུངས་པ། ལྷུང་ཞེས་པ་ལ་སོགས་པ་སྟེ། བརྫུན་ལ ་ཞེས་པ་རྣམ་པར་རྟོགས་པས་སྒྲོ་བཏགས་པ་བརྫུན་པའི་ངོ་བོ་ལའོ། །ཅལ་ཅོལ་ཞེས་པ་གཡེང་བ་རྣམ་པ་སྣ་ཚོགས་སུ་མྱུར་དུ་རྫོགས་པའི་བྱང་ཆུབ་འགྲུབ་པའི་ལམ་ལས་གྲོལ། །བའི་འགྲོ་བ་ལྷུང་ངོ་ཞེས་ཐུགས་བརྩེ་བར་མཛད་དོ། །འོ་ན ་སྒྲོ་མ་བཏགས་པ་ཅི་ཞེ་ན། གསུངས་པ། སྟོང་པ་ཞེས་པ་ལ་སོགས་པའོ། །མཛའ་དག་ཅེས་པ་ཕུང་པོ་དང། ཁམས་ལ་སོགས་པའོ། །དེ་འདྲའི་དཀྱིལ་འཁོར་ནི་རྫོགས་པའོ། །ཇི་ལྟར་ཞེ་ན། གསུངས་པ། པདྨ་ཞེས་པ་ལ་སོགས་པ་སྟེ། བདེ་བ་ཆེན་པོ་ལ ་སོགས་པའི་པདྨའི་དབུས་སུ་གནས་པའོ། །རྣལ་འབྱོར་མ་ཚོགས་ནི་རྩའི་རང་བཞིན་ནོ། །ཧེ་རུ་ཀ་ནི་བྱང་ཆུབ་ཀྱི་སེམས་སོ། །དེ་ཁོ་ན་སྟེ་བདེ་བ་ཆེན་པོའི་བདག་ཉིད་སྟོང་པ་ཉིད་དང་རོ་གཅིག་པ་རྨི་ལམ་དང་གཟུགས་བརྙན་དང། སྒྱུ་མ་ལ་སོགས་པའི་རང་བཞིན ་ནི་ཕུང་པོ་ལ་སོགས་པའི་ངོ་བོར་སྐྱེའོ། །ཅེས་གསུངས་པ། མཛའ་དག་སྐྱེད་བྱེད་ཅེས་པའོ། །དེའི་ཕྱིར་རྫོགས་པའི་དཀྱིལ་འཁོར་བླང་བར་བྱ་བ་འདི་བསྒོམས་པ་མཐོང་བར་གྱིས་ཤིག་པའོ། །དེ་དྲིལ་བུ་ཞབས་ཀྱིས་གསུངས་པ། སེམས་གནས ་ལས་ཀྱི་ཐིག་དང་ནི། རྡུལ་ཚོན་དགྱེས་པའི་རིམ་ལས་བྱུང། འགྲོ་འདི་དཀྱིལ་འཁོར་ཁོ་ན་སྟེ། རང་བཞིན་གྱིས་གྲུབ་གཉིས་མེད་པའོ། །བཅོམ་མ་གཉིས་ཀྱི་ངོ་བོ་གང། །དེ་ནི་གདུལ་བྱའི་དབང་ལས་འདོད། །དེ་ནི་ཐར་འདོད་བསྒྲུབ་བྱ་མིན། །ཐར་པ ་ཡང་དག་དོན་མཐོང་ལས་ཞེས་སོ། །གལ་ཏེ་རྣམ་པ་དེ་ལྟར་རྫོགས་པ་ཡིན་ན། འོ་ན་དེ་ནི་ཐམས་ཅད་ཀྱི་ཚེ་ཡོད་པ་ཁོ་ན་སྟེ། ཅིས་འགྲོ་བས་མི་རྟོགས། སྒོམ་པས་ཀྱང་ཅི་བྱ་ཞེ་ན། གསུངས་པ། གནོད་པས་ཏེ་གནོད་པ་ནི་ཕྱིན་ཅི་ལོག་པ་སྟེ། རྨི ་ལམ་གྱི་རང་བཞིན་གྱི་ཕུང་པོ་ལ་སོགས་པ་ལ་རྨོངས་པས་སོ། །དེའི་ཕྱིར་ལྟོས་ཏེ་བླང་བྱ་དང་དོར་བྱ་ལ་རྨོངས་པ་ལས་ངེས་པར་དཔྱོད་ཅིག་།སྐྱེན་པར་ནི་མྱུར་བར་ཏེ། ཇི་སྲིད་དུ་དལ་འབྱོར་ཕུན་སུམ་ཚོགས་པ་ཡིད་བརྟན་དུ་མེད་པ་འདི་ཡོད་ཀྱི་བར་དུའོ། །ཞེས ་སྒོམ་པ་ལ་སྤྱོད་པའོ། །འཇིགས་པ་མེད་པའི་གཞུང་འགྲེལ་དུ་ལེའུ་དྲུག་པའོ།། །།ད་ནི་འབྲས་བུའི་རྒྱུད་བཅོམ་ལྡན་འདས་ཀྱི་སྒོམ་པ་བརྗོད་པའི་ཆེད་དུ་གདུལ་བྱའི་སྐྱེ་བོའི་དོར་རེ་ཞིག་ཕྱིའི་དཀྱིལ་འཁོར་གསུངས་པ་དེ་ནས་ཞེས་པ་ལ་སོགས ་པའོ། །རི་པོ་ཞེས་པ་ལ་སོགས་པ་ནི་སྒྲ་ཇི་བཞིན་པའོ། །ཟླུམ་པོ་ཞེས་པ་ལ་སོགས་པ་ལ། དེ་ལ་རིམ་པ་འདི་ཡིན་ཏེ། དཀྱིལ་འཁོར་གྱིས་གཞིའི་ཆོ་ག་ཇི་ལྟ་བར་ཡོངས་སུ་སྤྱངས་པ་འམ། ལག་པས་རིག་ནས་ས་སྦྱོང་པའི ་སྔགས་བརྒྱད་ལྷག་པའི་བརྒྱ་བཟླས་པས་སྦྱངས་པར། ཁོ་བོས་བྱས་པའི་དུས་འཁོར་ལ་འཇུག་པར་བརྗོད་པའི་རིགས་པས་ཐུར་མའི་གྲིབ་མ་དང་ཉ་དག་གིས་ཕྱོགས་དང་ཕྱོགས་བྲལ་ངེས་པར་བྱས་ནས་ལྷའི་སྐུ་ཅན་གཏོར་མ་བྱིན་པའི་སློབ ་དཔོན་གྱིས། དང་པོར་ཤར་དུ་ཁ་བལྟས་པར་གྱུར་ནས། སོ་སོར་ཡེ་ཤེས་ལྔའི་བདག་ཉིད་ཀྱི་དེ་བཞིན་གཤེགས་པ་ལྔར་བསྒོམས་པའི་སྐུད་པ་ཉི་ཤུ་རྩ་ལྔ་བསྒྲིལ་བ་སློབ་དཔོན་གྱི་ནས་ཙམ་དུ་སྒོམ་གསར་བ་རིང་བར་དཀྱིལ་འཁོར་གྱི་ཉིས ་འགྱུར་མཐོ་གང་ལྷག་པའི་ཐིག་སྐུད། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ལྟེ་བར་བཟུང་བས་སློབ་མ་ལྷའི་སྐུ་ཅན་དང། ལྷན་ཅིག་ཏུ་ཡེ་ཤེས་ཀྱི་ཐིག་ཅེས་བྱ་བ་ཚངས་པའི་ཐིག་གཉིས་ནམ་མཁའ་ལ་བཏབ་ནས། འོག་ཏུ་ས་གཞི་ལ་ཚངས ་བའི་ཐིག་དེ་ལྟར་དྲང་པོར་གདབ་བོ་།དེ་ནས་དཀྱིལ་འཁོར་གྲུ་བཞི་པར་འགྲུབ་པའི་ཆེད་དུ་ཉའི་ཁ་དང། །མཇུག་མ་དག་གི་སྟེང་དུ་ཚངས་ཐིག་གཉིས་པ་བྱང་དུ་ཁ་ཕྱོགས་པས་གདབ་བོ། །དེ་ནས་ཟུར?་ཐིག་གཉིས་ཆོ་ག་ཇི་ལྟ་པར་གདབ་བོ། ། ་།དེ་ནས་ཁྲུ་གང་བ་ལ་སོགས་པའི་ཚད་ཙམ་གྱི་དཀྱིལ་འཁོར་གྱི་རྩ་བའི་ཐིག་བཞིའོ། །དེ་ནས་ཚངས་ཐིག་གཉིས་ཀྱི་ཕྱི་རོལ་ཏུ་ཤར་ལ་སོགས་པའི་ཕྱོགས་སུ་འགྲོ་ཞིང། རྡུལ་ཚོན་གྱི་སའི་ཚད་ཀྱིས་ཐིག ་གཅིག་དོར་ནས་ཐིག་བཞིའོ། །སླར་ཡང་ཐིག་གཅིག་གོ་།དེའི་རྗེས་སུ་ཐིག་གཉིས་དོར་ནས་ལྷའི་སྣམ་བུའི་ཐིག་གཅིག་གོ་།རེ་ལྟར་ཚངས་ཐིག་ནས་བཟུང་ནས་རྩ་བའི་ཐིག་དང་བཅས་པ་ཐིག་བཅུ་རྣམས་ལོགས་གཅིག་ཏུ་སྟེ། ལོགས་གཞན ་དུ་ཡང་རིམ་པ་འདི་ལྟར་རོ། །དེ་ནས་རྩ་བའི་ཐིག་ལས་ཕྱི་རོལ་ཏུ་འཁོར་ལོའི་བརྒྱད་ཆའི་སྒོའི་བཞི་ཆའི་ཚད་དུ་རྡུལ་ཚོན་གྱི་སའི་ཐིག་གཅིག་གོ་།དེ་ནས་སྒོའི་ཕྱེད་ཀྱི་ཚད་དུ་ལྷའི་སྟེགས་བུའི་ཐིག་གཅིག་གོ་།དེ་ནས་ཚོན་གྱི་སའི་ཚད་ཀྱིས་རིན་ཆེན་སྣམ ་བུའི་ཐིག་གཅིག་གོ་།དེ་ནས་སྣམ་བུའི་ཚད་དུ་དྲ་བ་དང་ཕྱེད་པའི་སྣམ་བུའི་ཐིག་གཅིག་གོ་།དེ་ནས་ཚོན་གྱི་སའི་ཚད་ཀྱི་ས་བ་ཀུ་ལཱའི་སྣམ་བུའི་འམ། ཁ་གཅིག་གི་ལུགས་ལ་སླར་ཡང་རིན་ཆེན་སྣམ་བུའི་ཐིག་གཅིག་གོ་།དེ་ནས་མུན་པའི་སྣམ ་བུའི་ཐིག་ཐུང་པ་གཅིག་སྟེ། དེ་ཁོ་ན་ལ་མདའ་ཡབ་རྣམས་སོ། །དེ་ནས་དབྱི་བའི་ངལ་བས་འཇིགས་པས་ཐིག་ཐུང་གིས་སམ་རིང་པོས་ཀྱང་རུང་སྟེ། སྒོ་ལས་སུམ་འགྱུར་གྱི་རྟ་བབས་ཀྱི་ཐིག་བཞིའོ། །དེ་ནས་ཐིག་གཉིས་དོར་ནས་རྟ ་བབས་དང། འབྲེལ་པའི་ཐིག་གཅིག་གོ་།དེ་ནས་ཐིག་གསུམ་དོར་ནས་དྲིལ་བུ་དང་བཅས་པ་རླུང་གིས་བསྐྱོད་པའི་བ་དན་དང། རྒྱལ་མཚན་དང། གདུགས་དང། དཔག་བསམ་གྱི་ཤིང་ལ་སོགས་པའི་གནས་ཀྱི་ཐིག་གཅིག་གོ་།སླར་ཡང ་ཐིག་གཅིག་དོར་ནས་ཐིག་གཅིག་གོ་།དེ་ནས་པདྨའི་འདབ་མའི་ཕྲེང་བའི་ཐིག་གཅིག་གོ་།དེ་ཉིད་ཀྱི་ཕྱིར་པདྨའི་ལྟེ་བའི་ནང་དུ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་པ་ལ་ཁང་པ་བརྩེགས་པ་གནས་པའོ། །ལྟེ་བ་དེའི་ཕྱི་རོལ་པདྨའི་ལྟེ་བ་ལ་ནི་སྣ ་ཚོགས་རྡོ་རྗེའི་ར་བ་དང་རྟ་བབས་ལ་སོགས་པ་བྲིའོ། །དེ་ནས་རྡོ་རྗེའི་ཕྲེང་བའི་ཐིག་གཅིག་གོ་།དེ་ནས་ཐིག་གཉིས་དོར་ནས་འོད་ཟེར་གྱི་ཕྲེང་བའི་ཐིག་ཅིག་གོ་།པདྨའི་འདབ་མའི་ཕྲེང་བ་མེད་དོ་ཞེས་ཁ་ཅིག་གོ་།ཀོངྒ་ཎ་ནི་རྡོ་རྗེ་དང། པདྨ་དང ་འཁོར་ལོ་དང། འོད་ཟེར་གྱི་ཕྲེང་པའི་ཐིག་བཞི་རྣམས་སོ་ཞེས་སྨྲའོ། །དེ་ལྟར་ཚོན་གྱི་སའི་ཐིག་ནས་བརྩམས་ཏེ་ཐིག་བཅུ་དྲུག་རྣམས་ངོས་གཅིག་ཏུའོ། །དེ་ལྟར་ངོས་གཞན་དུ་ཡང་ངོ་ཞེས་པ་ཐིག་ཉི་ཤུ་རྩ་དྲུག་རིམ་པ་གཉིས་པའི་ ་དཀྱིལ་འཁོར་དུ་གདབ་པའི་ཆོ་གའོ། །ཕྱོགས་འདི་ཁོ་ནས་རིམ་པ་གསུམ་པ་ལ་སོགས་པའི་དཀྱིལ་འཁོར་དུ་ཐིག་གདབ་པར་བྱའོ། །དེ་ལྟར་གཅིག་གི་ཚེ་ཐིག་གཏབ་པས། དགུ་དང་བཅུ་གསུམ་དང། བཅོ་ལྔ་དང། བཅུ་དགུ ་དང། སུམ་ཅུ་རྩ་གཉིས་དང། སུམ་ཅུ་རྩ་བདུན་དང། ཇི་སྲིད་དུ་འབུམ་ལ་སོགས་པ་བསྡུས་པའི་དཀྱིལ་འཁོར་གྱི་རྣམ་པར་ཤེས་པར་བྱའོ། །འདིར་རྟ་བབས་ལ་སོགས་པ་རྣམས་སུ་ནང་གི་ཐིག་གི་ཁྱད་པར་དང། ས་སྤྱང་བ་ལ་སོགས ་པ་དང། དབྱི་བ་དང། ཚོན་དབྱེ་བ་ལ་སོགས་པ་རྒྱས་པར་ཁོ་བོ་ཅག་གིས་དཀྱིལ་འཁོར་གྱི་ཆོ་གར་བཤད་དོ། །རྡོ་རྗེ་གསུམ་གྱི་ཡོངས་སུ་བསྐོར་ཞེས་པ་སྔོན་པོ་དང་དམར་པོ་དང། དཀར་པོའི་རྡོ་རྗེ་ཕྲེང་བ་གསུམ་རྣམས་ཀྱིས་བསྐོར་བའོ།། ་ཡུད་ཀྱིས་ཞེས་པ་ཧཱུཾ་ཡིག་གཅིག་ཁོ་ན་ལས་རྣལ་འབྱོར་མ་རྣམས་དང། བཅོམ་ལྡན་འདས་ཏེ་ཉི་ཤུ་རྩ་ལྔ་བསྐྱེད་པའི་ཕྱིར་རོ། །དེ་རུ་ཕྱུང་བ་ཅེས་པ་བཅོམ་ལྡན་འདས་བསྐྱེད་པའི་དུས་སུ་ཧཱུཾ་ཡིག་ལས་སོ། །ཁ་དོག་ལྔ་ཡིས ་རྣམ་བརྒྱན་པ་ནི་རྟེན་གྱི་དཀྱིལ་འཁོར་རོ། །ཧཱུཾ་ཡིག་བདག་ཉིད་ནི་ཧཱུཾ་ཡིག་ལས་སྐྱེས་པའི་བདག་ཉིད་གང་ལ་ཡོད་པ་དེ་དེ་སྐད་དོ། །ནག་དང་དཀར་པོ་ལྗང་ཁུ་རྣམས་ཞེས་པ། །དབུས་མ་དང་གཉིས་པ་དང། གསུམ་པར་གནས་པ་རྣམས་གོ་རིམས ་བཞིན་ནོ། །སྒོ་སྐྱོང་མ་རྣམས་ནི་ནག་མོ་སྟེ་རིམ་པ་དབུས་མར་གནས་པ་ལྟར་རོ། །མི་བསྐྱོད་པའི་ཅོད་པན་ཅན་ཞེས་པ་དབུས་ན་གནས་པའི་མི་བསྐྱོད་པ་གཙོ་བོ་ཉིད་ཀྱིས་གསུངས་པ་སྟེ་གསུངས་པ་ཡང་སངས་རྒྱས་ལྔའི་ཅོད་པན་ཅན་གྱིས ་བརྒྱན་པ་ཞེས་སོ། །རྣལ་འབྱོར་མ་ཀུན་ཞེས་པ་ཉི་ཤུ་རྩ་ལྔའོ། །དེའི་གཟུགས་ཞེས་པ་ཇི་ལྟར་བཅོམ་ལྡན་འདས་དབུ་ལ་རྒྱས་བཏབ་པ་དེ་ལྟར་དོ་རྣམས་ཀྱང་རྒྱས་བཏབ་པ་སྟེ། འོན་ཀྱང་དེ་རྣམས་ཀྱི་སྤྱི་བོར་གནས་པའི་དེ་བཞིན་གཤེགས ་བ་གཙོ་བོ་སོ་སོ་ཡིན་ནོ་ཞེས་གསུངས་པ་གཙོ་བོ་ཞེས་པ་ལ་སོགས་པའོ། །འདོད་པར་བྱ་སྟེ་འདོད་དུ་འཇུག་པའོ། །རྣལ་འབྱོར་མ་རྣམས་ནི་ཕྲེང་བཟང་མ་ལ་སོགས་པ་བཞི་རྣམས་སོ། །བླ་མ་ཁ་ཅིག་སྒོ་སྐྱོང་མ་རྣམས་སོ་ཞེས་སོ། །སྒྱིད་ལུག་གྱུར་པ་ནི་གཞན་གྱི་དོར་སྒྱིད ་ལུག་པར་གྱུར་པ་སྟེ། སྟོང་པ་ཉིད་གཅིག་པུའི་མཐར་ཐུག་པ་ཉིད་ཀྱི་ཕྱིར་རོ། །མིག་ཅེས་པ་འགྲོ་བ་འདྲོན་པར་དམ་བཅས་པའོ། །དྲན་བྱེད་ནི་དྲན་པར་བྱེད་པའོ། །བདག་པོ་ཀྱེ་ནི་མཛའ་དག་གི་བདག་པོའོ། །བྱ་བ་ཅེས་པ་རང་གི་དོན་ཙམ་བྱས་ནས་སོ། །བདག་པོ ་སྔོན་ཞེས་པ་ལ་སོགས་པ་བདག་པོས་སྔོན་ཇི་ལྟར་དམ་གཅས་པ་དྲན་པར་གྱིས་ཤིག་པའོ། །སྒྱིད་ལུག་ནི་སྒྱིད་ལུག་བ་སྟེ་འཁོར་བའི་སྡུག་བསྔལ་གྱིས་ཉེ་བར་བཙེས་པ་ཉིད་ཀྱི་ཕྱིར་རོ། །ལོག་པ་ནི་ལོག་པར་ཡོངས་སུ་བརྟགས་པ་ལ་སྟེ་དངོས་པོའི་མཛའ་ ་དང་དངོས་པོ་མེད་པའི་མཐར་རོ། །ང་རྒྱལ་ཞེས་པ་མངོན་པའི་ང་རྒྱལ་ལོ། །དགེས་པ་ཞེས་པ་འཛིན་པའོ། །དེ་ལྟར་དངོས་པོར་འཛིན་པའོ། །དེ་ལྟར་དངོས་པོར་འཛིན་པར་འགྱུར་རོ། །ཞེ་ན་གསུངས་པ་ཐོབ་ཞེས་པ་ལ་སོགས་པ་སྟེ་རྣལ་འབྱོར་མའི་ཚོགས ་ལ་འདོད་པ་ཡིས་སྟོང་པ་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོ་འབྱུང་བ་ལས་དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པར་མཆོག་ཏུ་འཛིན་པ་ཟད་པར་འགྱུར་རོ་ཞེས་པའི་དོན་ཏོ། །སྔོན་བཞིན་ཞལ་དང་ཕྱག་མཚན་སོགས་ཞེས་པ་རྒྱུ་རྡོ་རྗེ་འཆང་བཞིན་ནོ། ། ་སྐུ་མདོག་ནི་འབྲས་བུ་རྡོ་རྗེ་འཆང་གི་ནག་པོ་རྒྱུ་རྡོ་རྗེ་འཆང་གི་དཀར་པོའོ་ཞེས་རྒྱུད་གཞན་དུའོ། །འདིར་ནི་སྔོན་པོ་ཁོ་ནའོ། །ཁ་ཅིག་ཏུ་སྔོན་བཞིན་སྐུ་མདོག་ཕྱག་མཚན་སོགས་ཞེས་ཀློག་སྟེ། དེའི་ཚེ་རྒྱུ་རྡོ་རྗེ་འཛིན་པ་ཡང་སྔོན་པོའོ་ཞེས་གསལ་ལོ། ། ་བཞེངས་སོ་ཞེས་པ་ནི་སྣ་ཚོགས་སྔ་མ་དང་བཅས་པའོ། །འོ་ན་མེ་ལོང་ཡེ་ཤེས་ལ་སོགས་པའི་རང་བཞིན་ཟླ་བ་དང་ཉི་མ་ལ་སོགས་པ་ཡོངས་སུ་གྱུར་པ་ནི་རྒྱུ་རྡོ་རྗེ་འཛིན་པར་གདམས་པ་དེ་ལྟར་འདི་ཡང་ཇི་ལྟར་མིན་ཞེ་ན་མ་ཡིན་ཏེ། ཞུ་བ་ལས་བྱུང ་བའི་ཧཱུཾ་ལས་སྡེས་པའི་རྡོ་རྗེ་དང་བཅས་པའི་ཧཱུཾ་ཡིག་ལས་སྐྱེས་པའི་ཕྱིར་རོ། །དེ་ཅི་འབྲས་བུ་རྡོ་རྗེ་འཛིན་པ་ཡེ་ཤེས་ལྔའི་རང་བཞིན་ནམ་ཞེ་ན། དེ་ལྟར་མ་ཡིན་ཏེ་ཤིན་ཏུ་རྣམ་པར་དག་པ་འདི་རྣམས་དེའི་ངོ་བོར་སྐྱེ་བའི་ཕྱིར་རོ། །དེ ་ལྟར་ན་གང་དུ་འགྲོ་བ་ཐམས་ཅད་མེ་ལོང་ལ་བཞིན་དུ་གཟུགས་བརྙན་དུ་གྱུར་པ་སོ་སོར་སྣང་བ་དེ་མེ་ལོང་ཡེ་ཤེས་སོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་གང་གིས་དེ་ལྟར་གཟུགས་བརྙན་དུ་གྱུར་པའི་འགྲོ་བ་མཉམ་པ་ཉིད་དུ་རྟོགས་པའོ། །སོ་སོར་རྟོགས ་པའི་ཡེ་ཤེས་ནི་གང་གི་དེ་ལྟར་མཉམ་པར་བཞག་པ་ཁོ་ནས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རྣམས་སོ་སོ་རྟོགས་པའོ། །བྱ་བ་སྒྲུབ་པའི་ཡེ་ཤེས་ནི་གང་གིས་དེ་ལྟར་སོ་སོར་བརྟགས་པའི་འགྲོ་བའི་བྱ་བ་རྗེས་སུ་སྒྲུབ་པའོ། །ཆོས་ཀྱི ་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ནི་གང་བག་ཆགས་དང་བཅས་པའི་སྒྲིབ་པ་གཉིས་ལས་གྲོལ་བ་བདེ་བ་ཆེན་པོའི་རང་བཞིན་སྙིང་རྗེ་དང་ཤེས་རབ་གཉིས་སུ་མེད་པ་ཆོས་ཀྱི་དབྱིངས་རྟོགས་པ་རྫོགས་པའོ། །དེ་ནས་འབྲས་བུ་རྡོ ་རྗེ་འཛིན་པ་ཡང་ཡེ་ཤེས་ལྔའི་རང་བཞིན་ནོ། །ཡེ་ཤེས་འདི་རྣམས་ནི་ལས་དང་པོ་པས་ལྷག་པར་མོས་པས་སྒོམ་པར་བྱེད་དེ། འགྲོ་བ་ཐམས་ཅད་ཀྱི་ཡིད་ཤིན་ཏུ་དད་པ་ཟླ་བའི་ཚུལ་ཅན་ཁོ་ན་ནི་མེ་ལོང་དང་ཟླ་བ་དང་ཉི་མ་འདུས་པ་ན་བདེ ་བ་ཆེན་པོའི་རང་བཞིན་གྱི་ཡིད་ཀྱིས་ཆོས་རྣམས་ཐམས་ཅད་གཟུགས་བརྙན་ལྟ་བུ་ཉིད་དུ་ཡང་ཐ་དད་པ་ནི་མཐོང་བའི་ཕྱིར་དང། འགྲོ་བའི་དོན་ལ་ངེས་པར་རྟོག་པ་ལྷུར་ལེན་པ་དང། སྤྲུལ་པ་དཔག་ཏུ་མེད་པ་རྣམས་ཀྱིས་དེའི་དོན ་བྱེད་པ་དེ་ལྟར་གསལ་བར་འགྱུར་བའོ། །ཞེས་པ་བསམ་པ་འདི་རྣམས་ཀྱིས་སོ། །རྫོགས་པ་ནི་དེའི་དོན་ངེས་པར་སེམས་དཔས་གོམས་པར་བྱེད་དོ། །ཞེས་པ་མང་པོས་ཆོག་གོ་།འདི་ནི་འདིར་གདམས་ངག་ཇི་ལྟ་བར་བསྒོམ་པའི་རིམ་པ ་སྟེ། འདིར་སྒོམ་པའི་དབང་དུ་བྱས་པའི་སྔགས་པ་ལྷ་མོ་བཞིའི་གླུས་བསྐུལ་བས་སད་པ་སྔ་བར་ལངས་ཏེ། ཧཱུཾ་ཕཊ་ཅེས་པ་འམ། ཨོཾ་ཨཱ(རྒྱུད་འགྲེལ་མཐུན་པའི་གནས་སུ་སྟན་བདེ་བ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་འདུག་པ་ཤེས་རབ་དང་བཅས་པ་འམ་ཤེས་རབ་མེད་པ་གཅེར་བུ་སྐྲ་གྲོལ་བ་ལས་ཐམས་ཅད་པ་ལ་ཁ་ལྷོར་ཕྱོགས་བཞི་པ་ལ་སོགས་པའི་དབྱེ་བས་ནི་རང་ཉིད་ཇི་ལྟ་བའི་ཕྱོགས་སུ་གདོང་ཕྱོགས ་པས། དམ་ཚིག་གི་རྫས་སྟེན་པ་སྔོན་མ་ཅན་གྱིས་འཆད་པར་འགྱུར་བའི་རིམ་པས་བདུད་རྩི་བསྒྲུབས་ཏེ། གཏོར་མ་བྱིན་ནས། རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་ཡིག་གི་འོད་ཟེར་གྱི་ཚོགས་ཀྱིས་འོག་མིན་ན་བཞུགས ་པའི་བཅོམ་ལྡན་འདས་ཧེ་རུ་ཀ་གཉུག་མའི་སྣ་ཚོགས་སྡེ་མས་འཁྱུད་པ། ཕྲེང་བཟངས་མ་ལ་སོགས་པ་རྡོ་རྗེ་རོལ་པ་མོ་ཉི་ཤུ་རྩ་བཞིས་ཡོངས་སུ་བསྐོར་བ། བདག་ཉིད་ལ་ཞལ་ཕྱོགས་པ་འཆད་པར་འགྱུར་བའི་སྐུ་མདོག་ལ་སོགས་པ་ཅན ་མདུན་གྱི་ནམ་མཁར་སྤྱན་དྲངས་ལ། ཧཱུཾ་ཡིག་ལ་འོད་ཟེར་དེ་བཞུགས་པའི་རྗེས་ཐོགས་སུ་ཧཱུཾ་ཡིག་ལས་ཅིག་ཅར་འབྱུང་བའི་རྡོ་རྗེ་ལྷ་མོ་རྣམས་ཀྱིས་མཆོད་པར་བྱའོ། །དེ་ལ་བཅོམ་ལྡན་འདས་ཀྱི་ཤར་ཕྱོགས་རྡོ་རྗེ་བརྟན་མ་དང་པདྨའི་ཚུལ་གྱིས ་ཕྱག་གཉིས་ཀྱིས་བཟུང་བའི་ཐོད་པས་གཙོ་བོ་ལ་རྡུལ་འབུལ་ལོ། །དབང་ལྡན་ཕྱོགས་སུ་རྡོ་རྗེ་ཕོ་ཉ་མོ་ཕྱག་གཉིས་ཀྱི་ཅང་ཏེའུ་སྒྲོགས་པར་བྱེད་དོ། །མེ་མཚམས་སུ་རྡོ་རྗེ་ཕག་མོ་པདམོའི་ཚུལ་གྱིས་བཟུང་བའི་ཐོད་པས་རྣམ་པར་སྣང་མཛད་གསོལ ་དུ་འཇུག་པའོ། །སྲིན་པོའི་མཚམས་སུ་རྡོ་རྗེ་མ་དེ་ལྟར་བཟུང་བའི་མཆོད་ཡོན་གྱི་སྣོད་རྡོ་རྗེའི་ཆུས་བཀད་བ་འབུལ་བའོ། ལྷོར་རྡོ་རྗེ་གཙིགས་མ་ལག་པ་དག་གི་རྔ་བོ་ཆེ་བརྡུང་བའོ། །རླུང་མཚམས་སུ་རྡོ་རྗེ་ལྟེ་བ་མ་དེ་ལྟར་བཟུང་བའི་ཐོད་པས ་རི་དགས་མཚན་མ་འབུལ་བའོ། །ཆུའི་ཕྱོགས་སུ་རྡོ་རྗེ་འཇིགས་མ་དེ་ལྟར་བཟུང་བའི་ཐོད་པས་གཅོད་བྱེད་ཅེས་རབ་ཏུ་གྲགས་པ་ཅེ་སྤྱང་གི་ཤ་གསོལ་དུ་འཇུག་པའོ། །བྱང་དུ་འདོད་ཆགས་རྡོ་རྗེ་མ་སྣ་ཚོགས་སྡེ་མ་དང་ལྷན་ཅིག ་དེའི་བདག་ཉིད་དུ་གྱུར་ནས་ཡང་དག་པར་འཁྱུད་དེ་ཆགས་པ་ཆེན་པོས་རྗེས་སུ་ཆགས་པར་བྱེད་པའོ། །གར་དང་གླུ་ལ་སོགས་པ་རྣམས་ཀྱིས་ཀྱང་ཡང་དག་པར་མཆོད་ནས་ཕྱག་འཚལ་ཏེ། སྡིག་པ་བཤགས་པ་ལ་སོགས་པ་འདི་ལྟར་བྱའོ། ། ་བདག་གི་བདག་ཉིད་གྱི་སྡིག་པ་ཐམས་ཅད་སོ་སོར་བཤགས་ཤིང་སླར་ཡང་མི་བགྱིད་དོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་འཕགས་པ་དང་སོ་སོ་སྐྱེ་བོ་ཐམས་ཅད་ཀྱི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ། །བདག་ཉིད ་ཀྱི་དགེ་བ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བགྱིའོ། །དཀོན་མཆོག་གསུམ་པོ་འདི་ལྟ་སྟེ། སངས་རྒྱས་དཀོན་མཆོག་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་དཀོན་མཆོག་དང། ཕྱིར་མི་ལྡོག ་པའི་བྱང་ཆུབ་སེམས་དཔའ་འཕགས་པའི་དགེ་འདུན་དཀོན་མཆོག་ལ་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་མཆིའོ། །ཀྱེ་མ་མ་ལ་བདག་ཉིད་སེམས་ཅན་ཀུན་གྱི་དོན་དང་ཕན་པ་དང། བདེ་བ་དང། ཇི་སྲིད་དུ་དེ་རྣམས་ཤིན་ཏུ་མཐར་ཐུག་པའི ་མྱ་ངན་ལས་འདས་པ་བླ་ན་མེད་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ལས་དགོད་པའི་ཆེད་དུ་དེའི་ལམ་སྒྲུབ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་བྱང་ཆུབ་བགྱིའོ། །དེའི་རྗེས་སུ་འོག་གི་རླུང་གིས་བསྐུལ་བས ་འབར་བའི་གཏུམ་མོས་འཁྱུད་པའི་སྙིང་གའི་ཧཱུཾ་ཡིག་གི་འོད་ཟེར་རྣམས་ཀྱིས་ཁམས་མ་ལུས་པ་ཟ་ཞིང་ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ་ཧཾ་ཞེས་པ་འདི་ནང་གི་བརྗོད་པ་སྔོན་མ་ཅན་གྱིས་དོན་མངོན་དུ་བྱེད་ཅིང་ཆོས་ཐམས་ཅད ་སྟོང་པ་ཉིད་ལ་གཞུག་གོ་།དེའི་རྗེས་སུ་སྔོན་གྱི་སྨོན་ལམ་གྱི་ཤུགས་ལས། རཾ་གྱི་ས་བོན་ལས་སྐྱེས་པའི་ཉི་མར་ཧཱུཾ་ཡིག་ཡོངས་སུ་གྱུར་པའི་སྣ་ཚོགས་རྡོ་རྗེའི་མཐིལ་ལ་གནས་པའི་ཧཱུཾ་ཡིག་དག་གིས་བསྐུལ་བའི་འོད་ཟེར་གྱི་ཡལ་ག་རྣམས་ཀྱིས་རྡོ་རྗེ་ར་བ ་དང་གུར་དང་མངའ་ཨི་དྲ་བ་དང་བླ་རེ་དང་མཚམས་བཅིང་བ་རྣམས་བྱས་ནས། འོག་རྡོ་རྗེའི་ས་གཞི་དང། དེ་སྣ་ཚོགས་རྡོ་རྗེ་སྤྲུལ་པའི་སྟེང་དུ་ཨེ་ཡིག་ལས་སྐྱེས་པའི་ཆོས་འབྱུང་དཀར་པོ་གྲུ་གསུམ་གྱི་ནང་དུ། ཆུ་སྐྱེས་ཀྱི་ལྟེ་བར་གནས་པའི ་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཡཾ་ལས་སྐྱེས་པ་བ་དན་གཉིས་པ་ཅན་གཞུ་ལྟ་བུའི་རླུང་གི་དཀྱིལ་འཁོར་སྔོན་པོའི་སྟེང་དུ་རཾ་ཡིག་ཡོངས་སུ་གྱུར་པ་ལས་དམར་པོ་གྲུ་གསུམ་པ་འབར་བ་བདུན་འཕྲོ་བའི་མེའི་དཀྱིལ་འཁོར་རོ། །དེར་གནས་པ་བཾ་ལས་བྱུང ་བ་བུམ་པས་མཚན་པ་དཀར་ཞིང་ཟླུམ་པའི་ཆུའི་དཀྱིལ་འཁོར་ལ་གནས་པ་ལཾ་ཡིག་གྱུར་པའི་སའི་དཀྱིལ་འཁོར་རྡོ་རྗེས་མཚན་པ་གྲུ་བཞི་པ་གསེར་གྱི་ངོ་བོ་ཡིད་དུ་འོང་བའོ། །དེ་ལྟར་རང་རང་གི་ས་བོན་གྱི་བྱིན་གྱིས་བརླབས་པའི་འབྱུང་བ་བཞི ་པོ་འདྲེས་པའི་ཁང་པ་བརྩེགས་པ་ན་ཟླུམ་པོའི་རིམ་པ་གསུམ་པ་ཕྱི་གྲུ་བཞི་པ་སྒོ་བཞི་པ་རྟ་བབས་བཞིས་བརྒྱན་པ་དོ་ཤལ་ལ་སོགས་པ་རྣམས་དང་ལྷ་མོ་རྣམས་ཀྱིས་འོད་དང་ལྡན་པའི་སྟེགས་བུ་བཞི་པ་ཅན། རིན་མོ་ཆེ་ཐམས་ཅད་ཀྱི་རང ་བཞིན་ཀ་བ་དང་དྲིལ་ཆུང་རྣམས་ཀྱིས་བརྒྱན་པའོ་།དེའི་དབུས་སུ་འཁོར་ལོ་ནག་པོ་རྩིབས་བརྒྱད་པ་ལ་གནས་པའི་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་ལ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་རོའོ། །དེའི་སྟེང་དུ་སྙིང་གར་ཉི་མ་ལ་ཨཱ་ལི་ཉིས ་འགྱུར་ཡོངས་སུ་གྱུར་པ་མཚན་སུམ་ཅུ་རྩ་གཉིས་ཀྱི་རྒྱུ་ཟླ་བའི་གཟུགས་མེ་ལོང་ཡེ་ཤེས་ཀྱི་རང་བཞིན་ནོ། །ཡར་ལ་ཝ་ཌི་དྷ་དང་བཅས་པའི་གསལ་བྱེད་ཉིས་འགྱུར་ཡོངས་སུ་གྱུར་པ་དཔེ་བྱེད་བརྒྱད་ཅུའི་རྒྱུ་མཚན་ཉི་མ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི ་ངོ་བོ། །དེ་དག་གི་དབུས་སུ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་ལྔ་པའི་སྙིང་པོར་གནས་པའི་ཧཱུཾ་ཡིག་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེ་ཁོ་ན་འོད་ཟེར་རྣམ་པ་ལྔ་བྱུང་བ་ཡིས་སྤྲོས་པའི་ལྷ་རྣམས ་ཀྱིས་ཀུན་ནས་འགྲོ་བའི་དོན་བྱེད་པ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །ཟླ་བ་ལ་སོགས་པ་འདི་ཡོངས་སུ་གྱུར་པ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་བཅོམ་ལྡན་འདས་སངས་རྒྱས་ཐོད་པའི་རྒྱུ་རྡོ་རྗེ་འཆང་ཆུ་ཤིང་གི་མེ ་ཏོག་མངོན་པར་གསར་པ་ཁ་འབུས་པ་ལྟ་བུ་འམ། རྒྱུད་གཞན་གྱི་རིགས་པས་ཀུན་ད་ལྟར་དཀར་བའི་འོད་ཅན་གྱི་སྐུ། འཆད་པར་འགྱུར་བའི་འབྲས་བུ་རྡོ་རྗེ་འཛིན་པ་ལྟ་བུའི་ཕྱག་ལ་སོགས་པ་ཅན་སྣ་ཚོགས་སྡེ་མ་དམར་པོ་འཁྱུད་པ། ཧཱུཾ ་ཡིག་ལས་བཅོམ་ལྡན་འདས་འགྲུབ་པའི་དུས་ཁོ་ནར་གྲུབ་པའི་ཕྲེང་བ་པ་བཟང་མོ་ལ་སོགས་པའི་ལྷ་མོ་ཉི་ཤུ་རྩ་བཞིའི་རྣམས་ཀྱིས་ཡོངས་སུ་བསྐོར་བ་བསྒོམ་པར་བྱའོ། །བདག་གི་བླ་མ་ཁ་ཅིག་ནི་སྐབས་འདིར་ཡང་བཅོམ་ལྡན་འདས་ལྷ་མོ ་ཉི་ཤུ་རྩ་བཞིས་ཕུལ་བ་ཐོད་པ་ན་གནས་པའི་བདུད་རྩི་ལྔ་གསོལ་བའོ་ཞེས་གསུང་ངོ། །དེའི་རྗེས་སུ་སྣ་ཚོགས་སྡེ་མའི་དབུ་རང་མགྲིན་པ་དང་ཐུགས་ག་དང་གསང་བ་དང་བརླ་དག་ལ་རིམ་པ་ཇི་ལྟ་བར་ཨོཾ་ཨཱ(རྒྱུད་འགྲེལ་བསྒོམ་སྟེ། ཕན་ཚུན་གྱི་བར་དུ་སྤྲོས་པ་དེ་རྣམས་ཀྱིས་འདིའི་སྐུ་ཁྱབ་པར་བྱས་པས་ཧྲཱི(རྒྱུད་འགྲེལ་རྩེ་མོ་ཨོཾ་ཡིག་དཀར་པོས་བྱིན་གྱིས་བརླབས་པར་བསྒོམས་ཏེ། ལྷ་མོ་ཉི་ཤུ་རྩ་བཞི་སྣ་ཚོགས་སྡེ་མ་དང་ལྷན་ཅིག་དབྱེར་མེད་པ་རྣམས་ཀྱིས་རྣམ་པ་དེ་ལྟ་བུའི་རྡོ་རྗེ་དང་པདྨ་སྦྱོར་བས་བཅོམ་ལྡན་འདས་ལ་འདོད་པ་མཛད་དེ ་བཅོམ་ལྡན་འདས་ཀྱང་ངོ། །ོཾ་སརྦ་ཏ་ཐཱ་ག་ཏ་མ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ་ཧཾ་ཞེས་པའི་སྔགས་ཀྱིས་དགར་བ་རྩོམ་བཞིན་པ་ནི་འདོད་ཆགས་ཆེན་པོས་བཅོམ་ལྡན་འདས་མ་དང། །ལྷན་ཅིག་ཉི་མའི་སྟེང་དུ་ཞུ་བར་འགྱུར་རོ། །ཞེས་པ་དང་པོའི ་སྦྱོར་བ་ཅེས་བྱ་བ་ཏིང་ངེ་འཛིན་དང་པོའོ། །དེ་ནས་སྔོན་གྱི་སྨོན་ལམ་ལ་བལྟོས་པ་ལ་ཞུ་བ་ལས་སྤྲོས་པའི་ལྷ་མོ་བཞི་རྣམས་ཀྱིས་མངའ་བདག་མ་མཐོང་བས་བཏུང་བ་དང། བཅས་པར་གླུ་རྣམས་ཀྱིས་མགོན་པོ་སློང་བར་བྱེད་དོ། །དེ་ལ་བྱམས་པ ་ཆེན་པོའི་རང་བཞིན་ཕྲེང་བ་བཟང་མོས་ཅི་ཡིས་ཁྱོད་ནི་སྒྱེད་ལུག་གྱུར། །འཇིག་རྟེན་མགོན་པོས་ཅི་ཞིག་ཡིན། །གལ་ཏེ་ཁྱོད་ཚེ་ག་དྲན་བྱེད་ན། །ཀུན་གྱི་བདག་པོ་བཞེངས་མཛོད་ཅིག་ཅེས་པའི་གླུ་འདིས་སོ། །ཐོད་པ་ཅན་མ་སྙིང་རྗེ་ཆེན་པོའི ་བདག་ཉིད་ཀྱིས་བདག་ཉིད་བྱ་བ་བྱས་ནས་ནི། སྟོང་པ་ཉིད་ལ་སེམས་མ་མཛད། །སྐྱེ་སྐུན་སྲིད་པ་འཇིགས་པར་ལྷུང། །རྣལ་འབྱོར་མ་གྲོགས་པོ་བཞེངས་ཞེས་པ་འདིས་སོ། །འཇིགས་མ་དགའ་བ་ཆེན་མོའི་རང་བཞིན་གྱིས། བདག་པོ་སྔོན ་གསུངས་དྲན་པ་མཛོད། །བྱ་བར་སྒྱིད་ལུགས་མ་མཛད་ཅིག་།ཁྱོད་ནུབ་ན་ནི་སྐྱེ་བོ་ཀུན། །ལྷུང་ཞིང་འགྲོ་བ་སྒྱིང་ལུག་འབྱུང་ཞེས་པ་འདིས་སོ། །དེ་ལྟར་བསྐུལ་བའི་རྗེས་ཐོགས་སུ། །ཞུ་བ་དེ་ལས་འབྱུང་བའི་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་དང་བཅས་པའི ་ཧཱུཾ་ཡོངས་སུ་གྱུར་པའི་བཅོམ་ལྡན་འདས་ཧེ་རུ་ཀ་མདོག་སྔོན་པོ་ཞལ་གཅིག་པ་ཕྱག་བཞི་པ་ཕྱུག་གཡས་པ་གཉིས་ཀྱིས་ཅང་ཏེའུ་དང་གྲི་གུག་དག་དང། གཡོན་པས་ཁ་ཊཝཱཾ་ག་དང་ཐོད་པ་དག་བསྣམས་པ། སྣ་ཚོགས་པདྨར་ཉལ་བའི་རོའི་འཕྲད་ལ་གནས ་པའི་ཉི་མའི་དཀྱིལ་འཁོར་ལ་གནས་པ། སྐྱིལ་བུང་ཕྱེད་པ་བཅིངས་པས་སྒེག་པ་ལ་སོགས་པ་གར་གྱི་ཉམས་དགུས་གར་མཛད་པ། མགྲིན་པར་མི་མགོ་རློན་པ་ལྔ་བཅུའི་ཕྲེང་བ་འཕྱང་བ་མིའི་རྒྱུ་མ་རློན་པའི་ཚང་སྐུད་ཅན། རྒྱབ་ཀྱི་ཆར་སྟབ ་གི་པགས་པ་འཛིན་ཅིང་མདུན་གྱི་ཆར་གཅེར་བུ་འཁོར་ལོ་ཅན་དང། རྣ་རྒྱན་དང་མགུལ་རྒྱན་དང། དཔུང་རྒྱན་དང་གདུ་བུ་དང། སྐེ་རགས་གྲོལ་བ་དང། ཞབས་གདུབ་དང། ཨེར་ཁའི་སྒྲས་བརྒྱན་པ། སངས་རྒྱས ་ལྔའི་ཅོད་པན་ཅན་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོར་ཚུགས་ཅན། དཔྲལ་བའི་མཐར་ཐོད་པ་ལྔའི་ཕྲེང་བ་བཅིངས་པ། རོ་བསྲེགས་པའི་ཐལ་པས་བརྒྱན་པ། བཅོས་མའི་ཁྲོ་བས་དྲག་པོ་ཆེན་པོའི་སྐུ་ཅན། ཉི ་མ་ཤར་ཀའི་དཀྱིལ་འཁོར་ལྟ་བུ་སྤྱན་གསུམ་པ། ཧཱུཾ་ཡིག་སྒྲོགས་པས་བདུད་ཀྱི་སྡེ་དྲེགས་པ་ཅན་གྱི་རྒོལ་བ་བསྡིགས་ཤིང་ཕྱེ་མར་མཛད་པ། མཆོག་ཏུ་བྱམས་པ་དང། ཐུགས་རྗེ་ཆེན་པོ་འཁོར་བའི་རྒྱ་མཚོའི་དོང་དུ་བྱིང་བའི ་ལུས་ཅན་གྱི་ལུས་འཛིན་པ་རྣམས་འདོན་པར་མཛད་པ། རྣལ་འབྱོར་པས་དབུགས་ནང་དུ་བསྡམས་པས་བསྒོམ་པར་བྱའོ། །གཙོ་བོ་འདིའི་མཛའ་མོ་སྣ་ཚོགས་སྡེ་མ་བཅོམ་ལྡན་འདས་དང། ལྷན་ཅིག་ཁོ་ནར་ཧཱུཾ་ཡིག་ལས་སྐྱེས་པ་གོས ་མེད་པ་རུས་པའི་རྒྱན་ཅན། མི་མགོའི་ཕྲེང་བ་དོར་བ་དབུ་སྐྲའི་ཚོགས་གྲོལ་ཞིང་དམར་སེར་གྱེན་དུ་འབར་བ་བནདུ་ཀའི་མེ་ཏོག་གི་ཐོང་ཅན། སྒེག་ཅིང་གཡོ་བས་རྩེན་པའི་སྐུ་ཅན། མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་པའི་ཞལ་གཅིག་མ ་སྤྱན་གསུམ་པ། སྒེག་མ་དང་བཅས་པའི་གཙོ་བོའི་མགུལ་པ་ལ་འཁྱུད་པའི་ཕྱག་གཡོན་གྱིས། ཐོད་པར་བླུགས་པའི་གཉུག་མའི་ཆུ་སྐྱེས་ཀྱིས་བུ་ག་ལས་བྱུང་བའི་མེ་ཏོག་གི་རྒྱུན་གཙོ་བོ་ལ་སྟོབ་པ། སྲིད་པ་གསུམ་ན་གནས་པ། ལེགས ་བའི་ལམ་ལས་གོལ་པའི་ཚོགས་ལ་བརྡེག་པའི་ཚུལ་གྱི་ས་གྲི་གུག་དང་བཅས་པའི་ཕྱག་གཡས་པའི་སྙེ་མ་སྟེང་དུ་དྲང་པོ་ཅན་ཤཱཏི་སྒྲ་དང་བཅས་པར་མ་མཆུ་བདུད་རྩི་སྟེར་བ་ལ་སོགས་པ་རྣམས་དང། ཤིན་ཏུ་རྒྱུ་རྩལ་དང་རྩེད་མོ་རྣམས་ལ་མཁས་པས ་ཁུ?་བ་འཛག་ཅིང། གཙོ་བོའི་ཡིད་ཤིན་ཏུ་འཇམ་ཞིང་ཆགས་པར་མཛད་པའོ། །ཡབ་ཡུམ་འདི་དག་འགྲུབ་པའི་དུས་ཕྲེང་བཟང་མ་ལ་སོགས་པ་རྡོ་རྗེ་རོལ་པ་མོ་རྣམས་གྲུབ་བོ། །དེ་ལ་བཅོམ་ལྡན་འདས་ཀྱིས་གདན་ལས་ཤར་གྱི་འདབ་མ་ལ་ལགས་ཕྲེང ་མའོ། །བྱང་དུ་ཐོང་བ་ཅན་མའོ། །ནུབ་ཏུ་འཇིགས་མའོ། །ལྷོར་ཐུབ་དཀའ་མའོ། །དབང་ལྡན་ལ་སོགས་པ་ཕྱོགས་བྲལ་གྱི་འདབ་མ་རྣམས་ལ་གཡས་སྐོར་དུ་ཁུ་བ་དང་རྡུལ་དང་བདུད་རྩི་ལྔ་དང། སྒྲོན་མ་ལྔས་གང་ཐོད་པ་རྣམས་སོ། །འདི་ནི ་རིམ་པ་དང་པོ་སྟེ་པདྨ་འདབ་མ་བརྒྱད་པ་རྡོ་རྗེ་སྔོན་པོའི་ཕྲེང་བས་བསྐོར་བའོ། །དེ་ནས་རིམ་པ་གཉིས་པ་རྩིབས་བརྒྱད་དམར་པོ་ལ་གནས་པའི་པདྨ་བརྒྱད་དེ། ཕྱི་རོལ་ཏུ་མངོན་པར་གསར་པའི་སྐྱེ་རང་ལྟར་དམར་པོའི་རྡོ་རྗེ་ཕྲེང་པས་བསྐོར་པའོ།། ་དེའི་ཤར་དུ་རྩིབས་ལ་དགེ་བའི་དགས་མའོ། །བྱང་དུ་གཟུགས་ཅན་མའོ། །ནུབ་ཏུ་རྣམ་པར་རྒྱལ་མའོ། ལྷོར་བྱེད་མའོ། །དབང་ལྡན་དུ་དུས་ཅན་མའོ། །མེར་མཚོན་ཆེན་མོའོ། །བདེན་བྲལ་དུ་བྱེད་མའོ། །རླུང་དུ་གསོད་བྱེད་མའོ། །དེ་ནས་རིམ་ ་པ་གསུམ་པ་རྩིབས་བརྒྱད་དཀར་པོ་ལ་གནས་པའི་པདྨ་བརྒྱད་དེ་རྡོ་རྗེ་ཕྲེང་བ་དཀར་པོས་བསྐོར་བའོ། །དེའི་ཤར་དུ་རྩིབས་ལ་རྡོ་རྗེ་སྒྲོལ་བ་ཅན་མའོ། །བྱང་དུ་འཇིགས་མཐོང་མའོ། །ནུབ་ཏུ་ལེགས་མཐོང་མའོ། །ལྷོར་མི་ཐབ་མའོ། །དབང་ལྡན་དུ ་དགེ་བ་མའོ། །མེར་གྲིབ་གནོན་མའོ། །བདེན་བྲལ་དུ་དུས་མཚན་མའོ། །རླུང་དུ་གྲགས་ཆེན་མོའོ། །དེ་ནས་ཤར་གྱི་སྒོར་པདྨ་ལ་མཛེས་མའོ། །བྱང་དུ་པདྨ་ལ་ནོར་འཛིན་མའོ། །ནུབ་ཏུ་པདྨ་ལ་སྐལ་པ་བཟང་མོའོ། །ལྷོར་པདྨ་ལ་དཀའ་མཐོང་མའོ། ་འདི་རྣམས་ཐམས་ཅད་གཡས་པ་དང་ཅིག་ཤོས་ཀྱི་ཕྱག་གི་ཡལ་ལེགས?་གྲི་གུག་དང་ཐོང་པ་འཛིན་པ། བདག་པོ་ལ་སེམས་པས་མཆུ་གཡོ་བ་སོ་ཅུང་ཟད་སྟོན་པ། ཞལ་གཅིག་པ་ཕྱོགས་ཀྱི་གོས་ཅན་རུས་པའི་རྒྱན་ཅན། མགོ་བོའི་ཕྲེང་བ་དང་བྲལ་པ ་སྐྲའི་ཚོགས་གྲོལ་ཞིང་དམར་སེར་གྱེན་དུ་འབར་བ་ཤིན་ཏུ་ཆགས་པ་ལས་ཁུ་བ་འཛག་པ། མེ་ཏོག་མན་དཱ་ར་བ་ཁ་གསར་དུ་བྱེ་བ་ལྟ་བུའི་ཉི་མའི་གཟུགས་རྣམས་ལ་སྐྱིལ་ཀྲུང་ཕྱེད་པས་གར་མཛད་པ་རྣམས་སོ། །སྒོ་སྐྱོང་མ་རྣམས་ནི ་གཡས་བརྐྱང་གི་ཟླ་བའི་ཞབས་སྟབས་ཀྱིས་སོ། །ཐམས་ཅད་ཀྱང་སྟག་གི་པགས་པའི་ཤམ་ཐབས་ཅན་འོད་ཟེར་འབར་བ། ཞལ་ནས་ཁྲག་གི་རྒྱུན་འཛག་པ། སྤྱན་གསུམ་པ། སྒེགས་པ་ལ་སོགས་པའི་ཉམས་ཀྱི་ཚོགས་ཅན་མངོན་པར་གསར ་བའི་ཨིནྡྲ་ནཱི་ལའི་རྡོ་བ་བཅག་པའི་ཁ་དོག་གི་སྐུ་དང་ལྡན་པའོ། །ཡང་ན་ལེགས་པར་ཕྲེང་མ་ལ་སོགས་པ་བཞི་རྣམས་ནག་མོའོ། །རིམ་པ་གཉིས་པ་མ་རྣམས་དཀར་སེར་རོ། །རིམ་པ་གསུམ་པར་བཞུགས་པ་མ་རྣམས་ལྗང་གུ་རྣམས་སོ། །སྒོ་སྐྱོང ་མའི་ལྷ་མོ་རྣམས་ནག་མོའོ། །བདག་གི་བླ་མ་གཞན་རྣམས་ནི་ལེགས་ཕྲེང་མ་ནི་དཀར་མོ། །ཐོད་པ་ཅན་མ་ནི་སེར་མོའོ། །འཇིགས་མ་དཀར་མོའོ། །ཐུབ་དཀའ་མ་ནག་མོའོ། །རིམ་པ་གཉིས་པ་མ་རྣམས་དཀར་མོའོ། །རིམ་པ་གསུམ་པར་གནས ་བ་རྣམས་དཀར་མོའོ། །མཛེས་མ་དཀར་མོའོ། །ནོར་འཛིན་མ་སེར་མོ། །སྐལ་པ་བཟང་མོ་དམར་མོ། །དགའ་མཐོང་མ་ནག་མོ་སྟེ། རྒྱུད་རྒྱས་པར་གསུངས་པའི་ཕྱིར་རོ། །ཞེས་གསུངས་སོ། །ཇི་ལྟར་མོས་པར་བསྒོམ་པར་བྱ་སྟེ། ཕྱོགས་གཉིས ་པོ་ཡང་ཉུང་ངུའི་རྒྱུད་གསུངས་པ་ཉིད་ཀྱི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཁར་ཨོཾ་དཔྲལ་བར་ཧཱཾ། མགྲིན་པ་ཧེཾ་སྤྱི་བོར་ཧཻཾ་ཕྲག་པ་གཉིས་ལ་ཧོཾ་མི་གཉིས་ལ་ཧཽཾ། གསང་པ་ལ་ཧཾ། ལུས་ཐམས་ཅད་ལ་ཧ(རྒྱུད་འགྲེལ་ཐུགས་ཀར་ཧཱུཾ་ནག་པོ་ལས་སྐྱེས་པའི་རྡོ་རྗེའི་ལྟེ་བར་ཧཱུཾ་མགྲིན་པར་ཨ(རྒྱུད་འགྲེལ་གྱིས་བརླབས་ནས། སྙིང་གའི་ཉི་མའི་རྡོ་རྗེ་ལ་གནས་པའི་ཧཱུཾ་ཡིག་གི་འོད་ཟེར་རྣམས་ཀྱིས་ཡེ་ཤེས་ཀྱི་འཁོར་ལོ་བཀུག་ནས། ཧཱུཾ་ཡིག་གིས་བགེགས་རྣམས་བསྐྲད་ཏེ(རྒྱུད་འགྲེལ་བཾ་ཧོ་ཞེས་པས་དགུག་པ་དང་གཞུག་པ་དང། བཅིངས་ཤིང་དབང་དུ་བྱས་ནས་ཨོཾ་བུདྡྷ་ཀ་པཱ་ལི་ནཱ་ཨཱ(རྒྱུད་འགྲེལ་བ་ལྟའོ། །དེ་ན་ལྟེ་བར་གཏུམ་མོ་འབར་བས་རིམ་གྱིས་ཞུ་བའི་བདེ་བ་ཆེན་པོའི་འཁོར་ལོར་གནས་པའི་བདུད་རྩིས་ཆོས་ཀྱི་འཁོར་ལོའི་ས་བོན་འཁྲུང་བའི་དུས་སུ་ཆོས་ཀྱི་འཁོར་ལོའི་རྩ་བརྒྱད་ཀྱི་རང་བཞིན་བདེ་བ་ཆེན་པོའི་ངོ་བོའི་མཁའ་འགྲོ་མ་བརྒྱད་པོ ་མཆོད་པའི་དུས་སུ་བརྗོད་པ་རྣམས་སྣ་ཚོགས་པའི་གོས་ལ་སོགས་པའི་རྒྱན་ཅན་ཕུལ་དུ་དབྱུག་དུ་མེད་པའི་གཟུགས་དང་སྒེག་པ་དང་ངལ་སོའི་ས་གཞི། ལོ་བཅུ་གཉིས་ལོན་པ་ཤིང་ཨ་མྲའི་སྙེ་མ་དང་བཅས་པ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི ་བུམ་པ་བསྣམས་པའི་ཕྱག་གི་ཡལ་ག་ཅན། ཞི་ཞིང་འཛུམ་པའི་འོད་ཟེར་དང་བཅས་པ་རྣམས་སྤྲོས་ནས། ཕྱི་རོལ་ཏུ་གཤེགས་ཤིང། དེའི་ཚེ་ཁོ་ན་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང ་ལྷ་མོ་རྣམས་དང་བཅས་པའི་དེ་རྣམས་ལ། ཡང་ནས་ཡང་དུ་ཕྱག་འཚལ་ཏེ། ཐལ་མོ་སྦྱར་བས་གསོལ་འདེབས་ན། ཐུགས་རྗེ་དང་ནི་ལྡན་པ་རྣམས། །བདག་ལ་དབང་ནི་སྐུར་དུ་གསོལ། ། བྷི་ཥཙིཉྩནྟུ་ནཱཾ། སརྦ་ཡོ་གི་ནྱོ་མ་ཀུ་ཏྲེ་ཨ་ཏྲ་ཨ་དྷི་ཏིཥྛནྟུ ་ཨཱ་གཙྪནྟུ་ཧཱུཾ་སྭཱཧཱ་ཞེས་པ་འདིས་གསོལ་བ་བཏབ་པ། གདུགས་དང། རྒྱལ་མཚན་དང། བ་དན་དང། གོས་དང་རོལ་མོ་ལ་སོགས་པའི་ཉེ་བར་འཁོ་བ་ཐམས་ཅད་དང་ལྡན་པ། ཡེ་ཤེས་ཀྱི་ཆུས་བཀང་བའི་བུམ་པ་དཀར་པོའི་ཕྱག་འཚལ ་རྣམས་ཀྱིས་རྒྱལ་བར་གྱུར་ཅིག་།རྒྱལ་བར་གྱིས་ལ་སོགས་པས་ཕྱི་དང་གསང་བ་དང་ཤེས་རབ་དང་བཞི་པའི་དབང་བསྐུར་བ་རྣམས་ཀྱིས་དབང་བསྐུར་བར་མཛད་དོ། །དབང་བསྐུར་བའི་དུས་སཱུང། ཛཡོ་ཛཡོད་བྱེད་པ་དང། བཀྲ ་ཤིས་དང། རྔ་བོ་ཆེའི་སྒྲ་དང་ཙན་དན་དང་གུར་གུམ་དང་མེ་ཏོག་ལ་སོགས་པའི་ཆར་པ་ནམ་མཁའ་ཨི་མཐིལ་ལས་འབྱུང་བའོ། །དེའི་རྗེས་སུ་དེ་རྣམས་རྩ་དེ་རྣམས་ལ་ཐིམ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་དང་ལྷ་མོ་རྣམས་རང་རང་གི་རིགས ་ཀྱི་འདྲེན་པས་རྒྱས་གདབ་པར་བྱ་སྟེ། དེ་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སངས་རྒྱས་ལྔ་ཡིས་ཅོད་པན་བརྒྱན་ཞེས་གསུངས་པའི་ཕྱིར། མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ལྔ་རྣམས་ཀྱིས་སོ། །སྣ་ཚོགས་སྡེ་མ་ལ་ནི་རྣམ་པར་སྣང ་མཛད་ཆེན་པོ་མིང་གཞན་རྡོ་རྗེ་སེམས་དཔས་སོ། །ལེགས་ཕྲེང་མ་ལ་སོགས་པ་བཞི་རྣམས་རིན་ཆེན་འབྱུང་བས་སོ། །རིམ་པ་གཉིས་པར་གནས་པ་རྣམས་འོད་དཔག་མེད་ཀྱིས་སོ། །རིམ་པ་གསུམ་པར་གནས་པ་རྣམས་རྣམ་པར་སྣང ་མཛད་ཀྱིས་སོ། །སྒོ་སྐྱོང་མ་རྣམས་དོན་ཡོད་གྲུབ་པས་རྒྱས་གདབ་བོ། །དེ་ནས་རྩ་བརྒྱད་པོ་དེ་ལས་བྱུང་བའི་རྣལ་འབྱོར་མ་བརྒྱད་རྣམས་ཀྱིས་སྔར་བཞིན་དུ་གཙོ་བོ་ལ་མཆོད་ནས་རྡོ་རྗེ་དང་ནི་པདྨ་འདུས་ཤིང་བདུད་རྩིའི་བདེ་རྒྱས་ཤིང། ་རིམ་གྱིས་ཡོངས་གྱུར་སྐུ་ཅན་སེམས་ཅན་དོན་དུ་གར་བྱེད་པ། རྡོ་རྗེ་ལྷ་མོའི་རྩེད་མོའི་རོལ་པ་རྩེན་མཛད་འགྲོ་རྨོངས་ལ། །འགྲོ་ལ་མི་དམན་ཀུན་དགའ་སྟེར་བ་ཁྱོད་ལ་བདག་འདུད་དོ། །ཞེས་པས་བསྟོད་དེ། འདི་ལྟར་བདུད་རྩི་མྱང་བར ་བྱའོ། །བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མའི་དགའ་བའི་སྒྲས་བསྐུལ་བའི་དེ་བཞིན་གཤེགས་པ་ལྔ་རྣམས་བྱོན་ཏེ་རྣམ་པར་སྣང་མཛད་ཀྱི་སྒོ་ནས་ཞུགས་པ་ཞུ་སྟེ་པདྨའི་ནང་དུ་བབས་སོ། །དེའི་ཚེ་ནང་གི་བདག་ཉིད་ཡེ་ཤེས་ལྔའི ་བདུད་རྩི་ལྕེའི་རྩེ་མོའི་རོལ་པས་རང་ཉིད་ཀྱི་བླངས་ཞིང། དཀྱིལ་འཁོར་བའི་ལྷ་ཚིམ་པར་བྱའོ། །ཕྱི་རོལ་ཏུ་ནི་ཡཾ་ཡིག་ལས་སྐྱེས་ཤིང་ཡཾ་གི་སྙིང་པོ་ཅན་བ་ངན་གཡོ་བ་གཉིས་ཀྱིས་མཚན་པའི་རླུང་གི་དཀྱིལ་འཁོར་སྔོན་པོ་ལ། རཾ་ལས་བྱུང་ཞིང་རཾ ་དང་ལྡན་པ་འབར་བ་བདུན་པའི་མེའི་དཀྱིལ་འཁོར་དམར་པོ་ལ། དེའི་སྟེང་དུ་ཡི་གེ་གསུམ་ལས་སྐྱེས་པའི་མགོ་བོ་གསུམ་ལ་གནས་པ་ཨཱ(རྒྱུད་འགྲེལ་མ་མུ། གོ་གུ་ད་ཧ་ན་ཡོངས་སུ་གྱུར་པའི་བདུད་རྩི་ལྔ་དང་ཤ་ལྔ་ཨོཾ་ཧཱུཾ་ཁཾ་སྭཱ(རྒྱུད་འགྲེལ་སྣང་ལ་ཧཱུཾ་ལས་སྐྱེས་ཤིང་ཧཱུཾ་གི་མཚན་པའི་རྡོ་རྗེ་སྔོན་པོ་ལ་རེག་པས་ཞུ་ནས་ཞུགས་པ་ལས་ཐམས་ཅད་རོ་གཅིག་པར་སྨིན་པའི་སྟེང་དུ་མཐོ་གང་གི་བར་ན་ཨོཾ་ལས་སྐྱེས་ཤིང་ཨོཾ་ཡིག་གིས་བྱིན་གྱིས་བརླབས་པའི་བདུད་རྩིའི་འོད་ཅན ་གྱིས་དཀྱིལ་འཁོར་གྱིས་ཨོཾ་ཡིག་གི་འོད་ཟེར་གྱིས་བཀུག་པ་ཕྱོགས་བཅུ་ན་གནས་པའི་དེ་བཞིན་གཤེགས་པ་ལ་སོགས་པའི་བྱང་ཆུབ་སེམས་ཀྱི་བདུད་རྩི་རྣམས་དང། ནོར་བུ་དང་སྔགས་དང་སྨན་གྱི་ནུས་པའི་བྱེ་བྲག་རྣམས་དང་ལྷན ་ཅིག་ཞུགས་པ་ན། དེ་ཐམས་ཅད་དངུལ་ཆུའི་མདོག་ཅན་བ་མོའི་ཕུང་པོ་བཞིན་དུ་བསིལ་བའི་བདུད་རྩིར་དེ་ཉིད་གསུམ་གྱིས་ལན་གསུམ་བྱིན་གྱིས་བརླབས་ཏེ། དེས་ལྕེ་ཧཱུཾ་དཀར་པོ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་འོད་ཟེར་དང་བཅས ་པའི་སྤུ་གུ་ནས་བདག་ཉིད་དང་དཀྱིལ་འཁོར་གྱི་ལྷ་རྣམས་དང་ཚིམ་པར་བྱའོ། །ཞེས་པ་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསྐུལ་བའི་མཁའ་འགྲོ་མ་ཐམས་ཅད་དང། བཅོམ ་ལྡན་འདས་ཀྱིས་སྐུའི་སྤྲིན་སྤྲོས་པ་རྣམས་ཀྱིས་སེམས་ཅན་རྣམས་ཀྱིས་དོན་མཛད་དོ། །རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བསྐྱེད་ནས་རང་གི་སྐུའི་སྤྲིན་རྣམས་རྩ་བའི་སྐུ་ལ་བསྡུའོ་ཞེས་པ་ལས་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ ་འཛིན་གསུམ་པའོ། །དེའི་རྗེས་སུ་ནང་དུ་རྫོགས་པའི་དཀྱིལ་འཁོར་མངོན་དུ་བྱ་སྟེ། དེ་ལ་མགོ་བོ་བུལླི་ར་མ་ལ་ཡ་རུ་ཕྲེང་བཟངས་མའོ། །སྤྱི་བོ་ཛཱོ་ལན་དྷ་ར་ལ་ཐོང་པ་ཅན་མའོ། །རྣ་བ་གཡས་པ་ཨཽ་ཌཱི་ཡ་ན་རུ་འཇིགས་མའོ། །མགོ་བོའི ་རྒྱབ་ཨར་པུ་ད་རུ་རྒྱལ་དཀའ་མའོ། །གནས་ཏེ་ས་རབ་ཏུ་དགའ་པའོ། །རྣ་བ་གཡོན་པ་གོ་དཱ་བ་རཱི་ར་མཛེས་མའོ། །སྨིན་མའི་དབུས་རཱ་མེ་ཤྭ་ར་ལ་ནོར་འཛིན་མའོ། །མིག་གཉིས་དེ་བི་ཀོཊ་ཊ་རུ་སྐལ་བཟངས་མའོ། །ཕྲག་པ་གཉིས་མཱ་ལཱ ་བ་རུ་དགའ་མཐོང་མའོ། །ཉེ་པའི་གནས་ཏེ་ས་དྲི་མ་མེད་པའོ། །བརྒྱད་པོ་འདི་རྣམས་ཐུགས་ཀྱི་འཁོར་ལོར་མཁའ་ལ་སྤྱོད་པ་རྣམས་སོ། །མཚན་ཁུང་དག་ཀཱ་མཱུ་པ་རུ་དགེ་བའི་སྐྱེ་རགས་མའོ། །ོ་རེ་ནུ་མ་གཉིས་སུ་གཟུགས་ཅན་མའོ། །ཞིང་སྟེ་ས ་འོང་བྱེད་པའོ། །ཏྲི་ཤ་ཀུ་ནི་ལྟེ་བར་རྣམ་རྒྱལ་མའོ། །ཀོ་ཤ་ལ་སྣའི་རྩེ་མོར་བྱེད་མའོ། །ཉེ་བའི་ཞིང་སྟེ་ས་འོད་འཕྲོ་མའོ། །ཀ་ལིངྒ་ཁ་རུ་དུས་ཅན་མའོ། །ལཾ་བཱ་ཀ་མགྲིན་པར་མཚོ་ཆེན་མའོ། །ཚནདོ་ཧ་སྟེ་ས་སྦྱད་དཀའ་བའོ། །ཀཉྩི་སྙིང་གར་བྱེད ་ཅན་མའོ། །ཧི་མཱ་ལཱ་ཡེ་རླེ་ག་པ་ལ་གསོད་བྱེད་མའོ། །ཉེ་པའི་ཚནདོ་ཧ་སྟེ་ས་མངོན་དུ་གྱུར་པའོ། །གསུང་གི་འཁོར་ལོ་རེ་ས་ལ་སྤྱོད་པ་རྣམས་སོ། །པྲེ་ཏ་པུ་རཱི་རྟགས་ལ་སྒྲོལ་བ་ཅན་མའོ། །གྲི་ཧ་དེ་བ་ཏ་བཤང་ལམ་དུ་འཇིགས་མཐོང་བའོ། །འདུ་བ ་སྟེ་ས་རིང་དུ?་སོང་བའོ། །སཽ་རཱཁཊ་བརླ་གཉིས་ལ་ལེགས་མཐོང་མའོ། །གསེར་གླིང་བྱིན་པ་ལ་མི་ཐུབ་མའོ། །ཉེ་བའི་འདུ་པ་སྟེ་ས་མི་གཡོ་བའོ། །ན་ག་ར་སོར་མོ་རྣམས་ལ་དགེ་བ་མའོ། །སིན་དྷུ་བོ་ལ་གོང་དག་ལ་གྲིབ་ནོན་མའོ། །དུར་ཁྲོད ་དེས་ལེགས་པའི་བློ་གྲོས་སོ། །མ་རུ་མཐེ་བོ་དག་ལ་དུས་མཚན་མའོ། །ཕུ་ལུ་ཏ་པུས་མོ་དག་གྲགས་ཆེན་མའོ། །ཉེ་པའི་དུར་ཁྲོད་ངེས་ཆོས་ཀྱི་སྤྲིན་ནོ། །སྐུའི་འཁོར་ལོར་ས་འོག་ན་གནས་པ་རྣམས་སོ། །བྱང་ཆུབ་ཀྱི་སེམས་ལ་སོགས་པ་བཞི་ནི ་བདེ་བ་ཆེན་པོ་ལ་སོགས་པའི་འཁོར་ལོ་བཞི་ལའོ། །བཅོམ་ལྡན་འདས་དང་སྣ་ཚོགས་སྡེ་མ་དག་གི་གནས་ནི་པདྨའི་ལྟེ་བ་གཉིས་སོ། །བཅོམ་ལྡན་འདས་ནི་ཀུན་རྫོབ་པའི་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་དེ། སྣ་ཚོགས་སྡེ་མའི་རྡུལ་གྱི་རང ་བཞིན་ནོ། །བྱང་ཆུབ་ཀྱི་སེམས་ལ་སོགས་པ་བཞི་དང་གཞན་ཡང་ཐམས་ཅད་འདི་དག་ཐམས་ཅད་ལ་འཕྲོས་པའོ། །རང་རང་གི་གནས་ན་གནས་པའི་རྩའི་རང་བཞིན་ལྷ་མོ་ཉི་ཤུ་རྩ་བཞི་རྣམས་བཅོམ་ལྡན་འདས་ཁོ་ནས་འཕྲོས་པས་ཡང ་དག་པར་འཁྱུད་པའོ། །གདམས་ངག་ཇི་ལྟ་བ་དེང་ཁོ་ན་ཉིད་ཇི་ལྟ་བ་དང་མོས་པར་ཇི་ལྟ་བར་གཏུམ་མོའི་རབ་ཏུ་དབྱེ་བ་བསྒོམས་པས་འདི་ཐམས་ཅད་དང་གྲོལ་བ་ཡང་དོན་དམ་པར་སྟོང་པ་ཉིད་དང། བདེ་བ་ཆེན་པོའི་རང་བཞིན་སྙིང་རྗེ་དབྱེར ་མེད་པའི་ངོ་བོ་སྣ་ཚོགས་སྡེ་མ་དང་སངས་རྒྱས་ཐོད་པའི་རང་བཞིན་ཁོ་ནར་བསྒོམ་པར་བྱའོ་ཞེས་པའོ། །གལ་ཏེ་རྣལ་འབྱོར་པ་དངོས་གྲུབ་རྣམས་ཐམས་ཅད་མྱུར་དུ་འགྲུབ་པའི་ཆེད་དུ་སེམས་བསྟན་པར་བྱེད་འདོད་ན་དེའི་ཚེ་ཏིང་ངེ་འཛིན ་གསུམ་མདོར་བསྡུས་ནས། །བསྒོམ་སྟེ་སྤྲུལ་པའི་འཁོར་ལོའི་པདྨ་འདབ་མ་དྲུག་ཅུ་རྩ་བཞི་པའི་ཁ་སྟེང་དུ་ཕྱོགས་པའི་མདུད་པའི་བུ་གར་ཨཾ་སྔོན་པོའོ། །ཆོས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་འོག་ཏུ་ཕྱོགས་པར་ཧཱུཾ་སྔོན་པོའོ། །སྟེང་དུ་བ ་ཕྱོགས་པའི་ལོངས་སྤྱོད་རྫོགས་པའི་འཁོར་ལོར་རྩིབས་བཅུ་དྲུག་པར་ཨོཾ་དམར་པའོ། །བདེ་བ་ཆེན་པོའི་འཁོར་ལོ་རྩིབས་སུམ་ཅུ་རྩ་གཉིས་པ་འོག་ཏུ་ཁ་ཕྱོགས་པའི་ཧཾ་དཀར་པོའོ། །གསང་བའི་འཁོར་ལོར་གནས་པའི་རླུང་གི་མེ་ ་སྐུལ་བའི་གཏུམ་མེའི་རང་བཞིན་ཨེཾ་ཡིག་འབར་བའི་འོད་ཟེར་གྱིས་གཞུ་བའི་ཧཱུཾ་ཡིག་ལ་སོགས་པ་ཡི་གེ་གསུམ་དང་ལྷན་ཅིག་དབྱེར་མེད་པའི་ཨཾ་ཡིག་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་གྱིས་ཐིག་ལེར་གྱུར་པའི་དཔའ་ཨོ ་སྒོམ་ཞིང་སྒོམ་པ་ཡོངས་སུ་སྨིན་པར་མོས་ནས། དེ་ཉིད་ལས་འོད་ཟེར་གྱི་རེ་ཁཱ་བྲ་མོ་འབར་བའི་གཅིས་ལྟར་གནས་པ་བལྟ་བར་བྱའོ། །དེའི་མཐུས་བདུད་རྩི་འཛག་པས་གང་བས་དཔའ་ཨོ་དཀྲུས་པ་འོད་ཟེར་གྱི་རེ་ཁཱ་དེ་ཡང་གསིལ་བར་གྱུར་ཏེ། དེ་ནས ་དཔའ་ཨོ་ལས་སེམས་ངེས་པས་ཇི་སྲིད་དུ་སེམས་བརྟན་པ་ཐོབ་པར་མཚན་མ་རྣམས་ཀྱི་ཉེ་བར་དམིགས་པ་དེ་སྲིད་དུ་བལྟ་བར་བྱའོ། །བརྟན་པ་ཉེ་བར་མཚོན་པ་ན། འོད་ཟེར་གྱི་རི་ཁཱ་དེའི་སྣང་བས་སྣ་ཚོགས་པ་གསལ་བར་བྱེད་པར་བསམས་ཏེ། ་ཐམས་ཅད་ལག་མཐིལ་གྱི་སྐྱུ་རུ་ར་ལྟར་བལྟའོ། །ཏིང་ངེ་འཛིན་ཐམས་ཅད་ཀྱང་མྱུར་དུ་རྫོགས་པར་བྱའོ། །ཞེས་པ་ཐིག་ལེའི་རྣལ་འབྱོར་རོ། །མན་ངག་ཇི་ལྟ་བ་དང། ཇི་ལྟར་མོས་པ་གཏུམ་མོའི་དབྱེ་བ་ཡང་བསྒོམ ་པར་བྱའོ། །རིག་པ་བཟླས་པ་ལ་དངོས་གྲུབ་ཡིན་པས་བཟླས་པ་བརྗོད་པར་བྱའོ། །དེ་ལ་སྒོམ་པས་སྐྱོ་བ་ལས་རྩ་བའི་སྔགས་འདི་བཟླས་པར་བྱ་སྟེ། ཨོཾ་ཧྲཱི(རྒྱུད་འགྲེལ་དེ་མ་ཐག་ཏུ་བཤད་པའི་ཐིག་ལེ་ལ་འཇུག་པ་ན། ཨོཾ་སྣ་བུག་ནས་འབྱུང་བ་ལ་ཧྲཱི(རྒྱུད་འགྲེལ་རྡོ་རྗེ་བཟླས་པའོ། །ཕྲ་མོའི་རྣལ་འབྱོར་ཡང་བདེར་རྣམ་པ་འདི་ལྟ་བུར་རྟོགས་པར་བྱའོ། །ོཾ་བུདྡྷ་ཀ་པཱ་ལི་ནཱི་ཨཱ(རྒྱུད་འགྲེལ་ཡང་རུང་བའི་སྔགས་ཇི་ལྟར་འདོད་པར་བཟླས་ནས་ལྡང་བའི་དུས་སུ་འབྱུང་པོ་ཐམས་ཅད་པའི་བཏོར་མ་ཨོཾ་བུདྡྷ་ཀ་པཱ་ལ་བཛྲེ་ཙི་ཏྲེ་སུ་ཙ་ཏེ་ཨ་ལི་བ་ལེ་པྲE་ཎ་ཡ་སརྦ་བྷུ་དཱ་ན། མཱ་ར་ཡ་སརྦ་མཱ་རཱ་ན། ཀཱི་ལ་ཡ་སརྦ་དུཥྚཱན། ཨུ་ཙ་ནཱ་ཡ་སརྦ་བིགྷན། །བི་ཏྲཱ་པ་ཡ ་བྷོ་བྷ་ག་ཝ་ཏི་ཡ་ཀྵ་རཱ་ཀྵ་ས་པི་ཤ་ཙཱ་ན། ཤོ་ཥ་ཡ་ཏཱ་ཌ་ཡ་སཔཏ་པཱ་ཏཱ་ལ་ག་ཏཱ་ན། ས་ར་ས་ར། ར་ས་ར་པྲ་ས་ར། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་ཅེས་པའི་སྔགས་ཀྱིས་བྱིན་ཏེ། དགེ་པ་འདི་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཆེད་དུ་དང ་མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཆེད་དུ་ཡོངས་སུ་བསྔོས་ནས་སྔར་བཞིན་མཆོད་པ་བྱས་ཏེ། དཀྱིལ་འཁོར་ཉི་ཤུ་རྩ་བཞི་རྣམས་ནང་དུ་གནས་པ་ལ་སོགས་ཉི་ཤུ་རྩ་བཞིའི་གནས་ན་གནས་པའི་རྩ་རྣམས་ལ་མན་ངག་ཇི་ལྟ་བར་ནང་དུ་འདུས་པར་ ་བྱའོ། །བྱང་ཆུབ་སེམས་ཀྱི་ཐོད་པ་ནི་བདེ་བ་ཆེན་པོའི་འཁོར་ལོར་རོ། །རྡུལ་གྱི་ཐོད་པ་ནི་སྤྲུལ་པའི་འཁོར་ལོར་རོ། །བདུད་རྩི་ལྔའི་ཐོད་པ་ནི་སྙིང་གར་རོ། །སྒྲོན་མ་ལྔའི་ཐོད་པ་ནི་མགྲིན་པར་རོ། །དེ་ལྟར་མང་དུ་བསྡུས་ནས། བཅོམ་ལྡན་འདས ་མས་འཁྱུད་པའི་བཅོམ་ལྡན་འདས་ཀྱི་སྐུ་སྟོང་པ་ཉིད་དང་རོ་གཅིག་པའི་བདེ་བ་ཆེན་པོ་རང་བཞིན་སྒྱུ་མའི་ངོ་བོར་བདག་དང་ཁམས་གསུམ་པ་མཛའ་མེད་པ་མོས་པས་ཇི་ལྟར་འདོད་པར་གནས་པར་བྱའོ། །ཉི་མའི་གུང་དང་དགོངས་ཀ་དང་མཚན་བྱེད་ཀྱི ་ཐུན་མཚམས་རྣམས་སུ། ལྷ་མོའི་འཁོར་ལོ་ཐམས་ཅད་ཡུད་ཀྱིས་སྤྲོས་པས་གོ་ཆ་ལ་སོགས་པ་མ་ལུས་པ་བསྒྲུབ་པར་བྱའོ། །ཉལ་བའི་དུས་སུ་སྔར་བཞིན་དུ་ཞུ་བར་གྱུར་པ་སྟོང་པ་ཉིད་ཀྱི་ངོ་བོ་ལྷན་ཅིག་སྐྱེས་པའི་རང་བཞིན་དུ་བདག་ཉིད་ཀྱང ་དེའི་རང་བཞིན་དུ་མོས་ཏེ་ཉལ་བར་བྱའོ། །ལྔའི་བར་འདོད་ན་སྔར་བཞིན་དུ་ལྷ་མོ་བཞིས་བསྐུལ་བ་ཡུད་ཀྱིས་ལངས་ཏེ་དེ་ཁོ་ན་བཞིན་དུ་མཛའ་དག་མཚད་བ་མེད་པར་བྱའོ། །དེ་ལྟར་ཇི་སྲིད་དངོས་གྲུབ་ཀྱི་མཚན་མ་རྣམས་ཐོབ་ཀྱི་བར་དུ་ཉི་མ་སོ ་སོར་རོ། །དབང་གི་ཆོ་གས་ཁྲུས་བྱའོ། །བཟའ་བ་ཐམས་ཅད་ནི་བདུད་རྩི་མྱང་བའི་ཆོ་གས་སོ། །གང་གི་ཚེ་བཅོམ་ལྡན་འདས་འདི་ཁོ་ན་ཤེས་རབ་མ་མེད་པར་བསྒོམ་པར་བྱ་བ་དེའི་ཚེ་རྒྱུ་རྡོ་རྗེ་འཆང་ཞེས་པ་ལ་སོགས་པ་བཅོམ་ ་ལྡན་འདས་ཧེ་རུ་ཀ་ཞེས་པའི་བར་གྱི་གཞུང་དང། གཙོ་བོ་འདིའི་མཛའ་མོ་ཞེས་པ་ལ་སོགས་པ་ཉུང་ངུའི་རྒྱུད་དུ་གསུངས་པ་ཉིད་ཀྱི་ཕྱི་རོ་ཞེས་པའི་མཐར་ཐུག་དང། སྒོ་སྐྱོང་བཞི་ཞེས་པ་ལ་སོགས་པ་དབང་དུ་བྱས་ནས་ཞེས་པའི་བར་དང། ་དེ་ལ་སོགས་པ་རྒྱས་གདབ་པོ་ཞེས་པའི་བར་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མ་ཞེས་པ་ལ་སོགས་པ་ཚིམ་པར་བྱའོ་ཞེས་པའི་བར་དང། དོ་རྗེས་སུ་ནང་ཞེས་པ་ལ་སོགས་པ་རབ་ཏུ་དབྱེ་བ་སྒོམ་པས་ཞེས་པའི་བར་དང། སྣ་ཚོགས ་སྡེ་མ་དང་ཞེས་པ་དང། ཉི་ཤུ་རྩ་བཞི་ཞེས་པ་ལ་སོགས་པ་འཁྱུད་པས་ཞེས་པའི་བར་དང། སྔར་བཞིན་དུ་ཞུ་བས་ཞེས་པ་དང། སྔར་བཞིན་དུ་ལྷ་མོ་བཞིས་བསྐུལ་བ་ལས་ཞེས་པ་སྤངས་ཏེ། གཞན་བརྗོད་པ་ཐམས་ཅད་ཤེས ་པར་བྱའོ། །ཁྱད་པར་ནི་བཅོམ་ལྡན་འདས་འདིའི་ཤར་དང་བྱང་དང་ནུབ་དང། ལྷོའི་པདྨའི་འདབ་མ་རྣམས་ལ་རིམ་པ་ཇི་ལྟ་བར་ཨོཾ་ཧཱུཾ་ཁཾ་སྭ(རྒྱུད་འགྲེལ་བཟང་མོ་རྣམས་སྐུ་མདོག་སྔོ་བ་གཡས་བརྐྱང་གི་ཟླ་བོའི་རྐང་སྟབས་ཅན། སྟག་གི་པགས་པའི་ཤམས་ཐབས་ཅན། ཕྱག་གཡས་གཉིས་ཀྱིས་གྲི་གུག་དང་ཐོད་པ་དག་དང། ཕྱག་གཡོན་གཉིས་ཀྱིས་ཁ་ཊཝཱཾ་ག་དང་ཌ་མ་རུ་དག ་འཛིན་པའོ། །དབང་ལྡན་དང་མེ་དང་བདེན་བྲལ་དང་རླུང་གི་འདབ་མ་རྣམས་སུ་རིམ་པ་ཇི་ལྟ་བར་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཡོངས་སུ་གྱུར་པའི་ཆང་ཚོང་མ་དང། འབྱུང་པོ་མོ་དང། ཕྱག་བཞི་མ་དང། ནམ་མཁའ་ལ་གནས་མ་ཁ་དོག་སེར་བ། ན་བཟའ་ ་སེར་པོ་ཅན། འོད་ཟེར་སེར་པོ་འཕྲོ་བའི་སྐུ་ཅན་གཡས་བརྐྱང་གི་ཞབས་སྟབས་ཅན། སྤྲུལ་བརྒྱད་ཀྱིས་བརྒྱན་པ། ཕྱག་གི་ཡལ་ག་གཡས་པ་དག་གིས་གྲི་ཁུག་དང། ཅང་ཏེའུ་དག་དང། ཕྱག་གཡོན་པའི་ཡལ་ག་དག་གིས་ཁ་ཊཝཱཾ་ག ་དང་པདྨའི་སྣོད་འཛིན་པ་རྣམས་སོ། །བརྒྱད་པོ་འདི་རྣམས་ཀྱང་ཕུལ་དུ་དབྱུང་དུ་མེད་པའི་སྒེག་པ་ལ་སོགས་པའི་ཉམས་ཤེས་ཆེ་བའི་སྙིང་པོ་ཅན། མངོན་པར་གསར་པའི་ཉི་མའི་དཀྱིལ་འཁོར་ལ་གར་ཐབས་ཅན། ཞབས་ཀྱི་པདྨ་མཆེ་བ་ཅུང ་ཟད་གཙིགས་པ། དབུ་སྐྲ་ཁམ་པ་གྱེན་འགྲེང་བ། ཐོད་པ་ལྔའི་ཕྲེང་བ་ཅན། མི་རུས་ལས་བྱུང་བའི་འཁོར་ལོ་ཅན་དང་རྣ་རྒྱན་དང་མགུལ་རྒྱན་དང། ལག་གདུབ་དང། སྐེ་རགས་དང། དྲིལ་བུ་ཨེར་ཁ་དང། དཔུང་རྒྱན་དང། ཞབས ་གདུབ་ཀྱིས་རྒྱན་ཅན། མི་མགོ་རློན་པ་ལྔ་བཅུའི་ཕྲེང་བ་སྐེ་ལ་འཕྱང་བ། བསྐལ་པའི་མཛའ་ཨི་འབར་བ་ལྟ་བུར་རོལ་པའི་འོད་ཟེར་གྱིས་བདུད་ཀྱི་དཀྱིལ་འཁོར་བསྲེག་པ། གང་མོ་རྒོད་པས་ཆེར་འཇིགས་པ། ཞལ་གཅིག་པ། ཞལ་ནས ་ཁྲག་འཛག་པ། སྤྱན་གསུམ་པ། ཕྱག་བཞི་པ། ཀླུ་རྣམས་ཤིན་ཏུ་ཆེས་སྐྲག་པར་མཛད་པ། གཙོ་བོ་ལ་མངོན་དུ་ཕྱོགས་ནས་གཟིགས་པ་རྣམས་བསྒོམ་མོ། །འདིར་བཅོམ་ལྡན་འདས་རྡོ་རྗེ་སེམས་ནི། སངས་རྒྱས་ལྔའི་ཅོད ་པན་རྒྱན་ཞེས་པའི་གསུངས་ལས་མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ལྔ་རྣམས་ཀྱིས་རྒྱས་གདབ་བོ། །སྣ་ཚོགས་སྡེ་མ་ལ་སོགས་པ་རྣམས་ཇི་ལྟ་བའི་རིམ་པས་མི་བསྐྱོད་པ་དང་རྣམ་པར་སྣང་མཛད་དང་རིན་ཆེན ་འབྱུང་ལྡན་དང་འོད་དཔག་མེད་རྣམས་ཀྱིས་སོ། །ཆང་འཚོང་མ་ལ་སོགས་པ་རྣམས་ཀྱང་དེ་བཞིན་ནོ། །ནང་གི་བདག་ཉིད་ཀྱི་བདུད་རྩིས་ཚིམ་པ་ཡང་གཏུམ་མོའི་རབ་ཏུ་དབྱེ་བ་བསྒོམ་པ་ཁོ་ནས་སོ། །དེ་ལྟར་རྡོ་རྗེ ་རྣམ་སྒེག་མ་བརྒྱད་ཀྱིས་བསྐོར་བའི་བཅོམ་ལྡན་འདས་ཧེ་རུ་ཀ་འདི་ཁོ་ན་ཨ་དྲི་ཤྱཱ་དང་ཐི་པ་དང་སོལ་བའི་སྦྱོར་བ་རྣམས་ལ་དང་དུག་ཞི་བའི་སྦྱོར་བ་རྣམས་ལ་བསྒོམ་པར་བྱའོ། །མོ་གཤམ་ཁྲུས་བྱེད་པའི་སྦྱོར་བ་ལ་ནི་ཤེས་རབ་དང ་བཅས་པའོ། །རིག་པ་འཛིན་པའི་བྱེད་པ་ལ་ནི་བཅོམ་ལྡན་འདས་དང་ཕྱོགས་ཀྱི་ལྷ་མོ་རྣམས་དཀར་བ། ཕྱོགས་བྲལ་གྱི་ལྷ་མོ་རྣམས་དམར་བ་རྣམས་སོ། །མོ་གཤམ་དང་བུད་མེད་བུ་ཤི་བའི་ཁྲུས་ཀྱི་ཆོ་ག་ལ་ནི་བཅོམ་ལྡན་འདས་འདི་ཤེས་རབ ་དང་བཅས་པའོ། །དེའི་ཚེ་ཤེས་རབ་མ་མེད་པ་ཉིད་ལ་སྤངས་གཞུང་ཇི་ལྟར་རིགས་པ་ཉེ་བར་བླང་བར་བྱའོ། །གཞལ་ཡས་ཁང་འདི་ཐམས་ཅད་ཀྱང་དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར་བ་རྣམ་པར་བསམ་པར་བྱའོ། །དེའི་ཤར་ཕྱོགས་སུ་གཏུམ ་དྲག་ཅེས་བྱ་བའི་དུར་ཁྲོད་ཏེ། སྒྲུབ་པ་པོ་རྗེས་སུ་འཛིན་པ་ཞེས་པ་མིང་གཞན་ནོ། །ཤིང་ཤི་རི་ཥཱ་སྟེ་ཡང་ན་བ་ཏ་ལིའོ། །རྫུ་འཕྲུལ་ཆེན་པོ་པ་གླང་པོ་ཆེའི་གདོང་པ་ཅན་ནོ། །ཕྱོགས་སྐྱོང་བ་དབང་པོ་ཉེ་དབང་ངོ། །ཀླུ་ནོར་རྒྱས་དཀར་པོའོ། །སྤྲིན ་སྒྲོགས་པ་ཞེས་བྱའོ། །མེར་བྲག་ཏུ་རྒོད་པ་འམ་མིང་གཞན་རབ་འཇིགས་ཆེན་པོ་ཞེས་བྱ་བའི་དུར་ཁྲོད་དེ། ཤིང་ཀ་རཉྫ་འམ་ཨུ་དུམྦ་རའོ། །རྫུ་འཕྲུལ་ཆེན་པོ་པ་རའི་གདོང་པ་ཅན་རྣམ་ཁྱིའི་གདོང་པ་ཅན་ནོ། །མེ་ལྷ་དང་པདྨ ་ཆེན་པོ་དཀར་པོ་དང་སྤྲིན་སྡུག་པོ་ཞེས་བྱའོ།། །།ལྷོར་ཀེང་རུས་འཇིགས་པ་འམ་མིང་གཞན་འཇིགས་རུང་མུན་པ་ཅན་ཞེས་པའི་དུར་ཁྲོད་དེ། ཤིང་ཨ་མྲ་འམ། ཤཱ་རི་ཥ་དང་རྫུ་འཕྲུལ་ཆེན་པོ་པ་མ་ཧེའི་གདོང་པ་ཅན་ནམ་སྟག་གདོང་ཅན ་དང། གཤིན་རྗེ་དང་པདྨ་དཀར་པོ་དང་སྤྲིན་འཁོར་བྱེད་དོ། །བདེན་བྲལ་དུ་ཀུ་ཅོ་ཅ་ཅོར་སྒྲོགས་པ་ཞེས་པའམ། མིང་གཞན་རྣལ་འབྱོར་མང་དུ་འདུས་པ་ཆེན་པོ་ཞེས་པ་སྟེ། ཤིར་པ་རྐ་ཊཱིའི་མ་ཝ་ཏ་དང། རྫུ་འཕྲུལ་ཆེན་པོ་པ་རོའི་གདོང་པ ་ཅན་ནམ་བྱ་རྒོད་གདོང་དང། སྲིན་པོ་དང། མཛའ་ཡས་སྔོན་པོ་དང། སྤྲིན་ནི་འགེངས་བྱེད་དོ། །ནུབ་ཏུ་འབར་བ་འཁྲུགས་པ་འམ་མིང་གཞན་ཁྲོ་བོའི་མེ་ཞེས་པའི་དུར་ཁྲོད་དུ། ཤིང་ཀཾ་ཀེ་ལླི་འམ་ཙཱུ་ཏ་དང། རྫུ་འཕྲུལ་ཆེན་པོ་པ་ཆུ་སྲིན་གྱི་གདོང་པ་ཅན ་ནམ། འུག་པའི་གདོང་པ་ཅན་དང། ཆུ་ལྷ་དང། སྟོབས་ཀྱི་རྒྱུ་ལྗང་གུ་དང། སྤྲིན་འཇིགས་རུང་ངོ། །རླུང་དུ་འཇིགས་རུང་མུན་པ་ཅན་ནམ་སེངྒེའི་སྒྲ་ཕེད་ཡིག་ཆེན་པོའི་སྒྲོགས་པ་ཅེས་པའི་དུར་ཁྲོད་ཏེ། ཨརྫུ་ན་འམ་ཨ་ཤྭཏྠ་དང། རྫུ་འཕྲུལ་ཆེན་པོ ་པ་རི་དགས་ཀྱི་གདོང་པ་ཅན་ནམ། ཕག་གི་གདོང་པ་ཅན་དང། རླུང་ལྷ་དང། རིགས་ལྡན་ཁྲ་བོ་དང། སྤྲིན་ཆར་འབེབས་སོ། །བྱང་དུ་ཀངཀ་རིའི་དུར་ཁྲོད་དམ་མིང་གཞན་གཉིས་མེད་བྱེད་ཅེས་པའོ། །ཤིང་ཨ་ཤྭཏྠ་འམ། ཀངཀེ་ལླི་དང། རྫུ་འཕྲུལ་ཆེན ་པོ་པ་མིའི་གདོང་ཅན་དང། བྱི་ལའི་གདོང་པ་ཅན་དང། ལུས་ངན་དང། ལོག་འདྲེན་དག་དང། འཇོག་པོ་དམར་པོ་དང་སྤྲིན་འུར་འུར་སྒྲོགས་སོ། །དབང་ལྡན་དུ་ཕུན་ཚོགས་ནམས་སམ་མིང་གཞན་མཚོ་སྐྱེས་དཔའ་ཨོ་ཞེས་པའི་དུར་ཁྲོད་ཏེ། བ་ཊ་འམ་ནཱ་ག ་གེ་སར་དང། རྫུ་འཕྲུལ་ཆེན་པོ་པ་གླང་གིས་གདོང་པ་ཅན་ནམ། ཤ་ཟའི་གདོང་པ་ཅན་དང། དབང་ལྡན་དང། དུང་སྐྱོང་སེར་པོ་དང། སྤྲིན་གཏུམ་བྱེད་དོ། །ཐམས་ཅད་དུ་མཆོད་རྟེན་ལྟ་བུར་བྱའོ། །དེ་ལས་ས་སྲུང་དཀར་པོ་ལ་ཞོན་པ། རྡོ་རྗེ་ཅན ་སེར་མིག་སྟོང་པའོ། །ནག་མོ་འཁོར་ལོ་དབྱུག་ཏོ་དུང། །གཽ་སྟུ་བྷ་འཛིན་མཁའ་ལྡིང་གནས། །མེ་ལྷ་དམར་པོ་སྨིན་མ་དང། །རལ་ཙུག་སྨ་ར་འབར་ཞིང་འཁྲུག་།ཚོན་པོ་རབ་གནས་མི་འཇིགས་དང། །བགྲང་ཕྲེང་རིལ་བ་དབྱུ་གུ་འཛིན། །གཡོན་བརྐྱང་བ ་ཡི་རྐང་ཅན། །དུས་ནག་མ་ཧེ་ལ་གནས་པ། །སྐྲ་ནི་གྱེན་དུ་འབར་ཞིང་ཁྲོས། །དབྱུག་པ་སྡིགས་མཛུབ་འཛིན་པའི་ལག་།དེ་འདྲའི་བདེན་བྲལ་རོལ་གནས། །གཅེར་བུ་མི་རུས་ཀྱིས་བརྒྱན་པ། །ཞལ་ནི་མཆེ་བ་གཙིགས་པ་ཅན། །གྲི་གུག་ཐོད་པ ་དག་འཛིན་པའོ། །ཆུ་སྲིན་ལ་ནི་ཆུ་ལྷ་དཀར། །གདེངས་ཀ་བདུན་པ་སྤྲུལ་ཞགས་འཛིན། །ེ་ཎེ་ཡེ་སེར་ལ་གནས་པའི་རླུང་ལྷ་ལྗང་ཁུ་རླུང་རས་ཅན། མེ་ལ་གནོད་སྦྱིན་ཆེན་པོ་སེར། །ན་ཀུ་ལ་བི་ཛ་པཱུ་ར་འཛིན། །བྱི་བར་གླང་ཆེན ་གདོང་ཅན་དཀར། །ལ་ཕུག་དབྱུག་ཏོ་ལ་དུ་ཕྲེང། །དབང་ལྡན་ཁྱུ་མཆོག་ལ་ཞོན་དཀར། །རལ་པའི་ཐོད་ཚུགས་རུལ་རྒྱན་ཅན། །རྩེ་གསུམ་པས་མཚན་ཁ་ཊཝཱཾ་ག་།ཅང་ཏེའུ་འཛིན་པའི་ཕྱག་ཅན་ནོ། །གདེངས་ཅན་བརྒྱད་རྣམས་མིའི་གདོང་ ་ཅན། །རྒྱན་བཟངས་ཅན་གང་བྱེ་བྲག་མེད། །བརྒྱ་བྱིན་ལ་སོགས་འདི་བཅུ་དྲུག་།གཡོན་པས་ཡིད་འོང་མ་ལ་འཁྱུད། །ཅིག་ཤོས་ཕྱག་ནི་སྒེག་བཅས་རྣམས། །ཤིང་དང་ཉེ་བར་ཤེས་པར་བྱ། །ཉི་མར་སྲིན་པོ་གཤིན་རྗེ་མ། །གཞན ་རྣམས་ཟླ་བར་ཟླ་འོད་ཅན། །དབང་ལྡན་གཤིན་རྗེ་སྲིན་པོ་རྣམས། །མ་གཏོགས་རིན་ཆེན་ཅོད་པན་འབར། །དབང་ལྡན་རིན་ཆེན་ཅོད་པན་ཅན། །ཞེས་ཀྱང་རྫུ་འཕྲུལ་ཆེན་པོ་བརྒྱད། །ལུས་སྟོང་ཕྱེད་མཐོང་ཕྱག་རྣམས་ཀྱིས། །ཐོད་པ་འཛིན ་པར་བྱེད་པ་སྟེ། །གཞན་གྱིས་བྱིན་པའི་གཏོར་མ་ལ། །གཡས་པས་འཛིན་པའི་ཚུལ་གྱིས་འབྲེལ། །སྤྲིན་རྣམས་ཁ་དོག་སྣ་ཚོགས་པའོ། །བརྒྱད་པོ་འདི་རྣམས་རྣམ་པ་སྣ་ཚོགས་པའི་ཤིང་མཆོག་གཞན་གྱིས་ཀྱང་མཛེས་པར་བྱས ་པས་བྱ་རོག་དང། འུག་པ་དང། བྱ་རྒོད་དང། ཁྱི་དང་ཅེ་སྤྱང་དང། སེངྒེ་དང། ཕག་དང། སྟག་ལ་སོགས་པ་རྣམས་ཀྱིས་འཇིགས་སུ་རུང་བ། གོ་ནཱ་ས་ལ་སོགས་པའི་སྤྲུལ་རྣམས་ཀྱིས་ཤིན་ཏུ་བྲེང་འཇུག་པ་ཅན། ཀེང་རུས་དང། ་གསལ་ཞིང་གིས་དུག་པ་དང་འཕྱང་བ་དང། ཕྱེད་ཚིག་པ་དང་མགོ་བོ་དང་ཐོང་པ་དང། པུས་མོ་དང་རོ་མགོ་མེད་པ་དང། རུས་པ་དང་མགོ་བོའི་དུམ་བུ་ལ་སོགས་པ་རྣམས་ཀྱིས་འཇིགས་སུ་རུང་བ་སྣ་ཚོགས་པའི་གྲུབ་པ་དང། རིགས་པ ་འཛིན་པ་རྣམས་དང། དམ་ཚིག་སྤྱོད་པའི་རྣལ་འབྱོར་དང་རྣལ་འབྱོར་མའི་ཚོགས་ཀྱིས་དང། ཅ་ཅོ་སྒྲོགས་པའི་གནོད་སྦྱིན་དང། རོ་ལངས་དང། སྲིན་པོ་ལ་སོགས་པ་རྣམས་ཀྱིས་དང། འདི་དང་དེ་ནས་རྒྱུག་བ་དང། གཡོ་བ་དང། འགྲེང་བ་དང། ་སྡོང་བ་དང། ཉལ་བ་དང། ལྡང་བ་རྣམས་ཀྱིས་ཤིན་ཏུ་ངོ་མཚར་བར་བྱེད་བ་དུར་ཁྲོད་ཆེན་པོ་རྣམས་སོ། །ཞེས་པ་པཎྜི་ཏ་ཨ་བྷ་ཡཱ་ཀ་ར་གུཔཏ་ཡིས་མཛད་པ་འཇིགས་པ་མེད་པའི་གཞུང་འགྲེལ་སངས་རྒྱས་ཐོད་པའི་རྒྱུད་ཆེན་པོའི་འགྲེལ་པ ་ལེའུ་བདུན་པའོ།། །།ཐབས་ཀྱི་ཡན་ལག་རྒྱས་པར་སྟོན་པ་དེ་ནས་ཞེས་པ་ལ་སོགས་པའོ། །ཤིང་གིས་ཞེས་པ་རྒྱུད་གཞན་ནས་བཤད་པས་སོ། །མེ་ཏོག་གིས་ཞེས་མདོར་བསྟན་པ་རྒྱས་པར་སྟོན་ཏེ། མེ་ཏོག་ལྔ་ཞེས་པ་འཆད་པར ་འགྱུར་བའི་པདྨ་ལ་སོགས་པ་མེ་ཏོག་ལྔ་རྣམས་སོ། །འོ་མས་ཞེས་པ་ཉེ་བར་མཚོན་པ་ཉིད་ཀྱི་ཕྱིར་མར་ལ་སོགས་པ་རྣམས་ཀྱིས་སོ། །ནང་གི་སྦྱིན་སྲེག་ལ་ནི་ཤེས་རབ་མ་ལྔ་རྣམས་ཀྱིས་རྡུལ་རྣམས་མེ་ཏོག་ལྔ་དང། འོ་མ་ནི་སྐྱེས་པའི་བྱང ་ཆུབ་ཀྱི་སེམས་ཏེ། སྙོམས་པར་ཞུགས་པ་ན་དེའི་རྡུལ་དང་སྲེས་པ་ཤེས་པར་བྱའོ། །ཞེས་གཞན་དུ་གསུངས་ཏེ། འདིར་སྐབས་མ་ཡིན་ནོ། །ཞི་བ་ཞེས་པ་ལ་སོགས་པ་ལ། འདིར་ཐབ་གྲུ་བཞི་པ། རྒྱ་དང་ཟབས་སུ་སོར་བཅུ་གཉིས་པའོ།། ་དེའི་ཁའི་སྟེང་དུ་སོར་བཞིའི་པར་རྡོར་རོ། །དེར་ཕྱོགས་བཞི་རྣམས་སུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཁ་གྱེས་པའོ། །དེའི་ཕྱི་རོལ་ཏུ་རྒྱ་དང་པངས?་སུ་སོར་བཞི་པ་ཐབ་ཁུང་གི་དབྱིབས་ཅན་ཅུང་ཟད་ཁ་དམའ་བའ་ཨི་ཀུན་ནས་ཁ་ཁྱེར་ཏེ། མཚམས་རྣམས་སུ་རྡོ་རྗེ ་རྩེ་གསུམ་པས་མཚན་པ་ཕྱི་ངོས་སུ་རྡོ་རྗེ་རྩེ་གསུམ་པ་སྔོན་པོའི་ཕྲེང་བས་བསྐོར་བའོ། །ཐབས་ཀྱི་དབུས་སུ་ཆོས་འབྱུང་གི་དབུས་སུ་གནས་པའི་ཁང་པ་བརྩེགས་པར་པདྨ་སོར་བརྒྱད་པ་རྡོ་རྗེ་ཕྲེང་བ་སྔོན་པོ་དང་དམར་པོ་དང་དཀར་པོ ་གསུམ་གྱིས་བསྐོར་བའོ། །པདྨའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་མགོ་ཤར་དུ་བསྟན་པ་སོར་བཞིའི་ཚད་ཙམ་པ་དཔང་སུ་སོར་གཅིག་པའོ། །དེའི་སྟེང་དུ་པདྨའོ། །དེའི་དབུས་སུ་ཉི་མའོ། །དེའི་སྟེང་དུ་ཧྲིའོ(རྒྱུད་འགྲེལ་རྩེ་དགུ་པ་སེར་པོ་རྣམས་སོ། །རྡོ་རྗེ་ཁ་བྱེས་པ་ལ་སོགས་པ་འདི་ཐམས་ཅད་རྡུལ་ཚོན་གྱིས་བྲིས་པ་ཡང་ངོ་ཞེས་པ་སྡུས་པའི་དོན་ཏོ། །ཡན་ལག་གི་དོན་བརྗོད་པར་བྱ་སྟེ། ཧཱུཾ་ཡིག་བདག་ཉིད་བསྐྱེད་ནི་ཧཱུཾ་ལས་སྐྱེས་པའི་རང་བཞིན་དུ་མོས་པ་འམ་ཧཱུཾ་གི ་སྙིང་པོ་ཅན་ནོ། །འཁོར་ལོ་ནི་གཞལ་ཡས་ཁང་ངོ། །གྲུ་གསུམ་ནི་ཆོས་འབྱུང་ངོ། །ེ་ཝཾ་མཱ་ཡ་ཞེས་པ་ཡི་གེ་བཞི་ལས་སྐྱེས་པའི་ས་ལ་སོགས་པའི་འབྱུང་བ་བཞི་ཡོངས་སུ་གྱུར་པར་འཁོར་ལོ་མོས་པར་བྱའོ། །ལྟེ་བས་ཏེ་ལྟེ་བས་མཚོན ་པའི་པདྨས་ཁྱད་པར་དུ་བྱས་པའོ། །ཉིས་འགྱུར་ནི་བཅུ་དྲུག་ལྷག་པའི་ཉིས་བརྒྱའོ། །ཁ་ལཱུ་ཀ་ཡིས་ཞེས་པ་གུར་གུམ་གྱི་བྱེ་བྲག་གིས་སོ། །འོག་ཏུ་པདྨ་ཞེས་པ་རྡོ་རྗེའི་འོག་ཏུ་པདྨ་འདབ་མ་བརྒྱད་པའོ། །སོར་བཅུ་གཉིས་ནི་སློབ་དཔོན་གྱི ་སོར་མོས་སོ། །དེར་ཞེས་པ་ཐབ་ཏུའོ། །རེ་རེའི་ཞེས་པ་ཨཱ་མྲ་ལ་སོགས་པའོ། །དམར་བའི་རྡོ་རྗེ་ཐོད་པ་འཛིན་ཞེས་པ་དམར་བའི་རྡོ་རྗེ་དང་ཐོད་པའོ། །ཞེས་ཕྱག་མཚན་ནོ། །ཁྲག་གིས་གང་བའོ། །སྟོང་པ་ཉིད་ཅེས་པ་ཐབ་ཀྱི་དབུས་སུ་ཅི་ཡང་མི ་བྲི་བའོ། །ཤ་ལྔ་ནི་གོ་ཀུ་ད་ཧ་ནའི་ཤས་སོ། །མེ་ནི་མེ་སྔར་བཤད་པའོ། །ཞི་བ་ལ་སོགས་པ་འདི་རྣམས་ཀྱི་ཁྱད་པར་གཞན་རྣམས་ནི་ཁོ་བོས་བྱས་པའི་སྦྱིན་སྲེག་གི་ཆོ་ག་འོད་ཀྱི་སྙེ་མར་ཏེ། འདིར་བཤད་པའི་ཁྱད་པར་དང་མི་ཐུན་པ་སྤངས ་ནས་གཟུང་བར་བྱའོ། །འདི་ཐམས་ཅད་ནི་ཀུན་རྫོབ་ཏུའོ། །དོན་དམ་པར་ནི་ཅི་ཡིས་བསྲེག་ཅེས་པ་ལ་སོགས་པའོ། །འཇིགས་པ་མེད་པའི་གཞུང་འགྲེལ་དུ་ལེའུ་བརྒྱད་པའོ།། །།རིམ་པ་གཉིས་པོ་མངོན་དུ་གྱུར་པ་ན་ཡང་སྤྱོད་པ ་དང་བྲལ་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མེད་དོ་ཞེས་པས་སྤྱོད་པ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །ལུས་དང་ངག་དང་ཡིད་རྣམས་ཀྱི་བྱ་བ་ཁྱད་པར་ཅན་ནི་སྤྱོད་པའོ། །རྟག་པ་དང་ཆད་པ་ལ་སོགས་པའི་མཛའ་ཡས་འདས་པ་ཉིད་ཀྱིས་ན། སྤྱོད ་པ་གཞན་ལས་ཁྱད་པར་དུ་འཕགས་པ་ཉིད་ཀྱི་ཕྱིར་ཤིན་ཏུ་མཆོག་གོ་།འཇིག་རྟེན་ལས་འདས་པ་ཉིད་ཀྱིས་ན་སོན་པའོ། །ཁ་ཅིག་ཏུ་བུད་མེད་ཤིན་ཏུ་མཆོག་གྱུར་ཞེས་ཀློག་པ་དེའི་ཚེ་དེ་བཟུང་ནས་ཞེས་པ་ལྷག་མའོ། །འདི་ནི་རྒོད་ཅིང་གཡེངས་པ ་ལས་བར་ཅོལ་དུ་མི་བྱའོ་ཞེས་གསུངས་པ་དངོས་གྲུབ་བརྒྱད་ཅེས་པ་ལ་སོགས་པའོ། །ས་འོག་དང་མིག་སྨན་དང་རྐང་པ་བྱུག་པ་དང་རི་ལུ་དང་མི་སྣང་བ་དང་རལ་གྲི་དང་རོ་དང་བཅུད་ལེན་གྱི་དངོས་གྲུབ་རྣམས་སམ་དབང་ཕྱུག་གི་ཡོན་ཏན་བརྒྱད་རྣམས་སོ།། ་འདིས་ནི་ནུས་པ་ཐོད་པ་ལ་འདོད་པར་གྱུར་ན། སྤྱོད་པ་རྗེས་སུ་གནང་སྟེ། གང་ལས་རྣལ་འབྱོར་ལ་དགའ་བ་འདི་བག་མེད་པར་མི་འགྱུར་ཞིང། གླགས་འཚོལ་བ་རྣམས་ཀྱིས་ཀྱང་འདི་ལ་མི་ཚུགས་ལ། འདི་རྣམས་ཚར་བཅོད་པ་དང་རྗེས་སུ་འཛིན་ནུས ་པར་འགྱུར་ཞིང། གྲང་བ་དང་ཚ་བ་ལ་སོགས་པ་རྣམས་ཀྱིས་ཀྱང་ཟིལ་གྱིས་མི་ནོན་པ་སྟེ། འཇིག་རྟེན་གྱི་ཆོས་བརྒྱད་ལ་སོགས་པས་མི་གནོད་པ་ཉིད་ཀྱི་ཕྱིར་སྒྲིབ་པ་ཀུན་ལས་གྲོལ་བའོ། །གང་གི་ཕྱིར་ནམ་མཁའ་མཉམ་པ་ཉིད་གྱུར་པ་སྡེ་ཆོས ་ཐམས་ཅད་མཉམ་པ་ཉིད་དུ་རོ་གཅིག་པའོ། །སྟོང་པ་ཉིད་ལ་དགའ་ཞེས་པ་སློངས་མོ་སློང་བའི་དུས་སུ་སྟེར་བ་པོ་རྣམས་ཀྱིས་མེད་ཅེས་དགག་པ་བྱས་པ་ན་ཆོས་ཐམས་ཅད་ཀྱི་དོན་དམ་པ་སྟོང་པ་ཉིད་བསྒོམ་པར་བྱའོ། །སྒོམ་པ་ཞེས་པ་ཐབས་བསྒོམ ་པའོ། །བླ་ན་མེད་པ་ནི་ཤེས་རབ་དང་ཐབས་དབྱེར་མེད་པའོ། །ཆོས་ལ་མཆོག་ཏུ་གཞོལ་བ་ནི་གཉིས་སུ་མེད་པའི་ཆོས་དེ་ལ་རྒྱུན་མི་འཆད་པར་མངོན་པར་སྦྱོར་བའོ། །རྫས་ཞེས་པ་ལ་སོགས་པ་ཇི་ལྟར་ཚོགས་པ་ཟིལ་གྱིས་ཚིམ་པས་ཇི་ལྟར་འདོད་པའི ་ཡུལ་དང་དུས་དང་སྐབས་ཀྱི་ཁྱད་པར་རྣམས་སུ་གོམས་པའི་ཁྱད་པར་ལས་རྣལ་འབྱོར་རྒྱུན་མི་འཆད་པར་འགྱུར་བས། །མར་མེའི་སྡོང་བུས་ཡུན་རིང་པོར་བསགས་པའི་ལུག་གི་མུན་པ་བཞིན་དུ་ཡུན་རིང་པོར་བསགས་པའི་ཡང ་རྣམ་པར་རྟོག་པའི་སྐྱོན་གྱི་ཚོགས་ཆེན་པོ་གསལ་ནས་ཕྱག་རྒྱ་ཆེན་པོ་སྔོན་དུ་བྱའོ་ཞེས་པ་སྤྱིའི་དོན་ཏོ། །སྤྱོད་པའི་རྣལ་འབྱོར་དང་ལྡན་པའི་ཞེས་པ་དང་པོའི་དོན་ལ་དྲུག་པའོ། །རྒྱུད་དུ་ནི་སངས་རྒྱས་ཐོབ་པའི་རྒྱུད་སྟོང་ཕྲག་བཅུ་གཉིས་པར་རོ། ། ་རང་བཞིན་གྱིས་དག་ཅེས་པ་ལ་གལ་ཏེ་རང་བཞིན་གྱིས་འགྲོ་བ་དག་ན་དེའི་ཚེ་ཐམས་ཅད་ཀྱི་ཚེ་ཁོ་ན་འབད་པ་མེད་པར་ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར་ཞིང། རྣལ་འབྱོར་གོམས་པས་ཅི་བྱ་ཞེ་ན། ཅི་རྣམ་པར་རྟོག་པས་ཉམས་ཞེས་བརྗོད་པ ་མ་ཡིན་ནམ། དེ་ཉིད་ཀྱི་ཕྱིར་ཡེ་ཤེས་ཞབས་ཀྱིས་གསུངས་པ། ཐ་མལ་རྣམ་རྟོག་འཇུག་ལས་གཞན། །སྲིད་པའི་སྡུག་བསྔལ་ཅི་ཡང་མེད། །དེ་དང་འགལ་བའི་སེམས་འདི་ཡིས། །མངོན་དུ་འདིར་ནི་བྱེད་པར་འགྱུར་ཞེས་སོ། །མི་འཇིགས ་པའི་གཞུང་འགྲེལ་དུ་ལེའུ་དགུ་པའོ།། །།གཞན་རྗེས་སུ་འཛིན་པ་ལྷུང་བྱེད་པ་ལ། །དེའི་ཐབས་བཤད་པའི་ཆེད་དུ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །སེམས་ཅན་དོན་གཅིག་ར་བ་ངེས་པ་ཞེས་པ་གང་དུ་སེམས་ཅན་གྱི་དོན ་གཅིག་བུ་ལེགས་པར་ངེས་པར་བྱའོ། །གསེར་བྱེད་ཅིང་རབ་ཏུ་གསལ་བར་བྱེད་དོ་ཞེས་པ་གསེར་བྱེད་དོ། །བྱུ་རུའི་ནི་བྱུ་རུའོ། །གང་གིས་ཞེས་པ་གསེར་གྱིས་སོ། །མུ་ཏིག་ལ་སོགས་པའི་ནོར་རྣམས་ཀྱིས་ནོར་ལྡན་དུ་འགྲོ་སྟེ་འགྱུར་བའོ། །འདིའི ་སྟེ་གསེར་དེའི་ཕྱི་རོལ་གྱི་སྨན་རྒྱུད་གཞན་དུ་བཤད་པ་རྣམས་མེད་ཅེས་མདོར་སྟོན་པ་རྒྱས་པར་སྟོན་ཏེ། ཤུན་པགས་ཞེས་པ་ལ་སོགས་པའོ། །ལྕགས་གཞན་གྱི་ཞེས་པ་ལྕགས་གཞན་ནོ། །འོན་ཀྱང་གྲུབ་པའི་སྨན་གཞན་ནོ། །དངུལ ་གྱི་ནི་དངུལ་ལོ། །དེ་རྣམས་ཅི་ཞེས་པ་ནི་སྨན་ཆེན་པོའི་མཆོག་དེ་ཅི་ཡིན་པའོ། །བཀླགས་པས་གྲུབ་པ་ཞེས་པ་གང་ལ་བཀླགས་པ་སྟེ་ནང་གི་བརྗོད་པས་གྲུབ་པའི་སྔགས་ཡོད་པ་དེ་ནི་དེ་སྐད་དོ། །དེ་ཡང་ཞེས་པ་དེ་ཡང་འགྲུབ་བོ། །སྣོད་དུ་སྟེ་ཤེས་རབ་ཀྱི ་པདྨར་རོ། །བཟང་བ་ནི་སྨན་ནོ། །བཅུད་ཅེས་བྱ་བ་བྱང་ཆུབ་ཀྱི་སེམས་སོ། །དབུས་སུ་པདྨའིའོ། །རོ་སྟེང་གི་གནས་ནས་འོག་ཏུ་འདྲེན་ནོ། །ཞེས་པས་རོ་བཅུད་མ་ནི་ཨ་ཝ་དྷཱུ་ཏཱི་སྟེ། དེར་གནས་པའོ། །གཞོན་ནུ་མ་ནི་དར་མ་སྟེ་ལོ་བཅུ་དྲུག་མའོ། ། ་དེ་ཡང་ཞེས་པ་མོ་དེ་ཡང་ངོ། །དེ་བཞིན་གཤེགས་པ་ནི་སངས་རྒྱས་ཐོད་པའི་རྣལ་འབྱོར་མ་རྣམས་སོ། །སྐྱུག་བྲོ་མེད་པའི་ཞེས་པ་ལ་སོགས་པ་མེད་པའོ། །ཀྱུག་བྲོ་སྲིད་པ་ནི་རྡུལ་དང་ལྡན་པ་ལས་སོ། །མི་འགྲུབ་ཅེས་པ་ཤེས་རབ་དང། ཐབས་ཀྱི་ཁུ ་བ་དག་མཉམ་པའི་དུས་སུ་འཕྲོས་པ་ནི་དངོས་གྲུབ་ཀྱི་རྒྱུའོ་ཞེས་དགོངས་པའོ། །སངས་རྒྱས་རྣམས་ཀྱི་འདྲེན་པའི་གནས་ཞེས་འགྲེལ་ལོ། །དུས་ཅུང་ཟད་བཟུང་བས་མཉམ་པར་འཕོས་པས་ཀྱང་སྨན་ཆེན་པོ་སྟེ་གསེར་སྒྲུབ་པར་བྱེད་ཅིང། བར་མེད་པར ་བཟུང་བས་ནི་བདེ་བ་ཆེན་པོའི་རང་བཞིན་སངས་རྒྱས་ཉིད་དོ། །ཞེས་པ་སྙིང་པོའི་དོན་ཏོ། །བརྟན་པས་བསྐུལ་བར་བྱ་སྟེ། སྨན་ཆེན་པོ་དེ་བྱ་བའོ། །ཟླ་བ་ནི་ཁུ་བའོ། །བྱུགས་པ་ནི་ཁྲག་གིས་ཀྱང་ངོ། །དེར་ནི་སྟེ་ཟླ་བ་ལའོ། །རི་རབ་ནི་སུམ་ཡིག་གོ་། ་བྱ་བ་སྙོམས་འཇུག་གོ་།བཞུག་བྱ་ནི་འཕང་པར་བྱ་བའོ། །དངོས་པོ་ནི་བྱང་ཆུབ་ཀྱི་སེམས་སོ་གཡོན་དང་གཡས་ནི་རྩ་གཉིས་སོ། །བསྐུམ་པ་ནི་བྱ་བའི་ཁྱད་པར་རོ། །བསྐུམ་པ་ཡང་མྱུར་དུ་འཕོ་བ་འཛིན་པའི་ཐབས་གསུངས་སོ། །འོན་ཀྱང་གདན་ས ་ངག་ལས་གསལ་བར་ཤེས་པར་བྱའོ། །དེ་ལྟར་ནི་སྲོག་དང་ཐུར་སེལ་དག་ལྟེ་བར་བསྐུམ་ནས་མན་ངག་ཇི་ལྟ་བར་སེམས་བརྟན་པ་ལས་སེམས་ཀྱི་འཇུག་པ་དབང་དུ་བྱས་པའི་བྱང་ཆུབ་ཀྱི་སེམས་རང་གི་གནས་ནས་དར་བ་པ་དང། ཕྱིར་འགྲོ་བ ་སྲུང་བ་ཉིད་དང་འཕེལ་བ་རྣམས་རིམ་པས་འགྱུར་རོ། །དེ་ཁོ་ན་འདིར་རོ་རྩ་བར་བྱེད་པའོ། གསེར་ལ་སོགས་པ་འདོད་པས་ནི་གཏོང་ངོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ལྷན་ཅིག་སྐྱེས་པ་ཅིག་ཅར་ཤེས་རབ་ཀྱིས་དང་ཐབས་ཀྱིས་ཀྱང་འཕང་ངོ། ། ་ཟངས་སྲང་གཅིག་གིས་དངོས་པོར་བཅས་ཞེས་ཁ་ཅིག་གོ་།ལོགས་སུ་ནི་ཤེས་རབ་མའི་གཡོན་པའི་གཞོགས་སུའོ། །པདྨའི་ནང་ངོ་ཞེས་ཁ་ཅིག་གོ་།རྒྱས་པར་སྟོན་པ་ཉིད་དེ་ནས་ལས་ཞེས་པ་སྙོམས་འཇུག་གོ་།རི་རབ་ཅེས་པ་ལ་སོགས་པ་དང་པོའི ་དོན་ལ་དྲུག་པའོ། །ས་བོན་རྒྱལ་པོ་ནི་ཧྲི(རྒྱུད་འགྲེལ་ཀྱིས་བཅོམ་ལྡན་འདས་མའི་གཟུགས་ཀྱི་གཞོན་ནུ་མ་ལ་འཁྱུད་པས། རང་གི་སྙིང་གར་བྱང་ཆུབ་ཀྱི་སེམས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་གྲུབ་པའི་བཅུད་མ་ལུས་པ་ཁྲག་དང་འདྲེས་པ་སྟེ། དེའི་སྟེང་དུ་ས་བོན་སུམ་དང་དེའི་སྟེང་དུ་ཧྲི(རྒྱུད་འགྲེལ་ནས་གསུམ་པོ་འདི་འདོད་ཆགས་ཆེན་པོས་ཞུ་བ་མཉམ་པར་དགའ་བ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་དང་ལྷན་ཅིག་ཞུ་ཞིང་འདྲེས་པར་གྱུར་ནས་པདྨར་ལྷུང་བ་ཤེས་རབ་མའི་བྱང་ཆུབ་ཀྱི་སེམས་དང་རྡུལ་དག་དང་འདྲེས་པ་སྟེ། དེ་དྲོན་པོས་ཟངས ་མ་འམ་ལྕགས་ལ་མྱུར་དུ་བྱུགས་ཏེ་མེ་ལ་འཕང་བར་བྱའོ་ཞེས་སོ། །སངས་རྒྱས་ཚད་མ་མིན་པ་ཡང་མ་ཡིན་ནོ། །དེའི་ཕྱིར་འདི་ཞེས་པ་ལ་སོགས་པ་སྟེ། དངོས་པོ་གང་དང་ཞེས་པ་བཤད་ཟིན་པ་དང་འཆད་པར་འགྱུར་བའོ། །ཚད་མིན་ནི ་ཚང་མ་མ་ཡིན་པར་སྒྲོ་བཏགས་པའོ། །དམྱལ་བ་ལས་མི་ཉམས་ཏེ་མི་འདོར་བའོ། །ཆོས་ཞེས་པ་ལ་སོགས་པ་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རྣམས་ཀྱིས་གསང་ཆེན་བླ་ན་མེད་པའི་རྣལ་འབྱོར་པའི་རྒྱུད་འདིའོ། །གསེར་དང ་དངུལ་དཱུང་ཞེས་པ་ཟངས་ནི་གསེར་དུ་དར་ཁབ་ལེན་གྱི་ལྕགས་ནི་དངུལ་དུ་འགྱུར་རོ། །འདི་ཁོ་ན་དྲོན་མོ་དངུལ་ཆུ་སྦྱངས་པར་ཏི?་གཅིག་དང་ལྷན་ཅིག་ཟླ་བ་དྲུག་ཏུ་ཉི་མ་སོ་སོར་སྣར་བླུག་པར་བྱ་སྟེ། འདིའི་ཕན་ཡོན་ནི་འཚོའོ་ཞེས་པ་ལ་སོགས་པའོ། །ཡང ་དག་སྦྱོར་བ་ནི་རྡོ་རྗེ་དང་པདྨ་དགོ་བཞི་ཞེས་པ་རྣམ་པར་རྒྱལ་བའི་བུམ་པ་གཙོ་བོ་ཉིད་ཀྱིས་ནམ་བརྗོད་ཀྱང་གྲུབ་པ་ཉིད་ཀྱི་ཕྱིར་རོ། །འདིར་བུམ་པ་ལྷག་པར་གནས་པ་ནི་ལེའུ་བཞི་པར་ཇི་སྐད་བཤད་པ་བཞིན་ནོ། །ཁྱད་པར་གསུངས་པ། བདག་ཉིད ་ཀྱི་ཞེས་པ་ལ་སོགས་པ་སྟེ། བདག་ཉིད་ཀྱི་མིང་མེད་ཀྱི་ཁྲག་མོ་གཤམ་གྱི་ཁམས་ཀྱི་གཙོ་བོ་དང་བསྲེས་པས་སོ། །ནག་པོ་དམར་པོ་འཇིགས་ཆེན་པོ་ཞེས་པ། ཁ་དོག་ནག་པོ་དང་དམར་པོ་དེ་དག་གིས་འཇིགས་ཆེན་ནོ། །ནག་པོ་བཅོམ ་ལྡན་འདས་དམར་བའི་སྣ་ཚོགས་སྔ་མས་འཁྱུང་བ་སྟེ། །འདིར་ལྷ་མོ་བརྒྱད་ཀྱིས་བསྐོར་བ་ཞེས་པའི་དོན་ཏོ། །བླ་མ་ཁ་ཅིག་ནི་ནག་པོ་ཡང་ཡིན་ལ་ཅུང་ཟད་དམར་བ་ཡང་ངོ་ཞེས་པ་ཤེས་རབ་མེད་པ་ཁོ་ནའོ་ཞེས་གསུང་ངོ། །དོན་འདི ་ཡིན་ཏེ་འདིར་སློབ་དཔོན་འཁོར་དང་བཅས་པའི་ཧེ་རུ་ཀའི་བདག་ཉིད་ཀྱིས་ཆོ་ག་ཇི་ལྟར་བཞེངས་པའི་དཀྱིལ་འཁོར་རམ་རས་བྲིས་ཀྱི་དཀྱིལ་འཁོར་ཉེ་བར་སྤྱོད་པ་ལྔས་མཆོད་པའི་ཤར་གྱི་སྒོར་ཕྱོགས་བཅུའི་གཏོར་མ་བྱིན་བས་ཁྲག་དང་ཁམས་ཀྱི ་གཙོ་བོས་ཁའི་ནང་བྱུགས་པའི་བུམ་པ་ལྔ་ལྷག་པར་གནས་པ་བྱས་ནས་མོ་གཤམ་དཀྱིལ་འཁོར་ལ་ཕྱོགས་པ་ལ་རྡུལ་གྱི་རྗེས་ཐོགས་སུ་ཁྲུས་བྱེད་པའི་དུས་སུ། རང་ཉིད་ལངས་ནས་དང་པོར་རྣམ་རྒྱལ་བུམ་པས་སྙིང་པོའི་སྔགས་དང་ཧཱུཾ་ཡིག་བསྒྱིངས ་པ་དང་བཅས་པར་བརྗོད་ཅིང་ཁྲུས་བྱའོ། །དེའི་ཚེ་ཁོ་ན་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་དཔའ་ཨོ་དང་དཔའ་མོ་དཔག་ཏུ་མེད་པ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་བུམ་པ་ལག་པའི་ཡལ་གས་གཟུང་བ་རྣམས་ཀྱིས ་ཁྲུས་བྱེད་དུ་འཇུག་པར་མཛད་དོ། །དེའི་ཚེ་ཁོ་ན་སྐྱེས་བུ་གཏུམ་མོ་ཤེས་རབ་མེད་པའི་གཅིག་པུའི་བདག་ཉིད་ཀྱི་ཧེ་རུ་ཀའི་གཟུགས་ཅན་རལ་གྲི་འཛིན་པ་བཞི་རྣམས་ཀྱིས་ཅིག་ཅར་རལ་གྲིས་ནམ་མཁའ་ལ་གདོན་ལ་སོགས་པའི ་བདུད་རྣམས་བསོད་པའི་བསམ་པས་བརྡེག་པར་བྱའོ། །འདི་ལྟ་བུའི་རིམ་པས་བུམ་པ་གཞན་རྣམས་ཀྱིས་རིམ་གྱིས་བཀྲུའོ། །དེའི་རྗེས་སུ་འདོད་པ་སྤྱོད་པར་བྱའོ། །དེ་ནས་དེ་བུའི་མངལ་དང་ལྡན་པར་འགྱུར་ཞིང། དེ་བཞིན་དུ་བུ་ཤི་མ་ནི ་བུ་འཚོའོ་ཞེས་པའོ། །མི་འཇིགས་པའི་གཞུང་འགྲེལ་དུ་ལེའུ་བཅུ་པའོ། །རིག་པ་འཛིན་པའི་སྦྱོར་བ་རྒྱས་པར་བསྟོན་པའི་ཆེད་དུ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །ལེའུ་བཞི་པར་རི་སྐེགས་ཀྱི་བྱེད་པའི་ཆོ་གའི་སྔ་མ ་ཐམས་ཅད་འདིར་རྟོགས་པར་བྱའོ། །ཁྱད་པར་གསུངས་པ། འདི་ཉིད་ཀྱིས་ཞེས་པ་འཆད་པར་འགྱུར་བས་སོ། །ཟིན་པ་ཞེས་པ་ལ་སོགས་དུས་སུ་ཟིན་པར་གྱུར་པ་དུག་གསོ་བ་པོ་ཐམས་ཅད་ཀྱིས་མི་ནུས་པས་གང་གི་ཚེ་དུས་སུ་བཟུང་བའོ ་ཞེས་དོར་བ་དེའི་ཚེ་ལས་བརྩམ་མོ། །ལུས་དཀར་རྣམས་ནི་ཞེས་པ་བཅོམ་ལྡན་འདས་དང་ཕྱོགས་ཀྱི་ལྷ་མོ་རྣམས་དཀར་བ་སྟེ། མཚམས་ཀྱི་ལྷ་མོ་རྣམས་དམར་བའོ། །ཆོག་བཞིན་དུ་ཞེས་པའི་ཏིང་ངེ་འཛིན་གསུམ་རྫོགས་པར ་བྱེད་པས་སོ། །རལ་གྲི་ནི་སཱ་ལི་བཏགས་པ་ལས་བྱུང་བའོ། །དེའི་སྟེ་རིག་པ་འཛིན་པ་གཉིས་ཀྱིའོ། །བྲི་སྟེ་གཞུག་གོ་།འདབ་མ་ནི་གྲོ་ག་ལ་སོགས་པའོ། །ལྕུག་མ་ནི་ག་ར་བཱི་ར་དཀར་པོའི་འོ། །གཅིག་ལ་ཞེས་པ་རིག་པ་འཛིན་པ ་གཅིག་གོ་།ལྟུང་བ་ནི་ཟིན་པའི་སྟེང་དུའོ། །དེའི་ཚེ་ཁོ་ན་ཟིན་པ་ལྡང་ངོ། །དེ་ལྟར་རི་སྐེགས་ཀྱི་བྱེད་པ་དང་ཆུའི་བྱེད་པ་དང། རིག་པ་འཛིན་པའི་བྱེད་པ་རྒྱས་པར་བཤད། གཞན་བྱེད་པ་བཅོ་ལྔ་རྣམས་ནི་སངས་རྒྱས་ཐོད་པའི ་རྒྱུད་སྟོང་ཕྲག་བཅུ་གཉིས་པར་རྒྱས་པར་བསྟན་པ་རྣམས་ཤེས་པར་བྱའོ་ཞེས་པའོ། །མི་འཇིགས་པའི་གཞུང་འགྲེལ་དུ་ལེའུ་བཅུ་གཅིག་པའོ།། །།མིག་སྨན་གྱི་དངོས་གྲུབ་མདོར་སྟོན་པ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ ་གཙོར་གྱུར་ཏེ་རྣལ་འབྱོར་མ་ཉི་ཤུ་རྩ་བཞི་རྣམས་ཀྱིའོ། །མཐོང་བ་ནི་མཐོང་བ་རྣམས་སོ། །གང་རྣམས་ཞེས་པ་གང་རྣམས་སུའོ། །མ་གསུངས་པ་ནི་རྒྱུད་གཞན་རྣམས་སུའོ། །སྐལ་བ་ཆེ་ནི་བསྔགས་པར་འོས་པ་སྟེ་སྒྲིབ་པ་མེད་པའི་སྟོབས ་དང་མི་འཇིགས་པ་ཉིད་ལ་སོགས་པའི་ཡོན་ཏན་ཆེན་པོ་སྟོན་པའི་ཕྱིར་རོ། །སེམས་ཅན་དོན་ལ་བརྩོན་པ་ཉིད་ལས་གཞན་གྱི་དོན་ཕུན་སུམ་ཚོགས་པ་གསུངས་སོ། རྒྱུའི་གནས་སྐབས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་སངས་རྒྱས་ཀུན་སྐྱེད་མའོ།། ་འབྲས་བུའི་ངོ་བོ་ཉིད་ཀྱི་ཕྱིར་ཕྱག་རྒྱ་ཆེན་མོའོ། །རྣལ་འབྱོར་པ་ནི་རྣལ་འབྱོར་པ་རྣམས་སོ། །ཀུན་རྣམས་ཏེ་ཐམས་ཅད་ཀྱི་ངོ་མཚར་ཐོབ་པའོ། །གཞད་པའི་ནུས་པ་དེས་པ་ཐོབ་ནས་ཞེས་པ་ལྷག་མའོ། །རྒྱལ་མཚན་ནི་རྒྱལ་མཚན་ལྟ ་བུའི་མིའོ། །ཐབ་ཁུང་ནི་གྲུ་གསུམ་པའོ། །དེ་ཉིད་དུ་ནི་ཐབ་ཏུའོ། །མགོ་བོས་ནི་མགོ་བོར་ཏེ་ཐོར་བར་རོ། །དེའི་ནི་ཤའི་འོ། །གཞན་ཡང་ནི་ཐོར་པ་གཞན་དུའོ། །བགེགས་ཀྱི་ཞེས་པ་བགེགས་རྣམས་སོ། །དུ་བ་ཞེས་པ་མ་ལུས་པའོ། །བཏུང ་བར་བྱ་ཞེས་པ་རང་ཉིད་ཀྱིས་སོ། །འཐུར་དུ་གཞུག་ཅེས་པ་ཤེས་རབ་མའོ། །འདིས་སངས་རྒྱས་ཐོད་པའི་རྣལ་འབྱོར་པས་དུར་ཁྲོད་དུ་སྦྱངས་པའི་མིའི་རྐེད་པའི་རུས་པ་ལས་བྱས་པའི་ཐབ་ཁུང་གྲུ་གསུམ་པའི་སྟེང་དུ་དེའི་ཐོད་པར་དེའི ་འཕོངས་ཀྱི་ཤའི་མར་ཁུས་གང་བར་དུར་ཁྲོད་ཀྱི་རས་ཀྱི་སྡོང་བུ་ལ་དུར་ཁྲོད་ཀྱི་མེས་སྦར་བཞག་ལ། སྟེང་དུ་སྦྱངས་པའི་མིའི་ཐོད་པ་གཞན་དུ་སྔགས་ཟློས་ཤིང་དུ་བ་དབབ་པར་བྱའོ། །དུ་བ་དེ་ས་ལ་མ་རིག་པ་དང་པོར་ལག་པ ་གཉིས་ཀྱིས་བཟུང་ནས། དེའི་རྗེས་སུ་ལག་པ་གཡོན་པར་བཞག་སྟེ། ཀི་ལི་མཱ་ལི་འཐུངས་པའི་བུ་མོ་སྐྱེ་གནས་མ་ཉམས་པ་རྡུལ་འཐབ་མ་སྣ་ཚོགས་སྡེ་མའི་གཟུགས་སུ་མོས་པ་ལ་དལ་བུས་འདོད་པ་སྤྱད་ནས་རྡུལ་དང་འདྲེས་པའི ་གཉིས་ཀའི་བྱང་ཆུབ་ཀྱི་སེམས་ཅུང་ཟད་གཉིས་ཀས་མྱངས་ཏེ་ཆ་གཞན་མང་པོ་དང་ལྷན་ཅིག་གཡས་པའི་མིང་མེད་དང་མཐེ་བོ་དག་གིས་མནུར་རོ། །དེ་ནས་དེ་ཁོ་ནའི་རྡུལ་གྱིས་རི་ལུ་བརྒྱད་ལྷག་པའི་བརྒྱ་བྱས་ཏེ། རི་ལུ་སོ་སོ་ལ་བརྒྱད་ལྷག་པའི ་བརྒྱར་མངོན་པར་བསྔགས་ནས་སྔགས་འདོན་ཅིང་དེས་མིག་ལ་མིག་སྨན་དུ་བྱའོ། །ཞེས་པ་ཚོགས་པའི་དོན་ཏོ། །འདི་ཉིད་ཀྱིས་ཞེས་པ་འདི་བྱུགས་ཞེས་པ་ལ་སོགས་པ་དང་འགྲེལ་ལོ། །དཔུང་པ་ཆེ་ནི་ཕྱག་ན་རྡོ་རྗེ་སྟེ། སེམས་ཅན་མ་ལུས ་པ་ཚིམ་པ་ལ་གཞོལ་བའི་ཕྱག་ཅན་ཉིད་ཀྱི་ཕྱིར་རོ། །རྣལ་འབྱོར་མ་མཆོག་ནི་རྣལ་འབྱོར་མའི་རྒྱུད་དུ་རྙེད་བླའོ། །མིང་མེད་དང་མཐེ་བོས་ཞེས་པ་གཡས་པས་སོ། །དེ་བཞིན་དུ་འོག་གི་མིག་སྨན་ལ་ཡང་གཡས་པའི་བྱ་བའོ། །རྣལ་མ ་ཞེས་པ་མིག་གཉིས་པ་ལས་མིག་སྨན་མ་བྱུགས་པའི་གནས་སྐབས་བཞིན་དུ་འགྱུར་བའོ། །གེག་རྡོབ་བདུན་གྱི་ཆང་དུ་འགྱུར་ཏེ་ཧ་ཅང་ཆར་ཆེས་པ་བཟློག་པའི་དོན་དུའོ། །བདག་ཉིད་ཆེན་པོའི་ཞེས་པ་མཐུ་ལས་ཞེས་པ་ལྷག་མའོ། །རང་གི ་གཟུགས་ནི་སྒྱུར་བའི་ཞེས་པ་དང་པོའི་དོན་ལ་དྲུག་པའོ། །སྦྱོར་བ་ཞེས་པ་རིག་པ་འཛིན་པ་ཉིད་ལ་སོགས་པ་འགྲུབ་པའི་ཆེད་དུ་སྦྱོར་བ་རྣམས་ཉུ་དུའི་རྒྱུད་དུ་མ་གསུངས་ཤིང་རྒྱས་པར་ནི་གསུངས་པ་རྣམས་བླ་མའི་ཞལ་ལས་ཤེས་པར་བྱའོ ་སྔགས་བཟླས་པའི་བྱེ་བྲག་ལ་བགྲང་ཕྲེང་གི་བྱེ་བྲག་བརྗོད་པའི་ཆེད་དུ་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །གླང་ཆེན་རུས་པས་ཏེ་གླང་པོར་ཆེའི་རུས་པས་མངོན་སྦྱོར་གྱི་དུས་སུ་བཟླས་སོ། །རུས་བ་ཆེན་པོ་ནི་མིའི་རུས་པའོ། །བྱའི་རུས་པའི ་བྱ་རྒོད་ཀྱི་རུས་པའོ། །ལྕགས་ཀྱིས་ནི་ལྕགས་ཀྱི་བགྲང་ཕྲེང་གིས་སོ། །འདི་ཐམས་ཅད་ནི་སྐྱེད་པའི་ཕྱོགས་ལ་ཡང་སྤྲོས་པ་ཡིན་ཏེ། དེ་ལྟ་དེ་ལྟར་གདུལ་བྱའི་སྐྱེ་བོའི་ངོར་གསུངས་པའོ། །རྫོགས་པའི་རིམ་པ་ལ་ནི་འདི་མིས་ཅི་ཞིག་ཅེས་གསུངས་པ། སེམས ་གཅིག་ཅེས་པ་ལ་སོགས་པའོ། །སེམས་གཅིག་དུ་ཁོ་ན་ནི་ཁམས་གསུམ་པའི་དྲི་མེད་མེ་ལོང་སྟེ། །གང་ཕྱིར་དེས་གང་བསམས་པ་དེ་གཟུགས་བརྙན་བཞིན་དུ་སྣང་བས་སོ། །འདི་ཐམས་ཅད་ནི་སེམས་ཀྱི་སྒྲོ་བཏགས་ཤིང་སེམས་དེ་ཡང་དོན་དམ ་པར་རྨི་ལམ་གྱི་ངོ་བོ་སྤྲོས་པ་ཐམས་ཅད་སྤངས་པ་སྟེ། རྨོངས་པ་གང་རྣམས་ཀྱིས་མི་ཤེས་པ་དེ་རྣམས་ལ་རྣམ་པར་རྟོག་པ་ཆེན་པོ་མ་ཆད་པ་མེད་པ་ཡོད་ཅིང། དེ་རྣམས་ཐོས་པ་ལ་སོགས་པ་ཤེས་པ་ཡང་སྟེ་དེ་ལྟ་ན་ཡང་དེ་རྣམས་རྣམ་པར ་རྟོག་པས་བཟུང་བའོ། །ཞེས་པས་སྤྲོས་པ་མེད་པའི་དེ་ཁོ་ན་ཉིད་སྒོམ་པ་ལ་ཆེན་པོ་སྦྱོར་དགོངས་པས་ཐུགས་བརྩེ་བར་གྱུར་པའོ། །མི་འཇིགས་པའི་གཞུང་འགྲེལ་དུ་ལེའུ་བཅུ་གཉིས་པའོ།། །།རིམ་པ་གཉི་ག་ལ་ཡང་དེ་ཁོ་ན་ཉིད་ཁོ་ན་སྒྲིབས་པ ་ཐམས་ཅད་རྣམ་པར་དག་པའོ། །ཞེས་གསུངས་པ་དེ་ནས་ཞེས་པ་ལ་སོགས་པའོ། །རྣམ་དག་ལེའུ་ཞེས་པ་ལ་དེ་ཁོ་ན་ཉིད་རྣམ་པར་དག་པ་ནི་རྣམ་དག་ཡིན་གྱི་དེ་ཁོ་ན་ཉིད་ནི་རྣམ་དག་མ་ཡིན་ཏེ། དེ་ཁོ་ན་ཉིད་ནི་ཐམས་ཅད་ཀྱི་ཚེ་ཡོད་པའི་ཕྱིར་ན་ཐམས་ཅད ་ལ་ཐམས་ཅད་ཀྱི་ཚེ་རྣམ་པར་དག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཡང་ཐབས་ཀྱིས་དེ་ཁོ་ན་ཉིད་མེད་པར་མངོན་དུ་བྱ་བར་མི་སྨྲའོ་ཞེས་པ་དེའི་ཐབས་དང་ལྡན་པ་ཇི་ལྟ་བས་རྡོ་རྗེ་ཐེག་པ་ལ་བརྟེན་པས་མངོན་དུ་བྱ་བ་དེ་སྟོན་པའི་ཆེད་དུ་གསུངས ་པ་སྲིང་མོ་ཞེས་པ་ལ་སོགས་པ་སྟེ། རྣོན་པོ་ལ་སྒྲ་ཇི་ལྟ་བ་བཞིན་ནོ། །ཡང་ན་སྲིང་མོ་ནི་རྡོ་རྗེ་ཐེག་པ་ལ་ཡང་དག་པར་གནས་པའོ། །དེའི་བུ་མོ་ནི་ཚ་མོའོ། །དབང་བསྐུར་སྟེར་བ་མོ་ནི་མའོ། །བུ་མོ་ནི་མཉེས་བ་ཤིན་མའམ་དེར་བཞག་པར་བྱའོ།། ་ཤེས་རབ་ཅན་ནི་རྣམ་པར་དག་པ་ཞེས་པའི་ཕྱིར་རོ། །ཕྱག་རྒྱ་ཆེན་མོ་ཞེས་པ་མངོན་དུ་བྱ་བར་རོ། །འདིས་ནི་ཐབས་ལས་བྱུང་བའི་དེ་ཁོ་ན་ཉིད་གསུངས་སོ། །གཡུང་མོ་ནི་བསམ་གཏན་ལ་དགའ་བའོ། །གང་མཁན་མ་ནི་རབ་ཏུ་སྤྱོད་པ ་མཁས་མའོ། །ཁྲུས་མཁན་མ་ནི་དཀར་པོའི་ཆོས་ལ་དགའ་བའོ། །གཏུམ་པོ་ནི་ང་རྒྱལ་ངེས་པར་བཅོམ་པ་ཉིད་ཀྱི་ཕྱིར་བཟོད་པའི་ངང་ཚུལ་མའོ། །དགེ་བའི་འདུ་བྱེད་རྡོ་རྗེ་གསུམ་གྱི་ལུས་ཅན་ལ་དགའ་བ་པགས་པ་མཁན་མའོ། །ནང་གི་ཤེས་རབ་མོ ་ནི་སྲིང་མོ་ནི་རྐྱང་མའོ། །སྲིང་མོའི་བུ་མོ་ནི་རེ་མའོ། །སྐྱེད་མ་ནི་ཨ་པཾ་དྷཱུ་ཏཱིའོ། །སྔ་མ་དག་ཕྱི་མ་དང་བླ་མའི་མན་ངག་ལས་སྦྱོར་བ་ནི་བུ་མོའོ། །ཤེས་རབ་དང་ཐབས་གཉིས་སུ་མེད་པའི་རང་བཞིན་རྩ་གསུམ་པོ་དེ་རྣམས་ཡང་དག་པར་སྦྱོར་བ་ལས ་སྐྱེས་པའི་བདེ་བ་ཆེན་པོ་ནི་ཆུང་མའོ། །དེ་གསུངས་པ། དེའི་བདེ་བ་འདོད་མར་བཤད་ཅེས་སོ། །སྒྲའི་རྣམ་པར་ཤེས་པ་གཡུང་མོའོ། །རོའི་རྣམ་པར་ཤེས་པ་གང་མའོ། །རེག་བྱའི་རྣམ་པར་ཤེས་པ་ནི་འཁྲུད་མཁན་མའོ། །སྣའི་རྣམ་པར ་ཤེས་པ་ནི་གཏུམ་མོའོ། །མིག་གི་རྣམ་པར་ཤེས་པ་ནི་ཀོ་པགས་མཁན་ནོ། །དེས་པའི་དོན་ནི་བླ་ན་མེད་པའི་ཤེས་རབ་མ་སྲིང་མོ་ལ་སོགས་པ་ནི་ལེའུ་དང་པོར་བཤད་ཟིན་ཏོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་གི་བསག་པར་བྱའོ ་ཞེས་པ་ཆུང་མའོ། །སྟོང་པ་ཉིད་དང་རོ་གཅིག་པ་ཉིད་ཀྱི་ཕྱིར་བློ་བུར་བའི་སྤྲོས་པ་རྣམས་ཐམས་ཅད་ཀྱི་རེག་བྱ་མ་ཡིན་པ་ཉིད་ཀྱིས་ན་གཡུང་མོའོ། །སྲིད་པ་དང་མྱ་ངན་ལས་འདས་པ་ལ་མི་གནས་པ་ཉིད་ཀྱིས་རྣམ་པ་སྣ་ཚོགས་སྒྱུ་མའི་ངོ་བོའི ་སྤྲུལ་པ་རྣམས་ཀྱིས་གདུལ་བྱ་རྣམས་ལ་གར་བྱེད་པའི་ཕྱིར་གར་མའོ། །ཆུང་ངུའི་ཆུང་ངུ་ལ་སོགས་པ་རྟོགས་པའི་རིམ་པས་ཆེན་པོའི་ཆེན་པོ་ལ་སོགས་པའི་སྒྲིབ་པ་བག་ཆགས་དང་བཅས་པའི་དྲི་མ་འཁྲུད་པའི་ཕྱིར་ཁྲུས་མཁན་མའོ། །ཙ་ཏཱ་ལི ་ནི་ཤེས་རབ་རྫོགས་པའི་རང་གི་ངོ་བོ་ངེས་པར་རྟོག་པའོ། །ཱ་ལི་ནི་སྙིང་རྗེ་ཆེན་པོའོ། །དེ་དག་ནི་ཕུལ་དུ་དབྱུང་དུ་མེད་པའི་གོ་འཕང་དུ་འདྲེན་ནོ་ཞེས་པ་གཏུམ་མོའོ། །སྲིད་པའི་ཡན་ལག་བཅུ་གཉིས་ཀྱི་རྗེས་སུ་སོང་བའི་མ་རིག་པའི་པགས་པ་འབྱེད་པའི་ཕྱིར་ཀོ་པགས ་མཁན་མའོ། །ཞེས་པ་བླ་ན་མེད་པའི་ཤེས་རབ་བོ། །ཕྱི་དང་ནང་གི་བདག་ཉིད་ཀྱི་ཤེས་རབ་མ་འདི་རྣམས་ཁོ་ན་ལ། བླ་ན་མེད་པའི་ཤེས་རབ་ཀྱི་ཡོན་ཏན་རྣམས་ཀྱི་རྗེས་སུ་བྱེད་པའི་ཕྱིར་ཤེས་རབ་ཉིད་དུ་རྟོགས་པར་བྱའོ། །དེ་ཉིད་ཀྱི་ཕྱིར་གསུངས་བར་འགྱུར་བ། ་རྣམ་པར་མངག་སེམས་སྦྱངས་པས་ཞེས་སོ། །འདིས་ནི་རྫོགས་པའི་རིམ་པ་ལ། ཕྱིའི་ཤེས་རབ་མ་ལས་ཀྱི་ཕྱག་རྒྱ་དང། ནང་གི་ཤེས་རབ་མ་ཆོས་ཀྱི་ཕྱག་རྒྱ་དང། བླ་ན་མེད་པའི་ཤེས་རབ་མ་ཕྱག་རྒྱ་ཆེན་མོའོ། །འདི་ཁོ་ནས་དག་པ་མཐར ་ཐུག་པ་ལ་ལྷག་པར་གནས་པ་ཉིད་ཀྱི་ཕྱིར་ཆོས་ཀྱི་སྐུ་སྟེ། དེ་ནི་བདེ་བ་ཆེན་པོའི་སེམས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །ལས་ཀྱི་ཕྱག་རྒྱ་དང་སྦྱར་བ་མཚན་དང་དཔེ་བྱད་ཀྱིས་རྣམ་པར་མཛེས་པའི་སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །མཚན་པ ་མེད་པར་སྣ་ཚོགས་ཤིང་མཛའ་ཡས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པའི་རྣམ་པར་སྤྲུལ་པ་ནི་གདུལ་བྱའི་སྐྱེ་བོ་སྐལ་ལྡན་རྗེས་སུ་འཛིན་པའི་དུས་ལས་མི་འདའ་བའ་ཨི་ཕྱིར་དམ་ཚིག་གི་ཕྱག་རྒྱ་དང་སྤྲུལ་པའི་སྐུའོ། །ཕྱག་རྒྱ་ཆེན་པོ་ཁྱད་པར་བྱེད ་པ་ནི་རང་བཞིན་པའི་སྐུ་སྟེ་བཞི་པའོ། །ཡང་ན་ཕྱག་རྒྱ་ཆེན་པོ་མཚན་དང་དཔེ་བྱད་འབར་བ་ཕྱག་དང་ཞལ་དང་ཕྱག་མཚན་ལ་སོགས་པ་དང་ལྡན་པའི་ངོ་བོ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །དམ་ཚིག་གི་ཕྱག་རྒྱས་སེམས་ཀྱི་རང་བཞིན་སོ་སོ་རང ་གིས་རིག་པར་བྱ་བ་ནི་ཆོས་ཀྱི་སྐུ་སྟེ། དམ་ཚིག་ནི་ཡང་དག་པར་རྟོགས་པའོ། །ཞེས་བྱས་ནས་སོ། །ཆོས་ཀྱི་ཕྱག་རྒྱ་ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུའི་བྱིན་བརླབས་ལས་སྣ་ཚོགས་པའི་རྣམ་པའི་ཆོས་ཀྱི་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་གསུང ་གི་བདག་ཉིད་དོ། །ལས་ཀྱི་ཕྱག་རྒྱ་ནི་བྱ་བ་སྒྲུབ་པའི་ངོ་བོ་ཉིད་ཀྱི་ཕྱིར་སྤྲུལ་པ་སྣ་ཚོགས་པ་རྣམས་ཀྱིས་བྱ་བ་ཕུན་སུམ་ཚོགས་པར་བྱེད་པའི་ཕྱིར་སྤྲུལ་པའི་སྐུའོ། །སྐྱེད་པའི་རིམ་པ་ལ་ནི་ཕྱི་རོལ་གྱི་ཤེས་རབ་མ་ཁོ་ན་མངོན་པར་འདོད་པའི ་ལྷ་མོའི་གཟུགས་སུ་བསྒོམས་པ་ནི་ལས་ཀྱི་ཕྱག་རྒྱའོ། །རང་འདྲའི་བུད་མེད་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་པའི་མིང་གཞན་ནོ། །ལུས་ལ་བསྒོམས་པའི་ཧཱུཾ་ཡིག་ལ་སོགས་པ་ཡང་ཆོས་ཀྱི་ཕྱག་རྒྱའོ། །དམ་ཚིག་ཕྱག་རྒྱའི་ས་བོན་ལ་སོགས་པ་ལས་རྫོགས ་པའི་དཀྱིལ་འཁོར་གྱི་འཁོར་ལོ་འདུས་པའི་ལྷ་སྤྲོ་བ་དང་སྡུད་པ་ལ་སོགས་པའི་བྱེད་པ་ཅན་རྣམས་ཏེ་མཚན་ཏེ་ཡོད་པ་མ་ཡིན་པ་ཁོ་ན་སྟེ། དང་པོ་ནས་དག་པ་ཉིད་ཀྱི་ཕྱིར་རོ། །འོ་ན་སྐྱེ་བ་མེད་པའི་དེ་ཁོ་ན་ཉིད་བསྒོམ་བྱར་ཡོད་དོ་ཞེས་ན་གསུངས ་པ་དངོས་མེད་ཅི་འདྲ་ཞེས་པ་སྐྱེ་བ་མེད་པ་མེད་དོ། །དོན་དམ་པར་རྟོགས་པ་དང་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་ན་ནི་དོན་དམ་པ་དེ་ཁོ་ན་ཉིད་དུ་བརྗོད་དོ། །གང་ཡང་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་ཀྱི་དངོས་པོ་དེ་ཡང་བསྒོམ་བྱ་དངོས་མེད་མ་ཡིན་ཏེ། བདེན ་པ་ཉིད་ཀྱི་ཕྱིར་རོ། །བདེན་པ་གཉིས་གཉིས་སུ་དབྱེར་མེད་པར་མཐོང་བ་ཙམ་གྱིས་གྲོལ་བའི་ཕྱིར་བསྒོམ་བྱ་སྒོམ་པ་པོ་དང་སྒོམ་པ་ཞེས་མངོན་པར་ཞེན་པ་ཟུང་འཇུག་གི་རིམ་པ་རྟོགས་པ་རྣམས་ལ་མེད་དོ། །ཞེས་པ་དགོངས་པའོ། །དེ་དཔལ་འདུས ་པར་གསུངས་པ། དངོས་པོ་མེད་ལ་སྒོམ་པ་མེད། །སྒོམ་པ་བསྒོམ་པ་མིན་ནམ་ཉིད། །དེ་ལྟར་དངོས་པོ་དངོས་མེད་པ། །བསྒོམ་པ་དམིགས་པར་མི་འགྱུར་རོ་ཞེས་སོ། །དེ་ཉིད་ཀྱི་ཕྱིར་ཉེ་བར་བསྡུད་དོ། །ཅི་ལྟར་འགྱུར་ཞེས་པ་སྒོམ་པ་སྟེ། དེའི་ཕྱིར་ཉེ ་བར་མི་དམིགས་སོ། །ཞེས་པ་དགོངས་པའོ། །དེ་ཅི་རྫོགས་པའི་རིམ་པ་ལ་སྒོམ་པ་ཆད་པ་ཁོ་ན་འམ་ཞེན་ཆད་པ་མ་ཡིན་ནོ། །འོ་ན་དེ་ཅི་འདྲ་བ་ཡིན་ཞེ་ན། དེ་གང་འདྲ་བ་ཡིན་པ་ནི་འཆད་པར་འགྱུར་རོ། །དེ་ལྟར་དོན་དམ་པར་བསྒོམ་པར་བྱ་བ་ལ་སོགས ་པར་མངོན་པར་ཞེན་པ་བསལ་ནས། གཟུགས་ལ་སོགས་པར་མངོན་པར་གསལ་བར་འདོད་པས་གསུངས་པ། སྲིང་མོ་ཞེས་པ་ལ་སོགས་པའོ། །ཅི་ལྟར་ཏེ་གང་གི་ཕྱིར་དཀར་མོ་ལ་སོགས་པའི་དབྱེ་བ་ཐ་དད་པ་གཟུགས་དང་ཡང་དག་པར་ལྡན་པ་དབང་པོ་དང ་ཕན་ཚུན་ཕན་གདགས་བྱ་འདོགས་བྱེད་ཀྱི་དངོས་པོ་ལས་འབྲེལ་བ་སེམས་མ་དག་པས་མཐོང་གི་།སེམས་དག་པས་ནི་མ་ཡིན་ཏེ། དོན་དམ་པ་ང་དབང་པོ་དང་ཡུལ་དང་དེའི་ཤེས་པ་རྣམས་རང་བཞིན་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་ཕྱི་མར་རོ། །རྣམས ་གསུམ་ཞེས་པ། ཡིད་དང་ཡིད་ཀྱི་ཤེས་པ་དང་མི་སེམས་པའི་བྱེ་བྲག་ལས་སོ། །འདི་འདྲའི་སྦྱོར་བ་དང་ལྡན་པ་ཡི་ཞེས་པ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་དང་ལྡན་པའོ། །མཉམ་པར་བྱའོ་ཞེས་པ་མཉམ་པ་སྟེ་དྲིའོ། །བལྟ་མིན་ཞེས་པ་བལྟ་བྱ་མ་ཡིན་ཞིང་ཤེས ་བྱ་མིན་པའོ། །དེ་ཉིད་ཀྱི་ཕྱིར་དྲི་ལ་སོགས་པ་རྣམས་ལས་འདོད་ཆགས་དང་ཞེ་སྡང་ལ་སོགས་སྐྱེ་བ་མ་ཡིན་ནོ། །མྱང་པའི་གཟུགས་ཀྱི་ཞེས་བྱ་བ་མྱང་བའི་གཟུགས་མེད་དེ། ལྕེ་དང་རོ་དག་མེད་པའི་ཕྱིར་རོ། །ཡིད་ཀྱིས་ཏེ་ཡིད་ཀྱི་ཉེ་བར་མཚོན་པ་ལུས་ཀྱི ་དབང་པོས་བདེ་བ་རེག་བྱའི་ཡུལ་ལ་སྐྱེ་བ་དང་ཉེ་བར་མཚོན་པ་ལས་སྡུག་བསྔལ་དང་བཏང་སྙོམས་ལོངས་སྤྱོད་དེ། དེ་ཡང་ཅི་འདྲ་ཞིག་གོ་།ཡིད་ཀྱི་དབང་པོ་ནི་ཡིད་ཉིད་དོ། །བདེ་བ་དང་ཉེ་བར་མཚོན་པ་ལས་སྡུག་བསྔལ་ཏེ། དགའ་བ་དང་སྐྱོ་བ་དང་བཏང་སྙོམས ་ལོངས་སྤྱོད་པ་དེ་ཡང་ཅི་འདྲ་ཞིག་ཅེས་འབྲེལ་ལོ། །འོ་ན་གཟུགས་ལ་སོགས་པའི་ཡུལ་ལྔ་རྣམས་དང་དེའི་ཡུལ་ཅན་དབང་པོ་ལྔ་རྣམས་དང་དེ་དག་གི་རྣམ་པར་ཤེས་པ་རྣམས་ཤེས་རབ་ལྔའི་རང་བཞིན་དུ་རྣམ་པར་བཞག་ཅིང། ཡུལ་དང་དབང་པོར་ཤེས ་པ་དྲུག་པ་རྣམས་མི་བརྗོད་པ་ཇི་ལྟར་ཞེ་ན། ཡིད་ཀྱི་དབང་པོ་ནི་མིག་ལ་སོགས་པའི་དབང་པོ་བཞིན་དུ་ལོགས་པ་མེད་ཀྱིས་འདས་མ་ཐག་པ་ཁོ་ནའི་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་ཁྱད་པར་ཕྱི་མ་སྐྱེད་པའི་བདག་པོ་ཉིད་ཀྱི་ཕྱིར་ཡིད་ཀྱི་དབང་པོར ་བརྗོད་ཅིང་དེའི་བྱེ་བྲག་སེམས་ལས་བྱུང་བ་རྣམས་དང་དེའི་ཡུལ་དང་ཡིད་ཀྱི་རྣམ་པར་ཤེས་པའོ། །དེ་ལ་རྟོག་མེད་དག་ནི་ཡིད་ཀྱི་དབང་པོ་དང་དེའི་ཡུལ་དག་སྟེ་དབང་པོའི་ཤེས་པ་ལྔའི་རང་བཞིན་དག་གོ་།སེམས་བྱུང་རྣམས་ཀྱང་སེམས་རྣམས་ལས ་གཞན་པ་མ་ཡིན་ནོ། །དེ་གསུངས་པ། སེམས་ལས་སེམས་བྱུང་གཞན་མ་ཡིན་ཞེས་སོ། །རྟོག་པ་ཅན་དག་ནི་ཡིད་ཀྱི་རྣམ་པར་ཤེས་པའི་རང་བཞིན་དག་གོ་།ཡིད་ཀྱི་རྣམ་ཤེས་ནི་ཆད་དང་མཚམས་སྦྱོར་འདོད་ཆགས་བྲལ། ཉམས་སམ་ཡང་ངོ། །རང་ཉིད ་གཙོ་བོའི་ལྷའི་གཟུགས་ཅན་ནི་ཕྱག་རྒྱ་ཆེན་པོའོ། །ཞེས་གསལ་བར་བྱས་སོ། །ནང་གི་ཤེས་རབ་མ་ཁོ་ན་དབང་པོ་དང་ཉོན་མོངས་པ་དང་ཡུལ་གྱི་ངོ་བོར་བརྗོད་པའི་ཆེད་དུ་དེ་ནས་ཞེས་པ་ལ་སོགས་པའོ། །རོ་ཞེས་པ་ལྕེའོ། །ཡིད་ཅེས་པ་ཡིད་ཀྱི་ཉེ་བར་མཚོན ་པ་འདིར་ལུས་ཀྱི་དབང་པོའོ། །སྲིང་མོ་གཟུགས་སུ་ཇི་ལྟར་འགྱུར་ཞེས་པ་ལ་སོགས་པ་འཆད་པར་འགྱུར་བའི་གསུང་གི་ཕྱིར་མིག་ལ་སོགས་པ་རྣམས་ཀྱིས་ཉེ་བར་མཚོན་པ་ཉིད་ཀྱི་གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱང་སྲིང་མོ་ལ་སོགས་པའི་ངོ་བོར་ཤེས་པར ་བྱའོ། །གང་གིས་ཞེས་པ། གང་གཟུགས་ཡིན་པ་དེ་གཏི་མུག་གི་རྒྱུ་ཉིད་ཀྱི་ཕྱིར་གཏི་མུག་གཟུགས་ཏེ། འབྲེལ་པའི་ཕྱིར་ཞེ་སྡང་ལ་སོགས་པ་ཡང་ངོ། །འདོད་ཆགས་ཏེ་འདོད་ཆགས་ཀྱང་ངོ། །ང་རྒྱལ་ཏེ་ང་རྒྱལ་ཡང་ངོ། །ཕྲག་དོག་ཀྱང་ངོ། །གཟུགས་ལ ་སོགས་པའི་ཡུལ་རྣམས་གཏི་མུག་ལ་སོགས་པ་སྐྱེད་པ་ཉིད་ཀྱི་ཕྱིར་གཏི་མུག་ལ་སོགས་པར་ཐ་སྙད་བྱའི། དེ་ཁོ་ན་ཉིད་དུ་མ་ཡིན་ནོ། །ཞེས་པའི་དོན་ཏོ། །སེམས་ཀྱི་ཞེས་པ། སེམས་ཁོ་ནའི་གནས་སྐབས་ཀྱི་ཁྱད་པར་ནི་མིག་དང་གཏི་མུག་དང་གཟུགས་ལ་སོགས་པ ་འདི་རྣམས་སོ། །སེམས་ཀྱང་མ་དག་པ་ཁོ་ན་སྟེ་གཏི་མུག་ལ་སོགས་པའི་དྲི་མ་རྣམས་ཀྱིས་སོ། །དེའི་ཕྱིར་མིག་ལ་སོགས་པ་རྣམས་ཀྱང་མ་དག་པའོ་ཞེས་དགོངས་པའོ། །འོ་ན་ཇི་ལྟར་སྲིང་མོ་ལ་སོགས་པ་ཤེས་རབ་ཉིད་དུ་བཤད་ཅེ་ན་གསུངས་པ། དེ་ཕྱིར་ཞེས་པ ་སྟེ་གང་གི་ཕྱིར་འདི་རྣམས་རྣམ་པར་དག་པ་ཁོ་ན་ཤེས་རབ་ཡིན་ཅིང་སེམས་རྣམ་པར་དག་པ་འདི་རྣམས་རྣམ་པར་དག་པ་ཡིན་པ་དེའི་ཕྱིར་སེམས་རྣམ་པར་དག་པར་བྱའོ། །སུས་ཤེ་ན་གསུངས་པ་ཤེས་རབ་ཆེ་ལྡན་ཞེས་པ་ཤེས་རབ་ཆེན་པོ་ནི་ཕྱག་རྒྱ་ཆེན་པོ་ཡིན ་ཅིང་དེ་སྒོམ་པ་པོ་སྟེ། དེ་ཁོ་ནས་དྲི་མ་མ་ལུས་པ་འཁྲུད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཤིན་ཏུ་སྦྱོར་བའི་སེམས་ལྡན་པ་ཞེས་ཏེ། ཡོད་པ་དང་མེད་པ་ལ་སོགས་པའི་མཛའ་ལས་ཤིན་ཏུ་འདས་པ་ཤེས་རབ་དང་ཐབས་གཉིས་སུ་མེད་པར་རོ་གཅིག་པའོ།། ་གལ་ཏེ་དེ་ལྟར་མི་བྱེད་ན་དེའི་ཚེ་དངོས་གྲུབ་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་མི་འགྱུར་རོ། །གང་གི་ཚེ་ནི་གུས་པས་བར་མེད་པར་སྒོམ་པས་རང་རིག་པའི་བདེ་བ་ཆེན་པོའི་རང་བཞིན་གྱི་དག་པ་ཁོ་ནར་འགྱུར་ན། དངོས་གྲུབ་འདི་ཁོ་ནར་ཏེ། མིའི་སྐྱེ་བ་ལའོ།། ་དངོས་གྲུབ་འདོད་པས་སྐད་ཅིག་ཀྱང། གཞན་པའི་སེམས་ཀྱིས་མི་གནས་སོ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ལ། གུས་པས་བར་ཆད་མེད་པར་སྒོམ་པ་ལས་བྱུང་བའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་ནི་གཅིག་ལའོ། །རྣམ་པ ་འདི་ལྟ་བུའི་སྒོམ་པ་དང་བྲལ་བ་ནི་སྲིད་པ་གཞན་ལ་སྟེ་གྲངས་སམ་ངེས་པ་ལ་སྐྱེ་བ་མི་ཁོམ་པ་བརྒྱད་ལས་གྲོལ་བ་གོམས་པ་དང་རྗེས་སུ་མཐུན་པ་རྙེད་ནའོ། །དེ་ནས་གོམས་པ་ལས་རྣམ་པར་དག་པའོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ནི་བྱ་བའི་རང་བཞིན་གྱི ་བསོད་ནམས་གི་ཚོགས་ལས་དང་ཐབས་ཀྱི་ཁྱད་པར་མེད་པ་ལས་བསྐལ་པ་གྲངས་མེད་པ་གསུམ་རྣམས་ཀྱིས་རྣམ་པར་དག་པར་གསུངས་སོ་ཞེས་པ་འགལ་བ་མེད་དོ། །འོ་ན་འདིར་བསྒོམ་པར་བྱ་བ་ཅུང་ཟད་ཀྱང་ཉེ་བར་བསྟན་པ་མེད་དེ། རྫོགས་པའི་ངོ་བོ་ཁོ་ནའི ་ཕྱག་རྒྱ་རྣམས་རྒྱས་པར་སྟོན་པའི་ཕྱིར་དང་རྣལ་འབྱོར་པ་རྣམས་ཀྱང་དེའི་སྒོ་ནས་དེ་ལྟར་གསལ་བར་བྱེད་པའི་ཕྱིར་རོ་ཞེས་ན་བདེན་ཏེ་དེ་ཁོ་ན་ཉིད་དུ་བསྒོམ་པར་བྱ་བ་དང་བསྒོམ་པར་བྱ་བ་བསྒོམ་པ་པོ་དང་སྒོམ་པ་མ་སྐྱེས་པའི་ཕྱིར་ཏེ། ཆོས་རྣམས ་ཐམས་ཅད་གདོང་མ་ནས་ཞི་བ་ཉིད་ཀྱི་ཕྱིར་རོ། །དེ་སྟོན་པ་དངོས་པོ་མེད་པ་ཞེས་པ་ལ་སོགས་པ་སྟེ་དངོས་པོ་མེད་པ་ལ་སྟེ། དངོས་པོར་སྒྲོ་བཏགས་པ་བཀག་པ་སྐྱེ་བ་མེད་པ་དོན་དམ་པའི་བདེན་པ་ལ་སྒོམ་པ་ཇི་ལྟར་དང་འཆི་འཕོ་སྐྱེ་བ་རྣམས ་ཡིད་ཀྱི་རྣམ་ཤེས་ཁོ་ནར་འདོད་ཅེས་པའི་རིགས་པ་ལ་གཙོ་བོ་ཉིད་ཀྱི་ཕྱིར་ཉེ་བར་ལོངས་སྤྱོད་པ་པོའོ། །ཞེས་པས་ཕན་འདོགས་བྱེད་ཉེ་བར་ལོངས་སྤྱད་བྱ་ཤེས་རབ་ཀྱི་ངོ་བོར་རྣམ་པར་བཞག་པ་མ་ཡིན་ནོ། །བླ་ན་མེད་པའི་ཤེས་རབ་སྔར་རྣམ་པར་བཞག་པ་ནི ་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཡོད་པ་ཁོ་ནའོ། །གང་ཡིད་ཅེས་གསུངས་པ་དེ་ནི་འདིར་དངོས་པོའི་གྲོང་ཁྱེར་མ་ལུས་པ་རྣམ་པར་དབྱེད་པ་ལ་འཇུག་པའི་དོན་དུའོ། །དེ་ལྟར་ནི་རབ་ཏུ་འབྲེལ་པ་འདིས་ཁམས་བཅོ་བརྒྱད་རྣམས་གསུངས་ཤིང། དེ་རྣམས ་ཁོ་ན་བསྡུད་པ་ལས་སྐྱེ་མཆེད་བཅུ་གཉིས་རྣམས་ཏེ་ཤིན་ཏུ་འདུས་པ་ལ་ཕུང་པོ་རྣམས་སོ། །ཁམས་གསུམ་པ་ཡང་དེ་རྣམས་ཁོ་ནའོ། །དེ་ཡང་སེམས་ཙམ་ཁོ་ན་སྟེ་དེ་ལང་ཀར་གཤེགས་པའི་མདོར་གསུངས་པ་ཀྱེ་རྒྱལ་བའི་སྲས་རྣམས་འདི་ལྟ་སྟེ། ཁམས ་གསུམ་པ་ནི་སེམས་ཅན་ཙམ་མོ་ཞེས་སོ། །འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང། བྱང་ཆུབ་སེམས་འགྲེལ་དུ་གསུངས་པ། བདག་ཏུ་འཛིན་པ་ཟློག་དོན་དུ། །ཕུང་པོ་ཁམས་སོགས་བསྟན་པ་སྟེ། །དེ་ཡང་སེམས་ཙམ་རྣམ་གཞག་པས། །བསྐལ་པ་ཆེན་པོ ་རྣམས་ཀྱིས་བཤིག་ཅེས་སོ། །སེམས་དེ་ཡང་ཀུན་རྫོབ་པ་སྟེ། །དེ་ཉིད་དུ་གསུངས་པ། འདི་རྣམས་ཐམས་ཅད་སེམས་ཙམ་ཞེས། ཐུབ་པ་རྣམས་ཀྱིས་གང་བསྟན་པ། །བྱིས་རྣམས་སྐྲག་པ་སྤང་ཕྱིར་ཏེ། །དེ་ནི་དེ་ཁོ་ན་ཉིད་མིན་ཞེས་སོ། །ཇི་ལྟར་སེམས ་དེ་ཁོ་ན་ཉིད་མ་ཡིན་ཞེ་ན། གསུངས་པ། གཉིས་རྣམས་དཔྱད་ལས་ཞེས་པ་དངོས་པོ་དང་དངོས་པོ་མེད་པའི་རང་གི་ངོ་བོ་རྣམ་པར་བརྟག་པ་ལས་སོ། །འོ་ན་རྣམ་པར་དཔྱོད་པ་པོའི་སེམས་དོན་དམ་པར་ཡོད་དོ་ཞེ་ན་གསུངས་པ། རྣམ་དཔྱོད་ཅེས་པ་སྟེ། ་རྣམ་པར་དཔྱོད་དུ་འཇུག་གོ་།ཞེས་པས་རྣམ་དཔྱོད་དེ་རྣམ་པར་དཔྱོད་པ་པོའི་རྣམ་ཤེས་ནི་དེར་ནི་སྟེ། གཉིས་རྣམ་དཔྱད་པར་གྱུར་མ་ཡིན་ནོ། །དེ་འཕགས་པ་ཞི་བ་ལྷའི་ཞབས་ཀྱིས་གསུངས་པ། དཔྱད་བྱ་རྣམ་པར་དཔྱད་པ་ནི། །རྣམ་དཔྱོད་ལ་ནི་རྟེན་ཡོད་མིན། །རྟེན ་མེད་ཉིད་ཕྱིར་མི་སྐྱེ་སྟེ། །དེ་ཡང་མྱ་ངན་ལས་འདས་པར་བརྗོད་ཅེས་སོ། །དེ་བཞིན་དུ་གང་ཚེ་དངོས་དང་དངོས་མེད་པ། །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མང་པས། །དམིགས་པ་མེད་པར་རབ་ཏུ་ཞིའོ། །ཞེས་གསུངས་སོ། །རྒྱལ་པོ་ལ ་རིན་པོ་ཆེའི་ཕྲེང་བར་ཡང་གསུངས་པ། །འགྲོ་བའི་ཆོས་ཀུན་རྣམ་ཤེས་ཀྱི། །མེ་ཡི་བུད་ཤིང་ཉིད་དུ་འདོད། །དེ་རྣམས་ཇི་བཞིན་རྣམ་དཔྱོད་པའི། །མེ་ཡིས་སྲེག་པ་ཉེར་ཞིའོ་ཞེས་སོ། ཇི་ལྟར་གཉིས་རྣམ་པར་དཔྱོད་ཅེས་ན་གསུངས་པ་དངོས་པོ་ལ་ཞེས་པ་ལ ་སོགས་པ་སྟེ་དངོས་པོ་མེད་པ་དག་ཕན་ཚུན་དེའི་བདག་ཉིད་དུ་མེད་དེ་འགལ་བའི་ཕྱིར་རོ། །ཐ་དད་དུ་ཡོད་དོ་ཞེ་ན་གསུངས་པ། དངོས་པོ་དངོས་མེད་གཉིས་ཀ་སྟོང་ཞེས་ཏེ། དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་དག་སྟོང་པ་དག་སྟེ། སེམས་ནི་གཅིག་དང་གཅིག་མིན་གྱི་རང་བཞིན་དང་བྲལ་པ ་ཉིད་ཀྱིས་ན་རང་བཞིན་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ནི་དེ་གཅིག་མ་ཡིན་ཏེ། གཅིག་ཉིད་ནི་སྔོན་པོ་དང་སེར་པོའི་ངོ་བོ་ཉིད་དུ་ཁྲ་པོར་སྣང་བའི་མྱོང་བར་མི་འགྱུར་ཞིང། སེར་པོ་ལ་སོགས་པ་མཛའ་དག་སྔོན་པོའི་ནང་དུ་འདུས་པར་རྟོགས་པར་ཐལ་བར ་འགྱུར་པའི་ཕྱིར་རོ། །སྔོན་པོ་ཡང་སྔ་མ་དང་ཕྱི་མ་དང་བར་མ་ཐ་དད་ན་རགས་པར་སྣང་བ་ཉིད་ཀྱིས་རྟོགས་པར་མི་འགྱུར་གྱི། གང་ལ་ཕྱོགས་ཆ་དབྱེ་བ་ཡོད། དེ་ནི་གཅིག་ཏུ་མི་རུང་ངོ། །ཞེས་པའི་རིགས་པ་ལས་རྡུལ་ཕྲ་རབ་ཙམ་ཉིད་དུ་སྣང་བར་འགྱུར་རོ།། ་གཅིག་མིན་ཡང་མ་ཡིན་ཏེ། སེམས་གཅིག་མིན་ཉིད་ན་རྡུལ་ཕྲ་རབ་ཏུ་ཐ་དད་པའི་ཕྱིར་ན་དེ་ལས་གཞན་པ་ཡང་དག་པར་མྱོང་བ་མེད་ན་རྡུལ་ཡང་ཕྲ་རབ་སོ་སོར་རང་རིག་པའི་ངོ་བོ་ཉིད་ཀྱིས་ན་དེ་ཁོ་ན་རྡུལ་ཕྲ་རབ་སོ་སོར་སྣང་བར་ཐལ་བར་འགྱུར་རོ། །གཉིས ་ཀ་ངོ་བོ་ཉིད་དུ་ཡང་མི་རིགས་ཏེ། དེ་ལྟ་བུའི་རྣམ་པ་མྱོང་བ་མེད་པའི་ཕྱིར་རོ། །ཐམས་ཅད་ལ་ཁོ་བོ་ཅག་གི་ལྟ་བ་ཚད་མའི་ཕྱིར་རོ། །ལྡོག་པའི་ངོ་བོ་ལྷན་ཅིག་པ་འམ་ལོགས་པ་རྗེས་སུ་རྟོགས་པར་བྱ་བ་མངོན་སུམ་དུ་མྱོང་བ་ཡང་ཉེ་བར་དམིགས ་པ་མ་ཡིན་ཞིང་རྗེས་སུ་དཔག་པའི་བདག་ཉིད་ཀྱང་སྟེ། དེ་ནི་སྔོན་མ་ཅན་ཉིད་ཀྱི་ཕྱིར་རོ། །མ་དམིགས་ཤིང། ཚད་མ་མེད་པའི་ལྡོགས་པའི་ངོ་བོ་ཉིད་རྗེས་སུ་རྟོགས་པར་བྱ་བ་ཇི་ལྟར་རྟོག་།ཅི་སྟེ་ཁྲ་བོ་ཉིད་ཀྱིས་རགས་པའི་རྣམ་པ་རང་རིག་པའི་ངོ་བོ་མྱོང་བ་ནི་བསྙོན ་མི་ནུས་ཤིང་དེ་ཙམ་དུ་ཡོད་ལ། དེ་ཡང་ལྡོག་པའི་ངོ་བོ་ཉིད་རྗེས་སུ་རྟོགས་པར་བྱ་བ་མེད་ན་མི་འགྱུར་རོ་ཞེས་པས། །དེ་ནི་དེ་ཡོད་པ་ལས་གཞན་དུ་མི་འཐད་པས་ཡོངས་སུ་བརྟག་པར་བྱའོ་ཞེ་ན་དེ་ནི་མ་ཡིན་ཏེ་གཉི་ག་མ་ཡིན་པའི་ངོ་བོ་ཉིད་ཁོ་ནས་སྤྲོས ་པ་མེད་པ་ཉིད་དུ་ཆེས་གསལ་བར་འཐད་པ་ལས་དོན་གྱི་གོ་བར་ཟད་པའི་ཕྱིར་རོ། །དེའི་ཕྱིར་སྐྱེ་བ་ཡང་མི་རིགས་ཏེ། འབྲས་བུ་དང་རྒྱུའི་དངོས་པོ་ལ་ཚད་མ་མེད་པའི་ཕྱིར་རོ། །སྔ་མ་དང་ཕྱི་མ་ཉིད་ཀྱིས་ཚད་མ་འཇུག་པ་ནི་འབྲས་བུ་དང་རྒྱུའི་དངོས་པོ་རྣམ་པར ་བཞག་པ་ཡིན་ན་རྣམ་གཉིས་དང་བྲལ་བ་གཉིས་མེད་པར་མྱོང་བ་ནི་སྔ་མ་དང་ཕྱི་མར་འཇུག་པ་དང་ལྡན་པ་ཡང་མེད་ཅིང་དེ་ལས་གཞན་པའི་ཡང་དག་པར་རིག་པ་ཡང་ཡོད་པ་མ་ཡིན་ཏེ། ཚད་མ་མེད་པའི་ཕྱིར་རོ། །ཞེས་བསྒྲུབས་ཟིན་ཏོ། །གང་གི་ཚེ་དེ་ལྟར ་འབྲས་བུ་དང་རྒྱུའི་དངོས་པོ་ལ་ཚད་མ་མེད་པའི་ཕྱིར་སྐྱེ་བ་མེད་པ་ཁོ་ན་ཡིན་པ་དེའི་ཆོ་ག་ལས་རང་ལས་ས་གཞན་ལས་སམ་གཉི་ག་ལས་སམ་རྒྱུ་མེད་ལས་ཡིན་དེ་ལྟར་སྐྱེ་བ་མེད་པའི་ཕྱིར་སེམས་ནི་དངོས་པོའི་ངོ་བོ་ཉིད་དུ་ཡང་མེད་དེ། འབྱུང་ངོ་ཞེས་པས་ན་དངོས ་པོ་སྟེ། མེད་པ་སྔོན་མ་ཅན་གྱི་འབྱུང་བ་ཁོ་ན་ལ་རྣམ་པར་བཞག་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་ཉམས་པའི་ངོ་བོ་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱང་མེད་དོ། །དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་མེད་པའི་ཕྱིར་ཡང་སྤྲོས་པ་ཐམས་ཅད་མེད་པ་སྟེ་དེ་རྣམས་ནི ་དངོས་པོ་དང་དངོས་པོ་མེད་པའི་རྟེན་ཅན་ཉིད་ཀྱིས་ན་དེ་དག་གི་ཁྱབ་པ་ཉིད་ཕྱིར་ཁྱབ་བྱེད་མེད་ན། ཁྱབ་བྱ་ཡང་མེད་པའི་ཕྱིར་རོ། །དེས་ན་རྣམ་པར་དཔྱད་པ་འདིས་སྤྲོས་པ་མེད་པ་ཉིད་ཀྱི་སྟོང་པ་ཉིད་རྟོགས་པར་བྱའོ།། །།འདི་ཁོ་ན་ཡང་དེ་ཁོ་ན་ཉིད་མཐོང་བ་སྟེ་གང་ཤེས་རབ ་ཀྱི་མིག་གི་ངེས་པར་དཔྱད་པ་ལས་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་བྱུང་པ་ན་ཆོས་རྣམས་ཐམས་ཅད་མི་མཐོང་བའོ་ཞེས་པའོ། །ཇི་སྐད་དུ་བཅོམ་ལྡན་འདས་མར་གསུངས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ཀྱི་སྤྱན་ཅི་ཞེ་ན། གང་གི་ཅུང་ཟད ་ཀྱང་མི་མཐོང་བའོ། །དེ་བཞིན་དུ་དོན་དམ་པ་མཐོང་བ་ཅི་ཞེ་ན། གང་ཆོས་རྣམས་ཐམས་ཅད་མི་མཐོང་བའོ་ཞེས་སོ། །དེས་ན་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་པ་སྤྱོད་ལམ་ཐམས་ཅད་ལ་གནས་པ་རྣམས་ཀྱིས་ཀྱང་ཆོས་རྣམས་ཐམས་ཅད་མཐོང་ཡང་མཐོང ་པ་མེད་པའོ། །འདི་འདྲ་བ་ཁོ་ན་མཐོང་བ་མེད་པར་དགོངས་ཀྱི་གཉིད་ལོག་པ་དང་མིག་བཙུམས་པ་དག་གི་མིག་བཞིན་དུ་གང་ཡིད་ལ་མི་བྱེད་པས་ནི་མ་ཡིན་ནོ། །དེ་ལྟ་ན་ནི་བག་ཆགས་མ་སྤངས་པའི་ཕྱིར་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པ ་ལས་ལངས་པ་བཞིན་དུ་སླར་ཡང་གཟུགས་ལ་སོགས་པར་མངོན་པར་ཞེན་པའི་རྩ་བ་ཅན་འདོད་ཆགས་ལ་སོགས་པ་རྣམས་སྐྱེ་བའི་ཕྱིར་རྣལ་འབྱོར་པ་མ་གྲོལ་བ་ཁོ་ནར་འགྱུར་རོ། །ཐོག་མ་མེད་པའི་དུས་ཅན་གྱི་གཟུགས་ལ་སོགས་པར་མངོན་པར་ཞེན་པ་ཡིད་ལ ་བྱེད་པ་ཡོངས་སུ་བོར་བ་ཙམ་ལས་སྤོང་བ་ཡང་མ་ཡིན་ཏེ་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པ་ལས་ཀྱང་སྤངས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གཟུགས་ལ་སོགས་པའི་ཡུལ་ལ་ཐེ་ཚོམ་སྤོང་པ་མེད་པར་དེ་ཡིད་ལ་བྱེད་པ་ཡོངས་སུ་སྤོང་བར ་ཡང་ནུས་པ་མ་ཡིན་ཏེ། མེ་མ་སྤངས་ན་ཚ་བ་མི་སྤོངས་པ་བཞིན་ནོ། །དེའི་ཕྱིར་ཐེ་ཚོམ་གྱི་ས་བོན་དང་བྲལ་བ་ཁོ་ན་ལས་གཟུགས་ལ་སོགས་པར་མངོན་པར་ཞེན་པ་གསལ་བར་བྱའི་ཚེར་མ་གདོན་པར་བྱ་བ་བཞིན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ངེས་པའོ། །དེ ་ལྟར་དངོས་པོ་དང་དངོས་པོ་མེད་པ་དང་རང་གི་དངོས་པོ་རང་གཞན་གྱི་དངོས་པོ་ལ་སོགས་པར་ཡིད་ལ་བྱེད་པ་གསལ་བས་ཐམས་ཅད་ལས་ཡིད་བསྡུས་ཏེ་ཅུང་ཟད་ཀྱང་མི་བསམ་མོ། །དེ་དེ་ལྟར་མི་སེམས་པ་ལས་སྔོན་རྣམ་པར་སྤྱོད་པའི་དུས ་ཁོ་ནར་བླ་མ་བསྙེན་བཀུར་བའི་རྣལ་འབྱོར་པའི་གང་བླ་མའི་དྲིན་ལས་རྟོགས་པ་ཁོ་ནའི་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་སྟེ་ཚད་མ་དང་གཞལ་བྱ་དང་འབྲས་བུའི་ཆ་དང་ཡང་དག་པར་བྲལ་བ་ཉིད་ཀྱིས་ན་རང་གསལ་བའི་རང་བཞིན་སྤྲོས ་པ་མེད་པ་ཉིད་ཀྱིས་ན་སྤྲོས་པའི་བདག་ཉིད་ཅན་འཁོར་བའི་རང་བཞིན་གྱི་སྡུག་བསྔལ་གྱི་ཚོགས་དང་བྲལ་བ་ལས་མཆོག་ཏུ་དགའ་བའི་རང་གི་ངོ་བོ་ཉིད་མཐོང་བ་མེད་པའི་ཚུལ་གྱིས་མངོན་དུ་རྟོགས་ཏེ། དེའི་མཐུ་ལས་ཀྱེ་མ་མ་ལ་གཏི་མུག་གི་ནུས་པ། ་གང་གིས་སེམས་ཅན་འདི་རྣམས་མྱ་ངན་ལས་འདས་པ་ཡིན་ཡང་བདག་ཉིད་མ་རྟོགས་ཏེ། འདི་རྣམས་ཇི་ལྟར་རྟོགས་པར་བྱ་ཞེས་རྣམ་པར་བསམས་ཏེ། དེའི་བདག་ཉིད་ཁོ་ནར་འགྲོ་བ་མཛའ་དག་ལ་དམིགས་ཏེ། དམིགས་པ་མེད་པའི་ངོ་བོའི་སྙིང་རྗེ ་ཆེན་པོ་སྐྱེའོ། །དེའི་བདག་ཅན་ཁོ་ནའི་རྫོགས་པའི་དཀྱིལ་འཁོར་གྱི་ངོ་བོ་བདག་དང་དངོས་པོ་ཐམས་ཅད་ཀྱི་རང་བཞིན་སྙིང་རྗེ་ཆེན་པོའི་བདག་ཉིད་ནི། བཅོམ་ལྡན་འདས་མ་ཤེས་རབ་མ་མིང་གཞན་ཕྱག་རྒྱ་ཆེན་མོ་དང་དེའི་བདག་ཉིད་ཀྱི་ཕྱིར་དབྱེར་མེད ་པའི་རང་བཞིན་དུ་བལྟའོ། །དེའི་ཚེ་སྟོང་པ་ཉིད་དང་སྙིང་རྗེ་དག་དེའི་བདག་ཉིད་ཏེ། དེ་ཡང་རྣམ་པར་མི་རྟོག་པའི་རྣལ་འབྱོར་རོ། །དེ་ཁོ་ན་སོ་སོར་སྡུད་དང་དེ་བཞིན་དུ། བསམ་གཏན་སྲོག་སྡོམ་འཛིན་པ་དང། རྗེས་སུ་དྲན་དང་ཏིང་ངེ་འཛིན་ཏེ། རྣལ ་འབྱོར་ཡན་ལག་དྲུག་ཏུ་འདོད། ཅེས་འདུས་པ་ཕྱི་མར་གསུངས་པའི་ཡན་ལག་དྲུག་གི་རྣལ་འབྱོར་རོ། །དེ་ལྟར་ནི་གཞོན་ནུ་མའི་ཕྲ་ཕབ་པ་ན་མཐོང་བཞིན་དུ་དབང་པོ་རྣམས་སྟོང་པ་ཉིད་དང་རོ་གཅིག་པས་རང་གི་ཡུལ་ལས་འཛིན་པ་སོ་སོར་སྡུད ་པའོ། །དེ་ལས་བསམ་གཏན་ཏེ། དེ་ཡང་རྟོག་པ་དངོས་པོ་ངེས་པར་རྟོག་པ་དང། དཔྱོད་པ་དངོས་པོ་སྟོང་པ་ཉིད་དུ་རྣམ་པར་དཔྱོད་བ་དང། དེ་ལྟར་དཔྱད་པ་ལས་དེ་ཁོ་ན་ཉིད་ལ་འཇུག་པ་ལ་མངོན་དུ་ཕྱོགས་པས་གང་ཡིན་པ་དེ་བ་ཉིད་དེ་དགའ་བ་དང་དེ་ལས་ལུས ་ཤིན་ཏུ་སྦྱངས་པ་ལ་སོགས་པ་བདེ་བ་ཆེན་པོ་དང་དེ་ལྟར་གོམས་པ་ལས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གཅིག་པ་མཐར་ཐུག་པའི་ཤེས་རབ་ཀྱི་བདག་ཉིད་སེམས་རྩེ་གཅིག་པ་ཉིད་ཅེས་པ་རྣམ་པ་ལྔའོ། །དེ་ནས་རྐྱང་མ་དང་རོ་མ་དག་འགགས་པའི་ཀུན་དར ་མའི་ལམ་ཁོ་ནར་འཇུག་བ་དང་གནས་པ་དང་འབྱུང་བའི་བདག་ཉིད་ཅན་གྱི་སྲོག་གི་རླུང་འཇུག་པ་ནི་སྲོག་སྡོམ་པའོ། །དེ་ནས་ཀུན་དར་མ་ལས་ཕྱིར་མ་བྱུང་བར་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལ་སེམས་ཀྱི་གཞོན་པ་སྲོག་རླུང་འཇུག་པ་སྟོང་པ་ཉིད་ང་རོ་གཅིག་པ་ནི་འཛིན་པ་སྟི ་དེའི་ཚེ་གང་གཏུམ་མོ་ལས་ངེས་པར་བྱུང་བ་ཆེར་འབར་ཞིང་རི་བོང་ཅན་ཡང་དེས་ཆེར་གདུངས་པས་ཤིན་ཏུ་ཆེས་འཛག་གོ་།དེའི་ཚེ་རྡོ་རྗེ་ནོར་བུའི་ནང་བུ་ཆུད་པའི་མ་ཉམས་པའི་བྱང་ཆུབ་ཀྱི་སེམས་རིམ་གྱིས་རྒྱུ་མཐུན་པ་ལ་སོགས་པའི་བདེ་བས ་རྫོགས་པ་དྲི་མ་མེད་པ་ཉིད་ཇི་སྲིད་པར་འགྱུར་རོ། །དེ་ནས་འཛིན་པ་ལས་སེམས་རབ་ཏུ་ཞུགས་པ་ན་མཚན་མ་སོ་སོར་སྣང་བ་སྔོན་མ་ཅན་རྫོགས་པའི་དཀྱིལ་འཁོར་གྱི་ལྷ་མཐོང་པ་གཟུགས་བརྙན་གྱི་རྣམ་པ་ཅན་རྣམ་པར་རྟོག་པ་མེད་པ་དེ་ལས་འོད་ཟེར་དུ ་མ་འཕྲོ་ཞིང། དེ་ལས་ཁམས་གསུམ་པ་སྤྲོ་བ་ཞེས་པ་དྲན་པའོ། །དེ་ནས་དེ་ཁོ་ན་རྣམ་པར་མི་རྟོག་པའི་རྣལ་འབྱོར་མི་འགྱུར་བའི་བདེ་བ་ཆེན་པོའི་རང་བཞིན་ཟུང་འཇུག་གི་བདག་ཉིད་ཡེ་ཤེས་ཀྱི་སྐུ་རྡོ་རྗེ་འཛིན་པ་ཆེན་པོའི་རང་བཞིན་ནི་ཏིང་ངེ ་འཛིན་ནོ་ཞེས་པའོ། །དེ་ལྟར་རྣལ་འབྱོར་པ་གང་གི་ཚ་སྤྲོས་པ་མེད་པའི་ཞེས་རབ་དང་ཐབས་ཀྱི་བདག་ཉིད་ཡིན་པ་དེའི་ཚེ་བསོད་ནམས་ཐམས་ཅད་ཀྱི་རང་བཞིན་དང་ཡེ་ཤེས་ཐམས་ཅད་ཀྱི་རང་བཞིན་དཀྱིལ་འཁོར་གྱི་ལྷ་མཛའ་དག་གི་བདག་ཉིད ་དང་ཕ་རོལ་ཏུ་ཕྱིན་པ་མཛའ་དག་གི་རང་བཞིན་དུ་མགོན་པོ་རྣམས་ཀྱི་རྣམ་པར་བཞག་གོ་།དེ་གསུངས་པ། འདི་དེ་རྣལ་འབྱོར་དམ་པ་སྟེ། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །གང་ལ་རྣལ་འབྱོར་པ་གནས་པ། །ཀུན་མཁྱེན་བཅོམ་ལྡན་དངོས་སུ་འགྱུར། །འདི ་དེ་དེ་ཉིད་དམ་པ་སྟེ། །ཤེས་རབ་ཐབས་ཀྱི་རང་བཞིན་ཞི། །འདི་ཉིད་གཉིས་མེད་ཡེ་ཤེས་ཏེ། །འདི་ནི་བྱང་ཆུབ་སེམས་མཆོག་གོ་།ཞེས་སོ། །འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང་གསུངས་པ། མི་གང་སྐད་ཅིག་གཅིག་ཙམ་དང། །བྱང་ཆུབ་སེམས་ནི་རབ་བསྒོམ་པ།། ་དེ་ཡིས་བསོད་ནམས་ཕུང་པོ་ནི། །འདི་ཙམ་ཞེས་པ་བགྲང་མི་ནུས། །ཉོན་མོངས་མེད་པའི་རིན་ཆེན་སེམས། །འདི་ནི་ནོར་མཆོག་གཅིག་པུར་བརྗོད། །ཉོན་མོངས་བདུད་སོགས་ཆོམ་རྐུན་གྱི། །གཞོམ་དུ་མེད་ཅིང་དཔྲོག་ཏུ་མེད་ཅེས་སོ། །འདི་ཐམས་ཅད་ལ་དགོངས ་ཏེ། །གསུངས་པ། འདི་དག་སེམས་ཀྱི་དག་པ་ཉིད་ཅེས་པ་སྟེ། འདི་རྣམས་ནི་འདོད། དེ་ཉིད་ཀྱི་ཕྱིར་བདེ་བ་ཆེན་པོའི་ངོ་བོ་རྡོ་རྗེ་འཛིན་པའི་ས་ནི་འདི་ཁོ་ན་སྒྲུབ་པར་བྱེད་པའི་ཕྱིར་པ་རོལ་ཏུ་ཕྱིན་པའི་ཚུལ་ལས་འདི་ཁྱད་པར་རོ། །འོ་ན་འདི་ནི་གཉིས་སུ་མེད་པའི་ཡེ ་ཤེས་ཀྱི་ངོ་བོ་ཁོ་ན་སྟེ། དེ་འདི་འདིའི་ཁྱད་པར་ཅི་ཡིན་ཞེ་ན། ཁྱད་པར་ཡོད་དེ་དེའི་ངོ་བོ་ཉིད་དུ་བསྒྲུབ་པ་ཁོ་ནའོ། །ཇི་ལྟར་དངོས་པོར་ན་སྟོང་པ་ཉིད་དང་རོ་གཅིག་པའི་སྟོབས་དང་མི་འཇིགས་པ་ལ་སོགས་པ་རྣམས་ཉན་ཐོས་ཀྱི་ཚུལ་ལ་རྟོགས་པ་རྣམས ་ཀྱང་སྟོང་པ་ཉིད་དུ་མ་བསྒྲུབས་པའི་ཕྱིར་དང། ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་སྒྲུབ་པའི་ཕྱིར་ཁྱད་པར་ཆེན་པོ་སྒྲོགས་པ་བཞིན་ནོ། །འོ་ན་བསམ་གཏན་དང་པོ་ཐོབ་པ་རྣམས་ཀྱང་འཁོར་ལོ་སྒྱུར་བ་རྣམས་བཞིན་དུ་བདེན་པ་ཉེ་བར་སྟོན་ན། བདག་མེད་པ ་གཉི་ག་རྟོགས་པས་ཅི་བྱ། དེ་ལྟར་ནི་དགའ་བ་ལྷག་པ་ཁོ་ན་ལས་དང་པོ་ས་ནི་རབ་ཏུ་དགའ་བར་བརྗོད་དོ་ཞེ་ན་བདེན་ཏེ། འདི་ལྷན་ཅིག་སྐྱེས་པའི་བདེ་བ་ནི་མ་ཡིན་ཞིང། །དེ་ཉིད་ཀྱི་ཕྱིར་བདེ་བ་ཆེན་པོ་མ་ཡིན་ལ། ལས་དང་པོ་པའི་གནས་སྐབས་སུ་ཐབས་སུ ་གྱུར་པ་ཡང་མ་ཡིན་ཏེ། ཁབ་ཀྱི་པུག་པ་ནི་བུ་ག་ཞེས་པ་ནམ་མཁའ་དང་མཉམ་པ་ཉིད་དུ་ཉམས་སུ་མྱོང་བ་མ་ཡིན་པས་སོ། །འོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བདེ་བའོ། །ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། འདི་ནི་གསུངས ་མོད། འདིའི་ཐབས་བསྟན་པ་ནི་མ་ཡིན་ཏེ། ཐབས་སུ་གྱུར་པ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་ཉེ་བར་མ་བསྟན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་ཡང་རིམ་པ་འདི་ཁོ་ནས་གོ་བར་བྱའོ། །དེ་ཅི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་བྱང་ཆུབ་མེད་དམ་ཞེ་ན། དེ་ལྟ་མ་ཡིན་ཏེ། ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་མེད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དྲི་ཡང་ཅི་ལས་ཡིན། མཐར་ཐུག་པ་ན་ཡང་ངེས་པར་ཐབས་འདི་ལ་ལྟོས་སོ་ཞེས་བརྗོད་པར་བྱའོ། །ཞེས་པ་ཤིན་ཏུ་རྒྱ་ཆེ་བས་ཆོ་ག་སྟེ། མན་ངག་རིག་པ་རྣམས་ཁོ་ནས་ཁྱད་པར་འདི་ཡོངས་སུ ་གསལ་བར་ཤེས་པར་འགྱུར་རོ། །བདེ་བ་ཆེན་པོ་སྒྲུབ་པར་བྱེད་པ་ཉིད་ཀྱིས་ན་གཙོ་བོར། ཡུལ་རེག་བྱ་དང་དབང་པོ་དང་དེའི་རྣམ་པར་ཤེས་པ་སྙིང་རྗེ་ལ་སོགས་པའི་ངོ་བོར་དང་ཤེས་རབ་ལྔའི་ངོ་བོར་ཡང་སྒྲུབ་པའི་ཆེད་དུ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ།། ་ཕྱི་རོལ་གྱི་ཤེས་རབ་མའི་ལུས་ཡུལ་དང། དེ་དང་སྦྱོར་བ་ལས་ནང་གི་ལུས་དང་ཡེ་ཤེས་དག་སྦྱོང་པའི་ཕྱིར་རོ། །གང་འགྱུར་བ་དེ་ནི་འཆད་པར་འགྱུར་རོ། །ལྷ་དང་ལྡན་པ་ཞེས་པ་བུད་མེད་མཆོག་མཐོང་བ་ནི་སྙིང་རྗེ་སྟེ། སྡུག་བསྔལ་དང་བྲལ་བའོ། །འཁྱུད་པ་བྱམས་པ་སྟེ ་བདེ་བ་དང་ལྡན་པའོ། །དབང་པོ་གཉིས་དྲུད་པ་ལས་དགའ་བ་སྟེ་བདེ་བ་དང་མི་འབྲལ་བའོ། །བྱང་ཆུབ་སེམས་འགྱུར་བ་ལས་བཏང་སྙོམས་ཏེ་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའོ། །དེ་བཞིན་དུ་ནི་ནང་གི་ལུས་དང་ཤེས་པ་དག་སྙིང་རྗེ་ལ་སོགས་པའི ་ངོ་བོ་དག་གོ་།དེ་ལྟར་གྱུར་པའི་རྣལ་འབྱོར་ལྡན་ཞེས་པའི་སྙིང་རྗེ་ལ་སོགས་པའི་ངོ་བོའི་ཕྱག་རྒྱ་ཆེན་པོ་དང་ལྡན་པ་འདོད་ཆགས་ལ་སོགས་པ་རྣམས་ཀྱིས་འཆིང་བ་མ་ཡིན་ནོ། །ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་མེད་ན་འགྲོ་བ་འཆིང་ངོ་ཞེས་གསུངས་པ། མཐོང་བ་ ་ལས་ཞེས་པ་ལ་སོགས་པའོ། །ཅུང་ཟད་ལྷག་པ་ནི་དེའི་འབྲས་བུའོ། །ཀུན་གྱི་མཛའ་སྟེ་འགྱུར་བ་ལས་སོ། །དེ་ལྟར་དགའ་བ་དང་སྐྱོ་བ་འབྲས་བུར་གསུངས་སོ། །ཁམས་གསུམ་པ་སྐྱེས་པ་ནི། སྟོང་པ་ཉིད་ཀྱིས་སྙིང་རྗེ་ལ་སོགས་པ་རྣམས་ཡང་གྲོལ ་པའི་རྒྱུའོ་ཞེས་པ་དགོངས་པའོ། །ཉེ་བར་སྡུད་པ་སྟེ། ཡང་དག་དག་པ་ཞེས་པ་ལ་སོགས་པའོ། །དངོས་པོ་གསུམ་ཞེས་པ་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་རྣམས་ཀྱིས་སོ། །དེ་ལྟར་གོམས་པ་ལྷུར་ལན་པས། ཇི་ལྟར་ཚོགས་པའི་བཟའ་བ་འདུས་བྱས ་པ་གསུངས་པ། གང་ཞེས་པ་ལ་སོགས་པ། བཤང་བ་དང། གཅི་བ་ལ་སོགས་པ་བདུད་རྩི་དང་སྒྲོན་མ་ལྔ་ལ་རང་བཞིན་གྱི་བདུད་རྩིར་བརྟག་གོ་།འབའ་ཞིག་ཏུ་མ་ཟད་ཀྱི་དེའི་དགའ་རྩེད་ལ་སོགས་པ་ཡང་ངོ། །ཕྱག་རྒྱ་ཆེན་པོ་ཡང་ཕྱག་རྒྱ་ཆེན་པོའི་ངོ་བོར་བལྟ ་བར་བྱ་སྟེ། འདི་འདྲའི་སྒོམ་དང་ལྡན་པ་ནི་འགྲུབ་བོ། །ཇི་ལྟར་ཞེ་ན་གསུངས་པ། ལྔ་ཞེས་སྲིང་མོ་ལ་སོགས་པ་རྣལ་འབྱོར་མ་རྣམས་སོ། །དཔལ་དང་ཕྱག་རྒྱ་ཆེ་སྟེར་བྱེད། ཅེས་པ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་མཚན་ཉིད་ནི་དཔལ་ཏེ ་ཕྱག་རྒྱ་ཆེན་པོ་ཁོ་ན་སྟེར་ཏེ། མཆོད་པ་རྣམས་ལའོ། །དེའི་ཕྱིར་གསུངས་པ། མཆོད་པར་བྱ་ཞེས་སོ། །ཇི་ལྟར་ཞེ་ན་གསུངས་པ་འདོད་པར་བྱའོ། །འོ་ན་འདི་རྣམས་མཆོད་པ་མཆོག་ནི་འདོད་པ་བྱེད་པ་ཁོ་ན་སྟེ། དེ་ཡང་སྐྱོན་ཡིན་ནོ། །ཞེ་ན་སྐྱོན་མིན་ཏེ་གང་གི ་ཕྱིར་མི་གོས་པས་སོ། །འོ་ན་འདོད་པ་བྱེད་པ་ཁོ་ན་གོས་པའོ། །ཞེ་ན་མ་ཡིན་ཏེ། གང་གི་ཕྱིར་ཕྲག་དོག་ལ་སོགས་པ་རྣམས་དང་ལྡན་པ་ནི་གོས་པར་བརྗོད་ན། རྣལ་འབྱོར་པ་དེ་པ་ཕྲག་དོག་ལ་སོགས་པའི་ཉེས་པ་དེ་རྣམས་ཀྱི་འདི་ལ་གནོད་པ་མ་ཡིན་ནོ། །འོ་ན་ཇི་ལྟར ་འདི་འདྲ་བའི་མཆོད་པ་ནི་ཆེས་མཆོག་ཏུ་གྱུར་པ་དང། རྗེས་སུ་འབྲེལ་པ་ཅན་ཡིན། སྒྲོ་བཏགས་པའི་ཁྱད་པར་ཡིན་པའི་ཕྱིར་རོ་ཞེས་ན། སྒྲོ་བཏགས་པ་རྣམ་པ་གཉིས་ཏེ། དེ་ཁོ་ན་ཉིད་ཀྱི་ངོ་བོ་དང་དེ་ཁོ་ན་ཉིད་མ་ཡིན་པའི་ངོ་བོའོ་དེ་ལ་དེ་ཁོ་ན་ཉིད་ཀྱིས་ངོ་བོའི ་བདག་ཉིད་ཀྱི་སྒྲོ་བཏགས་པ་ནི་མ་ལ་སོགས་པར་སྒྲོ་བཏགས་པ་བཞིན་དུ་བརྒྱུད་ནས་བྱང་ཆུབ་སྒྲུབ་པར་བྱེད་པའི་ཕྱིར། ཉེས་པ་མེད་དོ། །འོ་ན་འགའ་ཞིག་གི་ཉམས་སུ་མྱོང་བ་ཡང་བཀག་པ་ཉིད་ཀྱི་ཕྱིར་འགལ་བར་འགྱུར་རོ་ཞེ་ན་མ་ཡིན་ཏེ། ལས་ནི་རྣམ་པ་གཉིས་ཏེ། ཀུན ་ནས་བསླང་བར་བྱ་བ་དང། ཀུན་ནས་སློང་བ་པོའི་དབྱེ་བས་སོ། །དེ་ལ་ལུས་དང་ངག་གི་ལས་ཐམས་ཅད་ཀུན་ནས་བསླང་བར་བྱ་བ་སྟེ། ཡིད་ཀྱིས་ནི་ཀུན་ནས་སློང་བ་པོའོ། །དེ་ཡང་རྣམ་པ་གཉིས་ཏེ། མ་ཆགས་པ་ལ་སོགས་པའི་ངོ་བོ་དང། དེ་ལས་ཅིག་ཤོས་སོ། ། ་དེ་ལ་ཆགས་པ་ལ་སོགས་པས་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་ཐམས་ཅད་མི་དགེ་བ་སྟེ། དེ་ཡང་བཀག་པའོ། །མ་ཆགས་པ་ལ་སོགས་པས་ཀུན་ནས་བསླང་བ་ཐམས་ཅད་ནི་དགེ་བ་ཁོ་ནའོ། །ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པའི་རྣལ་འབྱོར་དང་ལྡན་པའི ་རྣལ་འབྱོར་པ་ནི་མཛའ་དག་མ་ཆགས་པ་ལ་སོགས་པའི་བདག་ཉིད་འགྲོ་བ་ལ་སྣང་བར་བྱེད་དོ། །དེས་ན་འདི་སྤྱོད་ལམ་ཐམས་ཅད་དང་ལྡན་ཡང་མི་དགེ་བ་མི་དམིགས་པའི་ངོ་བོ་ཉིད་ཀྱི་ཕྱིར་དགེ་བའི་བདག་ཉིད་ཁོ་ནའོ། །ཞེས་གསུངས་པ། རྣལ་འབྱོར་པ་དེ་ཞེས་པ་ལ ་སོགས་པའོ། །དེ་ཁོ་ན་ཉིད་ནི་ཕྱག་རྒྱ་ཆེན་པོའི་རང་བཞིན་ནོ། །དེའི་ཕྱིར་འཁོར་བའི་ཉེས་པ་རྣམས་ཀྱི་མི་གོས་སོ། །དེའི་ཕྱིར་ཤེས་རབ་དང་ཐབས་ཀྱི་རང་བཞིན་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ཁོ་ན་སྡིག་པ་ཐམས་ཅད་རྣམ་པར་སྦྱོང་བ་ལེགས་པ ་ཐམས་ཅད་བྱེད་པའོ། །དེ་འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་གསུངས་པ། འདི་ནི་ཐེག་པ་ཆེ་མཆོག་སྟེ། འདི་ནི་བྱང་ཆུབ་སེམས་མཆོག་གོ་།མཉམ་པར་བཞག་རྣམས་འབད་པ་ཡིས། །བྱང་ཆུབ་སེམས་ནི་བསྐྱེད་པར་གྱིས། །འཁོར་བ་རང་བཞིན་དོན་སྒྲུབ་ལ། ། ་བྱང་ཆུབ་སེམས་ལས་མ་གཏོགས་པའི། །ཐབས་གཞན་སངས་རྒྱས་རྣམས་ཀྱིས་ནི། །སྔོན་ཆད་གཟིགས་པ་ནམ་ཡང་མེད་ཅེས་སོ། །འདི་དེ་རྣལ་འབྱོར་མཆོག་དེའི་ཕྱིར། །དེ་བཞིན་གཤེགས་རྣམས་ཀྱིས་ཕྱག་འོས། །དེ་ལས་བྱུང་བའི་རྣལ་འབྱོར་ནི། །མཛའ་ཡས ་པ་རྣམས་དག་ཏུ་བསྒྲགས། །དེ་ཁོ་ན་ལས་ཏིང་ངེ་འཛིན། །མཛའ་ཡས་པ་ལས་ཡང་དག་འབྱུང། ཕྱག་རྒྱ་དཀྱིལ་འཁོར་སྔགས་རྣམས་ནི། །རྣལ་འབྱོར་དེ་ལས་རྣམ་དག་ཉིད། །ཞི་བ་རྒྱས་པ་ཉིད་ཀྱི་ལས། །སྔགས་ལས་སྐྱེས་པ་གཞན་གང་ཡང ་ཛ་ཧཱཱིུ་བུ་མོའི་བྱེ་མའི་གྲངས། །ཇི་སྙེད་དངོས་གྲུབ་ཕྲ་རྣམས་དང། །ཕྱག་རྒྱའི་དངོས་གྲུབ་གཞན་ཉིད་རྣམས། །ཇི་སྙེད་སལ་རྣམ་གྲངས་པ། །རྣལ་འབྱོར་འདི་ལས་སྐྱེས་པ་རུ། །ཐུགས་ཀྱི་རྡོ་རྗེ་གསུངས་པ་ཡིན། །གང་ཡང་ངེས་འབྱེད་ཆ་མཐུན་པ། ་རྣམ་པ་གཞི་དང་ས་བཅུ་དང། །འབྲས་བུ་ལ་གནས་དེ་ཐམས་ཅད། །རྣལ་འབྱོར་འདི་ལས་ཡང་དག་སྐྱེས། །བྱུང་དང་གང་ཡང་འབྱུང་འགྱུར་བ། །འབྱུང་བཞིན་པ་ཡི་རྒྱལ་བའི་སྲས། །འཇིག་རྟེན་དབང་སོགས་སེམས་དཔའ་ཆེ། །དེ་རྣམས་ཀྱང ་འདི་ཁོ་ནར་གནས། །འདས་དང་མ་བྱོན་སངས་རྒྱས་དང། །ད་ལྟར་བྱུང་བར་འདོད་གང་དང། །བསེ་རུ་ཉན་ཐོས་དགེ་འདུན་ཏེ། །དེ་རྣམས་ཀྱང་ནི་འདི་ལས་བྱུང། །རྣལ་འབྱོར་སྦྱོད་དང་བྱ་བ་ཡི། །དབྱེ་བས་ཇི་སྙེད་སྤྲུལ་པ་འབྱུང། །དེ་སྙེད་ཐམས་ཅད་རྣལ ་འབྱོར་ནི། །འདི་ཁོ་ན་ལས་ངེས་པར་འབྱུང། །ཀུན་ཏུ་བརྟགས་པའི་ངོ་བོ་ནི། །བག་ཆགས་སྟོབས་ལས་བྱུང་རྣམས་དང། །ཇི་སྲིད་བརྟན་དང་གཡོ་བའི་དངོས། །དེ་སྲིད་དེ་ལ་བརྟེན་པའོ་ཞེས་སོ། །འདོད་པ་ལྔ་རྣམས་མེད་ན་སྟོང་པ་ཉིད་ནི་རོ་བྲོ་བ་མེད་པ ་ཁོ་ནར་འགྱུར་རོ། །ཞེས་གསུངས་པ་ཇི་སྲིད་ཅེས་པ་ལ་སོགས་པ་སྟེ། ཇི་སྲིད་དུ་ཡུལ་གྱི་བཅུད་རྣམས་ཀྱི་བྱང་ཆུབ་ཀྱི་མྱུ་གུ་སྐྱོད་པར་མི་བྱེད་པ་དེ་སྲིད་དུ། སངས་རྒྱས་ཀྱི་དཔག་བསམ་གྱི་ཤིང་འབྱུང་བར་མི་འགྱུར་ཏེ། ཆུ་བྲན?་པ་དང་བྲལ་པའི་མྱུ་གུ་ལས ་ཤིང་ཕུན་སུམ་ཚོགས་པ་བཞིན་ནོ། །དེ་ས་ར་ཧའི་ཞབས་ཀྱིས་གསུངས་པ། སེམས་ཀྱི་མྱུ་གུ་ཤིན་ཏུ་ཆུང་བ་ནི། །ཕུང་བཅུད་དག་པས་གལ་ཏེ་མི་འགྲན་ན། །ནམ་མཁའ་ཁྱབ་པའི་འབྲས་བུ་སྦྱིན་པ་ཡིས། །དཔག་བསམ་ཤིང་ཉིད་ཇི་ལྟར་ཐོབ་པར་འགྱུར ་ཞེས་སོ། །འཇིགས་པ་མེད་པའི་གཞུང་འགྲེལ་དུ། ལེའུ་བཅུ་གསུམ་པའོ།། །།མངོན་པར་འདོད་པའི་བླ་ན་མེད་པའི་དོན་བསྟན་པས་རབ་ཏུ་དང། །ཕུལ་དུ་བྱུང་བ་སྐྱེས་པས་ཇི་ལྟར་སྟོང་པ་སྟོན་པའི་ཆེད་དུ་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །བདེ་བ་ཆེན་པོས་རྣམ་པར ་བརྩེ་བའི་ཕྱིར་ལྷ་མོའོ། །སྐྱེད་བྱེད་མ་ནི་ལམ་གྱི་ངོ་བོའོ། །དཔལ་མོ་ནི་རྟོགས་པ་དང། སྤངས་པ་ཕུན་སུམ་ཚོགས་པ་འབྲས་བུའི་ངོ་བོའོ། །རིགས་མེད་པ་རྣམས་ཆེར་སྐྲག་པའི་གནས་ཉིད་ཀྱི་ཕྱིར་འཇིགས་པའོ། །གྲགས་ཆེན་མ་ནི་རྣམ་པར་ཐོས་པའི་གྲགས་ཅན་ན། །བྱམས ་པའི་རང་བཞིན་ཉིད་ཀྱི་ཕྱིར་གཉིས་ཤིན་མའོ། །དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་མཛའ་ཡས་པའི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཕྱིར་ལྷ་མོའོ། །སྙིང་རྗེ་ཆེན་པོ་དང་ཤེས་རབ་ཆེན་པོ་དག་ལས་ཐ་དད་མ་ཡིན་པ་ཉིད་ཀྱི་ཕྱིར་ཕྱག་རྒྱ་ཆེན་པོ་སྟེ་འདི་དག་གི ་པར་དོན་ཕུན་སུམ་ཚོགས་པའོ། །དོན་ཆེན་འབྲས་བུ་སྟོན་མཛད་མ། །དོན་ཆེན་ནི་རྡོ་རྗེ་འཛིན་པ་ཉིད་དོ། །དེ་ཁོ་ན་ལམ་གོམས་པའི་འབྲས་བུ་དམ་པ་སྟེ། དེ་གདུལ་བྱ་རྣམས་ལ་སྟོན་ནོ། །ཞེས་པ་གཞན་དོན་ཕུན་སུམ་ཚོགས་པས་བསྟོད་པར་བྱེད་དོ། །བསྟན ་པའི་ཡུལ་གྱི་སྒོ་ནས་བསྟོད་དེ། སངས་རྒྱས་ཞེས་པ་ལ་སོགས་པའོ། །སངས་རྒྱས་རྣམས་ཀྱིས་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིས་སོ། །གང་རྣམས་ཀྱི་ཞེས་པ་དངོས་གྲུབ་གང་ཞིག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་སྤྱོད་ཡུལ་མ་ཡིན་པའོ།། ་ལྷ་མོ་ཞེས་པ་ལྷ་མོས་སོ། །གསུང་གཅིག་གིས་ཞེས་པ་ཐོག་མར་གོ་དཀའ་པ་བརྗོད་ནས་ཚིག་གཞན་གྱིས་གསལ་བར་བྱས་པ་ནི་མ་ཡིན་པའོ། །ཆེན་པོའི་སྣོད་ནི་ཆེན་པོ་འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམས་ཀྱི་སྟོད་དོ། །ཀུན་ཞེས་པ ་རྣལ་འབྱོར་མ་ཉི་ཤུ་རྩ་བཞིའི་ངོ་བོའོ། གང་རྣམས་དེ་རྣམས་ནི་གང་དངོས་གྲུབ་དེའོ། །གསུངས་པ་ནི་སྣ་ཚོགས་སྡེ་མས་སོ། །འདི་ནི་ཞེས་པ་འདིའིའོ། །སངས་རྒྱས་ཡོན་ཏན་རྣམས་ནི་སྟོབས་དང། མི་འཇིགས་པ་ལ་སོགས་པ་རྣམས་ཏེ། དེ་རྣམས་ཀྱང ་བདག་ལ་བཟོད་མཛོད་ཅིག་སྟེ། གང་གི་ཕྱིར་དེ་རྣམས་ཀྱི་རྒྱུ་དང་འབྲས་བུའི་བདག་ཉིད་ནི་རྒྱལ་བ་མཆོག་རྣམས་ཀྱི་གདུལ་བྱ་རྣམས་ལ་སྦས་པའོ། །ཤིན་ཏུ་རྙེད་དཀའ་ཨི་དོན་ཤིན་ཏུ་སྦས་པའི་སྤྱོད་ཡུལ་ཅན་གྱི་རྒྱུད་འདིར་བདག་གིས་གསལ་བར ་བྱས་པའོ། །དེའི་ཕྱིར་བདག་གི་སྒོ་ནས་དེ་རྣམས་ཁོ་ནས་འདི་བསྟན་པའོ། །ཞེས་དགོངས་པའོ། །བདག་ལ་ཡང་ཕྱིན་ཅི་ལོག་ཏུ་བསྟན་པའི་གནོད་པ་སྒྲོ་བཏགས་པ་ལས་མི་བཟོད་པ་བྱ་བ་མིན། ཞེས་གསུངས་པ་རྒྱལ་བ་མཆོག་རྣམས་བཟོད་མཛོད་ཅིག་།ཅེས་རྣམ ་དབྱེ་བ་བསྒྱུར་བའོ། །རྒྱུད་ཐམས་ཅད་གསུངས་ནས། དབང་བསྐུར་རྣམས་ལོན་འདི་ལ་དབང་དུ་བྱའོ། །ཞེས་བསྟན་པའི་ཆེད་དུ་དབང་བསྐུར་གསུངས་པ། དེ་ནས་ཞེས་པ་ལ་སོགས་པའོ། །གསོལ་བ་གང་བ་སྟེ་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང ་བསྐུར་གྱི་དོན་དུའོ། །ལྷ་མོ་ཆེན་མོ་ལའོ། །བཅད་ཅེས་པ་ཁྱོད་ཀྱིས་སོ། །གཡོགས་ཞེས་ཀླག་པ་ལ་ནི་ཁྱབ་པར་བྱེད་པ་སྟེ། བདག་ལའོ། །དེའི་ཞེས་པ་མོ་དེའིའོ། །ཅིས་འདི་ལྟར་ཤེས་རབ་མ་མགུ་བར་བྱ་བ་ལ་འབད་ཅེས་ན་གསུངས་པ། སངས་རྒྱས ་ཐམས་ཅད་ཀྱིས་ནི་མཆོད། རྒྱུ་དང་འབྲས་བུའི་གནས་སྐབས་དག་ཏུ་ལས་ཀྱི་ཕྱག་རྒྱའི་རྣལ་འབྱོར་ཁོ་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ་ཞེས་པ་མན་ངག་གོ་།ཇི་ལྟར་ན་འདི་ལྟར་ཡིན་ཞེས་གསུངས་པ་འདི་ཁོ་ན་ལ་སྟེ། ཤེས་རབ་མ་ལ་སངས་རྒྱས་ལ ་སོགས་པ་རྣམས་བཞུགས་ཏེ། དེ་རྣམས་བདེ་བ་ཆེན་པོའི་རང་བཞིན་རྣམས་ཡིན་ཞིང། དེའི་རྟན་ཡང་ཤེས་རབ་མ་སྟེ། དེ་ལས་ཆོ་ག་ཇི་ལྟ་བར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ?་བར་བྱའོ། །དེ་ཉིད་ཀྱི་ཕྱིར་ཤེས་རབ་ཡེ་ཤེས་ཀྱི་རང་གི་ངོ་བོ་གསལ་བར ་བྱེད་དེ། དབང་པོ་ཞེས་པ་ལ་སོགས་པ་དབང་པོས་ཉེ་བར་མཚོན་པ་ལས་ཡུལ་ལ་སོགས་པ་ཡང་ངོ། །བདག་ཅེས་པ་བདག་གི་སེམས་ཏེ། སེམས་ནི་བདག་ཅེས་བརྟགས་པའོ། །ཞེས་པའི་གསུང་ལས་སོ། །ཡང་ན་བདག་ཏུ་གདགས་པའི་ཡུལ་ཉེ་བར ་ལེན་པའི་ཕུང་པོ་ལྔ་རྣམས་བདག་འདི་ཐམས་ཅད་རང་བཞིན་མེད་པ་སྟེ། གང་དུ་ཉེ་བར་མི་དམིགས་པ་དེ་མཆོག་ཏུ་དགའ་བ་རྟོགས་པའོ། །མཆོག་དགའ་ནི་འདིར་ལྷན་ཅིག་སྐྱེས་པའི་དགའ་ཁོ་ན་དང་མིང་གཞན་ཤེས་རབ་ཡེ་ཤེས་ཏེ། དབང་པོ་ལ་སོགས་པར་སྒྲོ་བཏགས་པ ་དང་བྲལ་བའི་ཕྱིར་རོ། །དེ་བརྟག་པ་གཉིས་པའི་རྒྱུད་དུ་གསུངས་པ། མཆོག་ཏུ་དགའ་བ་ཐོབ་ན་ནི། སྣ་ཚོགས་སྤངས་པའི་སྐད་ཅིག་ལ་ཞེས་སོ། །འཚར་བའི་རིམ་པ་ཁོ་ནས་འདིའི་ཡང་དག་འཐོག་རྟོགས་པར་བྱའོ། །དེའང་ལེའུ་དང་པོར་དཔྱད་ཟིན་ཏོ། །མཆོག་ཏུ་དགའ་ ་བ་ཁོ་ན་ལ་རྒྱུ་ཉིད་ཀྱིས་ཕྱག་འཚལ་ཏེ། དེ་ལ་ཞེས་པ་ལ་སོགས་པའོ། །གང་ཞིག་ཤར་བས་ནི་ལྷན་ཅིག་སྐྱེས་པ་གང་ཤར་བས་སོ། །འབྲས་བུ་ཉིད་ཀྱིས་ཕྱག་འཚལ་ཏེ། གང་ཡང་གོམས་པ་ལས་ངེས་པར་འབྱེད་པའི་ཆ་ལ་ཕན་པ་ལ་སོགས་པ་རྟོགས་པའི་རིམ་གྱིས ་མངོན་དགའ་སྟེ། ཀུན་ནས་མངོན་པར་ཤེས་པ་དང། སྟོབས་དང་མི་འཇིགས་པ་ལ་སོགས་པ་ཕུལ་དུ་བྱུང་བའི་ཡོན་ཏན་རིན་ཆེན་རྣམས་ཡང་དག་པར་འབྱོར་པ་ནི། རྒྱལ་བ་རྣམས་ཀྱིས་ཉོན་མོངས་པའི་རྙོག་པ་མ་ལུས་པ་དང་བྲལ་བའི་ཕྱིར་མཛེས་པ་ཀུན་ཏུ ་བཟང་པོ་མཆོག་ཏུ་དགྱེས་པར་གནས་པའི་སྐུ་སྟེ་སྐུ་བཞི་པ་རྡོ་རྗེ་འཆང་མཁས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཐུགས་ལས་དེའི་བདག་ཉིད་དུ་རྣམ་པར་རྟོག་པའི་གཡེང་བ་མ་ལུས་པ་སྤངས་པའི་ཕྱིར་སྤས་ཏེ། ཚིག་དང་བློའི་སྤྱོད་ཡུལ་ཅི ་ཡང་མ་ཡིན་པའོ། །དེ་ཉིད་ཀྱི་ཕྱིར་འདི་རྟོགས་ནས། སྣ་ཚོགས་སྡེ་མ་ལ་སོགས་རྣམས་མི་སྨྲ་བར་གྱུར་ནས་གནས་པར་འཆད་པར་འགྱུར་རོ། གཅིག་པུ་ནི་གཉིས་སུ་མེད་པའི་མཆོག་ཏུ་དགའ་བ་སྟེ། སྒྲིབ་པ་ཐམས་ཅད་ཀྱི་བག་ཆགས་ལྷག་མའི་གཉིད་དང་བྲལ་བའི ་ཕྱིར་སང་བ་སྟེ། དེ་ལ་ཕྱག་འཚལ་ལོ། །དེ་ནས་ཚིགས་སུ་བཅང་པ་འདིས་ཤེས་རབ་ཡེ་ཤེས་དེ་ཉིད་ཁྱད་པར་བའི་ངོ་བོར་ཆུའི་རླབས་ཀྱི་ངོ་བོ་བཞིན་དུ་བྱུང་བ་ནི་དབང་བཞི་པ་ཞེས་གསུངས་སོ། །དེ་འདི?་བདེ་བ་ཆེན་པོའི་རང་བཞིན་རྡོ་རྗེ་འཛིན་པ་ནི་རྒྱུད་ཐམས་ཅད་ཀྱི་གླེང ་གཞིའོ་ཤེས་པའོ། །འཇིགས་པ་མེད་པའི་གཞུང་འགྲེལ་དུ་ལེའུ་བཅུ་བཞི་པ་རྫོགས་སོ།། །།ཧེ་རུ་ཀ་དཔལ་དཔའ་བོའི་ལམ་ནི་རྣམ་པར་བཀྲལ་ལས་དགེ་བ་ཆེད་བྱུང་བས། འཁོར་བའི་འཁྲུལ་མེད་བཅང་ནས་འགྲོ་།འདི་དེ་ཡིས་དཀྱིལ་འཁོར་དུ ་ནི་འདུ་བར་ཤོག་།བདག་ནི་ཐུབ་པ་འདི་ཡི་མཛའ་ཡས་སྐུ་ནི་ཡུན་རིང་རྣམ་པར་འཛིན་བྱེད་ཅིང། སྲོག་ཆགས་སོ་སོ་ལ་གཞོལ་ཆེ་བའི་བདེ་བ་སྤྲོས་པ་འཇིགས་པ་འཛིན་གྱུར་ཅིག་།རྣམ་གནོན་ཚུལ་གྱིས་མཁས་པ་ནི། །འཇིགས་པ་མེད་པས་གནས་རེ་གོ་ཆོག་། ་དགའ་བ་སྐྱོང་གི་རྒྱལ་སྲིད་ལོ།། ཉི་ཤུ་ལྔ་ལས་འདི་བྱས་སོ། །སྲིད་གསུམ་རྣམ་རྒྱལ་ཕུན་ཚོགས་ས་གཞི་མ་ཉམས་སྐུ་ཅན་གྱིས། །འགྲོ་ལ་ཆུང་མིན་ཕན་བྱའི་ཆེད་དུ་བསགས་པ་ཡི། །མ་ག་དྷ་བདག་སྲས་པོ་དང་ལྡན་གནོད་སྦྱིན་སྐྱོང་གི་མཐུ། །བརྟན་པ་ཡོངས་འགྱུར་ཆེད་དུ ་ངས་དོན་གཉེར་ལས་འདི་གཞུང་བས། །དགའ་བའི་བདེ་སྦྱིན་གཉིས་མེད་དམ་པའི་བཅུད་ཀྱི་རོལ་པ་ལས་འཕྲུལ་པའི་ས་གཞི་རྡོ་རྗེ་བཙུན་མོ་ནི། རྩེན་པ་ཤེས་རབ་དཔལ་འདིས་ཐུག་པའི་ཚོགས་ཀྱིས་བཀོད་པ་བསྒྲིགས་པའི་ཐེམ་སྐས་ཕྲེང་བ་གང་གི་གནས། །མ་བྱས་བྱས་དོན ་འོན་གཉེར་ཡང་དག་རྟོག་པའི་སྟོབས་ཅན་དུ་ནི་རྒྱལ་མཛད་གྱུར་ཅིག་དེ་ཡིས་ཡང། །ཁོ་བོས་བཀྲལ་བས་མཉམ་མེད་དགེ་བ་བདུད་རྩིས་གང་བ་དོན་དུ་གཉེར་བྱའི་ཚིམ་པ་འབྱུང་གྱུར་ཅིག། ཚིགས་བཅད་བརྒྱ་ཕྲག་བཅུ་དྲུག་ནི། །རྐང་བཅས་འདི་ནི་བསྡོམས་པའི་ཚད།། ་མཁས་པ་རྣམས་ཀྱིས་རྒྱན་ཆེད་འདིའི། །ཚད་བཞིན་སྙིང་ལ་དངོས་པོ་ཉིད། །ཅེས་པ་དཔལ་སངས་རྒྱས་ཐོད་པའི་རྒྱུད་ཆེན་པོའི་འགྲེལ་པ་མི་འཇིགས་པའི་གཞུང་འགྲེལ་གནས་བརྟན་མཁས་པ་ཨ་བྷ་ཡཱ་ཀ་ར་ཀུ་པ་ཏ་ཡིས་མཛད་པ་རྫོགས་སོ།། །།འདི་ནི ་སྔོན་པོ་ཙ་བ་མཁས་པ་ཞིག་གིས་བསྒྱུར་བ་ལ། བར་སྐབས་སུ་དཔེ་སྟོར་བས་མ་ཚད་བ་ལས། །དབང་ལོ་ཙ་བ་དགེ་སློང་བློ་གྲོས་བརྟན་པས། །སྤྱི་བ་ལྟས་པ་མཁན་པོ་འཇམ་དཔལ་སེར་པོའི་གསུང་གི་བསྐུལ་ཏེ། ལེའུ་དང་པོར་དེང་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན ་པོ་རྡོ་རྗེ་ཞེས་པ་ནས། འོག་གི་ལམ་ནས་ཅུང?་ཞེས་པའི་བར་དང། ལྷའི་སྐུ་སྒོམ་པ་ཁོ་ན་གསུངས་ཏེ། གང་གསུངས་པ་ཞེས་པ་ནས་བརྟན་པ་ས་གཞི་ལ་སོགས་པ་རྣམས་དང་གཡོ་བ་ཅེས་པའི་བར་དང། ལེའུ་གསུམ་པའི་འཇུག་ཧེ་རུ་ཀའི་གཟུགས་སུ་བསྒོམ་པ་རྫོགས་པས ་ཞེས་པ་ནས་ལེའུ་བཞི་པའི་ཐ་མལ་ནི་འདིར་མ་རིག་པ་སྟེ་དེས་ཞེས་པའི་བར་དང། ལེའུ་བཅུ་གསུམ་པའི་དབུའི་དེ་ཁོ་ན་ཉིད་ནི་ཐམས་ཅད་ལ་ཞེས་པ་ནས་ལེའུ་བཅུ་བཞི་པའི་མཇུག་ན་གང་ཞིག་ཤར་བས་ནི་ཞེས་པའི་བར་དང། སྲིད་གསུམ་རྣམ་རྒྱལ་ཞེས་ལ ་སོགས་པའི་ཚིགས་བཅད་གཉིས་རྣམས་ཧོར་ཀོང་པས་བས་ཤིང་ལྷག་མ་རྣམས་ལ་ཞུ་ཆེན་བགྱིས་ནས་བསྒྱུར་ཅིང་གཏན་ལ་ཕབ་པའོ། །འདི་ས་འགྲོ་བ་ཐམས་ཅད་ལ་ཕན་པར་ཤོག་།འདིའི་འགྱུར་སྔ་མ་ནི་ལོ་ཙ་བ་ཆེན་པོ་དིང་རི་ཆོས་གྲགས་ཞེས་བྱ་བ་ཡིན་ཞེས ་ཐོས་སོ།། །། *། །རྒྱ་གར་སྐད་དུ། ཤྲཱི་བུདྡྷ་ཀ་ལཱ?་ལི་སཱ་དྷ་ན་ནཱ་མ། བོད་སྐད་དུ། དཔལ་སངས་རྒྱས་ཐོད་པའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་སངས་རྒྱས་ཐོད་པ་ལ་ཕྱག་འཚལ་ལོ། །ཁྲག་འཐུང་ཡོན་ཏན་ཟབ་མངའ་བ། །དངོས་པོ་ཀུན་གྱི་རང་བཞིན་མཆོག་། ་