CLOSE WINDOW

N1316: dpal rdo rje bdud rtsi'i dka' 'grel
Wyliee-texts based on the ACIP/ALL Input

རྒྱ་གར་སྐད་དུ། ཤྲཱི་བཛྲ་མྲི་ཏཔཉྩི་ཀཱ་།བོད་སྐད་དུ། དཔལ་རྡོ་རྗེ་བདུད་རྩིའི་དཀའ་འགྲེལ། དཔལ་རྡོ ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གང་གི་དངོས་པོ་མཛའ་དག་རྣམ་བཅོམ་དྲི་མེད་ཡེ་ཤེས་དར་བ་འཁྲུག་མེད་པ་། ་ཐབས་དང་ཤེས་རབ་ཐུགས་རྗེ་ཆེན་པོ་རོ་མཉམ་ཕྱིར་གཅིག་གཉིས་སུ་གསལ་བ་དེ། །མཱ་མ་ཀཱི་ལ་སོགས་པའི་སྤྱན་ཟུར ་རྐང་དྲུག་ཚོགས་ཀྱིས་བལྟས་པའི་ཆུ་སྐྱེས་ཞལ། །དེ་ལ་བཏུད་ནས་མཆོག་ཏུ་བདེ་བ་རྒྱལ་བའི་རང་བཞིན་རྡོ་རྗེ་བདུད་རྩི་བྲི། །རང ་ཉིད་ལ་སྣང་རྒྱུད་ཀྱི་དོན། །ངེས་པར་གསང་བ་གསང་སེམས་པའི། །བདག་གཞན་རྣམས་ཀྱི་དྲན་པའི་ཕྱིར། ། ་རྣམ་པར་འགྲེལ་བ་གསལ་བར་བྱ། །རྒྱུད་འདི་ལ་བཅོམ་ལྡན་འདས་མི་བསྐྱོད་པ་མཱ་མ་ཀཱི་ལ་སོགས་པའི་འཁོར་གྱིས་ཡོངས་སུ ་བསྐོར་བ་ནི་བརྗོད་པར་བྱའོ། །རྒྱུད་ཀྱང་རྗོད་པར་བྱེད་པའོ། །དགོས་པ་ཡང་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་བྱེད ་པས་སྐྱེ་བོ་རྣམས་ཀྱིས་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ཉེས་པ་ངེས་པར་འཇོམས་པར་བྱེད་པ་ཞེས་བྱའོ། །དེ་ལ་ཡང ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ཐོབ་པ་ལས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་བསམ་སྟེ་ཚེགས་མེད་པར་སྐྱེ་བོ་མ་རྒྱལ་བ་ལས་རྒྱལ་བར་འགྱུར་ཏེ་རྫོགས ་པའི་སངས་རྒྱས་རྒྱུན་ཏུ་སེམས་ཅན་གྱི་དོན་བྱེད་དོ་ཞེས་པ་དགོས་པའི་ཡང་དགོས་པའོ། །དེ་དག་ཀྱང་གདོན་མི་ཟ་བར་བརྗོད་པར་བྱ་བ་སྟེ། ཆོས་ཀྱི་རྗེས་སུ ་འབྲང་བའི་གང་ཟག་སྒྲུབ་པར་བྱེད་པ་ལ་ཕན་པར་བྱེད་པའི་ཕྱིར་རོ། །འོ་ན་སེམས་ཅན་རྣམས་ཀྱིས་རྫོགས་པའི་བྱང་ཆུབ་ཐོབ་པའི་དོན་དུ་རྩིའི་ཕྱིར་འདི་ལས ་ཐབས་གཞན་པའི་ཏིང་ངེ་འཛིན་བཅོམ་ལྡན་འདས་ཀྱིས་རབ་ཏུ་བསྟན་པ་མ་ཡིན་ནམ། འདིར་འཇིག་རྟེན་ལ་འགལ་བ་བསྟན་ཞེ་ན། གང་གི་ཕྱིར་འཇིག ་རྟེན་ཐོག་མ་མེད་པའི་དུས་སུ་གོམས་པ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་མཛའ་དག་གི་དྲ་བས་འཁྲུགས་པ་ཡིད་ཆགས་པ་ལ་སོགས་པ་དང་བྲལ ་བས་ན་ཅུང་ཟད་ཀྱང་གནས་པར་མི་ནུས་སོ། །དེའི་ཕྱིར་དེ་ཁོ་ན་རྫོགས་པའི་བྱང་ཆུབ་ཐོབ་པའི་ཆེད་དུ་རྒྱུ་ཉིད་དུ་ཉེ་བར་བླང་བར་བྱ་སྟེ་ཡིད་སྔགས ་དང་ཕྱག་རྒྱ་དང་ཡེ་ཤེས་སེམས་དཔའ་དགུག་པ་དང་ལྷན་ཅིག་པས་བྱང་ཆུབ་ཐོབ་པར་བྱ་བ་ལས་ནུས་པ་ཤིན་ཏུ་སྐྱེ་བར་འགྱུར་རོ། །གཞན་ཡང་འདོད་ཆགས ་དང་འདོད་ཆགས་ཅན་འཆིང་བ་དང་བཅིང་བྱ་དག་དོན་དམ་པར་ཡོངས་སུ་གྲུབ་པ་མེད་དེ། རིགས་པས་རྣམ་པར་དཔྱོད་བཞིན་པ་ན་བརྫུན་པ་ཉིད་དོ། །དེ་བཞིན ་དུ་ཡང་གསུངས་པ། གང་ཞིག་ཆགས་པ་དང་གང་ལ་ཆགས་པ་འམ་གང་གིས་ཆགས་པ་དེ་དང་དེའི་ཆོས་སུ་ཉེ་བར་དམིགས་པར་མི་བྱ་སྟེ། ཉེ་བར་དམིགས ་པའི་ཡིད་ལ་འདོད་ཆགས་ཀྱི་སྐྱོན་མེད་དོ་ཞེས་པ་ལ་སོགས་པའོ། །བསྐྱེད་པར་བྱ་བ་དང་ཉམས་པར་བྱ་བ་མེད་དེ། འདོད་ཆགས་མེད་པ་ཁོ་ནའི་སེམས་ལ་ཀུན་ནས་ཉོན་མོངས་པར་བྱ ་བ་ནས་ཡང་སྐྱེ་བ་མེད་དོ། །གང་ཡང་བདག་ཏུ་ཉེ་བར་དམིགས་པ་ཞེན་པའི་ལྟ་བ་པོ། །དེ་རྣམས་ཆགས་པས་ངན་སོང་དུ་ནི་ལྟུང་བར་འགྱུར། །གང་རྣམས་འདོད་ཆགས་ཆོས་ཀྱང་སངས་རྒྱས་ཆོས་རྣམས་ཏེ། །དེ་རྣམས་ཀྱིས་ནི་ཁྱད ་པར་ཅི་ཡང་ཡོད་པ་མིན། །ཡི་གེ་གཅིག་པ་ཚུལ་གཅིག་མཚན་ཉིད་མེད་པ་སྟེ། །དེ་བཞིན་སྐྱེ་དགུ་མེད་ཅིང་བདེ་གཤེགས་ཉིད་མཆོད་མེད། །ཚུལ་ཁྲིམས་འཆལ་དང་ཚུལ་ཁྲིམས་རྣམ་པར་བརྟགས་ནས་ནི། །གང་ཞིག ་ཚུལ་ཁྲིམས་རློམ་པས་མྱོས་པས་བསམ་པ་སྟེ། །དེ་ཡི་བྱང་ཆུབ་མེད་ཅིང་སངས་རྒྱས་ཆོས་ཀྱང་མེད། །གང་ཕྱིར་དེ་ཡི་དམིགས་པའི་ལྟ་བར་རབ་གནས་ཕྱིར་ཞེས་སོ། །སླར་ཡང་གསུངས་པ། འདོད་ཆགས་མེད་ཅིང ་ཆགས་བྲལ་མེད། །དབུ་མ་ཉེ་བར་མི་དམིགས་སོ། །ཞེས་པ་ལ་སོགས་པའོ། །འདིར་བཅོམ་ལྡན་འདས་མི་བསྐྱོད་པ་ནི་སྟོན་པ་པའོ། །མཱ་མ་ཀཱི་ནི་ཞུ་བ་པོ་སྟེ་རྒྱུད་ཀྱི་སྡུད་པར་བྱེད་པ་པོ་དེ་ཉིད་དོ། །ཞི་བ་མ་ལ་སོགས་པའི་ལྷ་མོ་སྒོ་སྐྱོང ་གི་མཐར་ཐུག་བ་ནི་འཁོར་ལོ། །འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་རྒྱུད་ཀྱི་སྐབས་འབྱེད་དོ། །འདི་སྐད་ནི་འཆད་བར་འགྱུར་བ་ཅན་རྡོ་རྗེ་བདུད་རྩིའི་རྒྱུད་དོ། །བདག་གིས་ཐོས་པ་ཉིད་དེ་ཤེས་སོ་ཞེས་པའི་དོན་ཏོ། །དུས་གཅིག ་ན་ནི་དུས་གཅིག་གི་ཚེ་ན་སྟེ། གང་གི་ཚེ་ན་སྟེ། གང་གི་ཚེ་བཅོམ་ལྡན་འདས་མི་བསྐྱོད་པ་གསང་བའི་པདྨ་རྣམས་སུ་བཞུགས་པ་དེའི་ཚེ་ཐོས་སོ། །བཅོམ་ལྡན་ཞེས་པ་བདུང་བཞི་བཅོམ་པ་ལྡན་པས་བཅོམ་ལྡན་ནོ། །ཡང་ན་དབང་ཕྱུག་ལ ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །གསང་བའི་པདྨ་རྣམས་སུ་རྟག་ཏུ་གནས་དང་ལྡན་ནོ་ཞེས་པའི་དོན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །དེ ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྣམས་དེ་རྣམས་ཁོ་ན་རྡོ་རྗེའི་སྙིང་པོའོ། །རྡོ་རྗེ་བདུད་རྩིའི་གསང་བ་ནི་མཱ་མ་ཀཱི་ལ་སོགས་བའི་ལྷ་མོའོ། །དེ་རྣམས་ཀྱིས་པདྨ་ནི་བྷ་གའི་དབུས་སུ་ལྷག་པའི་གནས་རྣམས་སུ་བཞུགས་པ་ནི་ཡང་དག ་པར་གནས་པ་དང་ལྡན་ནོ་ཞེས་པའི་དོན་ཏོ། །དོན་ནི་འདི་ཡིན་ཏེ་མཱ་མ་ཀཱི་ལ་སོགས་པའི་ལྷ་མོ་དེ་རྣམས་ཀྱི་བྷ་གའི་དབུས་རྣམས་སུ་བཅོམ་ལྡན་འདས་འཁོར་དང་མཆོག་ཏུ་བདེ་བའི་དགའ་བ་དམ་པ་པོར་མཉམ་པའི་ངོ་བོ་བྱང་ཆུབ་ཀྱི་སེམས ་རྡོ་རྗེ་བདུད་རྩིའི་གཟུགས་ཀྱིས་ཡང་དག་པར་གནས་སོ། །དེ་བཞིན་དུ་ལྷའི་རྣལ་འབྱོར་མངོན་དུ་བྱེད་པར་འདོད་པའི་རྣལ་འབྱོར་ཀྱིས་ཀྱང་གོས་པར་བྱའོ། །ཞེས་པའོ། །རོལ་ཞེས་པ་ལ་སོགས་པ་ནི་མཱ་མ་ཀཱི་དང་ལྷན་ཅིག་ཏུ་སྙོམས་པར་ཞུགས ་པ་དང་ལྡན་པར་གྱུར་ནས་ཞི་བ་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་ལྷན་ཅིག་རོལ་པར་བྱེད་དོ། །ཁང་པ་ཞེས་པ་དཀྱིལ་འཁོར་དུ་སྟེ། འདི་དག་གསུངས་པར་འགྱུར་བ། མཱ་མ་ཀཱི་ལ་སོགས་པའི་ཆོས་འབྱུང་དུ་གྲུ་བཞི་ལ་སོགས ་པའི་ཡོན་ཏན་དང་ལྡན་པའི་དཀྱིལ་འཁོར་དུའོ། །དེའི་སྟེང་དུ་ཡོངས་སུ་བརྟགས་པའི་པདྨ་འདབ་མ་བརྒྱད་པ་ལ་འདབ་མ་སོ་སོ་མ་ཡང་དག་པར་གནས་པའི་ལྷ་མོ་བརྒྱད་ནི་ཞི་བ་མ་ལ་སོགས་པའི་མིང་ཅན ་རྣམས་སོ། །སྒོ་རུ་ཁྲོ་གཉེར་མ་ལ་སོགས་པའི་སྐོ་སྐྱོང་མ་རྣམས་སོ། །གྲཝ་རྣམས་སུ་མེ་ཏོག་མ་ལ་སོགས་པའི་ལྷ་མོ་རྣམས་སོ། །སྣམ་བུ་ལ་གླིང་བུ་མ་ལ་སོགས་པའི་ལྷ་མོ་རྣམས་ཏེ། ཐམས་ཅད་རང་གི་མཚན་མ་འཛིན་པ་ཡང་དག་པར་བཞག་པར་བྱའོ། །བཅོམ་ལྡན ་འདས་མི་བསྐྱོད་པ་ཡང་མཱ་མ་ཀཱི་ལ་སྙོམས་པར་ཞུགས་པ་དང་ལྡན་པས་པདྨའི་སྙིང་པོ་ལ་བཞུགས་སོ་ཞེས་པའོ། །དེ་ནི་བཅོམ་ལྡན་འདས་བཙུན་མོའི་འཁོར་གྱི་དབུས་སུ་ལྷག་པའི་གདན་ལ་ཤིན་ཏུ་དགའ་བའི་ངོས་ཡང་དག་པར་མཉེས་ནས་མཱ་མ་ཀཱི་ས ་འདོད་ཆགས་ལ་སོགས་པ་ལ་ཀུན་ནས་ཞེན་པའི་སེམས་ཅན་གྱི་ཁམས་ཡོངས་སུ་མགུ་བར་བྱེད་པའི་དོན་དུ་གསོལ་བ་བཏབ་པོ། །ལྷ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་བདུད་རྩིའི་རྒྱུད་ཅེས་པ་ནི་རྒྱུད་བླ་མ་སྟོང་ཕྲག་བཅུ་གཉིས་པ་ནི་རྒྱས་པ་ལ་དགའ་བའི ་སེམས་ཅན་གྱི་དོན་བྱེད་པའི་ཐབས་སོ། །ད་ནི་བསྡུས་པ་ལ་དགའ་བ་ལ་སོ་སོར་བཀའ་སྩལ་ཏོ། །བདུད་རྩི་ཞེས་པ་བྱང་ཆུབ་ཀྱི་སེམས་ཏེ། འཆི་བའི་ཆོས་དང་བྲལ་བའི་བདག་ཉིད་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་བྱེད་པས་རྒྱུའི་གཙོ་བོ་དེ་ཁོ་ནའོ། །གང་གི་ཕྱིར ་སེམས་ཙམ་གྱི་བདག་ཉིད་དུ་སྣང་བའོ། །ཕུང་པོར་གྱུར་པ་ཁམས་གསུམ་པ་ཅན་ལ་གཉིས་སུ་མེད་པར་གྱུར་པ། ཕྱི་དང་ནང་གི་རྣམ་པར་རྟོག་པའི་དྲི་མའི་དྲ་བ་མ་ལུས་པ་ངེས་པར་བདལ་བར་བལྟས་ནས། དེའི་མཐར་བདེ་བ་ཆེན་པོའི་ཡེ་ཤེས་རོ་མཉམ་པ་ཅན་དུ་གྱུར ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ས་བཅུ་གསུམ་པ་ཆོས་འབྱུང་ལ། ནམ་མཁའ་ལྔའི་པདྨ་འདབ་མ་བརྒྱད་པའི་དབུས་སུ་ཡེ་ཤེས་བདུད་རྩིའི་རྒྱུན་རྒྱས་པར་འཕྲོ་བར་བྱེད་པའི་བུམ་པ་དང་ལྡན་པ་ནམ་མཁའ་ཨི་མཐིལ་ཁྱབ་པར་གྱུར་པ་ལ། བྷཱུཾ་གི་ཡི་གེ་ཡོངས་སུ ་གྱུར་པ་ལས་།རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི། ཁང་པ་བརྩེགས་པ་གྲུ་བཞི་པ་ལ་སོགས་པའི་དཀྱིལ་འཁོར་བརྒྱན་པར། ཟླ་བའི་དཀྱིལ་འཁོར་དང་རྡོ་རྗེ་ལས་ཡེ་ཤེས་སེམས་དཔའ་བསྒོམ་པར་བྱས་ནས་འཆད་པར་འགྱུར་བའི་བསྟོད་པ་དང་མཆོད་པས་ཡང་དག་པར་ ་བསྟོད་དེ་ཡང་དག་པར་མཆོད་ནས་བཟོད་པར་གསོལ་ཏེ། དེ་ཁ་ནས་བཅུག་སྟེ་རྡོ་རྗེའི་ལམ་ནས་ངེས་པར་བྱུང་སྟེ་ཟླ་བ་ཞུ་བའི་བདག་ཉིད་དུ་བལྟས་ནས་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མ་ལྷན་ཅིག་བལྟའོ།། ཕྱི་ནས་རྗེས་སུ་རྣལ ་འབྱོར་ནི་དཀྱིལ་འཁོར་གྱི་འཁོར་ལོ་བྱུང་ནས་ལྷག་པའི་བདག་པོའི་བསྙེམས་པ་བྱའོ། །རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་རྡོ་རྗེ་བདུད་རྩི་མཆོག་ཏུ་ཉེ་བར་འབྱུང་བར་ཡང་དག་པར་གོ་བར་བྱེད་དོ། །དེ་གསུངས་པ་སེམས་དང་སེམས་དཔའ་ཨོ་ཏིང ་འཛིན་དང། བྱང་ཆུབ་སྤྱོད་པ་ཞེས་པ་ལ་སོགས་པའོ།། སླར་ཡང་གསུངས་པ། དབང་པོ་གཉིས་པོ་སྙོམས་ཞུགས་ནས། མཁས་པས་རང་གི་ཁུ་བ་ནི། །ཕྱུང་ནས་རྟག་པར་རྣལ་འབྱོར་པས། །དཀྱིལ་འཁོར་དཀྱིལ་འཁོར་རྣམ་པ་རྣམས་ཞེས་སོ། །འདིའི ་ཕྱིར་ཡང་དོན་འདི་རྟོགས་པ་བྱའོ། །འདི་ཉིད་ཀྱང་རྣལ་འབྱོར་གྱི་རྒྱུད་ལ་སྒྲུབ་པའི་ཐབས་ཀྱི་གཙོ་བོ་ཡིན་གྱིས་གང་ཡང་རུང་བ་ནི་མ་ཡིན་ནོ་ཞེས་པའོ། །གང་གི་ཕྱིར་འདི་ཉིད་དུ་གསུངས་པར་འགྱུར་བ། བདུད་རྩི་ཁུ་བ་ཞེས་བརྗོད་དོ། །འགྲོ་བ་གསུམ་པོ་དེ ་ལས་སྐྱེས། །སྐུ་གསུང་ཐུགས་ནི་གྲུབ་དོན་དུ། །སྒྲུབ་པོ་རྣམས་ཀྱི་བདེ་བ་སྤྱོད། །ཅེས་པ་འདིས་ཀྱང་རྟོགས་པར་བྱའོ། །བསམ་མེད་ཅེས་པ་འདིས་རྡོ་རྗེ་བདུད་རྩིའི་རྒྱུ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ཁྱད་པར་ཡིན་ནོ། །དངོས་པོ་དང་དངོས་པོ་མེད་པའི་དང་གཉིས་ཀར ་རྟོག་པའི་དྲི་མའི་དྲ་བ་དང་བྲལ་བ་ནི་བསམ་མེད་དོ། །ཟད་མེད་དང་ཞེས་པ་རང་གི་རིགས་དང་མཐུན་པའི་བདེ་བའི་ངོ་བོ་བརྒྱུད་པ་སྐྱེད་པ་པོ་ཉིད་ཀྱི་ཕྱིར་དང་རྒྱུད་ཀྱི་རྒྱུན་མ་ཞིག་པ་ཉིད་ཀྱི་ཕྱིར་རོ། །ཕྲ་མོ་ནི་དག་ཏུ་དཔེར་བརྗོད་པའི་ཡུལ་མ་ཡིན་པ་ཉིད ་ཀྱི་ཕྱིར་རོ། །དོན་ཡོད་དང་ནི་བསྐལ་བ་ཆེན་པོ་གྲངས་མེད་པས་ཐོབ་པར་བྱ་བའི་མངོན་པར་རྫོགས་པར་བྱང་ཆུབ་པ་དེ་སྐད་ཅིག་ལ་ཡང་དག་པར་རྟོགས་པ་པོ་ཉིད་ཀྱི་ཕྱིར་རོ། །དབང་པོ་ལས་འདས་ནི་མིག་ལ་སོགས་པའི་སྐྱེ་མཆེད་ལས་ཤིན་ཏུ་འདས ་པ་ཉིད་ཀྱི་ཕྱིར་རོ། །དམ་པ་ནི་མེ་ལོང་ལ་སོགས་པའི་ཡེ་ཤེས་ལྔའི་གཙོ་བོ་ཉིད་ཀྱི་ཕྱིར་རོ། །ཞི་བ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཀྱིས་མ་གོས་བ་ཉིད་ཀྱི་ཕྱིར་རོ། །ཤིན་ཏུ་རྣམ་དག་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་དག་པའོ།། ་དབྱེ་བྱ་མིན་པ་འབྱེད་པ་པོ་ཉིད་ཀྱི་ཕྱིར་རྡོ་རྗེའོ། །ཐ་མལ་པའི་ཕུང་པོ་ཡོངས་སུ་སྒྱུར་བར་བྱེད་པའི་རྒྱུ་བཅུད་ཀྱིས་ལེན་གྱི་ངོ་བོ་ཉིད་ཀྱི་ཕྱིར་བདུད་རྩིའོ། །དེ་བཞིན་དུ་འབྱུང་བ་དང་མཆོག་ཏུ་འབྱུང་བའི་ཡོན་ཏན་གྱི་ཚོགས་ཀྱི་ཁྱད་པར་ལས་དང་བྱང་ཆུབ་ཀྱི ་སེམས་ལས་འགྲོ་བ་གསུམ་པོ་ཡང་རབ་ཏུ་སྐྱེས་པ་ནི་ཡང་དག་འབྱུང་ཞེས་པའི་དོན་ཏོ། །འདིས་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཉིད་བཅོམ་ལྡན་འདས་སུ་གསུངས་སོ། །སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ལ་སོགས་པ་སྟེ། འདིས་རྡོ ་རྗེ་བདུད་རྩིས་སྐུ་དང་གསུང་དང་ཐུགས་རྣམས་ན་བསྒྲུབ་པར་བྱ་བ་སྟེ་བདེ་བ་ཆེན་པོའི་ངོ་བོས་ངེས་པར་བསྐྱེད་པའི་མཐར་ཐུག་པའི་ཞེས་པའི་དོན་ཏོ། །རྡོ་རྗེ་པདྨ་ཞེས་པ་སྒྲུབ་པར་བྱེད་པ་རང་ཧཱུཾ་ཡིག་ཡོངས་སུ་བརྟགས་པས་རྡོ་རྗེའི་རྣམ་པའོ། །ཏྲཾ་ཡིག་ལས་ཡོངས ་སུ་སྐྱེས་པའི་ནོར་བུ་སྣ་ཚོགས་རྡོ་རྗེའི་སྐ་རགས་ཀྱིས་བརྒྱན་པའོ། །གཏུམ་མོ་ལ་སོགས་པའི་བུ་མོ་མཱ་མ་ཀཱིའི་རྣམ་པར་ཡོངས་སུ་བསྐྱེད་བཞིན་བའི་བྷ་གའི་དབུས་སུ་ཧྲཱི(རྒྱུད་འགྲེལ་ནས་མཉམ་པར་ཀུན་ཏུ་སྦྱོར་བ་བྱེད་པ་ཡིན་གྱི། གཞན་དུ་ལྟུང་བ་དང་བཅས་པར་འགྱུར་རོ། །ད་ནི་འདིའི་ལྟའི་རྣལ་འབྱོར་མངོན་དུ་བྱེད་པའི་རྒྱུ་མཆོད་པ་དང་དཀྱིལ་འཁོར་ཅི་ལྟ་བུ་ཞེས་སླར་ཡང་ཞུ་བར་བྱེད་པ། གྲུ་གསུམ་ཞེས་པ་ལ་སོགས་པ་སྟེ། གྲུ་གསུམ་ནི་ཆོས ་འབྱུང་གི་རྣམ་པ་རྡོ་རྗེ་འཛིན་པའི་སའི་རང་བཞིན་ནོ། །དཀྱིལ་ནི་སྙིང་པོ་སྟེ་བདེ་བ་ཆེན་པོའི་ཡེ་ཤེས་སོ། །དེ་ལེན་པར་བྱེད་དོ། །ཞེས་པ་དཀྱིལ་འཁོར་རོ། །གསང་བ་པདྨ་ཞེས་པ་གསང་བའི་དབུས་སུ་པདྨའི་འདིའི་ཞེས་འདྲུ་མང་པོའོ། །གསང་བའི་སྦྱོང་ཡུལ་ཞེས ་གསང་བ་སྤྱོད་ཡུལ་ནི་ཡུལ་ཏེ་ཟླ་བའི་དཀྱིལ་འཁོར་དགོང་པས་སོ། །ཕྱི་རོལ་ཞེས་པ་གྲུ་གསུམ་དེའི་དབུས་སུ་པདྨ་འདབ་མ་བརྒྱད་པ་བཀོད་པའི་ཕྱི་རོལ་ཏུའོ། །ལོགས་དང་སྒོ་བཞི་ཞེས་པ་ནི་ཉེ་བར་མཚོན་བྱེད་དེ། གཞན ་གྲུ་བཞི་དང་རྟ་བབས་བཞི་དང་སྒོ་དང་སྒོ་ཁྱུང་ལ་སོགས་པ་རྟགས་ནས་རིགས་པ་དང་ལྡན་པར་བྲིའོ། །ཤར་ལ་སོགས་པའི་སྒོ་རུ་ཁྲོ་གཉེར་ཅན་ལ་སོགས་པའི་སྒོ་སྐྱོང་མ་རྣམས་སོ། །གྲཝ་རྣམས་སུ་མེ་ཏོག་མ་ལ་སོགས་པ་རྣམས་སོ། །སྣམ་བུ་ལ་གླིང ་བུ་མ་ལ་སོགས་པ་རྣམས་སོ། །དེ་ལྟ་བུར་གྱུར་པའི་དཀྱིལ་འཁོར་ཡང་དག་པར་བྲིས་ཏེ། ནམ་མཁའ་ཨི་མཐིལ་དུ་ཡོངས་སུ་བརྟགས་པའི་སེམས་ཀྱིས་དཀྱིལ་འཁོར་དེ་ལ་བཀུག་ནས་གཉིས་སུ་མེད་པར་བྱས་ཏེ་ཡང་དག་པར་མཆོད་པ་དེས་དམ་ཚིག་ཕུལ ་ནས་དངོས་གྲུབ་ཀྱི་ཕྱིར་གསོལ་བ་བཏབ་སྟེ། སློབ་དཔོན་དང་གཉིས་སུ་མེད་པ་ཅན་དུ་གྱུར་པ་ལྷའི་ང་རྒྱལ་གྱིས་རབ་ཏུ་ཞུགས་ཏེ་གསང་བའི་འཁོར་ལོ་བསྒྲུབ་པར་བྱའོ། །ཞེས་པ་འདི་ནི་དཀྱིལ་འཁོར་འདྲི་བར་བྱེད་པའི་རིམ་པའོ། །གསང་བ་ནི ་གསུང་བར་འགྱུར་བར་ཞི་བ་མ་ལ་སོགས་པའི་ལྷ་མོ་རྣམས་སུ་དེ་དང་དེ་སྒྲུབ་པར་བྱེད་པའོ། །མ་དང་ཆུང་མ་ལ་སོགས་རྣམས་དེའི་གཟུགས་དང་དེ་མཚན་མ་སྒོམ་པར་བྱེད་པའི་སྒོ་ནས་དེ་ལ་ལྔ་རྣམས་ནི་གཙོ་མོ་མཱ་མ་ཀཱི་ལ་སོགས་པའི་ལྷ་མོ ་རྣམས་ཀྱི་སྦྱོར་བས་མ་ལ་སོགས་པ་ལྔ་བསྒྲུབ་པར་བྱའོ། །མཱ་མ་ཀཱིའི་རྣལ་འབྱོར་གྱིས་མའོ། །ཞིབ་མའི་རྣལ་འབྱོར་གྱིས་རང་གི་ཆུང་མའོ། །ཞི་ཞལ་མའི་རྣལ་འབྱོར་གྱིས་བུ་མོའོ། །ཟླ་ལྡན་མའི་རྣལ་འབྱོར་གྱིས་སྲིང་མོའོ། །རི་བོང་ཅན་མའི ་རྣལ་འབྱོར་གྱིས་གཉེན་མོའོ། །ད་ནི་མ་དང་སྲིན་མོ་ལ་སོགས་པ་རྣམས་ཀྱི་དེ་མ་ཐག་ཏུ་འདོད་པ་བསྐྱེད་པའི་རྒྱུ་གསུངས་པ་།བུང་བ་བརྩེ་བའི་ཚུལ་གྱིས་ནི་ཞེས་བྱ་བ་ལ་སོགས་པ་སྟེ། བུང་བ་བཞིན་དུ་ཤིན་ཏུ་དགའ་བ་རྩོམ་པ་ལ་ཁྱུད་པ་དང་རྩེ་བ ་སྔོན་མ་ཅན་གྱིས་ཚིག་སྙན་པས་རྗེས་སུ་ཆགས་པ་བསྐྱེད་ནས། ཕྱི་ནས་བུང་མེད་ཐམས་ཅད་བཅིང་བ་དང་སོ་སོ་བཅིང་བས་འདོད་པའི་དེ་མ་ཐག་བདེ་བ་ཆེན་པོ་ཤིན་ཏུ་དགའ་བའི་རོ་མྱོང་བ་ཐོབ་པ་རྣལ་འབྱོར་མ་རྣམས་ལས་སྐྱེ་བར་འགྱུར་རོ། །ད་ནི་ལུས་མཉེས ་བ་བྱེད་པའི་དོན་དུ་སོ་སོ་རེ་རེ་བ་ཐམས་ཅད་བསྡུས་པའི་གཙོ་མོ་མཱ་མ་ཀཱི་ལ་སོགས་པའི་རྣལ་འབྱོར་མ་རྣམས་ཀྱི་བཅིངས་པ་ལྔ་རྣམས་གསུངས་པ། ཁྱོགས་དང་གྲུ་མོ་ཞེས་བྱ་བ་ལ་སོགས་པ་སྟེ། ཁྱོགས་ཞེས་པ་སྡོམ་པ་ཞེས་བྱ་བའི་བཅིང་བའོ། །འདེགས ་པ་དང་ནི་ཞེས་བ་འཕུལ་བར་བརྗོད་པར་བྱའོ། །གྲུ་མོ་དང་བསྐྱང་བ་དང་ཤིན་ཏུ་རབ་ཏུ་བསྐྱང་བ་ནི་ཇི་ལྟར་ངེས་པར་བསྟན་པའི་མིང་གི་བརྗོད་བྱར་ལྟ་བར་བྱའོ། །དེ་ལ་སྡོམ་པ་བཤད་པར་བྱ་སྟེ། བཙུན་མོའི་མགྲིན་པ་བརྟན་འཁྱུད་དེ། མི་ཡི་དཔུང་པ་ཟུང་གི་ནི།། ་གྲུ་མོ་གཉིས་པོ་བུད་མེད་ཀྱི། །རྗེ་ངར་བཀོད་པ་སྡོམ་པར་དྲན་ནོ། །གྲུ་མོའི་མཚན་ཉིད་ནི། བུད་མེད་དཔུས་མོ་བཀུག་པ་ལ། མིའི་གྲུ་མོ་བཀོད་པ་ནི། །པུས་མོ་གྲུ་མོ་སྟེང་དུ་འདོད། །ཞེས་པ་དག་པའི་ཆོ་གར་དྲན། །བརྐྱང་པ་བརྗོད་པར་བྱ་སྟེ། །འདུག་པའི་སྐྱེས་དུའི ་བརླ་ལ་ནི། །བུད་མེད་རྐང་པའི་མཐིལ་བརྟག་པ། །བརླ་ནི་བཤགས་ནས་གཉིས་ཀའི་ཡང། །རྐྱང་བ་རབ་བརྐྱར་ཕྱིར་བརྐྱང་བ། །འཕུལ་བ་བརྗོད་པར་བྱ་བ་སྟེ། །མི་ཡི་ལྟེ་བའི་རྩ་བ་རུ། །མི་མོའི་རྐང་མཐིལ་འགོད་བྱེད་པ། །ཕག་པའི་མཐར་ཡང་ཡང་བཏེག་པ། ། ་སྐྱེས་པ་འཕུལ་བར་རབ་ཏུ་གྲགས། །ཤིན་ཏུ་རབ་ཏུ་བརྐྱང་བར་འགྱུར་རོ་ནི། །གཉིས་ཀ་དག་ལས་རྐང་བ་དག་།བརྐྱང་བ་ལས་ནི་རབ་བརྐྱང་བའོ། །བུད་མེད་མི་ཡི་རེ་རེ་ལ། །འོག་ཏུ་བལྟས་པའི་ལུས་སུ་གནས། །བྱེད་པ་ཞེས་བྱ་བ་ལ་སོགས་པ་ནི། །བྱེད་པ ་ནི་ཤིན་ཏུ་དགའ་བ་ལ་ཕན་པར་བྱེད་པ། །རྣམ་པར་སེལ་བ་ལ་སོགས་པའོ། །བཅིང་བ་ཡིས་ནི་བཤད་མ་ཐག་པ་རྣམས་ཀྱིས་སོ། །ཡང་དག་སྦྱོར་ནི་གང་རྣམས་ཀྱིས་ཞེས་འབྲུ་མང་པོའོ། །དེ་ནི་ཚོགས་ཀྱི་འཁོར་ལོ་སྒྲུབ་པའི་དམ་ཚིག་གསུངས་པ། ཤ་ཆེན་ཞེས ་བྱ་བ་ལ་སོགས་པ་སྟེ། ཁྲག་ཆེན་པོ་ནི་རྡུལ་ཏེ་རང་བྱུང་གི་ཁྲག་གོ། ལྷག་མ་གོ་སླའོ། །བསྒྲུབ་པར་བྱ་ཞེས་པ་ཨ་ཡིག་ཡོངས་སུ་བརྟགས་པའི་པདྨ་བནདུའི་སྟེང་དུ་ཧཱུཾ་ཡིག་དང་ཨོཾ་ཡིག་གིས་སྦྱོད་བ་དང་རྟོགས་པར་བྱེད་པ་དང ་བདུད་རྩིར་བསྒོམ་ནས་བསྒྲུབས་པ་བྲོས་པ་ཙམ་གྱིས་རབ་ཏུ་གྲགས་པའི་དངོས་གྲུབ་སྟེར་བར་འགྱུར་རོ། །གལ་ཏེ་དངོས་གྲུབ་བདག་འདོད་ན་ཞེས་པ་ནི། འདིས་ཤ་ཆེན་པོ་ལ་སོགས་པའི་དམ་ཚིག་རྗེས་སུ་བསྒྲུབ་པའི་མཐུ་ཆེན་པོ་རབ་ཏུ་གསལ་བར་བྱེད ་པ་བཅོམ་ལྡན་འདས་ཀྱིས་མ་ནོར་བ་དེ་བཞིན་དུ་གསུངས་ཤིང་མངོན་པར་འདོན་ནོ། །འདི་ཉིད་རྣལ་འབྱོར་པ་རྣམས་ཀྱི་བྱའོ་ཞེས་པའི་དོན་ཏོ། །ལེའུ་དང་པོའི་འགྲེལ་པའོ།། །།བྱང་ཆུབ་ཀྱི་སེམས་ཆོས་སྐུའི་རང་བཞིན་དང་བྲལ་བས་དངོས ་གྲུབ་རྣམས་བསྒྲུབ་པར་བྱ་བ་མ་ཡིན་ནོ། །ཞེས་དེ་ལོ་ན་ཉིད་ཡེ་ཤེས་ཀྱི་ལེའུ་གསུངས་པ། འོ་བྱ་ཞེས་པ་ལ་སོགས་པ་སྟེ། འོ་བྱེད་པས་མིག་ལ་སོགས་པ་རྩ་དགུ་དང་འབྲེལ་བའི་སྦྱི་བོར་གནས་པའི་བྱང་ཆུབ་ཀྱི་སེམས་འཇུག་པར་འགྱུར་རོ། །རྡོ་རྗེ ་བཅིངས་ཏེ་ནུ་མ་འཛིན་ཞེས་པ་ནི་རྡོ་རྗེ་བཅིང་བས་མགྲིན་པ་ལ་ཀུན་ནས་བཅིངས་ནས་ལག་པ་གཡས་པས་ནུ་མ་གཟུང་བར་བྱའོ། །དེ་ལྟར་དེ་མ་ཐག་ཏུ་ཚོགས་མེད་པས་རྡོ་རྗེ་པདྨའི་ཏིང་ངེ་འཛིན་དམ་པའི་བདེ་བ་ཅན་འགྱུར་བ་མེད་པར་བྱེད་པའི ་ཆོས་ཅན་མ་རྣམས་རྣལ་འབྱོར་རྣམས་ལས་སྐྱེ་བར་འགྱུར་རོ། །སེན་མོའི་རི་མོ་ཞེས་པ་ལ་སོགས་པ་ནི། མཁུར་བ་དང་འདྲེན་བྱེད་ཟུང་དང་དཔྲལ་བ་དང་ནུ་མའི་འགྲམ་དང་མཆོན་ཁུང་དང་བྷ་གའི་དཀྱིལ་གྱི་ཕྱོགས་དང། ལྟེ་བ་དང་པདྨ་ལ་སོགས་པ ་རྣམས་སུ་སེན་མོའི་རི་མོས་འོ་བྱེད་པར་སྐུལ་བར་ཡང་བྱེད་དོ་ཞེས་སོ། །འོག་དང་སྟེང་དུ་ངེས་བལྟ་བྱ་ཞེས་བྱ་བ་ནི་པདྨའི་གནས་སོ། །སྟེང་ནི་ཞལ་གྱི་པདྨའོ། །གང་གི་ཕྱིར་བལྟས་པས་རྗེས་སུ་མཐང་ཆགས་པ་ནི་དེའི་ཆགས་པ་ཟིན་ནས་ཡུད་ཙམ་བདེ་བ་ཐོབ་པར་བྱེད་དོ། ། ་ད་ནི་མཱ་མ་ཀཱིས་བཅོམ་ལྡན་འདས་ལ་ཤིན་ཏུ་རྗེས་སུ་ཆགས་པའི་འདི་དང་ལྡན་པས་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཉན་པར་བྱེད་པ་ལ་སླར་གསོལ་བ་བཏབ་བོ། །བཅོམ་ལྡན་བདག་གི་དེ་ཉིད་གསུངས་ཞེས་བྱ་བ་ནི་གང་གིས་ཕྱིར། རྣམ་པར་རྟོགས་པའི་དྲི་མ་མཛའ་དག་དེས ་པར་གསལ་བ། གཉིས་སུ་མེད་པ་སྟོང་པ་ཉིད་ཀྱི་རང་བཞིན་ནི་བྱང་ཆུབ་སེམས་ཏེ། དེ་ལྟ་བུར་གྱུར་པ་ལ་ཅི་ལྟར་རྩ་བར་བྱ། དབང་པོ་གཉིས་སྙོམས་པར་འཇུག་པས་བདེ་བ་ཉམས་སུ་མྱོང་བར་འགྱུར། ཉིད་ཀྱིས་གསུངས་ཞེས་ཞུས་པའོ། །ཉོན་གཅིག་དེ་ཉིད་ཀྱིས་ཞེས ་པ་ལ་སོགས་པ་སྟེ། ཤེས་རབ་དང་ཐབས་དག་གིས་སྦྱོར་བས་ཆོས་ཐམས་ཅད་གཉིས་སུ་མེད་པ་ཅན་དུ་བས་རབ་ཏུ་གསལ་བར་ཁོང་དུ་ཆུད་པར་བྱའོ། །ཞེས་སྦྱོར་བ་འབིགས་པར་བྱེད་པར་བརྗོད་པར་བྱའོ། །གང་དེའི་རྣམ་པ་དང་བཅས་པའི་བློ་གྲོས་དབང་པོ་ལས ་འདས་པ་བདེ་བ་ཆེན་པོ་བླ་ན་མེད་པ་ཉམས་སུ་མྱོང་བ་སོ་སོ་བདག་ཉིད་ཀྱི་རིག་པར་བྱ་བ་མི་སྣང་བ་ཞེས་བ་དེ་ལྟ་བུ་དེ་ཕྲ་མོ་སྟེ་འདི་དེ་ཡིན་ཞེས་ཡོངས་སུ་བརྟགས་པའི་ངོ་བོས། བརྗོད་པར་བྱང་མི་ནུས་པ་ཉིད་ཀྱི་ཕྱིར་རོ། དེ་ཉིད་ཀྱི་ཕྱིར་གསང་བ་ཆེན་པོ་སྟེ་ཐུན་མོང་བའི་ཡུལ་མ་ཡིན ་པའི་ཉིད་ཀྱི་ཕྱིར་རོ། །ཤེས་བྱའི་ངོ་བོ་ཉིད་ཅེས་པ་སྟེ། ཤེས་བྱ་ཞེས་པ་ནི་ས་གསུམ་གྱི་ནང་དུ་གནས་པ་དེ་རྣམས་སོ། །ངོ་བོ་ཉིད་ནི་རང་བཞིན་ཏེ་འདིའི་ཞེས་པ་ཤེས་བྱའི་ངོ་བོ་ཉིད་དུའོ། །གང་གི་ཕྱིར་ཡེ་ཤེས་ཁ་ན་དངོས་པོ་མཛའ་དག་རྒྱས་པའི་ཚུལ་གྱིས་རྣམ་པ་དང་བཅས ་པ་བཞིན་དུ་ཕྱི་རོལ་གྱི་གཟུགས་ཀྱིས་སོ་སོར་སྣང་བ་ཐོབ་པར་བྱེད་དོ། །དེ་ཉིད་ལ་ཡང་ཐམས་ཅད་དུ་འཇིག་རྟེན་གྱི་བདེན་པའི་ངོ་བོས་སོ་སོར་བསྟན་པར་བྱ་བའི་ཡིད་ཀྱི་མ་རིག་པས་གང་འཁོར་བར་འཁྱམ་པར་འགྱུར། །དེ་ཡང་སོ་སོར་སྣང་བ་ལ་ངེས་པར་དཔྱོད་བཞིན་པ་དང ་བརྫུན་པའི་རྣམ་པའོ་ཞེས་སོ། །གཟུང་བྱ་ཅུང་ཟད་ཡོད་པ་དང་འཛིན་པས་སོ། །ཞེས་བྱ་བ་ཅུང་ཟད་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་ཡང་གསུངས་པ། རང་སེམས་སེམས་ཀྱི་བསམས་པ་ཡིན། །ཆོས་རྣམས་ཐམས་ཅད་སོ་སོར་གནས། །ཆོས་འདི་ནམ་མཁའ་ཨི་རྡོ་རྗེར་གནས། །ཆོས ་རྣམས་མེད་ཅི་པ་ཆོས་ཉིད་མེད་ཅེས་སོ། །སྲིད་པའི་རྩ་བ་རྣམ་ཤེས་ཏེ། །ཡུལ་ནི་དེ་ཡི་སྤྱོད་ཡུལ་ཡིན་ཞེས་སོ། །ཐོག་མ་མེད་པའི་དུས་ནས་བརྒྱུད་པའི་རིགས་མཐུན་པའི་སྐད་ཅིག་སྐྱེད་པར་བྱེད་པའི་ཕྱིར་ཟད་པའི་བྱ་བ་མ་ཡིན ་པའི་ཕྱིར་མི་ཟད་བའོ། །བསྐྱེད་བྱ་དང་བསྐྱེད་བྱེད་ཡང་དག་པར་འབྱུང་བས་ཟད་པས་འགྲོ་བ་མ་ཡིན་ནོ་ཞེས་པས་མི་ཟད་པའོ། །རྟག་པ་ཡང་ཞེས་པ་དུས་གསུམ་ཀར་ཡང་རྣམ་པ་གཅིག་པ་ཉིད་ཀྱི་ཕྱིར་རོ། །ཐོག་མ་མེད་ཅིང་ཞེས་པ་ནི་དེའི་ཕྱིར ་དང་པོ་དབང་ཕྱུག་ལ་སོགས་པར་ཡོངས་སུ་བརྟགས་པའི་རྒྱུ་ཚོགས་པའི་དངོས་པོ་མེད་པའི་ཕྱིར་རོ། །ཐོག་མ་སྤངས་དང་ཞེས་པ། ཐོག་མས་ཨ་ཡིག་འགྱུར་བ་མེད་པས་སྐྱེ་བ་མེད་པ་རི་མོའི་གཟུགས་ཀྱིས་སྤངས་པ་ཉིད་ཀྱི་ཕྱིར་རོ། །ཡོད་ཉིད་དུ་འགྱུར་ཞེས་པ ་ནི་བདེ་བའི་ངོ་བོས་སོ་སོའི་བདག་ཉིད་རིག་པར་བྱ་བས་མངོན་སུམ་དུ་ཉམས་སུ་མྱོང་བའི་ཡུལ་ཡིན་པ་ཉིད་ཀྱི་ཕྱིར་རོ། །མེད་ཉིད་དུ་ཡང་འགྱུར། ནི་ཡོངས་སུ་དག་པའི་ཤེས་རབ་ཀྱི་ས་རྣམ་པར་དཔྱོད་བཞིན་པས་བློའི་ཡུལ་མ་ཡིམ་པ་ཉིད་ཀྱི་ཕྱིར་རོ། །དབང་པོ་ཅན་ཡང་འགྱུར་ནི ་མིག་ལ་སོགས་པའི་དབང་པོ་ལྷག་པར་གནས་པ་ཉིད་ཀྱི་ཕྱིར་རོ། །དབང་པོ་མེད་པར་ཡང་འགྱུར་རོ། །ནི་དབང་པོ་དེ་རྣམས་ཀྱིས་མཐོང་བ་མེད་པ་ཉིད་ཀྱི་ཕྱིར་རོ། །འབྱུང་རྣམས་ཐམས་ཅད་བལྟ་བྱ་མིན་ཞེས་པ་ནི་ས་ལ་སོགས་པའི་འབྱུང་བ་རྣམས་ཐམས་ཅད་ངེས་པར ་དཔྱོད་བཞིན་པ་ན་ཉེ་བར་དམིགས་བྱར་མེད་པའོ། །དེའི་ཕྱིར་འབྱུང་བ་རྣམས་ཐམས་ཅད་བལྟ་བྱ་མིན་པར་འགྱུར་རོ། །དེ་ལྟ་མོད་ཀྱི་ལམ་ཅི་ལྟར་བསྐྱེད་པར་བྱ་ཞེན། སྦྱོར་བའི་ལམ་གྱི་ཞེས་བྱ་བ་ལ་སོགས་པ་སྟེ་སྦྱོར་བ་ནི། ནང་གི་ཤེས་རབ་མ་དང་འདྲེས་པར་གྱུར་པ ་ལས། །བདེ་བ་ཆེན་པོའི་གནས་སྐབས་དང་གཉིས་མེད་དུ་གྱུར་པ་སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་རྣམ་པར་རྟོག་པའི་དྲི་མས་མ་གོས་པ་ལ་འདིར་མངོན་པར་རབ་ཏུ་འདོད་དོ། །དེ་ཉིད་ཀྱང་ལམ་ཉེ་ལམ་ཡིན་ཏེ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་ལྷག་པར་རྟོགས་པའི་ཕྱིར་རོ། །ཕྱི ་རོལ་ཏུ་འབྱུང་བ་དང་འབྱུང་བ་ལས་གྱུར་པ་སྔོན་པོ་ལ་སོགས་པ་སྟེ། དེའི་ཕྱིར་ཤིན་ཏུ་རྨད་དུ་བྱུང་བ་མ་ནོར་བ་དེ་བཞིན་ཏེ། དེ་བཞིན་ཉིད་གཉིས་སུ་མེད་པའི་ཡེ་ཤེས་སོ། །རྣམ་པ་ཞེས་བྱ་བ་ལ་སོགས་པ་སྟེ། རྣམ་པ་ཡིས་ཏེ། ཤེས་རབ་དང་ཐབས་གཉིས་སུ་མེད ་པར་གྱུར་པ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་ཀུན་ཏུ་སྒྲིབ་པར་བྱེད་དོ། །གནས་སོ་ཞེས་པའི་བྱ་བ་ཞེས་པས་རྣམ་པ་ཀུན་རྫོབ་སྟེ། གང་གི་ཕྱིར་ཕུང་པོ་ལྔ་པོ་མུན་པའི་རྣམ་པ་དང་མ་བྲལ་བ་ངེས་གཟུགས་སྣང་བར་མི་འགྱུར་རོ་ཞེས་པའི་དོན་ཏོ། །འདི་རྣམས་གསུང་བར་འགྱུར་བ ་ལུས་འབྱུང་བ་ལྔའི་བདག་ཉིད་ཅན་ཕུང་པོ་ལྔའི་ལུས་དང་ལྡན་པ་ལྷའི་རྣམ་པའི་གཟུགས་ཀྱིས་ཡོངས་སུ་བརྟགས་པའོ། །དེ་ཉིད་ཀྱང་བྷ་གའི་པདྨའི་དབུས་སུ་བསྒོམ་པར་བྱ་བཞིན་པའི་ཡེ་ཤེས་སེམས་དཔའ་ཡིན་གྱི་ཕྱི་རོལ་ཏུ་ནི་མི་འགྱུར་རོ་ཞེས་པ་ཇི་སྲིད ་པའོ། འདི་ཉིད་ནང་དུ་སོ་སོའི་བདག་ཉིད་རིག་པར་བྱ་བ་ཡང་དག་པར་རིག་པ་དང་ལྡན་པ་ཡང་དག་པར་རིག་པའི་ངོ་བོས་མངོན་སུམ་གྱིས་ཉམས་སུ་མྱོང་བཞིན་པའི་ཁམས་གསུམ་པ་ཡིད་ཀྱིས་ཁྱབ་པ་ཅན་ཕུང་པོ་ལྔའི་རྣམ་པས་ཡང་དག་པར་རིག་བཞིན་པ་ཡང་བླུན ་པའི་བློ་ཅན་གྱིས་རྟོགས་པར་བྱ་བ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། བླུན་སེམས་མི་ཡིས་ཆོས་མ་ཡིན། ཞེས་གསུངས་སོ། །ད་ནི་བདེ་བ་ཆེན་པོའི་གནས་སྐབས་གཉིས་སུ་མེད་པའི་ཡེ་ཤེས་དེའི་འགྲོ་བའི་འཆི་བ་དང་སྐྱེ་བ་བྱེད་པ་ངེས་པར་ཉམས་པར་བྱེད་པའི་ནུས་པ་སྟོན་པར་བྱེད་པ ་གསུངས་པ། སེམས་དང་སེམས་བྱུང་ཞེས་པ་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་ནི་གང་ཞིག་ཕྱི་དང་ནང་ཀུན་ཏུ་རྟོག་པའི་དྲ་བའི་དྲི་མ་དང་བྲལ་བ་སེམས་ཅམ་གཉིས་སུ་མེད་པར་འབྱུང་བར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་ཡང་སེམས་བྱུང་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས ་སོགས་པར་བྱེད་དོ་ཕུང་པོར་བྱེད་དོ་ཞེས་པའོ། །ཡིད་ཀྱི་རྣམ་ཤེས་ནི་བསམ་པར་བྱ་བསྐྱེད་པར་བྱ་བས་སོ། །ཡེ་ཤེས་ཞེས་པ་ནི་གང་གིས་ཚེ་ཁམས་གསུམ་པར། ཕྱིའི་གཟུགས་ཀྱིས་ཡོངས་སུ་བསྐྱེད་པར་བྱ་བ་འཛིན་པའི་རྣམ་པ་གྱུར་ནས་རྣམ་པར་ཤེས་པར་བྱེད་པ་དེའི་ཚེ་རྣམ་པར་ཤེས ་པའོ། །གཟུང་བྱའི་ངོ་བོ་ཁམས་གསུམ་པ་ནི་ཤེས་བྱའོ། །དེ་བཞིན་དུ་ཡང་གསུངས་བ། ལས་ནི་སེམས་ཀྱིས་སོགས་པ་བྱེད། །ཡིད་ནི་ཀུན་ཏུ་རྣམ་བསམ་བྱེད། །རྣམ་པར་ཤེས་པས་རྣམ་ཤེས་བྱེད། ལྔ་རྣམས་ཀྱིས་ནི་བལྟ་བྱར ་རྟོག་ཅེས་སོ། །གང་ཚེ་ཞེས་བྱ་བ་ལ་སོགས་པ་ལ་འབྲས་བུ་དང་རྒྱུའི་དངོས་པོ་ནི། གང་གི་ཚེ་སོ་སོའི་སྐྱེ་བོ་དོན་དམ་པ་མ་མཐོང་བ་རྣམས་ཀྱིས་དེ་ལྟར་དེ་ཁོ་ནའི་དོན་དུ་འཁྲུལ་བས་ས་བོན་དང་མྱུ་གུ་ལ་སོགས་པའི་ངོ་བོར་གདོན་མི་ཟ་བར་ཡོངས་སུ་རྟོག་པར་བྱེད་དོ།། ་འདི་ལས་འདི་དང་འདི་འོག་ཏུ་ཡང་འདི་ཞེས་པའོ། །འདིར་གསལ་བའི་དཔེ་གསུངས་པ། ཀླུང་ཞེས་པ་ལ་སོགས་པ་སྟེ། ཇི་ལྟར་ཡོངས་སུ་གང་བའི་རྒྱུན་འབབ་པའི་ཀླུང་རྣམས་ཀྱི་ཤིན་ཏུ་མང་བའི་རླབས་དང་ཆུ་གཉེར་ཚོགས་པའི་ངོ་བོའི་རྒྱུན་ཀུན་འབྱུང་ཞིང ་ཁྱད་པར་དུ་སྒྲུབ་པར་བྱེད་དོ། །དེ་གཞན་ཡང་མ་ཡིན་ལ་གཞན་མ་ཡིན་པ་ཡང་མ་ཡིན་ནོ་ཞེས་སོ། །དེ་ཁོ་ན་བཞིན་དུ་སེམས་ཙམ་ཡིད་ཀྱི་རྣམ་པར་ཤེས་པ་དང། རྣམ་པར་ཤེས་བྱ་འབྲས་བུ་དང་རྒྱུར་ཡོངས་སུ་རྟོགས་པ་སྐྱེ་བར་འགྱུར་རོ། །ཁ་ཅིག་ནི་གཞན་དུ་ཀློག ་སྟེ། ཀླུང་གི་རྒྱུན་བཞིན་རྒྱུ་མཚོ་ལ། །ཞེས་པ་སྟེ་དེའི་ཚེ་ཐར་པ་ལ་བལྟོས་ནས་དངོས་པོ་དེ་འདྲ་བར་རྟོགས་སྟེ། ཇི་ལྟར་ཆུ་ཀླུང་རྣམས་ཀྱི་ཆུ་རེ་རྣམ་པ་སྣ་ཚོགས་པ་འབབ་རྣམས་རྒྱ་མཚོར་ཞེས་པ་རྣམས་ཀྱི་རོ་གཅིག་ཉིད་དེ། འདི་ལྟ་སྟེ་ལན་ཚྭའི་ངོ་ཉིད་དོ།། ་ཐར་པ་ནི་སྒོ་རྣམ་པ་མང་པོར་ཅི་ཞེ་ན། མང་པོ་ཉིད་ནི་གཅིག་ཁོ་ནའི་མཐར་ཐུག་སྟེ་རྣམ་པ་རབ་ཏུ་མང་པོ་ཉིད་རིགས་པ་རྟོགས་པར་བྱ་བ་མ་ཡིན་ཏེ། དེ་རྣམས་ཀྱི་ཕྱི་རོལ་གྱི་ཚིག་གི་དོན་གྱི་རྣམ་པ་རྣམས་བརྫུན་པའི་རྣམ་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་དོན ་དམ་པར་མི་བསླུ་བ་ཅན་ནི་བདེན་པ་ཞེས་བྱ་བའི་དོན་ཏོ། །རྣམ་པ་དེ་ལྟ་བུའི་བཅོམ་ལྡན་འདས་ཀྱི་བདེ་བ་ཆེན་པོ་དེའི་གནས་གསུངས་པ། བྷ་གའི་པདྨ་ཞེས་བྱ་བ་ལ་སོགས་པ་ནི་མཱ་མ་ཀཱི་ལ་སོགས་པའི་ལྷ་མོ་རྣམས་ཀྱི་བྷ་གའི་དབུས་སུ། གན་ཞིག་པདྨ་འདབ ་མ་བརྒྱད་པའི་པདྨ་ལ་གེ་སར་གསལ་བ་ཡོད་པ་དེ་ལ་ས་ལ་སོགས་པའི་རང་བཞིན་ལ་ནམ་མཁའ་གང་ནི་ཁོང་སྟོང་ངོ། ནམ་མཁའ་ལྔ་ནི་དབང་ཆེན་དང་མེ་དང་རླུང་དང་ཆུ་དང་ནམ་མཁའ་ཨི་ཁམས་ཀྱི་ངོ་བོ་དཀྱིལ་འཁོར་ལ་ལྔ་ནི་ཉེ་མའི་དཀྱིལ་འཁོར་བཞིན་དུ་གནས་སོ། །དེའི་དབུས ་སུ་གནས་པའི་རྡོ་རྗེ་ཅན་ནི་བྱང་ཆུབ་སེམས་ཀྱི་བདག་ཉིད་ཅན་ནོ། །བདུད་རྩི་ཡིས་ནི་མཱ་མ་ཀཱི་ལ་སོགས་པའི་བྱང་ཆུབ་སེམས་ཀྱིས་ལྡན་པ་སྟེ། དེ་དང་འདུས་ཤིང་གཅིག་ཏུ་འདྲེས་པར་གྱུར་ཏེ་གཉིས་སུ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཆ་དང་ཆ་མིན་ཞེས་བྱ་བ་ལ་སོགས་པ་ལ། ་ཆ་རྣམས་ནི་ཨའི་ཡི་གེ་ལ་སོགས་པ་བཅུ་དྲུག་གོ་།ཆ་མིན་རྣམས་ནི་ཀའི་ཡི་གེ་ལ་སོགས་པ་རྣམས་སོ། །དེ་རྣམས་ཟླ་བ་ཆ་བཅུ་དྲུག་གི་བདག་ཉིད་ཅན་ནོ། །ཀ་ལ་སོགས་པ་རྣམས་ནི་ཀར་མའི་གཟུགས་ཏེ་དེ་རྣམས་ཀྱིས་རྣམ་པར་གྲོལ་བའོ། །ཁ་ཅིག་ཐིག་ལེ་ཙམ་ཞི ་བའི་དེ་ཉིད་ལྟ་བུར་འགྱུར་ཞེ་ན། དེ་ཡིས་རྣམ་པར་སྤངས་ཤེས་སོ། །དེ་ལྟ་བུའི་ཁྱད་པར་འདོད་པའི་ལྷའི་གཟུགས་ནི་དེར་གནས་ཏེ་བྷ་གའི་པདྨའི་དབུས་སུ་ལྷག་པར་གནས་སོ། །བདུད་རྩི་ནི་འཆི་བ་དང་བྲལ་བའོ། །འཛག་པ་ནི་འགྱུར་བ་བྱེད་པའོ། །གཞི་ཞེས་བྱ་བ་ལ ་སོགས་པ་ནི་ཁམས་རྣམས་ཀུན་ནི་གཟུགས་ལ་སོགས་པའི་ཁམས་གསུམ་པོ་དེ་རྣམས་སུ་ཁྱབ་པའོ། །ཁམས་རྣམས་ཀུན་ནི་མིག་དང་མིག་གི་རྣམ་པར་ཤེས་པ་དང། གཟུགས་ལ་སོགས་པའི་ཁམས་བཅོ་བརྒྱད་རྣམས་སོ། །དེ་རྣམས་སུ་རྣམ་པར་ཁྱབ་པ་ནི་གསུམ་པོ ་དེས་ལྷག་པར་གནས་པས་ཁྱབ་པའོ། །རྒྱུན་ཏུ་མིག་ལ་སོགས་པ་རྣམས་ཡུལ་གཟུགས་ལ་སོགས་པ་ལ་ལྷག་པར་དམིགས་པར་བྱེད་དོ། །མཐོང་བ་ཞེས་བྱ་བ་ལ་སོགས་པས་དོན་འདི་ཉིད་གསལ་བར་གསུངས་པ། གཟུགས་ལ་ལྟའོ། །སྐྲ་ལ་མཉན་པར་བྱེད་དོ།། ་དབུགས་འབྱུང་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་དེ་ཉིད་དབུགས་འབྱུང་བ་དང་དགུགས་རྡུབ་པའོ། །ཉལ་དང་གཉིད་ལོག་མངོན་པ་ལྡང་ནི་ཉལ་བ་ཡང་དེ་ཡིན་ལ། གཉིད་ཐུག་པོ་ལོག་པས་བླུན་པའང་རང་ཉིད་དོ། །སོ་སོར་སང་བར་བྱེད་དོ། །རྨི་ལམ་ནི་རྣམ་པ་སྣ་ཚོགས ་པའི་གྲོང་དང་ཀུན་དགའ་ར་བ་དང། དགོན་པ་དང་འབྲུ་དང་གཞོན་ནུ་མ་ལ་ངེས་པར་མཐོང་བའོ། །དེ་ཉིད་འདོད་ཆགས་ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་ནི་ཡུལ་ལ་ཡིད་མངོན་པར་ཞེན་པའི་མཚན་ཉིད་དེ། གཟུགས་ལ་སོགས ་པ་རྣམས་ལ་དགའ་བར་བྱེད་པ་དང་བྲལ་བར་བྱེད་པའི་ཆོས་ནི་འདོད་ཆགས་དང་བྲལ་བའོ། །གཏི་མུག་རྣམ་པར་བླུན་པ་ཉིད་དོ། །བཅོམ་ལྡན་འདས་དེ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་བདག་ཉིད་ལྟ་བུར་འགྲོ་བ་རྣམས་ལ་སོ་སོར་སྣང་བར་ཐོབ ་པར་བྱེད་དོ། །གཟུགས་མང་པོ་ཞེས་པ་ནི་རྣམ་པ་སྣ་ཚོགས་པའི་གཟུགས་རྣམ་པ་མང་པོ་འདུལ་བྱེད་ནུས་པ་གང་ཡིན་པ་དེ་ཉིད་སྣ་ཚོགས་གཟུགས་ཏེ་མ་ལུས་པའི་སྣོད་གྱི་སྐྱེ་བོའི་མངོན་པར་འདོད་པའི་དོན་བྱ་བ་བྱེད་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ནོར་བུ་སྣ་ཚོགས ་གཟུགས་བཞིན་ནོ། །དེ་བཞིན་དུ་ཡང་གསུངས་པ། རྫས་རྣམས་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེས་དེའི་རང་བཞིན་ཉིད་འགྱུར་ཏེ། ནོར་བུ་སྣ་ཚོགས་གཟུགས་ཇི་བཞིན་ཞེས་སོ། །འདིའི་དེ་ཁོ་ན་ཉིད་ནི་དོན་དམ་པ་ཡང་དག་པའི་སྒྲུབ་ཐབས་སོ། །ཟླས་པ ་སྟེ་སྔགས་ཀྱི་བདག་ཉིད་ཅན་མེད་དོ། །འཛིན་པར་བྱེད་པ་ཏིང་ངེ་འཛིན་དབང་པོ་རྣམས་འགྱུར་བ་མེད་པའོ། །འོ་ན་འདིའི་སྒྲུབ་ཐབས་ཅི་ལྟར་འགྱུར་ཞེ་ན། གསུངས་པ། བྷ་གའི་པདྨར་མཆོད་བྱ་སྟེ་ཞེས་བྱ་བ་ལ་སོགས་པའོ། །ད་ནི་རྣལ་འབྱོར་པ་དང་རྣལ་འབྱོར་མའི་བདེ་བ་ཆེན ་པོ་ཐོབ་པའི་རྒྱུར་རྩའི་དབྱེ་བ་བསྟན་པ་གསུངས་པ། གང་དེ་ཞེས་བྱ་བ་ལ་སོགས་པ་སྟེ། གང་བྷ་གའི་དབུས་སུ་རྣམ་པར་གནས་པའི་རྩ་དགུ་པོ་དེ་དང་དེའི་དབུས་སུ་མཁའ་འགྲོ་གདོང་ཞེས་བྱ་བ་གང་ཡིན་པའི་རྩ་དེ་ནི་བདུད་རྩི་འབབ་པ་སྟེ་ཁུ་བ་ཛག་པར་བྱེད་པ་ཅན་ནི་ཆེས་གཙོ ་བོའི་ཡུམ་ཉིད་དུ་འགྱུར་རོ། །ཡང་ན་བདུད་རྩི་འབབ་པའི་རྩ་ནི་གང་བྷ་གའི་དབུས་སུ་གནས་པ་དེ་ནི་རྣམ་པ་དགུ་སྟེ་མིག་ལ་སོགས་པའི་སྒོ་མ་བསྟེན་པའི་དགུ་པོ་དེ་རྣམས་སོ། །གཞན་རྩ་སུམ་ཅུ་རྩ་གཉིས་ནི་ཕྱིའི་མགོ་དང་ལུས་དང་ལག་པ་ལ་སོགས་པ་ལ་ཁྱབ་པའོ། །དེ་རྣམས ་ཉིད་གཙོ་བོར་གྱུར་པ། མ་ཡིན་ཏེ་ཕྱིའི་ལུས་ལ་ཀུན་ཏུ་གནས་པ་ཉིད་ཀྱི་ཕྱིར་རོ། །ཞེས་སོ། །དེ་ཉིད་ཀྱི་ཕྱིར་ཡང། རྩ་དགུ་པོ་དེ་ཉིད་མཱ་མ་ཀཱི་ལ་སོགས་པའི་ལྷ་དགུའི་བདག་ཉིད་བྷ་གའི་དབུས་སུ་སམས་པས་དངོས་གྲུབ་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་ཡང་གསུངས་པ། གང་ཡང་རྐང ་པ་དག་ལས་བྱུང། །ལྟེ་བ་ལས་བྱུང་དེ་རྣམས་ཀྱང། །ཐམས་ཅད་མཁའ་འགྲོ་གདོང་དུ་སླར། །དེ་ནི་དངོས་པོ་གཅིག་པར་སོང་ཞེས་སོ། །ལྷ་མོ་མྱོས་མ་འབབ་པའི་རྩ། །འདི་རྣམས་ཁ་དོག་སྣ་ཚོགས་འགྱུར། །གཅི་བ་འཛག་པའི་རྩ་དེ་ནི། །ལྟོ་བའི་མཛའ་ཡིས་ཀུན་ཏུ་འགྲོ་ཞེས་སོ། ། ་ལེའུ་གཉིས་པའི་འགྲེལ་པའོ།། །།ད་ནི་སྔགས་བཏུ་བ་ཡོངས་སུ་ཤེས་པའི་དོན་དུ་བཅོམ་ལྡན་འདས་ལ་གསོལ་བ་འདེབས་པའི་དབྱངས་ཀྱིས་ཀུན་ཏུ་མཉེས་པར་བྱས་ནས་མཱ་མ་ཀཱི་ཞུ་བར་བྱེད་དོ། །ཐེ་ཚོམ་བཅད་པ་ཞེས་བྱ་བ་ལ་སོགས་པ་ལ། གང ་གིས་ཐེ་ཚོམ་རྣམས་བཅད་ཞེ་ན། ཐེ་ཚོམ་བཅད་བ་གསུངས་པ། དེ་ཁོ་ན་ཉིད་ཀྱིས་ནི་དོན་དམ་པའོ། །གསང་བ་ལ་སྟེ་བྷ་ག་ལ་དཀྱིལ་འཁོར་བཤད་པ་ལའོ། །ཡེ་ཤེས་ཀྱིས་ཞེས་བྱ་བ་ནི་ཐབ་ཤེས་རབ་ཀྱི་ཕ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་སོ། །ཐེ་ཚོམ་བཅད་པ་ཞེས་བྱ་བ་ནི ་སེམས་ཅན་ཡོངས་སུ་སྨིན་པ་དང་གྲོལ་བར་ཡོངས་སུ་བྱེད་པའི་མཚན་ཉིད་དེ་དེ་བྱེད་དོ། །ཞེས་པ་བྱ་བ་བྱེད་པའོ། །ཆགས་པ་བྲལ་བས་ཞེས་བྱ་བ་ནི་ཆགས་པའི་ཀུན་ཏུ་རྟོག་པ་ལས་ཤིན་ཏུ་འདས་པའོ། །འདིའི་ཞེས་པ་སྟེ་བདེ་བ་མ་ཡིན་པའི་ངོ་བོས་སོ། །བདག་གིས་ཀྱང་རྡོ་རྗེ་ཐེག ་པའི་ཡང་དག་པར་འབྱུང་བ་རབ་ཏུ་གསལ་བར་བྱེད་དོ། །ཞེས་པ་འདིས་བཅོམ་ལྡན་འདས་ལྷན་ཅིག་ཡེ་ཤེས་མཉམ་པ་ཉིད་དུ་གསུངས་སོ། །རྣལ་འབྱོར་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་ནི་ཆོས་ཐམས་ཅད་གཉིས་སུ་མེད་པར་ཡོངས་སུ་ཤེས་པའི་མཚན་ཉིད་དོ། །དེ་ཉིད ་ཕྱག་རྒྱ་སྟེ་ཐ་མལ་པའི་ལུས་གསལ་བས་ཀུན་ཏུ་རྒྱས་འདེབས་པར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ཡང་གསུངས་པ། ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་ནི་མངོན་རྗོད་བྱ་ཞེ་ན། །ཇི་ལྟར་ཡང་དག་པར་ཤེས་པ་ལ་མཚན་མའི་ཕྱག་རྒྱ་ལ་སོགས་པ་རྣམས ་ཕྱི་རོལ་ཉིད་ཀྱི་ཕྱིར་གཟུང་བར་བྱ་བ་མ་ཡིན་ནོ། །དེ་ལྟར་ཡང་དག་པར་མཆོག་ཏུ་གྱུར་པའི་ཡེ་ཤེས་མ་ཤེས་པ་ཅི་ལྟར་ཤེས་པར་འགྱུར་ཞེ་ན། །དེ་རྟོགས་ཤིང་མངོན་དུ་བྱེད་པའི་ཐབས་གསུངས་པ། ཕྱག་རྒྱ་མངོན་སུམ་གཟུགས་ཡིན་ཏེ།། ་ལྷ་ནི་ལྷ་མོ་བུད་མེད་དོ་ཞེས་སོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ལ། དཔག་བསམ་གྱི་ཤིང་ཆེན་པོ་རྩ་བ་དང་ལོ་མ་སྟོང་ཕྲག་ལ་སོགས་པས་བརྒྱན་པའི་སྐྱེད་པའི་རྒྱུ་ས་བོན་ཚད་ཆུང་དུ་ཡང་དེའི་གཟུགས་སྐྱེད་པར་བྱེད་པར་ནུས་པ་ཇི་ལྟ་བ་དེ་བཞིན་དུ་བྷ་གའི་པདྨར ་ཀུན་ཏུ་གནས་པའི་བདུད་རྩི་འབབ་པའི་རྩ་རྣམས་མཱ་མ་ཀཱི་ལ་སོགས་པའི་ལྷ་མོའི་གཟུགས་དང་སྔགས་དང་ཕྱག་རྒྱ་རྣམས་ཡུམ་གྱི་རྒྱུ་མཚན་ཡང་དག་པར་འགྱུར་རོ། །ཞེས་རྟོགས་པར་བྱའོ། །དང་པོར་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་རྣམས ་སྔགས་བཏུ་བ་སྟོན་པར་བྱེད་པ་གསུངས་པ། པདྨ་འདབ་མ་བརྒྱད་པ་བྲིས་ནས་འདབ་མ་སོ་སོ་ལ་ཨ་ཡིག་ལ་སོགས་པའི་སྡེ་པ་བརྒྱད་བཀོད་པ། རིམ་པ་འདིས་སྔགས་བཏུ་བར་བྱའོ་ཞེས་པའོ། །དང་པོར་རྣམ་པར་སྣང་མཛད་ཅེས་པ་ཨོཾ་ཡིག་དང་པོར་སྦྱར ་ནས་སླར་ཡང་བཛྲཱ་མི་ཏ་མ་ཧཱ་སུ་ཁའི་སྒྲར་སྦྱར་བར་བྱའོ། །ོཾ་ཡིག་ཀྱང་རྣམ་པར་སྣང་མཛད་ཉིད་དེ། དེ་བཞིན་དུ་ཡང་གསུངས་པ་གང་དུ་དང་པོ་རྣམ་པར་སྣང་མཛད་ནི། དག་ཅིང་དྲི་མེད་བློ་ནི་ཨོཾ་དུ་སྤྲུལ། །ཞེས་པའི་ཚིག་ལས་རྟོགས་པ་བྱའོ། །ས་བོན་བཞི་ནི་ཛ?་ཧཱུཾ ་བཾ་ཧོ(རྒྱུད་འགྲེལ་པར་སྣང་མཛད་ཅེས་བྱ་བ་མཱ་མ་ཀཱིའི་སྔགས་གསུངས་པ། ཨོཾ་ཡིག་བྱིན་ནས། གཉིས་པ་ཞེས་པ་ཨ་ཡིག་བྱིན་པར་བྱའོ། །བཞི་པ་ཞེས་པ་ཨཱ་ཡིག་གོ་།བཞི་པས་ཞེས་པ་ཀ་སྡེ་དང་མཉམ་ལྡན་པ་སྟེ། བྷ་ཡིག་གིས་ཡང་དག་པར་སྦྱར་མ་ཐག་པ་མཱ་མ་ཀཱིའི་སྙིང་པོ་སྟེ ་ཨོཾ་ཨཱ་?་སྭཱ་ཧཱ། ད་ནི་ཞི་བ་ལ་སོགས་པ་རིག་མ་བརྒྱད་པོ་རྣམས་ཀྱི་སོ་སོ་རེ་རེའི་སྔགས་གསུངས་པ། བརྒྱད་པོ་རྣམས་ཀྱི་ཞེས་པ་ཨ་ཡིག་ལ་སོགས་པ་ཟུང་བརྒྱད་པོ་རྣམས་ཀྱི་སྟེ་ཀ་སྡེ་སྤངས་པའིའོ། །དབུས་མ་གང་ནི་ཡི་གེ་རིང་པོའོ། །བརྒྱད་ཅེས་པ་རྗེས་སུ་ང་རོའི ་མིང་སྟེ་བརྒྱད་རྣམས་ཀྱི་བརྒྱད་པ་རྫས་སུ་ང་རོས་རྣམ་པར་བརྒྱན་ཞེས་པ་བརྒྱན་དུ་བྱས་པའོ། ། ཡིག་ལ་སོགས་པ་ཡི་གེ་རིང་པོ་པདྨ་འདབ་མ་བརྒྱད་པ་རྣམས་སུ་མི་ལྟར་རིགས་པར་བཀོད་ནས། ཞི་བ་མ་ལ་སོགས་པ་རྣམས་ཀྱི་སྔགས་བཏུ་བ་མངོན་པར་བརྟགས་པར་བྱའོ ་དེ་ལ་དང་པོར་རྣམ་པར་སྣང་མཛད་དང་སྭཱཧཱའི་ཡི་གེ་མཐར་སྦྱར་བར་བྱའོ་ཞེས་པ་སྔར་གྱི་རང་བཞིན་གྱིས་ཀྱང་རྗེས་སུ་འབྲེལ་པ་གདོན་མི་ཟ་བར་བྱའོ། དེ་བཞིན་དུ་ཡང་གསུངས་པ། སྔགས་རྣམས་ཐམས་ཅད་འཕལ་ཆེ་ཡིས། །ཕྱག་འཚལ་སྭཱཧཱར་ལྡན་བྱ་ཉིད། །ཅེས་སོ། དེ་ལ་ཤར་གྱི ་འདབ་མའི་ཞི་བ་མའི་སྔགས། །ོཾ་ཨཱཾ་སྭཱཧཱ། ལྷོའི་འདབ་མའི་ཞི་ཞལ་མའི་སྔགས། ཨོཾ་ཨའི་སྭཱ་ཧཱ། ནུབ་ཀྱི་འདབ་མ་ལ་ཟླ་བ་ཅན་མའི་སྔགས། ཨོཾ་ཨའུཾ་སྭཱ་ཧཱ། བྱང་གི་འདབ་མ་ལ་རི་བོང་ཅན་མའི་སྔགས། ཨོཾ་རཱིཾ་སྭཱ་ཧཱ། དབང་ལྡན་གྱི་འདབ་མ་ལ་རི་བོང་ཅན་གྱི་དཀྱིལ་འཁོར ་མའི་སྔགས། ཨོཾ་ལཱིཾ་སྭཱཧཱ། མེའི་འདབ་མ་ལ་རི་བོང་ཅན་གྱི་རི་མོ་མའི་སྔགས། ཨོཾ་ཨིཾ་སྭཱ་ཧཱ། བདེན་བྲལ་གྱི་འདབ་མ་ལ་ཡིད་འོང་བའི་སྔགས། ཨོཾ་ཨིཾ་སྭཱ་ཧཱ། རླུང་གི་འདབ་མ་ལ་ཡིད་ཚིམ་པར་བྱེད་མའི་སྔགས། ཨོཾ་ཨཾ་སྭཱ་ཧཱ། བློ་བླུན་པ་གཞན་མ་རྟོགས་པར་གཞན་དུ་སྔགས ་རྗོད་པར་བྱེད་དོ། །དེ་ནི་མི་རིག་པའི་ཕྱིར་སླར་ཡང་འདིར་བྲི་བར་བྱ་བ་མ་ཡིན་ནོ། །སྔགས་བཏུ་བ་འདི་ཉིད་ཀྱང་དཀྱིལ་འཁོར་ལ་དགོད་པ་འམ། གཞན་དུ་སྒོམ་པར་བྱེད་པ་ལ་སོགས་པ་ལ་རབ་ཏུ་སྦྱར་བར་བྱའོ། །སྡེ་པའི་ཐ་མ་ཞེས་བྱ་བ་ལ་སོགས་པས་སྒོ་སྐྱོང་གི་སྔགས་བསྟན་པར་འདོད་ནས ་གསུངས་པ། སྡེ་པའི་མཛའ་མ་ལ་སྟེ་ཨ་ཡིག་ལ་སོགས་པ་རྣམས་སྡེ་པ་གཅིག་གོ་།གཞན་ཀ་ཡིག་ལ་སོགས་པ་བདུན་ཏེ། དེ་རྣམས་ཀྱི་མཛའ་མ་ཨ(རྒྱུད་འགྲེལ་ཡང་དག་པར་མནན་པའོ། །རྣམ་པར་སྣང་མཛད་དང་ལྡན་པ་ན་ཨོཾ་ཡིག་ཡང་དག་པར་ལྡན་པའོ། །སྭཱཧཱའི་ཡི་གེ་མཉམ་ལྡན་པ་ནི་སྔགས་བཞི་པོ་རྣམས། སྒོ་སྐྱོང་བཞི་པོ་རྣམས་ཀྱིར་འགྱུར་རོ། །ོཾ་ཨཾ་སྭཱ་ཧཱ། ཤར་སྒོ་སྐྱོང་བའི་འོ། །ོཾ་དི་སྭཱཧཱ། ་ལྷོ་སྒོ་ལའོ། །ོཾ་ཉཾ་སྭཱཧཱ། ནུབ་སྒོ་ལའོ། །ོཾ་ཎཾ་སྭཱ་ཧཱ། བྱང་སྒོ་ལའོ། །གཞན་སྔགས་བཞི་པོ་རྣམས་ནི་མེ་ཏོག་མ་ལ་སོགས་པ་བཞི་པོ་རྣམས་དང་སྦྱར་བར་བྱ་སྟེ། ཨོཾ་ནཾ་སྭཱཧཱ། མེ་ཏོག་མའིའོ། །ོཾ་མཾ་སྭཱཧཱ། བདུག་པ་མའིའོ། །ོཾ་ཝཾ་སྭཱཧཱ། མར་མེ་མའི་འོ། །ོཾ་ཧཾ་སྭཱཧཱ ་དྲི་མའིའོ། །ཡང་ན་སྒོ་སྐྱོང་མ་ལ་སོགས་པ་རྣམས་ཀྱི་མིང་གཟུང་བས་སྔགས་ཀྱི་ཡི་གེ་རྣམས་སུ་སྦྱར་བར་བྱའོ། །ཞེས་གཞན་དུའོ། །ོཾ་ཨཾ་བཛྲཱ་ཀུ་ཤ་སྭཱཧཱ། ཨོཾ་དཾ་བཛྲ་པཱ་ཤེ་སྭཱཧཱ། ཨོཾ་ཉ་བཛྲ་སཕོ་ཊ་སྭཱཧཱ། ཨོཾ་ཎཾ་བཛྲ་བེ་ཤེ་སྭཱཧཱ། དེ་བཞིན་དུ་མེ་ཏོག་མ་ལ་སོགས་པ ་རྣམས་ཀྱི་ཡང། ཨོཾ་ནཾ་བཛྲ་པུ་ཤཱི་སྭཱ་ཧཱ། ཨོཾ་མཾ་བཛྲ་དྷཱུ་པེ་སྭཱཧཱ། ཨོཾ་ཝཾ་བཛྲཱ་ལོ་ཀེ་སྭཱ་ཧཱ། ཨོཾ་ཧཾ་བཛྲ་གནདྷེཾ་སྭཱཧཱ། ཞེས་སོ། །མ་ནིང་བཞི་པོས་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་གླིང་བུ་མ་དང་པི་ཝང་མ་དང་མུ་ཀུནདཱ་མ་དང་རྫ་རྔ་མ་རྣམས་ཀྱི་སྔགས་བཏུ་བ་གསུངས་པ། མ ་ནིང་ལ་སོགས་ནི་རི་རཱི་ལི་ལཱི་བཞི་པ་འདི་རྣམས་ལ་སྭཱ་ཧཱ་དང་རྣམ་པར་སྣང་མཛད་སྔར་བཤད་པ་ཉིད་དོ། །སྔགས་དེ་འདི་ཡིན་ཏེ། ཨོཾ་རཾ་བཛྲ་བཾ་ཤེ་སྭཱཧཱ། ཨོཾ་རཱིཾ་བཛྲ་བཱི་ཎེ་སྭཱ་ཧཱ། ཨོཾ་ལིཾ་བཛྲ་མུ་ཀུནད་སྭཱ་ཧཱ། ཨོཾ་ལིཾ་བཛྲ་མུ་ད་ཛེ་སྭཱ་ཧཱ། ལེའུ་གསུམ་པའི་འགྲེལ ་པའོ།། །།སྦྱིན་སྲེག་དང་བྲལ་བས་ལྷ་ལ་འབུལ་བའི་ཆོ་གར་མི་འགྱུར་རོ། །ཞེས་པའི་སྦྱིན་སྲེག་གི་ལས་ཀྱི་ཆོ་ག་གསུངས་པ། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་རྡོ་རྗེ་སེམས་དཔའ་ཡི་ནི་རྡོ་རྗེ་ཧཱུཾ་མཛད་ཀྱིའོ། །འགྱིད་བྱང་པ་ནི་རྣལ་འབྱོར་བས ་ལྷའི་རྣལ་འབྱོར་གྱིས་ཞེས་བསྡུས་པའོ། །དགུ་གཉིས་སུ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་དག་འཛིན་པ་དེས་ལྷན་ཅིག་ཀུན་ཏུ་གནས་པའོ། །དེ་ནི་སློབ་དཔོན་ནོ། འཇིག་རྟེན་གསུམ་རྒྱལ་གྱུར་ནས་ནི་ཞེས་སྤེལ་བར་བྱའོ། །གཡས་བརྐྱང་དང་གཡོན་བརྐྱང་དང་མཉམ་པའི་རྐང་པ་དང་ས་ག ་རྣམས་ནི་ཤར་ལ་སོགས་པའི་ཕྱོགས་བཞི་རྣམས་སུ་སྦྱར་བར་བྱའོ། །དེ་ལ་གཡས་བརྐྱང་ནི་རྐང་པ་གཡོན་པ་བསྐུམ་པར་བྱས་ནས་གཡས་བརྐྱང་བའོ། །གཡས་བརྐྱང་དུ་གནས་པ་ཅན་ལས་བཟློག་པ་ནི་གཡོན་བརྐྱང་ངོ་ཞེས་པའོ། །རྐང་པ་དག་ཕན་ཚུན་བཤིབས་ཏེ་སོར་མོ་མ ་ལུས་པ་བཤིབས་པ་འདི་ནི་མཉན་པའི་རྐང་པའོ། །ཁ་ཅིག་ནི་བར་མཐོ་གཅིག་ཏུ་རིག་པར་བྱེད་དོ། །རྐང་པའི་སོར་མོ་ཕྱི་རོལ་གནས། །པུས་མོའི་མཐིལ་ནི་བསྲང་བ་ལ། །སོར་མོ་ཉི་ཤུ་དྲག་ཏུ་གནས། །དེ་ཡང་ས་གང་བརྗོད་པར་བྱ། །འདི་རྣམས་གསུངས་པར་འགྱུར་བ། །རྡོ་རྗེ ་ཧཱུཾ་མཛད་ཀྱི་ང་རྒྱལ་བྱེད་པའི་རྣལ་འབྱོར་གྱི་དབང་ཕྱུག་གཡོན་པ་དང། ཅིག་ཤོས་ཀྱི་མིག་དག་ལམ་དང་ཊའི་ཡི་གེ་དག་ཉི་མ་དང་ཟླ་བའི་དཀྱིལ་འཁོར་དུ་དམིགས་ཏེ། དེའི་སྟེང་དུ་ཧཱུཾ་ཡིག་ལས་ཡོངས་སུ་རྫོགས་པའི་རྡོ་རྗེ། འོད་ཟེར་འབར་བའི་ཚོགས་ཀྱིས་བགེགས ་མཛའ་དག་བཅོམ་ཞིང་བསལ་ནས་རྐང་པའི་མཐིལ་ལ་ཡང་ཡི་གེ་ཨ(རྒྱུད་འགྲེལ་དཀྱིལ་འཁོར་གྲུ་བཞི་པའི་དབུས་སུ་གནས་པའི་སའི་ལྷ་མོ་ཕྱག་གཉིས་ཀྱིས་གསེར་གྱི་བུམ་པ་འཛིན་པ་བྱོན་ནས་རང་ཉིད་ལ་མཆོག་སྦྱིན་པར་བྱེད་པ་སྔགས་འདིས་སྤྱན་དྲང་བར་བྱའོ། །དེ་ལྟར་སྤྱན་དྲངས་ལ་ཡང་དག་པར་མཆོད་ནས་གསོལ་བ་བཏབ་སྟེ་དེ་ཐབ་ཁུང་རྐོ་བ ་བརྩམ་པར་བྱའོ། །ཧྲཱི་ཡིག་ཞེས་བྱ་བ་ལ་སོགས་པ་ནི་གཏུམ་མོ་ལ་སོགས་པའི་བུ་མོ་རྣམས་ཀྱི་བསོད་ནམས་ཡན་ལག་ལ་ནི་བྷ་ག་ལའོ། །དེ་པ་ཡི་གེ་ཧྲཱིའོ། །ཁ་ཅིག་ན་རེ་ཡན་ལག་ལྔ་པོ་རྣམས་སུའོ། །ཞེས་ཀློག་གོ་།དེ་ཉིད་ཀྱི་ཕྱིར་ཡན་ལག་ལྔ་པོ་དེའི་དབུས་སུ་བྷྲུཾ་ཡིག ་བསྒོམས་ཏེ་སྦྱར་མ་ལ་སོགས་པའི་གཟུགས་ཀྱིས་སོ། །ཉིད་ཅེས་པ་ངེས་པར་བྱས་ནས་སོ། །སློབ་དཔོན་གྱིས་བྷ་གའི་དབུས་སུ་མེ་ཏོག་གཏོར་བར་བྱའོ། །གཏོར་མ་ཞེས་བྱ་བ་ནི་ཧེ་རུ་ཀའི་བྱ་བ་ནི་ཧེ་རུ་ཀའི་ཕྱག་རྒྱ་རྡོ་རྗེ་ཐལ་མོ་གྱེན་དུ་ཕྱེ་སྟེ་འཛུབ་མོ་དང་མཐེ་བོ་དག་མཆེ་བ་གཙིགས་པའི་རྣམ་པའི་ཕྱག ་རྒྱ་འདི་དང་ཡི་གེ་བྷཡོ། གདོན་པར་བྱེད་ཅིང་ཧེ་རུ་ཀའི་ང་རྒྱལ་དུ་བྱས་པའི་གཟུགས་ཀྱིས་ཕྱོགས་རྣམས་དང་ཕྱོགས་བྲལ་རྣམས་སུ་གཏོར་མ་བྱིན་པར་བྱའོ། །ཞེས་པའི་དོན་ཏོ། །ལྷག་མ་གོ་སླ་བའི་ཕྱིར་བཤད་པར་མི་བྱའོ། སྔགས་ཀྱི ་དངོས་གྲུབ་རབ་སྦྱིན་འགྱུར་ཞེས་བྱ་བ་ནི། སྔགས་ཨོཾ་ཡིག་ལ་སོགས་པ་སྭཱཧཱའི་མཐར་ཐུག་པས་དངོས་གྲུབ་རབ་ཏུ་སྦྱིན་པ་གཅིག་པ་ཅན་ཁོ་ནའོ། །ལེའུ་བཞི་པའི་འགྲེལ་པའོ།། །།ད་ནི་མིག་སྨན་ལ་སོགས་སྒྲུབ་པར་བྱེད་པའི་ཆེད་དུ། ་ལེའུ་ལྔ་པ་གསུངས་པ། ཚིལ་ཆེན་ཞེས་བྱ་བ་ནི་མིའི་ཞག་གོ་།སྙིང་པོ་ཞེས་བྱ་བ་ནི་ཨརྒ་དཀར་པོ་དང་པདྨ་དཀར་པོའི་སྐུད་པ་བསྲེས་པའི་སྙིང་པོ་བྱས་ནས་མཚོན་གྱིས་བསང་བའི་སྐྱེས་བུའི་ཐོད་པ་ལ་དུང་ལ་ཕབ་ནས། འུག་པའི་མགོ་བོ་བསྲེགས་པ་དང ་རྡུལ་ཏེ་ཟླ་མཚན་གྱི་ཁྲག་བསྲེས་པས་བཏགས་ཏེ་བྱ་རྒོད་ཀྱི་པགས་པ་དཀྲིས་ཏེ་དེའི་རྗེ་ངར་དུ་བཅུག་ལ་གཏུམ་མོ་ལ་སོགས་པའི་བྷ་གའི་དབུས་སུ་བཞག་ནས། མཱ་མ་ཀཱིའི་སྔགས་ཀྱིས་མངོན་པར་བསྔགས་ཏེ་མཱ་མ་ཀཱི་ལ་སོགས་པ་དང་སྦྱོར་བའི ་བཅོམ་ལྡན་འདས་མི་བསྐྱོད་པ་བསྒོམས་ནས་ནག་པོ་དང་དཀར་པོ་དང་དམར་པོའི་ཞལ་མཱ་མ་ཀཱི་ལྟ་བུ་ཉིད་རྣམ་པར་བསམས་ཏེ་སྙོམས་པར་འཇུག་པ་བྱས་ནས་མིག་སྨན་བསྒྲུབ་པར་བྱས་ན་ལས་རྣམ་པ་སྣ་ཚོགས་པ་བྱེད་པར་འགྱུར་རོ། །གུར ་གུམ་ཞེས་བྱ་བ་ལ་སོགས་པས་བསྐལ་པ་བཟང་པོ་ཅན་དུ་བྱེད་པ་གསུངས་པ། བྷ་གར་མིག་བཅུག་ནས་སྔགས་གདོན་པར་བྱའོ། །ཞེས་པའོ། །དང་པོར་ཨོཾ་ཡིག་གོ་།ཕྱི་ནས་དབྱངས་ཀྱིས་ཕྱེ་བ་ཅན་ནི་བཛྲཱ་མྲི་ཏའི་ཚིག་གོ་།སྤྲིན་གྱི་སྒྲ་ཞེས་པ ་ཧཱུཾ་ཡིག་དང་ཕཊ་ཡིག་དང་ལྷན་ཅིག་པར་བྱའོ། །སྔགས་ནི་འདིའོ། །ོཾ་བཛྲཱ་མྲི་ཏ་ཧཱུཾ་ཕཊ་སྭཱཧཱ། ལེའུ་ལྔ་པའི་འགྲེལ་པའོ།། །།རྡོ་རྗེ་ཧཱུཾ་མཛད་ཀྱི་སྒྲུབ་ཐབས་ལེའུ་དྲུག་པ་གསུངས་པ། རིག་མ་བཞི་ནི་རྡོ་རྗེ་སྒེག་མོ་དང། རྡོ་རྗེ་ཕྲེང ་བ་མ་དང་རྡོ་རྗེ་གླུ་མ་དང་རྡོ་རྗེ་གར་མ་རྣམས་སོ། །སྒོ་སྐྱོང་ཞེས་བྱ་བ་ནི་རྡོ་རྗེ་ལྕགས་ཀྱུ་དང་རྡོ་རྗེ་ཞགས་པ་དང་རྡོ་རྗེ་ལྕགས་སྒྲོག་དང་རྡོ་རྗེ་དྲིལ་བུ་རྣམས་སོ། །བསྐལ་བ་བཟང་པོ་བ་ཞེས་པ་བྱམས་པ་ལ་སོགས་པ་བཅུ་དྲུག་རྣམས་སོ། །བྱམས་པ་དང་མཐོང་བ་དོན ་ཡོད་དང་ངན་སོང་ཀུན་འདྲེན་དང་མྱ་ངན་གྱི་མུན་པ་ངེས་པར་འཇོམ་པ་ཞེས་བྱ་བ་དང། སྤོས་ཀྱི་གླང་པོ་དང་དཔའ་བར་འགྲོ་བ་དང་ནམ་མཁའ་མཛོད་དང་ཡེ་ཤེས་ཏོག་དང་འོད་དཔག་མེད་དང་ཟླ་འོད་དང་བཟང་སྐྱོང་དང་དྲ་བ་ཅན་གྱི་འོད་དང་རྡོ་རྗེ་སྙིང་པོ་དང་བློ་གྲོས ་མི་ཟད་པ་དང་སྤོབས་པ་བརྩེགས་དང་ཀུན་ཏུ་བཟང་པོ་ཞེས་བྱ་བ་སྟེ་འདི་རྣམས་ཐམས་ཅད་ཞལ་གཅིག་པ་ཕྱག་གཉིས་པར་ཤེས་པར་བྱའོ། །ཕྱུགས་ཞེས་བྱ་བ་ནི་བླ་མ་ལ་འཁུ་ཞིང་གནོད་པར་བྱེད་པ་འམ། དཀོན་མཆོག་གསུམ་ལ་གནོད་པར་བྱེད་པའོ།། ་དེ་སྔགས་ཀྱིས་བཀུག་ནས་དཀྱིལ་འཁོར་དུ་བཅུག་སྟེ་ལྟུང་བར་བྱས་ནས་ཙཱ་དུ་བྱའོ། །ཙཱ་རུ་དེས་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ལ་མཆོད་ནས་དེའི་ལྷག་མ་བཟའ་བར་བྱའོ། །སྒྲུབ་པ་པོ་སྟེ་མཆོག་སྒྲུབ་པ་པོས་དང་པོ་ཉིད་དུ་སློབ་དཔོན་ལ་ཡང་དག་པར ་མཆོད་པར་བྱའོ། །རྡོ་རྗེ་སེ་གོལ་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་ཁུ་ཚུར་བཅིངས་ནས་ཕན་ཚུན་རྒྱབ་སྦྱར་ཏེ་སེ་གོལ་ལན་གསུམ་གཏོགས་ནས་རྡོ་རྗེ་བསྡུ་བ་བྱས་ནས། སྔགས་ལན་གསུམ་བརྗོད་པར་བྱས་ནས་ལྷའི་རྡོ་རྗེ་དགུག་པར་བྱའོ། །ཡང་ན་རྗེས་སུ ་རྣལ་འབྱོར་ཉིད་ཀྱི་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་ལས་སྐྱེས་པའི་སྒྲའི་ཁྱད་པར་ནི་རྡོ་རྗེ་སེ་གོལ་ཏེ་ངེས་དཀྱིལ་འཁོར་པ་གང་རྡོ་རྗེ་བདུད་རྩི་སྟེ་ཐིག་ལེ་རྒྱུ་མཐུན་བསྐྱེད་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྐྱེད་པར་འགྱུར་རོ། །ཕྱུང་བའི་ལྷག་མ་ནི་ཁས ་བླངས་ནས་བཟའ་བར་བྱའོ། །ལེའུ་དྲུག་པའི་འགྲེལ་པའོ།། །།མཆོད་པ་སྔོན་དུ་འགྲོ་བས་བསམ་གཏན་ངེས་པ་ཤེས་པར་འདོད་པའི་བསམ་པས་བཅོམ་ལྡན་འདས་ལ། དབྱངས་རྣམས་ཀྱིས་ཡང་དག་པར་བསྟོད ་ནས་བཅོམ་ལྡན་འདས་མ་ཡོངས་སུ་ཞུ་བར་བྱེད་དོ། །ཕྱག་རྒྱའི་ཚོགས་ཞེས་བྱ་བ་ནི་ཞི་བ་མ་ལ་སོགས་པའི་རིག་མའི་ལྷ་མོ་རྣམ་པ་བརྒྱད་ཀྱིས་ཡོངས་སུ་ཕྱེ་བའི་ཚོགས་དེས་མཉམ་པར་ལྡན་པའི་བཅོམ་ལྡན་ ་འདས་ལ་ཕྱག་འཚལ་བར་བགྱིའི་ཞེས་སྦྱར་བར་བྱའོ། །རིག་མ་ཆེན་པོ་ཉི་ཤུ་བཞི་ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའ་ཨི་དཀྱིལ་འཁོར་དུ་ངེས་པར་བསྟན་པའི་རིག་མ་ཆེན་མོ་ཞི་བ་མ་ལ་སོགས་པའི་མིང་ཅན་ལ་རྗེས་སུ་ཆགས་པ ་ཅན་གང་གིས་ཞེས་འབྲུ་མང་པོའོ། །ཡིད་ལ་རྟོགས་པ་ཁོ་ན་ལས་སུ་གྱུར་པ་ནི་རྗེས་སུ་ཆགས་པར་འགྱུར་རོ་ཞེས་པའོ། །འདབ་མ་སྔོན་པོ་ཞེས་བྱ་བ་ལ་སོགས་པ་ནི་ཨུཏ་པ་ལ་སྔོན་པོའི་འདབ་མ་ལྟར་གང་གི་ཕྱག་ལྗང ་གུ་དེ་ཉིད་ཨུཏ་པ་ལ་སྔོན་པོ་འདབ་མཚུངས་ཕྱག་གོ་།ཁྱོད་ཉིད་སངས་རྒྱས་ཏེ་སོ་སོར་རྟོགས་ཏེ་གཏི་མུག་གི་གཉིད་སངས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཡང་སྟེ་ཤེས་བྱའི་ཕུང་པོ་ཐམས་ཅད་ཡོངས་སུ་ཤེས་པར་བྱེད ་པའི་ཕྱིར་རོ། །རྡོ་རྗེ་ཡང་སྟེ་མི་ཕྱེད་པ། འབྱེད་པ་པོ་ཉིད་ཀྱི་ཕྱིར་རོ། །བདག་ལ་རྗེས་སུ་ཆགས་པ་ཁྱོད་ཀྱིས་ཤིན་ཏུ་དགའ་བའི་བདེ་བ་ཡིས་ཏེ། བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་སོ། །གང་ཕྱིར་དེ་ཡིས་ཁྱོད་ནི་ས་གསུམ ་དུ་ནི་བྱ་བ་བསྒྲུབ་མཛད་དེ་ནི། གདུལ་བར་བྱ་བ་རྣམ་པ་སྣ་ཚོགས་པའི་དོན་བསྒྲུབ་པར་བྱེད་པར་འགྱུར་རོ། །སྟོང་པ་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ཁྱོད་ནི་མཆོག་གི་གོ་འཕང་སྟེ། མྱ་ངན་ལས་འདས་པའི་མིང་དུ ་གསུངས་པ་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །གང་གི་ཕྱིར་ན་དངོས་པོ་ཐམས་ཅད་སྣང་བ་ཙམ་ཡིན་པ་དེའི་ཕྱིར་སྣང་བ་ཙམ་ལ་དེ་ཁོ་ན་ཉིད་མཐོང་བ་རྣམས་ཀྱིས་བརྫུན་བཞིན་དུ་ཡང་བཟུང་བར་བྱ་བ་དང་འཛིན་པར་བྱེད་པ་ཉིད་ཀྱིས་རྣམ ་པ་ལ་སྒྲོ་བཏགས་ནས་དོན་དམ་པ་མཆོག་གོ་ཞེས་མ་འཁྲུལ་བར་ངེས་པར་བྱེད་དོ། །ཆོས་ཐམས་ཅད་སོ་སོར་འབྱེད་པའི་ཤེས་རབ་ཀྱིས་རྣམ་པར་དཔྱད་གཞལ་ན་རང་དང་གཞན་དང་གཉིས་ཏེ་འདི་རྣམས་ཐམས་ཅད་ཀྱི་སྐྱེ་བ་དང་ལྡན་པར་མི་རིགས ་པའི་ཕྱིར་རོ། །ཞེས་པའོ། །ཆོས་ཐམས་ཅད་སྟོང་པ་ནི་དོན་དམ་པ་ཉིད་དོ། །བཅོམ་ལྡན་འདས་ཀྱང་བདེ་བ་ཆེན་པོ་ལ་གནས་པ་སོ་སོར་རང་རིག་པར་བྱ་བ་རྟོག་པའི་དྲ་བ་མ་ལུས་པ་ངེས་པར་གསལ་བ་གཉིས་སུ་མེད་པའི་རང་བཞིན་སྟོང་པ་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར ་མིག་སྨན་མེད་པ་ནི་མིག་སྨན་ཞེས་བྱ་བ་ཕྱིར་རོལ་གྱི་གཟུང་བའི་རྣམ་པས་འཛིན་པའི་རྣམ་པར་ཤེས་པ་དེའི་གཟུགས་ཉེ་བར་ལེན་པ་ཡིན་ཏེ་ནོར་བུ་ཤེལ་བཞིན་དུ་སྔོན་པོ་ལ་སོགས་པ་ཉེ་བས་བློ་བུར་བའི་རྣམ་པར་སྒྲོ་འདོགས་པས་དེའི་རྣམ་པར་སོ་སོར ་སྣང་བའི་མིང་ཡིན་ནོ། །འདི་དག་ཀྱང་བཅོམ་ལྡན་འདས་དེའི་ཡང་དག་པར་རིག་པར་མི་བྱེད་པ་མ་ཡིན་ཏེ། འདི་དག་གཉིས་ཀ་ཡང་བརྫུན་པ་ཉིད་ཀྱི་ཕྱིར་རོ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར། ཁྱོད་ནི་འགྱུར་མེད་དེ་འཁོར་བ་དང་མྱ་ངན་ལས་འདས་པ ་ངག་ཏུ་མི་གཡོ་བའི་ཕྱིར་རོ། །ཐོག་མ་མེད་པ་འང་འགྱུར་མཛད་དོ་ནི་ཕུང་པོ་ཉེ་བར་ལེན་པའི་རྒྱུ་ཁྱོད་ལས། གཞན་ཡང་དག་པར་རིག་པ་མེད་པ་ཉིད་ཀྱི་ཕྱིར་རོ། །འདི་ལྟར་འབྱུང་བ་དང། མཆོག་ཏུ་བྱུང་བའི་རང་བཞིན་བཅོམ ་ལྡན་འདས་ཁྱོད་གང་གིས་རིག་པ་དེ་ཇི་ལྟར་དེ་འཁོར་བར་ག་ལ་འགྲོ་སྟེ། ཅུང་ཟད་ཀྱང་འགྲོ་བ་མ་ཡིན་ནོ། ཞེས་པའི་དོན་ཏོ། །རྒྱས་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་ནི། རྐང་པ་ལ་བརྟེན་པའི་གར་ནི་རྒྱས་པར་བྱེད་པའོ། །རྐང ་བ་ལས་སྐྱེས་པ་ནི། སཱ་ཏྭི་ཀཱིའོ། །དཔུང་པ་དང་ལག་པ་རྣམས་ཀྱིས་ཉེ་བར་བསྐྱེད་པ་ནི་ཨཱ་རཱ་བྷ་ཊཱིའོ། །མགོ་དང་སྨིན་མ་དང་མིག་རྣམས་ཀྱིས་བསྐྱེད་པ་ནི་ཀོ་ཤི་ཀཱིའོ། །རྣམ་པ་བཞི་པོ་འདི་རྣམས་ཀྱིས་ཡན་ལག་འགྱུར་བ་རྣམས་ཀྱིས་གར་བྱས་ནས་བཅོམ་ལྡན ་འདས་མཆོད་པས་ཡང་དག་པར་མཆོད་ནས་དེ་ཁོ་ན་ཉིད་བཞུ་བར་བྱེད་དོ། །དེ་ལ་མཆོད་པ་ཞེས་བྱ་བ་ལ་སོགས་པ་ནི། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་ཆེན་པོ་རྣམ་པར་བཞག་པས་བདེ་བ་ཆེན་པོའི་གནས ་པས་བསྐྱེད་པ་བྱ་སྟེ་དེའི་ཚེ་བཅོམ་ལྡན་འདས་མ་གཡོ་བ་མེད་པ་སྐྱེ་བར་འགྱུར་རོ། །དེ་ཁོ་ན་ཡང་བཅོམ་ལྡན་འདས་བདུད་རྩི་བདེ་བ་ཆེན་པོའི་རྣམ་པ་ནང་གི་བདག་ཉིད་ཀྱི་ངོ་བོ་ལུས་ལ་ལེགས་པར་ཁྱབ་པ་ཅན་དམ་པའི་དེ་ཁོ་ན་ཉིད་དུ་བསམ ་པར་བྱའོ། །ད་ནི་བདུད་རྩི་ཐིག་ལེའི་གཟུགས་ཞེས་བྱ་བ་འདིས། བཅོམ་ལྡན་འདས་དོན་དམ་པར་གནས་སྐབས་དེ་བྷ་གའི་པདྨར་ཡོངས་སུ་བསྒྱུར་བའི་གཟུགས་ལ་ཐིག་ལེའི་མིང་དུ་གསུངས་སོ། །འདི་ཁོ་ན་ཡང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སུ་བརྗོད ་པར་བྱའོ། །མཁའ་ཡི་དབུས་སུ་ཞི་བ་ལ་སོགས་པས་ཡེ་ཤེས་སེམས་དཔའ་བསྐྱེད་པ་སྔོན་དུ་འགྲོ་བས་བདག་གི་དེ་ཁོ་ན་ཉིད་དུ་གནས་པར་གསུངས་པ། མཁའ་རུ་བརྗོད་པར་བྱ་བ་ཆོས་ཀྱི་འབྱུང་གནས་སུ་བཤད་པ་པདྨའི་འདབ་མ་བརྒྱད་པས ་དབུས་བརྒྱན་པའོ། །དེའི་དབུས་སུ་རི་བོང་ཅན་ཡོངས་སུ་ཞུགས་པ་ནམ་མཁའ་དང་མཚུངས་པའི་སྟོང་པ་དེ་ཁོ་ན་ཉིད་བྱང་ཆུབ་ཀྱི་སེམས་ངེས་འཛག་པའི་བདུད་རྩི་བརྒྱ་ཕྲག་འཛིན་པ་ནི་མི་ཟད་པའོ། །དེ་ཁོ་ན་ནི་ཕྲ་མོའོ། །རྡོ་རྗེ་སེམས་དཔའ་ནི ་གཞོམ་དུ་མེད་པ་ཧཱུཾ་གི་ཡི་གེར་འགྱུར་རོ། །གང་དུ་ཞེས་པ་ཟེ་འབྲུ་གསང་བའི་སྦྱོང་ཡུལ་ལའོ། །དེ་ནས་དེར་གནས་ནས་བྷ་ག་དང་ལིང?་བ་དག་གི་མ་དྷཡ་སྟེ་དབུས་སུ་ཁུ་བའི་གཟུགས་ཀྱིས་འགྲོ་བ་ཚིམ་པར་བྱེད་པ་འཛག་པར་བྱེད་ངེས་པར་འབྱིན ་པར་བྱེད་དོ། །དེ་ཉིད་སྲོག་ཆགས་རྣམས་ཀྱི་སྲོག་ཅེས་བྱ་བ་དབུགས་ཆེན་པོའོ། །རྣམ་པར་ཤེས་པའི་ཕུང་པོ་ལ་བརྟེན་ནས་རྣམ་པ་སྣ་ཚོགས་པའི་རྣམ་པར་འགྱུར་རོ། འདིས་ཀྱང་རྣམ་པ་ལྔས་མངོན་པར་བྱང་ཆུབ་པ་གསུངས་པར་འགྱུར་རོ། ་སངས་རྒྱས་ཞེས་བྱ་བ་ནི་སངས་རྒྱས་རྣམ་པར་སྣང་མཛད་དོ། །རྡོ་རྗེ་འཆང་ནི་རྡོ་རྗེ་ཧཱུཾ་མཛད་དེ་གདུལ་བྱའི་དབང་ལས་དེ་ཉིད་རིགས་ལྔའི་ཚོགས་ཀྱི་དཀྱིལ་འཁོར་འབྱིན་པར་བྱེད་པའི་རིམ་པས་མངོན་སུམ་དུ་བསྒོམས་པའི་སྒྲུབ་པ་པོ་དེ་རྣམས ་ཀྱི་སོ་སོར་སྣང་བ་ཐོབ་པར་འགྱུར་རོ། །དེའི་ཕྱིར་སེམས་ཙམ་གཉིས་སུ་མེད་པར་གྱུར་པ་ཆོས་ཐམས་ཅད་ཀྱི་བདག་ཉིད་སྣང་བའི་ཕུང་པོ་ལྟ་བུར་འབར་བཞིན་པའི་ཁམས་གསུམ་པོ་སྣང་བར་བྱེད་བཞིན་པར་མཐོང་ནས་ཁང་པ་བརྩེགས་པར ་བཞུགས་ནས་ལྷ་མོ་དང་འཁྲིག་པའི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱི་རོ་མྱོང་སྟེ་དེ་ཁ་ནས་ཞུགས་ཏེ་རྡོ་རྗེའི་ལམ་ནས་ངེས་པར་བྱུང་བའི་ཐིག་ལེ་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་བདུད་རྩིར་གསུངས་སོ། །ཱ་ལི་ཀཱ་ལིའི་དཀྱིལ་འཁོར་གཉིས ་དང་རྡོ་རྗེ་ལས་བྱུང་བ་མཱ་མ་ཀཱི་ལ་འཁྱུད་པས་ཡང་དག་པར་བསྐྱེད་པའི་བདེ་བ་ཆེན་པོའི་ངོ་བོ་བཅོམ་ལྡན་འདས་རྡོ་རྗེ་བདུད་རྩི་སྐྱེའི། །དེ་ཉིད་ཀྱི་ཕྱིར་གསུངས་པ་དེ་ལས་ང་ནི་ཁྱོད་དང་ལྷན་ཅིག་སྐྱེས་ཞེས་བྱ་བ་སྟེ་འདི་ཁོ་ན་ཕྱག་རྒྱ་ཆེན ་པོའི་སྒྲུབ་ཐབས་ཀྱི་རིམ་པ་ཕྱིན་ཅི་མ་ལོག་པ་སྟེ། བཅོམ་ལྡན་འདས་ཀྱིས་གསང་བ་འདུས་པ་ལ་སོགས་པར་ཡང་དག་པར་སྦས་ཏེ་བསྟན་པའོ། །ཚངས་པ་ཞེས་བྱ་བ་ལ་སོགས་པས་ནི་ཚངས་པ་དང་ཚངས་པ་མ་ཡིན་པ་ལ་སོགས ་པ་དེ་དག་ཀྱང་དེ་ཉིད་ཁོ་ན་ཡང་དག་པ་ཇི་ལྟ་བ་བཞིན་མ་རྟོགས་པར་བདག་ཉིད་གཞན་དུ་སེམས་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་ནི་བྱམས་པ་ལ་སོགས་པ་རྣམས་སོ། །དེ་བཞིན་གཤེགས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་སོ ་དེ་ཉིད་ཀྱི་ཕྱིར་བ་དེ་བ་ཆེན་པོའི་བདག་ཉིད་ཀྱི་ཏིང་ངེ་འཛིན་དེ་ཁོ་ན་ལ། དེ་རྣམས་སྐྱེ་བར་འགྱུར་རོ་འཆི་བར་འགྱུར་རོ་ཐིམ་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྣམས་ནི་བདེ་བ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་དངོས་པོ ་ཐམས་ཅད་སེལ་བར་བྱེད་པས་སོ་སོ་རང་གི་རིག་པར་བྱ་བ་ཡང་དག་པར་རིག་པར་བྱེད་པའི་བདག་ཉིད་ཅན་དེ་ཁོ་ན་ལ། གཟུང་དང་འཛིན་པ་དང་བྲལ་བའི་ཡེ་ཤེས་ལ་ཤེས་བྱའི་ཕུང་པོ་མཐར་ཐུག་པར་རབ་ཏུ་ཞུགས་པས ་གཉིས་སུ་མེད་པ་ལ། དངོས་པོ་འདི་དག་ཀུན་ནུབ་པ་དང་འཆར་པ་ལ་སེམས་པར་བྱེད་གོམས་པར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། ཤེས་དང་ཤེས་བྱའི་བདག་ཉིད་ཅན་ཞེས་སོ། །སྐྱེ་བར་འགྱུར་ཞེས་བྱ་བ་ལ་སོགས་པ་ནི། དེ་ཉིད་ཀྱི་ཕྱིར་དངོས་པོ་ཐམས ་ཅད་ཀྱི་སྐྱེ་བ་དང་འཆི་བ་དང་ཐིམ་པར་བྱེད་པ་ལ་སོགས་པའི་ཆོས་རྣམས་ཀྱང་བདེ་བ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་ལས་ཉེ་བར་སྐྱེ་བར་འགྱུར་རོ། །འབྱིན་པར་བྱེད་པ་ནི་འགྲོ་བ་སྐྱེད་པར་ནུས་པའོ། །རང་ཉིད་འགྱུར་བ་ནི་དངོས་པ་ཐམས་ཅད ་ཀྱི་རང་བཞིན་ཡིན་པས་སོ། །ལྷན་ཅིག་པ་ནི་གཙོ་བོ་བྱེད་པའི་ལྷ་གཉིས་པ་མེད་པའི་ཕྱིར་རོ། །བརྗོད་པར་བྱ་ཞེས་བྱ་བའི་ཚིག་འདིས་ཡང་དག་པར་སྦྲེལ་བར་བྱའོ། །ཐམས་ཅད་མཁྱེན་པ་ཞེས་བྱ་བ་ནི་རང་གི་སྤྲུལ་པའི་རྟེན་པའི་བརྟེན་པ་ཁམས ་གསུམ་པའི་དངོས་པོ་ཐམས་ཅད་དོན་ཇི་ལྟ་བ་བཞིན་དུ་ཤེས་པར་བྱེད་དོ་ཞེས་པས་ཐམས་ཅད་མཁྱེན་པའོ། །ཀུན་ནས་ཀུན་ཞེས་བྱ་བ་ནི་སྐྱེ་བ་དང་གནས་པ་དང་འཇིག་པའི་དབང་གིས་གནས་པ་ཉིད་ཀྱི་ཕྱིར་རོ། །དགེ་བ་གསུམ་འདྲེན་པར་བྱེད ་པ་ཉིད་ཀྱི་ཕྱིར་ཞི་བ་སྟེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་བློ་བུར་བའི་དྲི་མ་ཞི་བ་དེ་ལ། ལྷ་ཐམས་ཅད་ཡང་དག་པར་རིག་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །གང་བར་བྱས་ནས་ཞེས་བྱ་བ་ལ་སོགས་པ་ལ་ཁང་པ་ནི་དཀྱིལ་འཁོར་དེ་དཀྱིལ་འཁོར་དེར ་ཕྱུང་པའི་ལྷ་མོའི་ལྷ་མོའི་གཟུགས་ཀྱི་འཁོར་ལོས་གང་བར་བྱས་ནས་འཕྲོ་བར་བྱེད་དོ། །གང་གི་ཕྱིར་དེས་སྐྱེས་བུར་བརྗོད་པར་བྱའོ། །ཡང་ན་ཁང་པ་ནི་མཱ་མ་ཀཱི་ལ་སོགས་པའི་སྐུ་སྟེ་ཕྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱིས་མངལ་འཛིན་པའི་ཚོགས ་པས། དེ་གང་བར་བྱས་སོ། །དེའི་ཕྱིར་ཡང་བཅོམ་ལྡན་འདས་སྐྱེས་བུའོ། །དེ་ཉིད་ཀྱི་ཕྱིར་ལུས་ལ་གནས་ཕྱིར་ལྷ་ཞེས་པའོ། །གཉིད་ཐུག་པོ་ལོག་སྟེ་ཉལ་བ་ཡང་རང་ཉིད་སོ་སོར་སད་པར་བྱ་སྟེ་དེས་ན་སང་བ་པོའོ། །རོལ་པར་བྱེད་དོ། །ཞེས་པས་ལྷའོ། །གཞན ་གྱི་ལུས་ལ་རབ་ཏུ་འཇུག་པའི་ཕྱིར་ཁྱབ་འཇུག་གོ་།ལྷག་མ་གོ་སླའོ། །ལེའུ་བདུན་པའི་འགྲེལ་པའོ།། །།འདིར་སླར་ཡང་ཧེ་རུ་ཀ་ཁྲོ་བོ་བསྐྱེད་པའི་ཤེས་པར་འདོད་པས་བཅོམ་ལྡན་འདས་ལ་ཞུ་བར་བྱད་དོ། །ཞི་བ་མའི་རང་བཞིན་བཅོམ་ལྡན ་འདས་བདེ་བ་ཆེན་པོ་སྟེ། སླར་ཡང་ཧེ་རུ་ཀ་ཁྲོ་བོའི་གཟུགས་སུ་དེ་རྒྱུད་གང་གིས་སྐྱེ་ཞེས་བདག་ནི་ལྟད་མོ་མཆོག་ཅེས་བྱ་བ་སྟེ། གང་གི་ཕྱིར་འདིར་དབང་པོ་དང་བཅས་པ་ལ་སོགས་པའི་ལྷ་གདུག་པ་དྲག་པོ་དང་རིམས་དང་དུག་དང་རོ་ལངས་ལ་སོགས་པ ་འཇིགས་པའི་གཟུགས་ཅན་རྣམས། བདེ་བ་ཆེན་པོ་བདག་གི་དྲུང་དུ་སྐྱབས་སུ་འོང་བ་དེ་རྣམས་ལ་རྗེས་སུ་བརྩེ་བས་བདག་ཉིད་ཁྲོ་བོ་ཧེ་རུ་ཀར་གྱུར་ནས་འགྲོ་བ་ཡོངས་སུ་སྐྱོང་བར་བྱེད་དོ། །གཞན་དུ་རྣམ་པར་སྣང་མཛད་ལ་སོགས་པ་ཞི་བའི་གཟུགས་ ་ཀྱིས། གདུག་པ་ཆེས་དྲག་པོ་རྣམས་གདུལ་བྱ་བར་མི་ནུས་པའི་ཕྱིར་ཞེས་པའོ། །རྡོ་རྗེ་པདྨ་མཉམ་སྦྱོར་བས་ཞེས་བྱ་བ་འདིས་མཱ་མ་ཀཱི་ལ་སོགས་པ་རྣམས་ཀྱི་མཉམ་པར་སྦྱོར་བ་སྔོན་དུ་འགྲོ་བས་འབར་བའི་ཕྲེང་བ་འཁྲུགས་ཤིང་འཁྲུགས ་པར་སྣང་བའི་བཅོམ་ལྡན་འདས་རིག་མ་བརྒྱད་དང་གཉིས་མེད་དུ་གྱུར་པ། ཕྱག་བརྒྱད་པ་ཞལ་བཞི་པ་ཕྱུང་ངོ་ཞེས་འབྲེལ་ཏོ། །དེ་ཉིད་རྡོ་རྗེ་ཧེ་རུ་ཀ་མཆོད་ཕྱིར་ཐོགས་ཀྱི་ཚུལ་གྱིས་རྡོ་རྗེ་ཁ་ཊཝཱཾ་ག་འཛིན་བཞིན་པའི་ཕྱག་གཡོན་ཐོད་པ ་འཛིན་པ་དང། ཕྱག་གཡས་བ་དན་གསུམ་པའི་ཚུལ་དང་ལྡན་པའོ། །སླར་ཡང་གཉིས་པའི་ཕྱག་དག་གི་མངོན་པར་དབང་བསྐུར་བའི་ཕྱག་རྒྱ་དཔལ་བའི་མཛོད་སྤུར་འཛིན་པ་དང་གཞན་གཉིས་པོ་དག་གིས། མངོན་པར་གསལ ་དུ་ཡོངས་སུ་བཤུས་པའི་མིའི་པགས་པ་རློན་པའོ། །གཞན་གཉིས་པོ་དག་གིས་དུར་ཁྲོད་དུ་འཇུག་པའི་ཕྱག་རྒྱའི་ཕྱག་གོ་།པདྨའི་ལྟེ་བ་ལ་བཞུགས་པར་བསམ་པར་བྱའོ། །འདབ་མ་བརྒྱད་རྣམས་སུ་རིམ་པ་ཇི་ལྟ་བར་ལྷ ་མོ་གཙིགས་བཅས་མ་ལ་སོགས་པ་རྣམས་ཀྱིས་ཡིད་བཅོམ་ལྡན་འདས་ལ་གསལ་བར་བྱེད་པ་བསྒོམ་པར་བྱ་བ་འམ་བྲི་བར་བྱའོ། །བཟླས་པའི་སྔགས་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་སྔགས་བཏུ་བ་གསུངས་པ། སློབ་དཔོན་གྱིས་དང་པོར་པདྨ་འདབ་མ ་བརྒྱད་པ་བྲིས་ལ་ཨ་ཡིག་ལ་སོགས་པ་ཀྵ་ཡིག་གི་མཐར་ཐུག་པའི་སྡེ་བ་བརྒྱད་འདབ་མ་སོ་སོ་ལ་བཀོད་ནས་རིམ་པ་འདིས་ལྷ་རྣམས་ཀྱི་སྔགས་བཏུ་བར་བྱའོ། །དེ་ལ་གསུམ་པ་ཞེས་པ་ཙ་སྡེ་ལས་གསུམ་པ་ཛ་ཡིག་བཏུས་ཏེ་བདུན་པ་ཞེས་པ་ཡ་ར་ལ ་ཝའི་བཞི་པ་ཝ་ཡིག་གོ་།གཉིས་དག་སྟེ་ཛ་ཡིག་དང་ཝ་ཡིག་དག་།ཧ་དང་ལ་དག་སྦྱར་པར་བྱ་ཞེས་པ་དང་འབྲེལ་པའོ། །སླར་ཡང་བདུན་པ་ཞེས་པ་དེ་ཉིད་ལས་ཡ་ར་ལ་ཝའི་གསུམ་པ་ལ་ཡིག་བཟུང་ནས་ཛཝ་ལ་ཞེས་སོ། །སྒྲ་ནི་ལན་གཉིས་བྱས་ནས་སུ།། ་ཚིག་ལ་སྦྱར་བྱ་ནི་འབྲེལ་པར་བྱའོ། །ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཡང་དག་ལྡན་ཞེས་བྱ་དེ་ཉིད་ཧཱུཾ་ཡིག་དེ་དེས་ཡང་དག་པར་ལྡན་པའི་ཚིག་གོ་།ཕཊ་ཀྱི་ཡི་གེས་རྣམ་པར་བརྒྱན་ཞེས་བྱ་བ་ནི་སྔགས་ཀྱི་ཚིག་གི་ཁྱད་པར་རོ། །དྲུག་པ་ལས་ཞེས་པ་ནི་བ་སྡེའི ་བཞི་པ་བྷ་ཡིག་བཏུས་ནས་བདུན་པའི་དང་པོས་ཞེས་བྱ་བ་ཡ་ར་ལ་ཝའི་སྡེ་པའི་དང་པོས། འདིའི་ཞེས་པ་བྷ་ཡིག་གི་གདན་དུའོ། །ཞེས་བཀླག་པར་བྱའོ། །བཅུ་གསུམ་པ་ཡིས་ཡང་དག་མནན་ཞེས་བྱ་བ་ནི། ཨ་ཡིག་དང་པོར་འགྲེལ་པ་ཅན་གྱི་བཅུ་གསུམ ་པ་ཨོའི་ཡིག་གི་སྟེ་དེ་ཡང་དག་པར་མནན་པ་ནི་ཀུན་ཏུ་བཞག་པ་སྟེ་ཡི་གེ་རྣམས་བསྡུས་པ་བྷཡོ་ཡིག་ཏུ་འགྱུར་རོ། །དང་པོར་རྣམ་པར་སྣང་མཛད་དང་མཐར་སྭཱཧཱ་སྦྱིན་པར་བྱའོ། །དེ་ལྟ་བུ་ཡང་བཅོམ་ལྡན་འདས་ཀྱི་སྔགས་སུ་འགྱུར་རོ། །ོཾ་ཛཝ་ལ་ཛཝ་ལ་ཧཱུཾ་ཕཊ་བྷཡོ ་སྭཱ་ཧཱ། འདི་ཉིད་བརྩིགས་བཅས་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིའོ། །ལེའུ་བརྒྱད་པའི་འགྲེལ་པའོ། །ད་ནི་ལས་ཀྱི་རིགས་དང་འབྲེལ་བའི་ལས་སྣ་ཚོགས་ཀྱི་སྒྲུབ་ཐབས་བཅོམ་ལྡན་འདས་བདུད་རྩི་འཁྱིལ་པ་ཉེ་བར་བསྟན་པ་གསུངས་པ། རིག་མ ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། རིག་མ་ཆེན་མོ་ནི་བདུད་རྩི་མ་ལ་སོགས་པའི་ལྷ་མོ་བརྒྱད་དོ། །དེ་དག་ཀྱང་སྣ་ཚོགས་གཟུགས་ཏེ་ཁ་དོག་ལྗང་ཁུའོ། །ཆོས་ཀྱི་འབྱུང་གནས་ཀྱི་དབུས་སུ་སྙིང་པོའི་པདྨ་འདབ་མ་བརྒྱད་པའི་འདབ་མ་སོ་སོ་ལ་གནས་པ ་འོ། །ལྟེ་བའི་དབུས་སུ་གནས་པའི་བཅོམ་ལྡན་འདས་ཀྱང་ཞལ་གསུམ་པ་ཕྱག་དྲུག་པ་དྲག་ཤུལ་ལ་སོགས་པའི་རོའི་ཚུལ་གྱིས་རྣམ་པ་སྣ་ཚོགས་རྣམ་པར་བསྒྱུར་བའི་ཞལ་གསུམ་པ་ཅན་ཕྱག་དང་པོས་ཀ་ཐོ་ར་དང་སྟ་རེའི་མཚོན་ཆ་འཛིན་པ་ཕྱག ་གཞན་གྱིས་ཇི་ལྟར་རིགས་པར་གཏུད་ཤིང་ལ་སོགས་པའི་མཚོན་ཆ་འཛིན་པ་ཅན་ནོ། །སྒོ་སྐྱོང་ཡང་དག་ལྡན་ཞེས་བྱ་བ་ནི་སྒོ་སྐྱོང་བ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པར་རྣམ་པར་ཤེས་པར་བྱའོ། །སླར་ཡང་རྣམ་པར་སྣང་མཛད་ཞེས་བྱ་བ་ནི་འདིའི་སྔགས་སུ ་འགྱུར་རོ། །རྣམ་པར་སྣང་མཛད་ཨོཾ་ཡིག་དང་པོར་བྱིན་ནས་སོ། །ཚིག་རྫོགས་པར་བྱ་ཞེས་པ་ནི་སྔགས་བདུན་པོ་ཡོངས་སུ་རྫོགས་པར་བྱའོ། །དང་པོ་ལས་ཞེས་བྱ་བ་ཨ་ཡིག་ལས་གཉིས་པ་ཨཱ་ཡིག་སྟེ་སྦྱར་བར་བྱའོ། །ཞེས་ཡང་དག་འབྲེལ་ལོ། །སྟོང་པ་ནི ་ཧ་ཡིག་གི་མིང་ཅན་ནོ། །དེའི་གདན་ནི་ཨུ་ཡིག་སྟེ་དེས་ཡང་དག་ལྡན་ནི་སྦྱོར་བའོ། །སླར་ཡང་སྟོང་པ་ཞེས་བྱ་བ་ནི་ཐིག་ལེར་བརྗོད་པར་བྱའོ། །དེ་ཡང་སྟོང་པ་སྟེ་ནཱ་ད་ཡིས་མནན་པའོ། །སྭཱཧཱ་སྦྱར་བས་ཀྱང་སྔགས་སུ་འགྱུར་རོ། །ོཾ་ཨཱ(རྒྱུད་འགྲེལ་འདི་ཉིད་ཀྱང་ལྷ་མོ་ཐམས་ཅད་བསྡུས་པའི་སྔགས་སུ་ཤེས་པར་བྱའོ། །ཤིན་ཏུ་བདེ་དགའ་ཨི་རྣལ་འབྱོར་གྱིས་ཞེས་བྱ་བ་འདིས་ཤེས་རབ་དང་ཐབས་གཉིས་མེད་དུ་གྱུར་པ་བདེ་བ་ཆེན་པོའི་ཡེ་ཤེས་ལས་བདུད་རྩི་བཞིན་ཏེ་བྱང་ཆུབ་ཀྱི་སེམས་བདུད་རྩི་ལྟ ་བུས་སྐྱེ་བོ་མ་ལུས་པའི་རྒ་བ་དང་འཆི་བ་འཕྲོག་པར་བྱེད་པའོ། །དེ་སྐྱེད་པས་བདུད་རྩི་འཁྱིལ་པའོ། །ཞེས་བྱ་བའི་དོན་ཏོ། །དེ་ཡང་བསྒྲུབ་པར་བྱ་སྟེ། སྒྲུབ་པ་པོ་རྣམས་ཀྱིས་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང། རྣལ་འབྱོར ་ཆེན་པོ་དུ་མའི་ཚུལ་གྱིས་ཐབས་དང་ཤེས་རབ་ཀྱི་བདེ་བའི་ཡེ་ཤེས་དོར་བས་བསྒྲུབ་པར་བྱ་སྟེ། གཞན་དུ་ནི་མ་ཡིན་ནོ་ཞེས་སོ། །ལེའུ་དགུ་པའི་འགྲེལ་པའོ།། །།ད་ནི་རོ་ལངས་ཆེན་པོའི་སྒྲུབ་པའི་ཐབས་ཧེ་རུ་ཀའི་རྣལ ་འབྱོར་མངོན་པར་ལྡན་པའི་སྔོན་དུ་བསྙེན་པ་བྱ་བ་ངེས་པར་བསྟན་པ་གསུངས་པ། བགེགས་ནས་ཤི་བའི་ཞེས་བྱ་བ་ལ་སོགས་པ་ལ་རང་ཉིད་འཕྱངས་ནས་ཤི་བའོ། །སྨེ་ཤ་ཅན་དང་གཏུམ་མོའོ། །དེ་མེད་ན་ཁྱི་འཚང་མ་སྟེ་གཡུང་མོའོ། །མཚན་རྣམས ་ཐམས་ཅད་ཡང་དག་རྫོགས་ནི་དམ་མ་ངེས་པར་འབྱུང་བ་ཞེས་སོ། །ཡན་ལག་མ་ཉམས་མ་གལ་ཏེ་རྙེད་ན་དེའི་ཚེ་སྒྲུབ་པ་བརྩམ་པར་བྱའོ། །སུམ་ཅུ་རྩ་གཉིས་ལོ་ཞེས་བྱ་བ་ནི། ལོ་སུམ་ཅུ་རྩ་གཉིས་ལོན་པའི་མཛེས་མ་བསྔགས་སོ། །ཡང་ན་ལོ་ཉི་ཤུ་རྩ་ལྔ་ལོན ་པ་མཆོག་གོ། དེ་དག་མེད་ན་མའམ་དང་པོའི་མ་མ་ཡིན་པ་བགེགས་ནས་ཤི་བ་དེ་ཡང་སྒྲུབ་པར་བྱེད་ནུས་སོ། །ཁྲུས་བྱེད་ཏེ་ཞེས་བྱ་བ་ནི་ཧེ་རུ་ཀའི་རྩ་བའི་སྔགས་ཀྱིས་ཆུ་ལ་མངོན་པར་བསྔགས་ནས། ས་ཧ་དེ་བ་དང་བྲི་ཧ་ཏི་དང་ཀཎྚ་ཀཱ་རི་ཀ་དང་གི་རི་ཀརྟི་ཀ་དཀར ་པོ་དང། ཨ་ནཱ་ཀཱནྟ་རྣམས་ཞེས་བྱ་བའི་སྨན་ལྔ་དང་ལྷན་ཅིག་བཅུག་ནས། རྡོ་ལེབ་ལ་སྟེ། རྔའི་སྣམ་བུ་ལ་བཞག་ནས། སྔགས་ཀྱིས་དག་པའི་ཆུ་ངོས་སོ་ཞེས་བྱ་བའི་དོན་ཏོ། །སློབ་དཔོན་རང་ཉིད་ཧེ་རུ་ཀའི་ལྷའི་རྣལ་འབྱོར་བྱས་ཏེ་རྩ་བའི་སྔགས་ལ་འཇུག ་པ་ལྷུར་བླང་ངོ། །ཙན་དན་དཀར་པོ་དང་ག་བུར་རྣམས་ཀྱིས་ལུས་ལ་ཕྱུགས་ལ། མེ་ཏོག་དང་བདུག་པའི་མཆོད་པ་དེ་རྣམས་གན་གཅིག་ཏུ་བཞག་ནས་དཀྱིལ་འཁོར་བྲི་བར་བྱ་སྟེ་ཟླ་བ་ཕྱེད་པའི་རྣམ་པ་ལ་ཐོད་པར་བཤད་ཅེས་པའོ། །ཡང་ན་ཐོད་པའི་མིང་ཅན་གཞུའི ་རྣམ་པར་ཡོངས་སུ་བརྟགས་པ་དབུས་ཀྱི་རེ་མིག་དང་རེ་མིག་བརྒྱད་པ་རྣམས་ལའོ། །ཕྱི་རོལ་ཏུ་ཡང་ལོགས་བཞི་དང་གྲཝ་བཞི་དང་སྒོ་བཞི་དང་དྲིལ་བུ་དང་དར་དཔྱངས་དང་བ་དན་ལ་སོགས་པ་དང་རྔ་ཡབ་དང་དོ་ཤལ་དང་དོ་ཤལ་ཕྱེད་པ་དང་ཟླ་བ་ཕྱེད་པས་ཉེ་བར་བརྒྱན་པ ་དགོད་པར་བྱའོ། །ཕྱི་ནས་བཅོམ་ལྡན་འདས་ཕྱག་བརྒྱད་པ་རིག་པའི་ལྷ་མོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བ་རོ་མིག་སོ་སོར་ལ་འཇིགས་པ་ཅན་མ་ཞེས་བྱ་བ་ལ་སོགས་པའི་ལྷ་མོ་རྣམས་ཀྱི་ལྷན་ཅིག་པའོ། །ཕྲག་པར་ཁ་ཊཝཱཾ་ག་བཀལ་ནས་ཕྱག་གཡོན་པས་ཐོད་པ ་འཛིན་པ། ཕྱག་གཡས་པས་བ་དན་གསུམ་པའི་ཚུལ་དང་ལྡན་པ་རྩ་བའི་སྔགས་ཀྱིས་བཞག་པར་བྱའོ། །ཡང་ན་ཧཱུཾ་ཡིག་གིས་སོ། །སྔགས་འདིས་ལྷ་མོ་ཞལ་གསུམ་མ་ཕྱག་དྲུག་མ་རལ་གྲི་དང་ཁ་ཊཝཱཾ་ག་དང་ཐོད་པ་དང་ཞགས་པ་ཅན་རྣམས་ཀྱང་དགོད་པར་བྱའོ ་སྒོ་རུ་ཡང་སྒོ་སྐྱོང་བ་ལང་རྣ་ཞེས་བྱ་བ་ལ་སོགས་པ་བཞི་པོ་རྣམས་ཞལ་གཅིག་པ་ཕྱག་གཉིས་པ། ལྕགས་ཀྱུ་དང་ཞགས་པ་དང་ལྕགས་སྒྲོག་དང་དྲིལ་བུ་ཕྱག་གིས་འཛིན་པ་དགོད་པར་བྱའོ། །མེ་ཏོག་དང་བདུག་པ་དང་མར་མེ་དང་དྲི་ཞེས་བྱའི་ལྷ་མོ་རྣམས ་ཀྱང་མེ་ཏོག་ལ་སོགས་འཛིན་པ་ཅན་བྲིའོ། །དེ་ལྟར་གྱུར་པའི་བཅོམ་ལྡན་འདས་བཙུན་མོའི་འཁོར་དང་ལྷན་ཅིག་པ་དཀྱིལ་འཁོར་གྱི་དབུས་སུ་བསྐྱེད་ལ་སྤྱན་དྲངས་ཏེ་མཆོད་ནས་བཟོད་པར་གསོལ་ནས། བྷཡོ་ཡིག་གི་གང་རྒྱངས་རྒོད་པས་ཁྲག་ཆེན་པོ་ཕྱོགས་བཞིར ་གཏོར་བར་བྱའོ། །སྔགས་ཟློས་ཤིང་མར་ཁུ་ཆེན་པོས་བསྐུས་པའི་ཡུངས་ཀར་དཀར་པོས་རོ་ལངས་མ་དེའི་ལུས་ཀྱི་གདོང་ལ་བརྡེག་པར་བྱའོ། །དེ་ནས་དེ་ལངས་ཏེ་སྒྲོགས་པར་བྱེད་དོ། །སྲིད་པ་གསུམ་བདག་ཉིད་ཀྱི་སྒྲས་འགེངས་པར་བྱེད་དོ། །མཐོང་ནས་འཇིགས་པར་མི ་བྱ་བར་ལྷའི་རྣལ་འབྱོར་མངོན་དུ་བྱའོ། །དེའི་ང་རྒྱལ་གྱིས་གནས་པར་བྱའོ། །གཞན་དུ་འདའ་བར་བྱེད་ན་སྒྲུབ་པ་པོ་སློབ་མ་དང་བཅས་པ་འཆི་བར་འགྱུར་རོ། །དེ་ནས་དེ་གྲུབ་སྟེ་ཅི་བགྱི་ཞེས་བཀའ་ནོད་པར་བྱེད་དོ། །སྒྲུབ་པའི་ཡིད་ལ་མངོན་པར་འདོད་པའི་རལ་གྲི་ལ་སོགས་པའི ་དངོས་གྲུབ་སྦྱིན་པར་བྱེད་དོ། །རང་ཉིད་ཀྱང་སྒྲུབ་པར་བྱེད་དེ། །གཏུམ་མོ་དང་གཡུང་མོ་དག་གང་ཡང་རུང་བའི་གཟུགས་ཀྱིས་སྨེ་ཤ་ཅན་མ་དང་ཁྱི་འཚང་མ་དག་སྒྲུབ་པའི་ཐབས་ཀྱི་རིམ་པ་འདིས་བསྐྱེད་དེ། ཕྱི་ནས་བཅོམ་ལྡན་འདས་རྡོ་རྗེ་ཧེ ་རུ་ཀ་བདག་ཉིད་དེ་དེ་ཕྱི་མའི་སྒྲུབ་པ་པོ་དེ་དག་གིས་ལྷན་ཅིག་ཏུ་འགྲུབ་པར་བྱེད་པར་ཐེ་ཚོམ་མེད་དོ། །རོ་ལངས་མའི་སྒྲུབ་པའི་ཐབས་ལེའུ་བཅུ་པའོ།། །།དེ་ལྟ་བུའི་རིམ་པ་འདིས་འདོད་ཆགས་ལ་སོགས་པས་གདུལ་བར་བྱ་བའི་སྐྱེ་བོ ་རྣམས་ཀྱི་དོན་བྱས་ནས། བཅོམ་ལྡན་འདས་ཅི་ཡང་མི་གསུང་བའི་ངོ་བོར་གྱུར་ནས་རྣམ་པར་རྟོག་པ་དང་བྲལ་བ་བདེ་བ་ཆེན་པོའི་རོ་ཡིས་སྐུ་དང་གསུང་དང་ཐུགས་མཛའ་དག་སོ་སོར་ཕུག་ནས་ལོངས་སྤྱོད་རྫོགས་པའི་སྐུ་ཡིས་ཡང་དག་པར་གནས་པ་ཅན་དུ ་གྱུར་ཏོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དབུགས་མེད་ཅེས་བྱ་བ་ལ་སོགས་པ་སྟེ། སྲོག་གི་རྩོལ་བའི་མཚན་ཉིད་ཀྱི་རླུང་གི་ཏིང་ངེ་འཛིན་གྱི་གནས་སྐབས་འགོག་པ་ལས་དབུགས་མེད་ཅེས་པ་ངེས་པར་རྟོག་པ་མེད་པར་ཏིང་ངེ་འཛིན་མཆོག་ལ་སྙོམས་པར་ཞུགས་ཏེ་བདེ་བ་ཆེན ་པོ་ཡེ་ཤེས་གཉིས་སུ་མེད་པ་ཅན་ཡང་དག་པར་གྱུར་ཏོ་ཞེས་པའི་དོན་ཏོ་དེ་ནི་དེ་ལྟར་གྱུར་པའི་བཅོམ་ལྡན་འདས་ལ་སླར་ཡང་ཞུ་བར་བྱེད་དོ། །རྡོ་རྗེ་ཕྲ་མོ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ཕྲ་མོ་ནི་བདེ་བ་ཆེན་པོའི་ཡེ་ཤེས་སོ། །དེ་ཅི་ལྟར་གནས་ན་སེམས་ཅན་ཀུན་གྱི་ཡིད་ལ་ཞེས་སོ། །འདི་གསུང ་བར་འགྱུར་བ་རྣམ་པ་ལྔས་མངོན་པར་བྱང་ཆུབ་པ་ཇི་ལྟ་བ་བཞིན་གྱི་རིམ་པས་ཆོས་འབྱུང་གི་དབུས་སུ་གནས་པའི་ཡེ་ཤེས་སེམས་དཔའ་ཁ་ནས་ཞུགས་ཏེ་ཟླ་བཞུ་བ་ཅན་དུ་གྱུར་པའི་ཟླ་བའི་དཀྱིལ་འཁོར་དང་ཧཱུཾ་ཡིག་ལ་སོགས་པས་སྐྱེད་པས་རྡོ་རྗེ་སེམས་དཔའ་ལ ་སོགས་པའི་གཟུགས་སུ་བདག་ཉིད་བསྐྱེད་པར་བྱ་སྟེ། ཕྱི་ནས་རྗེས་སུ་རྣལ་འབྱོར་གྱི་རིམ་པས་ལྷའི་འཁོར་ལོ་སྤྲོས་ཏེ་དེ་དཀྱིལ་འཁོར་གྱི་དབུས་སུ་གནས་པའི་བདག་ཉིད་བདག་པོའི་སྙོམས་པ་འཛིན་པས་དེའི་རྗེས་སུ་རང་གི་སྙིང་གར་རྡོ་རྗེ་ཕྲ་མོ་བྱང་ཆུབ་ཀྱི་སེམས་རྡོ་རྗེ ་ནི་ཡེ་ཤེས་སེམས་དཔའ་རྣམ་པར་བསམ་པར་བྱའོ། །དེའི་ཡང་སྙིང་གར་ཧཱུཾ་ཡིག་ཕྲ་མོ་ལ་སོགས་པ་བཀོད་ལ་ལྷ་ཡང་དག་པར་བསྙེན་པའི་དངོས་གྲུབ་མངོན་དུ་ཕྱོགས་པ་ཅན་དུ་འགྱུར་རོ། །ཞེས་བྱ་བ་ནི་མན་ངག་གོ་།ཡང་ན་རྡོ་རྗེ་ཕྲ་མོ་ནི་བྱང་ཆུབ་ཀྱི་སེམས་ཏེ་ཆོས ་ཐམས་ཅད་གསལ་བས་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཉེ་བར་བསྐྱེད་པ་ནི་སེམས་ཅན་ཀུན་གྱི་སྙིང་ལ་གནས་པར་འགྱུར་རོ། །དེ་བཞིན་དུ་ཡང་གསུངས་པ། སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཉིད་ཀྱང། །དམ་ཚིག ་མཆོག་ལྡན་འདོད་པ་མཆོག་ཅེས་སོ། །སྔར་བཞིན་གསུངས་པ་ཞེས་བྱ་བ་ལ་སོགས་པས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གསལ་བར་བྱེད་པས་ལན་གསུངས་པའོ། །འདི་ཟོས་པས་དངོས་གྲུབ་ཀྱི་འབྲས་བུ་བསྟན་པ་གསུངས་པ། མྱང་བར་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་བདེ ་བླག་ཏུ་རྟོགས་སོ་བདག་ཉིད་ཅེས་བྱ་བ་ལ་སོགས་པ་ནི། རང་གི་ཟོས་ནས་སྔགས་དང་རྒྱུད་ཤེས་པ་རང་རིག་པས་བཟའ་བར་བྱས་ནས་སོ། །སྦྱོང་བར་བྱེད་པ་དང་རྟོགས་པར་བྱེད་པའི་རིམ་པ་ནི་མ་གསུངས་ཏེ། ལྷའི་རྣལ་འབྱོར་ཁོ་ནས་བྱང་ཆུབ་ཀྱི་སེམས་ལ་སོགས་པ་རྣམས ་རྣམ་པར་དག་པ་ཉིད་ཀྱི་ཕྱིར་རོ། །འདི་ནི་ཞེས་བྱ་བ་ལ་སོགས་པས་རྒྱུད་འདིའི་ཆེ་བ་སྟོན་ཅིང་སྒོམ་པ་མཆོག་ཏུ་གྱུར་པ་ཡང་དག་པར་བསྡུ་བ་གསུངས་པ། དོན་མང་ཞེས་བྱ་བ་ནི། དེ་ལ་མང་པོ་རྣམས་ཀྱི་དོན་ཕྱག་རྒྱ་ཆེན་པོ་ལ་སོགས་པ་སྒྲུབ་པའི་ཐབས་ཀྱི་མཐར་ཐུག་པ ་རྣམས་སོ་ཞེས་འབྲུ་མང་པོ་བའོ། །གསང་བ་རིམ་པ་ཞེས་བྱ་བ་ནི་གསང་བའི་རྩལ་ནི་འདིའི་ཉམས་སུ་མྱོང་བའི་མཚན་ཉིད་དེ་ལྟ་བུ་བྱས་ནས། གང་གིས་ཕྱིར་ཐེག་པ་ཆེན་པོ་ཡང་ཆེན་པོ་འདི་ལས་ངེས་པར་བྱུང་བ་དེའི་ཕྱིར་གསང་བའི་རྩལ་ལོ། །གསང་ཆེན་ཞེས་བྱ་བ་ལ་སོགས་པ་ནི། ་གསང་བའི་དབང་པོ་གཉིས་སྙོམས་པར་འཇུག་པའི་བདག་ཉིད་ཅན་མི་འབྱུང་བ་ནི་གསང་ཆེན་ཏེ་བདེ་བ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་ཞེས་བྱའོ། །དེ་ཡང་ཐམས་ཅད་བདག་ཉིད་དེ་བུད་མེད་ཀྱི་གཟུགས་ལ་སོགས་པ་ལུས་ལ་རྟག་ཏུ་གནས་པའི། མྱ་ངན་ལས་འདས་པའི ་ངོ་བོ་ཉིད་ཀྱི་ཕྱིར་མཆོག་གོ་།བདེ་བ་ཆེན་པོ་སོ་སོ་རང་གིས་རིག་པ་ཉིད་ཀྱི་ཕྱིར་དགའ་བའོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤེས་པ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཉེ་བར་བསྟན་ཡང་དེའི་མ་ཐོབ་པའི་ཕྱིར་རོ། །དེ་ཉིད་ཀྱི ་ཕྱིར། གཟུགས་མེད་དེ་དེ་མིག་གི་རྣམ་པར་ཤེས་པའི་ཡུལ་མ་ཡིན་ནོ། །ཅིར་གྱུར་སྟོང་པ་སྟེ་དེ་བཞིན་ཉིད་ཀྱི་རང་བཞིན་ཕྱི་རོལ་དང་ནང་གི་རྟོག་པའི་དྲ་བ་བསལ་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །མི་འགྱུར་བ་དང་སྟེ་གཡོ་བ་དང་བྲལ་བའོ་ཞེས་པའི་དོན་ཏོ། །འདི ་དག་དེ་ཉིད་དེ། ཡང་དག་པ་ཇི་ལྟ་བའོ། །དེ་བཞིན་དུ་ཡང་སངས་རྒྱས་མཉམ་སྦྱོར་དང་རྡོ་རྗེ་མཁའ་འགྲོ་ལ་སོགས་དུ་མ་ལས་གསུངས་པ། གསང་ཆེན་མཆོག་དགེས་པ་ན། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །སངས་རྒྱས་ཀུན་དངོས་སེམས ་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག་།ཅེས་སོ། །རྡོ་རྗེ་གཙུག་གི་ནོར་བུ་ནི་གསང་བའི་ཟླ་བ་ནོར་བུ་ཐིག་ལེའི་རྒྱན་གྱི་གཟུགས་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ཤིན་ཏུ་གསང་ལ་བཟུང་བར་བྱ་ཞེས་སོ། །གཏམས་པ་ཞེས་བྱ་བ་ལ་སོགས་པ་ནི། རྒྱུད་འདིར་གཏམས་པ ་བཞིན་དུ་སྟེ་བཞག་པ་བཞིན་དུ་ཁྱོད་ལ་བདག་གིས་ཡང་བཤད་པ་ཡང་གཟུང་བར་བྱ་སྟེ་ཤིན་ཏུ་དཀོན་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་གསུངས་ནས། བཅོམ་ལྡན་འདས་དཀྱིལ་འཁོར་གྱི་འཁོར་ལོ་དང་ལྷན་ཅིག་ཕྲ་མོའི་གཟུགས་སུ་གྱུར་ནས། བདེ་བ་ཆེན་པོའི་རྣམ་པས། བྷ ་གའི་རྣམ་པ་རུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་ཀྱི་རང་བཞིན། ས་བཅུ་གསུམ་པའི་བདག་ཉིད་དངོས་པོ་ཐམས་ཅད་གཉིས་སུ་མེད་པའི་མཚན་ཉིད་ཆོས་ཀྱི་འབྱུང་གནས་ཨའི་ཡི་གེའི་རྣམ་པ་ལ། ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུ་དག་གིས ་ཁམས་གསུམ་པ་ལ་ཁྱབ་ནས་འཁོར་བར་ཡང་དག་པར་གནས་སོ་ཞེས་བྱ་བའོ། །དེ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་ལྷའི་རྣལ་འབྱོར་ལ་གོམས་པར་བྱས་པའི་ཕྱི་ནས་ཉེ་བར་བསྡུ་བ་བྱའོ་ཞེས་པའོ།། །།གསང་བའི་དེ་ཉིད་དོན་དང ་གསང་སྔགས་ཚིག་ནི་རྟོགས་པར་དཀའ་བ་རྡོ་རྗེ་བདུད་རྩི་ཞེས་བྱའི་རྒྱུད། །བློ་གྲོས་བླུན་པོ་དྲི་མ་མེད་པ་གང་གིས་དོན་བཞིན་བཤད་པར་ཅི་ཞིག་ནུས་ཏེ་བདག་།དང་པོར་ཅུང་ཟད་ཤེས་པ་འདི་ལས་དགེ་བ་དྲི་མ་མེད་པ་གང་ཞིག་བདག་གིས་ཐོབ་པ་གང་ཡིན་པ། །དེ་ཡིས ་འཇིག་རྟེན་མ་ལུས་དེ་དག་ཀུན་རྟག་དྲ་བ་བཅོམ་ནས་མཆོག་གི་བདེ་བ་མཉམ་པར་ཤོག་།མཆོག་གི་བདེ་བ་གཉིས་མེད་བློ་ཡི་དངོས་གྲུབ་རྒྱུར། །མཛའ་ཡས་རྒྱུད་ཀྱི་སྙིང་པོ་འདི་ནི་འབྲི་བྱེད་པ། །གང་ཞིག་འདོད་པའི་དགའ་བ་མཐར་གྲུབ་གྱུར་པ་དེ། །ཡོན་ཏན་རྣམས ་ལ་དྲི་མ་མེད་པའི་བཟང་པོ་ཞེས་བྱའོ། །རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་ནི། །བཤད་སྦྱར་ཚིགས་བཅད་དུ་ཞིག་ལྡན། །འདི་ཡང་སྡེབ་སྦྱོར་ཅེས་བསྔགས་པ། །བརྒྱ་ཕྲག་བཞི་ཡི་ཚོགས་དང་ལྡན། །དཔལ་རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་དཀའ་འགྲེལ་རྫོགས་སོ།། །། ་སློབ་དཔོན་དྲི་མེད་བཟང་པོའི་ཞབས་ཀྱིས་མཛད་པའོ། །འདི་ནི་སྔར་གྱི་འགྱུར་སྙིང་པའི་ལེའུ་གཉིས་པ་མན་ཆད་མཚང་ཞིང་དེ་ཡན་ཆད་ཀྱང་ཤིན་ཏུ་འཁྲུགས་ཤིང་འགྲེལ་པ་གཞན་དང་འདྲེས་པ་ལས། ཤཱཀྱའི་དགེ་སློང་རིན་ཆེན་གྲུབ་ཀྱིས་རྒྱ་དཔེ་ལས་བསྒྱུར ་ཞིང་སྨྲི་ཏིའི་སྤེལ་མར་བཤད་པ་དང་ཡང་བསྟུན་ནས་ཞུས་ཤིང་གཏན་ལ་ཕབ་པའོ།། །།པཎྜི་ཏ་ལ་མ་མཉན་ཞིང། །རྒྱ་དཔེའི་དཔེ་དཔང་མ་རྙེད་ལ། །སཾ་སྐྲི་ཏ་ལ་མ་བྱར་བས། །ནོར་ན་མཁས་པས་བཅས་པར་ཞུའོ། ། ་འདིས་འཁོར་བའི་རྒྱ་མཚོ་ཆེན་པོ་མྱུར་དུ་སྐེམས་པར་གྱུར་ཅིག། །། *། (།རྡོ་རྗེ་བདུད་རྩིའི་རྒྱུད་ཀྱི་འགྲེལ་པ་བཞུགས།། །།)་*། །རྒྱ་གར་སྐད་དུ། བཛྲ་མྲི་ཏ་ཏ?་ཊཱི་?མ ་