| Wylie | e-texts based on the ACIP/ALL Input |
རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །དང་པོར་སྔགས་པ་བདག་ཉིད་ཀྱིས། །ཞལ་གདོང་དག་པར་བྱས་ནས་སུ། །དེ་ནི་འཇིག་རྟེན་པ་ཡི་ལུགས། །དོན་དམ་རྣལ་འབྱོར་འདི་ལྟ་སྟེ། སྙིང་ཁར་ཟླ་བའི་དཀྱིལ་འཁོར་ལ། ་ནག་པོ་ཧཱུཾ་ནི་བསམས་པར་བྱ། །འོད་ཟེར་རྣམ་ལྔས་ཁྱབ་པར་སྒྲོ། །འཇིག་རྟེན་ཁམས་ནི་གསལ་བྱས་ནས། །སླར་འདུས་ཞལ་ནི་དག་པར་བྱ། །དེ་ནས་བསྒོམ་པའི་ས་གཞི་ནི། །བདུད་རྩི་ལྔས་ནི་གཏོར་བར་བྱ། །དེ་སྟེང ་བདེ་བའི་སྟོན་ལ་འདུག་།སྙིང་ཁར་ཟླ་དཀྱིལ་ཧཱུཾ་ནི་བསམ། །དེ་ལས་འོད་ཟེར་རབ་འཕྲོས་ནས། །རང་བཞིན་དཀྱིལ་འཁོར་སྤྱན་དྲངས་ནས། །མདུན་གྱི་ནམ་མཁར་བསམ་པར་བྱ། །རང་གི་སྙིང་ཁའི་ཧཱུཾ་ལས་ནི། །མཁའ་འགྲོ་མ་བཞི ་རབ་སྤྲོས་ལ། །ཕྱི་ནང་མཆོད་བསྟོད་ལ་སོགས་བྱ། །དོ་ནས་སྡིག་པ་བཤགས་པར་བྱ། །ལུས་ངག་ཡིད་གསུམ་ལས་བྱས་སྡིག་།རང་གིས་བྱས་སོགས་སྡིག་པ་ཀུན། །རང་བཞིན་དཀྱིལ་འཁོར་དག་ལ་བཤགས། །སངས་རྒྱས ་ལ་སོགས་བསོད་ནམས་ལ། །རྗེས་སུ་ཡི་རང་བ་བྱས་ནས། །རྗེས་སུ་ཡི་རང་བསོད་ནམས་འདིས། །སེམས་ཅན་ཐམས་ཅད་དོན་དུ་བསྔོ། །དཀོན་མཆོག་གསུམ་ལ་སྐྱབས་ཅུ་མཆི། །བྱང་ཆུབ་སེམས་ནི་རྣམ་གཉིས ་བསྐྱེད། །རང་གི་ལུས་ངག་ཡིད་གསུམ་འཛིན། །སངས་རྒྱས་ལ་སོགས་རྣམས་ལ་དབུལ། །ཡན་ལག་བདུན་མཆོད་བྱས་ནས་སུ། །རང་གི་ལུས་ངག་ཡིད་གསུམ་ལ། །རང་བཞིན་ཡི་གེ་གསུམ་འདི་བསམ། ། ་ཡི་གེ་གསུམ་ནི་འདི་ལྟ་སྟེ། །ཧ་དང་ར་དང་ཀ་དང་གསུམ། །ཧེ་ཞེས་ཆོས་རྣམས་གྱུ་མེད་པ། །ཏ་ཞེས་ཆོས་རྣམ་སྐྱེ་འགག་མེད། །ེ་ཞེས་ཆོས་རྣམས་སྒྲ་བརྗོད་བྲལ། །རུ་ཞེས་ཆོས་རྣམས་བྲ་ཆ་འདྲ། །རང་བཞིན་ཡི་གེ་གསུམ་པོ་འདི་ནན་ཏན་གྱིས་ནི ་ཆོས་རྣམས་ནི་རྟོག་བརྟན། །ཀཱ་ཞེས་ཆོས་རྣམས་གནས་མེད་པའོ། །ཀ་ཞེས་ཆོས་རྣམས་བདེན་དང་ལྡན། ། ལས་ཆོས་རྣམས་སྐྱེ་མེད་བརྟན། །རང་གི་ལུས་ངག་ཡིད་གསུམ་གྱི། །རང་བཞིན་ཡི་གེ་གསུམ་པོ་འདི་ནན་ཏན་གྱིས་ནི ་དེ་ལྟར་བསྒོམ། །ོཾ་ཤུ་ནྱ་དྷཱ?་ཛྙཱ་ན་བཛྲ་ས་བྷཱ་བ་ཨཱཏྨ་ཀོ་ཧཾ། སྟོང་ཉིད་སེམས་ནི་བརྟན་བྱས་ནས། །དེ་ཉིད་ཉི་མའི་དཀྱིལ་འཁོར་གྱུར། །དེ་སྟེང་ཧཱུཾ་ནག་བསམ་བྱ་སྟེ། །དེ་གྱུར་རྡོ་རྗེར་བསྒོམ་པར་བྱ། །རྡོ་རྗེ་བུམ་པར་ཧཱུཾ་ནག་བསམ། །དེ་ལས་འོད་ཟེར ་རྡོ་རྗེ་འཕྲོས། །གྲུ་བཞི་རྡོ་རྗེ་རྩིག་བྱས་ཏེ། །སྟེང་དུ་རྡོ་རྗེ་གཟེབ་ནི་བསམ། །འོག་ནི་རྡོ་རྗེ་ས་གཞི་སྟེ། །རྡོ་རྗེ་ར་བའི་ཕྱི་རོལ་ཏུ། །ལམ་གྱུར་ས་གཞི་གྲུ་བཞི་སྟེ། །རྡོ་རྗེ་རྩེ་གསུམ་གྱིས་ནི་མཚན། །ས་ཡི་དཀྱིལ་འཁོར་གྱི་རོལ་ཏུ། །བཾ་གྱུ་ཆུ་ཡི ་དཀྱིལ་འཁོར་ཟླུམ། །དེ་དབུས་བུམ་བདག་ནི་བསམ། །ཆུ་ཡི་དཀྱིལ་འཁོར་ཕྱི་རོལ་ཏུ། །ཡི་གྱུར་རླུང་དཀྱིལ་གཞུ་ལྟ་བུར། །གཡས་གཡོན་བ་དན་མཚན་པར་བྱ། །ཡང་ན་དེ་ཡི་ཕྱི་རོལ་ཏུ། །རཾ་གྱུར་མེ་དཀྱིལ་སྲུ་གསུམ་བསམ?། །རྡོ་རྗེ་ར ་བའི་ནང་དུ་ན། །ཕྱོགས་བཞི་མཚམས་བཞི་དག་ལ་ནི། །དུར་ཁྲོད་བརྒྱད་ནི་བསམ་པར་བྱ། །པཾ་གྱུར་པདྨ་དམར་པོ་བསམ། །པདྨའི་ཟེ་འབྲུའི་སྟེང་དུ་ནི། །ཉི་མའི་དཀྱིལ་འཁོར་བསམས་པར་བྱ། །དབུས་སུ་མཐིང་ནག་ཧཱུཾ་ནི་བསམ། །ཧཱུཾ་ལས་འོད ་ཟེར་དང་སྤྲོས་པས། །ཕྱོགས་བཅུ་བདེ་གཤེགས་རྣམས་བཀུག་ནས། །ཧཱུཾ་ལ་ཐིཾ་ནས་ཞུ་བར་གྱུར། །པདྨའི་འདབ་མ་བཞི་ལ་ནི། །ལྷ་མོ་བཞི་ནི་བསྐྱེད་བར་བྱ། །ཆེད་མེད་བཞི་ཡི་རང་བཞིན་ལས། །རྡོ་རྗེ་མཁའ་འགྲོ་ལ་སོགས་བཞིས། །འདི ་བཞིའི་རྡོ་རྗེ་གླུ་ཡིས་ནི། །མཉམ་ཉིད་ལ་གནས་བསྐུལ་བར་བྱ། །དཔལ་རྡོ་རྗེ་གླུའི་དམ་པའི་སྲིད་པ་ཤིན་ཏུ་སྒྲུབ་བྱེད་པ། ཀྱེ་མ་གཉེན་མཆོག་རྡོ་རྗེའི་འོད་ཀྱིས་པདྨ་རབ་ཕྱེ་ཤིག་། ལ་ལ་ལ་ལ་ཧོ་བདེ་བ་ཆེན་པོ་རབ་ཏུ ་དགྱེས་པའི་གར་མཛོད་ཅིག་།ཉི་མའི་འོད་ཀྱིས་པདྨའི་ཁ་རབ་ཕྱེ་བ་བཞིན། ། ལ་ལ་ལ་ལ་ཧོ་བདེ་བ་ཆེན་པོ་རབ་ཏུ་དགྱེས་པའི་གར་མཛོད་ཅིག་།རྡོ་རྗེའི་སྤུ?་ནི་བླང་ནས་སུ། །གོང་བུ་དེ་ཉིད་ཧཱུ་དུ་གྱུར། །དེ་ལ་འོད་ཟེར་རབ་སྤྲོས་པས། །ཕྱོགས་བཅུ་བདེ ་གཤེགས་ཀུན་བཀུག་ནས། །ཧཱུཾ་ཉིད་ལ་ནི་ཐིམ་པར་བསམ། །སྙིང་རྗེའི་སྟོབས་ཀྱི་རྡོ་རྗེར་གྱུར། །སྐུ་མདོག་མཐིང་ནག་ཞལ་བཞི་པ། །ཕྱག་བཞི་དག་གིས་རབ་ཏུ་མཛེས། །དབུས་ཞལ་སྐུ་མཐིང་ནག་སྟེ། གཡས་ཀྱི་ཞལ་སེང་གཡོན་གྱི་ཞལ་ལྗང། ། ་ལྷག་མའི་ཞལ་ནི་དཀར་པོའོ། །གཡས་གཉིས་ཀ་པཱ་ལ་དང་མདའ། །གཡོན་གཉིས་ཁ་ཊཝཱཾ་གཞུ་ནི་འཛིན། །ཉི་མའི་དཀྱིལ་འཁོར་གདན་ལ་གཞུགས། ཞལ་བཞི་སྤྱན་ནི་གསུམ་གསུམ་སྟེ། །མི་མགོ་སར་པའི་དོ་ཤལ་ལ། །རྒྱུ་མ་རློན་པའི་ཐག་པས་བརྒྱུས། །ཐོང ་སྐམ་ཕྲེང་བས་དབུ་ལ་བརྒྱན། །དུས་ཆེན་རྒྱན་དང་ཡང་དག་ལྡན། །དགའ་བཞད་ཞལ་གདངས་མཆེ་བ་གཙིགས། །དབུ་སྐྲ་དམངས་གྱེན་དུ་འབར། །དེ་ནས་གདན་དྲུག་བྱིན་གྱིས་བརླབས། །དཔྲལ་བའི་མཚམས་སུ་ཙ་སེར་བསམ། །མིག་གཉིས་ལ་ནི ་ཨོཾ་སྐར་པོ། །རྣ་བ་གཉིས་ལ་ཨཱ(རྒྱུད་འགྲེལ་སྟོང་ཉིད་ལ་ནི་ཤིན་ཏུ་འཁྱུད། །གཉིས་མེད་སྐུ་ལ་འོད་ཟེར་འཕྲོས། །འཇིག་རྟེན་ཁམས་གསལ་བྱས་ནས་ནི། །རྡོ་རྗེ་འཛིན་པས་དབུ་ནི་བརྒྱན། །སྐུ་གསུང་ཐུགས་ནི་བྱིན་གྱིས་བརླབ། །ཆོས་དབྱིངས་ཡེ་ཤེས་རྣམ་དག་ནི། །དེ་ཡི་ངོ་བདག ་ཉིད་ནི། །ཤར་གྱི་པདྨ་འདབ་མ་ལ། །རྡོ་རྗེ་མཁའ་འགྲོ་མ་ནི་བསམ། །སྐུ་མདོག་མཐིང་ནག་ཞལ་བཞི་མ། །གཡས་སེར་གཡོན་ལྡང་སྐུ་ཡི་ཞལ། །ལྷག་པའི་ཞལ་ནི་དཀར་པོ་སྟེ། །གཡོན་གཉིས་ཁ་ཊཝཱཾ་དྲིལ་བུ་ལ། །གཡས་གཉིས་ཀ་པཱ་ལ་རྡོ་རྗེ་འཛིན ་ས་ཁམས་མེ་ལོང་རང་བཞིན་ནོ། །མདོག་སེར་རིན་ཆེན་མཁའ་འགྲོ་མ། །ལྷོ་ཡི་པད་འདབ་བསམ་པར་བྱ། །གཡས་ནག་གཡོན་ནི་ལྗང་སྐུ་ཞལ། །ལྷག་པའི་ཞལ་ནི་དཀར་པོ་སྟ།ེ་།གཡོན་གཉིས་བ་དན་ལྕེ་སྤྱང་སྟེ། །གཡས་གཉིས་རྩེ་གསུམ ་རིན་ཆེན་འཛིན། །ཆུ་ཁམས་མཉམ་ཉིད་རང་བཞིན་ནོ། །མདོག་དཀར་པད་མ་མཁའ་འགྲོ་མ། །ནུབ་ཀྱི་པད་འདབ་བསམ་པར་བྱ། །གཡས་སེར་གཡོན་ནི་ལྗང་པའི་ཞལ། །ལྷག་པའི་ཞལ་ནི་ནག་པོ་སྟེ། །གཡོན་གཉིས་གཞུང་ཀ་པཱ་ལ་འཛིན། །གཡས ་གཉིས་མདའ་དང་སྣ་ཚོགས་པད། །མེ་ཁམས་སཽར་རྟོག་པའི་རང་བཞིན། །ལྗང་མདོག་སྣ་ཚོགས་མཁའ་འགྲོ་མ། །བྱང་གི་པད་འདབ་བསམ་པར་བྱ། །གཡས་སེར་གཡོན་ནི་སྔོ་བའི་ཞལ། །ལྷག་པའི་ཞལ་ནི་དཀར་པོའོ། །གཡོན་གཉིས་ཞབས ་བ་ཀ་པཱ་ལ་འཛིན། །གཡས་གཉིས་རལ་གྲི་ཅང་ཏེའུ་འཛིན། །རླུང་ཁམས་ནན་ཏན་རང་བཞིན་ནོ། །རྡོ་རྗེ་མཁའ་འགྲོ་ལ་སོགས་བཞི། །ཏི་མའི་གདན་ལ་རབ་ཏུ་གནས། །ཀ་པཱ་ལ་སོགས་རྒྱན་རྣམས་ནི། །གཙོ་བོ་རྒྱན་དང་མ་ཐུན ་པར་བཤད། །སྤྱན་ནི་གཙོ་བོ་ཉིད་དང་མཐུན། །ཅུང་ཟད་ཞལ་གདངས་མཆེ་གཙིགས་ལ། །དབུ་སྐྲ་དམར་སེར་གྱེན་དུ་འབར། །ཐམས་ཅད་ཀྱི་ནི་སྐུ་རྣམས་ལ། །མ་དཔུང་འབར་བའི་འོད་ཟེར་འཕྲོས། །སྙིང་རྗེའི་སྟོབས་ཀྱི་རྡོ་རྗེ་ལ། །ལྷ་མོ ་འདི་བཞིས་མཛེས་བསྐོར་བསྒོམ། །ཇི་ལྟར་རྫོགས་པའི་རིམ་པ་ནི། །སློབ་དཔོན་དག་ལ་དྲི་བར་བྱ། །སྤྱི་བོར་ལརུང་གི་དཀྱིལ་འཁོར་བསམ། །སྙིང་ཁར་ས་ཡི་དཀྱིལ་འཁོར་རོ། །ལྟེ་བར་ཆུ་ཡི་དཀྱིལ་འཁོར་བསམ། །གསང་བར་མེ་ཡི ་དཀྱིལ་འཁོར་ཏེ། མ་ནིང་གིས་ནི་བསྒོམ་པར་བྱ། །ོཾ་ཨཱ་ཧཱུཾ(རྒྱུད་འགྲེལ་བར་བྱ། །ོཾ་ཨཱ་ཧྲཱི་ཧཱུཾ་ཕཊ། ཏིང་ངེ་འཛིན་ལས་ལངས་ནས་ནི། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་སུ་མེད་པར་བསྒོམ་པར་བྱ། །རྒྱ་གར་གྱི་མཁན ་པོ་སྐུ་མེད་རྡོ་རྗེས་མཛད་པ་སྒྱུ་འཕྲུལ་ཆེན་མོའི་སྒྲུབ་ཐབ་རྫོགས་སོ། །སརྦ་མངྒཱ་ལཾ། ། ་