CLOSE WINDOW

N1313: he ru ka phyag rgya gcig pa'i sgrub thabs
Wyliee-texts based on the ACIP/ALL Input

འདིར་གྱུར་ཅིག་།སྒྱུ་འཕྲུལ་ཆེན་མོའི་དཀྱིལ་འཁོར་གྱི་ཆོ་ག་།བླ་མ་ཞལ་སྣ་ཡི་མན་ངག་ཅེས་བྱ་བ་སློབ་དཔོན་མཁས་པ་འདུལ་བ་བྱིན་གྱི་མཛད་པ་རྫོགས་སོ།། །།དང་པོ་སྔ་བར ་ལངས་ལ། །ཕྱི་ནང་གི་སྒོ་སྐྱོང་བར་བྱ། དེ་ནས་མཎྜལ་དང་མཆོད་པ་དང་གཏོར་མ་བཤམས། །ང་ནས་བདག་ཉིད་ཀྱི་སྙིང་ཁར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧྲི(རྒྱུད་འགྲེལ་བླ་མ་དང་བཅས་པའི་ཡེ་ཤེས་ཀྱི་ལྷ་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ལ། གོང་མའི་མཆོད་པ་རྣམས་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ་དུལ། དེ་ནས་ཡང་ལག་བདུན་པའི་མཆོད་བྱ། དེ་ནས་ཡི་གེ་བརྒྱ་བ་ཡིས་བཟོད ་གསོལ་བྱས་ལ་མི་དམིགས་པར་བསྒོམ། ཨོཾ་ཤུ་ནྱ་ཏཱ་ཛཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཞེས་བརྗོད་པས་སྟོང་པ་ཉིད་དུ་བསྒོམ། དེའི་དང་ལས་ཡི་གེ་ཧཱུཾ་གི་སྣང་བ་ལས་ར་བ་དང་དྲ་བ་དང་ས་གཞི་སྟེ། སྲུང་བའི་འཁོར་ལོ་གཞུང་བཞིན ་དུ་བསྒོམ། །བསྲུང་བའི་འཁོར་ལོའི་ནང་དུ་པདྨ་དམར་པོ་འདབ་མ་བརྒྱད་པ་ཅིག་བསྒོམ་པའི་སྟེ་བར་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཡི་གེ་ཧྲཱི(རྒྱུད་འགྲེལ་གནས་སྐབས་གྱུར་པ་ལས་དཔལ་རྡོ་རྗེ་ཧེ་རུ་ཀ་སྐུ་མདོག་མཐིང་ཀ་ཕྱག་བཞི་པ། ཞལ་བཞི་པ་ཞབས་གཉིས་པ། ཕྲག་གཡས་ན་མདའ་དང་ཐོ་པ་གྱོན་ན་གཞུ་དང་ཁ་ཊཝཱཾ་ག་བསྣམས་པ། དབུ་ལ་མི་བསྐྱོད་པས་བརྒྱན་པ། ཐོད ་པ་སྐམ་པོའི་ཅོད་པན་ཅན། །ཐོད་པ་རློན་པའི་དོ་ཤལ་གྱིས་བརྒྱན་པ། འོད་ཟེར་དམར་སྨག་གི་ནང་ན་བཞུགས་པ་གཅིག་བསྒོམས་ལ། དེའི་སྙིང་ཁར་ཟླ་བའི་སྟེང་དུ་ས་བོན་ཧྲཱི(རྒྱུད་འགྲེལ་འཕྲོས་པས་ཡེ་ཤེས་ཀྱི་དཔལ་ཧེ་རུ་ཀ་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ལ་ཐལ་མོ་སྦྱར་ནས། ཕྱག་འཚལ་འདུད་ཅིང་ཕྱག་འཚལ་འདུད། །ཕྱག་འཚལ་བསྟོད་དེ་ཕྱག་འཚལ་བདུད། །གུས་བས་ཁྱོད་ལ་བདག་གསོལ་འདེབས། །རྡོ་རྗེ་འཛིན ་པར་བདག་བསྒྲུབ་ཤིག་ཅེས་བརྗོད་ལ། མཆོད་པ་དངོས་སུ་འབྱོར་ན་དབུལ། །མ་འབྱོར་ན་ཡིད་ལས་བྱུང་བའི་མཆོད་པས་མཆོད། །ངེ་ནས་བསྟོད་དེ་མཆེ་བ་གཙིགས་ཤིང་འཇིགས་པ་ཚེ། །སྔགས་ཀྱི་མེ་ཏོག་ཕྲེང་བས་བརྒྱན། །ཤ་ཆེན་རྟུག ་ཏུ་གསོལ་མཛད་པའི། །ཧེ་རུ་ཀ་དཔལ་ཕྱག་འཚལ་འདུད། །དེ་ནས་དེ་ཉིད་འོད་དུ་ཞུ་སྟེ་བདག་ཉིད་ལ་ཐིམ་པར་བསམས་ལ། ངེ་ནས་སྙིང་ཁའི་ཧྲཱི(རྒྱུད་འགྲེལ་ཧཱུཾ་ཞེས་བཟླས་ཏིང་ངེ་འཛིན་གྱི་ཐུན་གཏོང་བའི་དུས་སུ། ཡེ་ཤེས་ཀྱི་ལྷ་ཡིད་ཀྱིས་གཤེགས་སུ་གསོལ། །དམ་ཚིག་གི་ལྷ་ནི་མི་དམིགས་པར་བྱའོ། །ཐུན་ལ་འཇུག་པའི་རྗེས་སུ་སྐད་ཅིག་མས་ལྟར་བསྐྱེད་ལ། ས་བོན་གྱི་འོང་ཟེར་གྱིས ་ཡེ་ཤེས་ཀྱི་ལྷ་སྤྱན་དྲངས་ལ། བསྟིམས་ནས་སྔ་མ་ལྟར་བསྒོམས། །ཧེ་རུ་ཀ་ཕྱག་རྒྱ་གཅིག་པའི་སྒྲུབ་ཐབས་རྫོགས་སོ།། །།རོ་བསྲེག་པའི་སྒྲུབ་ཐབས་ཀྱི་ཆོ་ག་བཞུགས་སོ།། *། །རྒྱ་གར་སྐད་དུ། ཤ་བ་སཾ་སྐ་ར་སཱ་དྷ་ནཾ་བི་དྷི། ་བོད་སྐད་དུ། རོ་བསྲེག་པའི་སྒྲུབ་ཐབས་ཀྱི་ཆོ་ག། །དཔལ་རྡོ་རྗེ་འཛིན་ཆེན་པོ་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །གང་དག་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་དག་གིས། གནས་པའི ་སྲོག་ཟང་ཤི་བའི་དུས་བྱས་ཏེ། རྣམ་སྨིན་ལུས་ལ་བརྟེན་ནས་སྡིག་སྒྲིབ་སྦྱང་བའི་ཐབས། དྲི་མེད་ལུང་དང་ལྦ་མའི་བཀའ་བཞིན་བྲི། །དེ་ལ་རེ་ཤིག་དང་པོར་རོ་བསྲེག་ཅིང་སྦྱང་བར་འོས་པའི་གནས་སྐབས་དང་སྦྱར་ནས། དང་པོ་ལ་བསྙེན ་