| Wylie | e-texts based on the ACIP/ALL Input |
སྒྱུ་འཕྲུལ་ཆེན་མོའི་དཀྱིལ་འཁོར་གྱི་ཆོ་ག་མན་ངག་བཞུགས། །*། །རྒྱ་གར་སྐད་དུ། གུ་རུ་ཨུ་པ་དེ་ཤ་ནཱ་མ་མ་ཧཱ་མཱ་ཡཱ་མཎཌ་ལོ་པ་ཡི་ཀ་།བོད་སྐད་དུ། སྒྱུ་འཕྲུལ་ཆེན་མོའི་དཀྱིལ་འཁོར་གྱི་ཆོ་ག་བླ་མའི་ཞལ་སྔའི་མན་ངག་ཅེས ་བྱ་བ། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །རང་རིག་རྣམ་པ་ཡང་དུ་འོང་བའི་སྐུ། །རྣམ་པར་རྟོག་པའི་འཇུག་པ་མ་ལུས་གསལ། །རྣམ་དག་རིག་པ་གཉིས་མེད་སྐུ་འཆད་པའི། །ཁྲག་འཐུང ་དཔའ་བོ་རྡོ་རྗེ་ཅན་ཕྱག་འཚལ། །སྒྱུ་འཕྲུལ་ཆེན་མོའི་ཆོ་ག་དེའི། །མན་ངག་ལེགས་པར་རྒྱུན་ཆགས་པ། །འདུལ་བ་བྱིན་གྱིས་ལེགས་པར་ནི། །དཀྱིལ་འཁོར་རིམ་པ་གསལ་བར་བྱ། །རྒྱུད་འདིར་ཤིན་ཏུ་ཟབ་དང་དྲད་བའི་ཚིག་ནི ་ཕལ་ཆེར་སྤྲོས་པའི་བདག་ཉིད་ལ། །ཆགས་མེད་བློ་ཡི་ནོར་ཅན་རྣམས་ཀྱིས་ཀྱང་ནི་རིགས་མིན་བདག་ལའང་སྨྲ་ནུས་མེད། འོན་ཀྱང་དཔལ་ལྡན་བླ་མའི་ཞབས་ཀྱིས་ལེགས་པར་གསུངས་པ་ཕྲ་མོ་རྐོས་ཙམ་དང། རྡོ་རྗེ་སྤུན་གྱིས ་གསལ་བ་བཏབ་པས་བདག་གིས་དྲན་པར་བྱ་ཕྱིར་ཅུང་ཟད་བརྗོད་དེ་ལ་དང་པོར་བདེན་པ་དང། དཀོན་མཆོག་དང། ལས་དང་འབྲས་བུ་ལ་སོགས་པ་ལ་མངོན་པར་ཡིད་ཆེས་པ་དང་ལྡན་པ་སེམས་ཅན་མ་ལུས་པ་ལ་བུ་གཅིག་པ ་ལྟར་བྱཾས་པ། ཁམས་གསུམ་པའི་སེམས་ཅན་གྱི་ཚོགས་ཀྱི་སྡུག་བསྔལ་གསུམ་གྱི་སྦྱོར་བས་སྡུག་བསྔལ་བར་གྱུར་པ་ལ་དམིགས་ནས་དེ་དག་གདོན་པའི་བསམ་པས་ཡིད་རྫོགས་པའི་བྱང་ཆུབ་ཏུ་བྱས་ལ། སྦྱིན ་པ་དང་ཚུལ་ཁྲིམས་ལ་སོགས་པ་དང་ལྡན་པ་སྒྱུ་འཕྲུལ་ཆེན་མོ་ནས་གསུངས་པའི་རིམ་པས་ཆུ་ལ་སོགས་པའི་རྗེས་སུ་གནང་བ་དག་གིས་དབང་བསྐུར་བ་འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མ་གོས་པའི་བསམ་པ་ཅན་གསང་སྔགས་དང ་རྒྱུད་དང་དངོས་གྲུབ་ཤེས་པས། མེ་ཏོག་དང་འབྲས་བུ་ལ་སོགས་པས་རྒྱན་པའི་རི་འམ། ཆུ་བྲན་དང་འབབ་ཆུའི་འགྲམ་འམ། དུར་ཁྲོད་ལ་སོགས་པའི་ཡིད་དང་མཐུན་པའི་གནས་གང་ཡང་རུང་བ་འབབ་ཞིག་ཏུ། ཐོ་རངས་གདོང་པ ་རྒྱུད་དང་དངོས་གྲུབ་ཤེས་པས། མེ་ཏོག་དང་འབྲས་བུ་ལ་སོགས་པས་རྒྱན་པའི་རི་འམ། ཆུ་བྲན་དང་འབབ་ཆུའི་འགྲམ་འམ། དུར་ཁྲོད་ལ་སོགས་པའི་ཡིད་དང་མཐུན་པའི་གནས་གང་ཡང་རུང་བ་འབབ་ཞིག་ཏུ། ཐོ་རངས་གདོང་པ ་དག་པ་ལ་སོགས་པ་བྱ་སྟེ། སྟན་ཤིན་ཏུ་འཇམ་པ་ལ་འདུག་ནས་སྙིང་ཁར་ཉི་མ་ལ་ཡི་གེ་ཧཱུཾ་བཀོད་ལ་དེའི་འོད་ཟེར་ལས་བྱུང་བའི་ཕྱི་དང་ནང་གི་མཆོད་པ་རྣམས་ཀྱིས། མདུན་གྱིས་གནས་སུ་བླ་མ་དང་སངས་རྒྱས་དང་བྱང ་ཆུབ་སེམས་དཔའ་རྣམས་དང། དཀྱིལ་འཁོར་ལྷ་ལྔའི་བདག་ཉིད་ཅན་གྱི་འཁོར་ལོ་ཅན་མགོན་པོ་ལ་ཡང་དག་པར་མཆོད་དེ། སྡིག་པ་བཤགས་པ་དང། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང། གསུམ་ལ་སྐྱབས་སུ ་འགྲོ་བ་ལ་སོགས་པ་དང། སྨོན་ལམ་གདབ་པར་བྱས་ལ། སྟོང་པ་ཉིད་བསྒོམ་པར་བྱའོ། །ོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་བ་ཨཱ་ཏ་མ་ཀོ་ཧཾ། ཞེས་ཡིད་ཀྱིས་གདོན་པར་བྱའོ། །དེ་མ་ཐག་ཏུ་ནམ་མཁར་མཚོ་སྐྱེས་དམར་པོ་འདབ ་མ་བཞི་པ་ལ་གནས་པའི་ཉི་མ་ལ་ཐིག་ལེ་འཕྲོ་འདུ་ཅན་ལྔ་གནས་པ་སྔོན་དུ་བསམས་ལ། དེ་ནས་ཡུང་ཅེས་ཕྱོགས་བཅུ་འམ་བཞིའི་ཐིག་ལ་ལས་བྱུང་བའི་མཁའ་འགྲོ་མ་བདེ་བ་ཆེན་པོ་ཤིན་ཏུ་དགའ་བ་ལས་ཆགས་པའི ་གཟུགས། བྱམས་པ་ཆན་པོ་དང། སྙིང་རྗེ་དང། དགའ་བ་དང། བཏང་སྙོམས་སྔོན་གོམས་པའི་རང་བཞིན་ཅན་བཞི་གར་བྱེད་ཅིང་གླུ་ཡིད་དུ་འོང་བའི་སྐད་སྙན་པ་སྐུལ་བར་བྱེད་པར་བསམ་མོ། །ཧ་ལེས་ཧི་བི་ཡ་སི་ཡ་ཀ་མ་ལ་བ་པོ་ཧི ་ཨུ་པ་ཛྙཱ་ཨ་ལ་ལ་ལ་ལ་ཧོ། མ་ཧཱ་ཡུ་ཁ་ན། ཨ་ར་ཧི་ཨུ་ནརེ་ཏེ་ཎ། ར་བི་ཀི་ར་ཎེ། ཎ་པ་ཕུལ་ནི་ལི་ཨུ་ཀ་མ་ལུ་མ་ཧཱ་སུ་ཧེ་ཨ་ལ་ལ་ལ་ལ་ཧོ། མ་ཧཱ་སུ་ཧེ་ན་ཨ་ར་ཧི་ཨུ་ནེ་ཏྱ་ན། དེ་ནས་འགྲོ་པ་མ་ལུས་པ་འཁོར་བའི་སྡུག་བསྔལ ་ལས་གདོན་པའི་བསམས་པ་ཅན། འགྲོ་བ་སྒྱུ་མ་དང། རྨིག་རྒྱུ་དང། དྲི་ཟའི་གྲོང་ཁྱེར་ལྟ་བུ་ཡང་དག་པ་ཇི་ལྟ་བ་བཞིན་དེ་ཁོ་ནའི་ངོ་བོར་བལྟས་ལ། ཐིག་ལེ་དབུས་མ་ལས་བྱུང་བའི་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ན་ཨིན་དྲ་ནཱི་ལ་ལྟ ་བུའི་འོད་ཡེ་ཤེས་ལྔ་དང་སྐུ་གསུམ་གྱི་བདག་ཉིད་མཆོག་ཏུ་དགའ་བ་མཛེས་པའི་ཞལ་བཞི་པ། ཕྱག་བཞི་པ་སྐུལ་ཐལ་པའི་རྡུལ་གྱིས་བསྒོས་པ། འདིའི་རྩ་བའི་ཞལ་ནི་ལུས་ལྟར་མཐིང་ཁ། གཡས་སེར་རྒྱབ་དཀར་དམར་གཡོན་མེར་ཀད ་ལྟར་འབར་བ་སྤྱན་གསུམ་པ། མིའི་ལྤགས་པ་ལ་སོགས་པ་དང། ཕྱག་རྒྱ་ལྔས་བརྒྱན་པ། དབུས་སྐྲ་དམར་སེར་གྱེན་དུ་འབར་བ་ཉི་མའི་གདན་མངའ་བ་མི་བསྐྱོད་པས་དབུ་བརྒྱན་པའི་ཐོད་པའི་ཕྲེང་བ་ཅན། རོལ་པའི་ཕྱག་གཡས ་པ་དང་ཅིག་ཤོས་དག་གིས་མདའ་བཞུ་བསྣམས་པ། ཁྲག་གིས་བཀང་བའི་ཐོད་པ་དང། དྲིལ་བུ་གཡེར་ཁ་དང་བཅས་པ་ཁ་ཊཝཱཾ་གས་བྲེལ་བ་དག་གིས་རང་གི་ངོ་བོ་དང་གཉིས་སུ་མེད་པའི་རང་སྣང་བའི་སངས་རྒྱས་མཁའ་འགྲོ་མའི་གཟུགས ་ལ་འཁྱུད་པ། འོད་ཟེར་གྱི་སྒོའི་མཛའ་ལས་བྱུང་བའི་ཐུབ་པའི་དབང་པོའི་ཚོགས་ཀྱིས་འགྲོ་བའི་བྱ་བ་བསྒྲུབ་པ། རང་རང་གི་ཕྱོགས་ན་གནས་པའི་ལྷ་མོ་ཡིས་ཞལ་དུ་བལྟས་པས་གར་གྱིས་གོམས་པས་གནས་པའི་སྦྱོར་བས་གར་མཛད ་པའི་སྙིང་རྗེའི་སྟོབས་སུ་བདག་ཉིད་བསམ་པར་བྱའོ། །གཞན་དགད་རེ་ཕྱག་དྲུག་པ་ཡིན་ཏེ་སྔར་བསྟན་པའི་ཕྱག་བཞིས་སྔམ་བཞིན་དུ་ཕྱག་མཚན་བཞི་བསྣམས་པ། གཞན་དག་གིས་སངས་རྒྱས་མཁའ་འགྲོ ་མ་ལ་འཁྱུད་པའོ་ཞེས་ཟེར་ཏེ། རྒྱུད་ནས་ཕྱག་བཞི་ཞེས་པས་ཕྱག་གཉིས་འཁྱུད་པས་བྲེལ་བར་བསྟན་པའི་ཕྱིར་ལེགས་པར་བྱས་པའོ། །ཇི་སྐད་དུ་དཔལ་གསང་བ་འདུས་པར་འདོད་པའི་རྒྱལ་པོ་བཞི་པར་བཤད་པ་ལྟ་བུའོ་ཞེས་སོ ་མཁའ་འགྲོ་མ་རྣམས་ཀྱི་ཕྱག་མཚན་ལ་སོགས་པ་བརྗོད་པར་བྱ་སྟེ། དེ་ལ་ཤར་ཕྱོགས་སུ་རྡོ་རྗེ་མཁའ་འགྲོ་མ་མདོག་སྔོན་མོ། སྔོན་པོ་དང་སེར་པོ་དང། དཀར་དམར་དང། ལྗང་ཁུའི་ཞལ་བཞི་དང་ལྡན་པ། ས་དང་མེ་ལོང་ལྟ་བུའི་ཡེ་ཤེས ་ལ་སོགས་པའི་ངོ་བོ། །གཡས་པ་དག་གིས་རྡོ་རྗེ་སྔོན་པོ་དང་ཐོད་པ་འཛིན་པ། གཡོན་པ་དག་གིས་དྲིལ་བུ་དང་ཁ་ཊཝཱཾ་ག་འཛིན་པའོ། །ལྷོ་ཕྱོགས་སུ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་ཆུའི་ཁམས་ལ་སོགས་པ་རྣམ་པར་དག་པ་རིན་ཆེན ་མཁའ་འགྲོ་མ་སེར་མོ་ཕྱག་གཡས་པ་དག་གིས་རིན་པོ་ཆེའི་སྙེ་མ་དང་མདུང་རྩེ་གསུམ་པ་འཛིན་པ། ཕྱག་གཡོན་པ་དག་གིས་ལྕེ་སྤྱང་གིས་མགྲིན་པ་བཙིར་བ་དང། གདན་མཆོག་གཟུད་བའོ། །ཁ་ཅིག་ན་རེ་ལྕེ་སྤྱང་ཐོད་པ་ན་གནས་པ ་འཛིན་པའོ་ཞེས་པའོ། །སེར་པོ་དང་སྔོན་པོ་དང། དམར་པོ་དང་ལྗང་ཁུའི་ཞལ་ཅན་ནོ། །ནུབ་ཕྱོགས་སུ་པདྨ་མཁའ་འགྲོ་མ། དཀར་དམར། མེ་དང་སོ་སོར་རྟོག་པ་ལ་སོགས་པའི་རང་བཞིན་དཀར་དམར་དང། གསེར་བཞུ་བ་དང། སྔོན ་པོ་དང། ལྗང་ཁུའི་ཞལ་བཞིས་མཛེས་པ། གཡས་དག་ན་སྣ་ཚོགས་པདྨའི་འདབ་མ་དང་མདའའཛིན་པའོ། །ཅིག་ཤོས་དག་གིས་ཐོད་པ་དང་གཞུ་འཛིན་པའོ། །བྱང་ཕྱོགས་སུ་སྣ་ཚོགས་མཁའ་འགྲོ་མ་རིན་པོ་ཆེ་མར་ཀ་ཏ་ལྟར ་འབར་བ་བྱ་བ་གྲུབ་བ་དང་རླུང་ལ་སོགས་པ་རྣམ་པར་དག་པའི་རང་བཞིན། ལྗང་ཁུ་དང། སེར་པོ་དང་དཀར་པོ་དང་སྔོན་པོའི་ཞལ་དང་ལྡན་པ་གཡས་པ་དང་ཅིག་ཤོས་དག་གིས་རལ་གྲི་དང་ཌ་མ་རུ་དང་ཞགས་པ་དང་ཞག་གི་བུམ ་པ་ཅན་བསམ་མོ་།ལྷ་མོ་ཐམས་ཅད་ནི་ཞལ་བཞི་པ་སྟེ། བཅོམ་ལྡན་འདས་ཀྱི་ཞལ་གྱི་མདོག་ཕྱོགས་ཀྱི་ཆ་གང་གང་གི་ཅི་འདྲ་བར་ཕྱོགས་ཀྱི་ཆ་དེའི་བཅོམ་ལྡན་འདས་མའི་མདོག་ཀྱང་དེ་འདྲ་བ་ཡིན་ནོ། །དེ་མ་ཐག་ཏུ་ཡན་ལག ་དྲུག་དགོད་པར་བྱ་སྟེ། དཔྲལ་བ་དང། མགུལ་བ་དང། མིག་དང། རྣ་བ་དང། སྣ་དང། སྙིང་ཁ་རྣམས་སུ། ཨོཾ་ཨཱ(རྒྱུད་འགྲེལ་འཁོར་སྤྱན་དྲངས་ལ། མཆོད་ཡོན་ལ་སོགས་པ་ཕུལ་ཏེ་དམ་ཚིག་གི་དཀྱིལ་འཁོར་དང་ལྷན་ཅིག་དུ་བྱའོ། །དེའི་རྗེས་ལ་སྙིང་ཁ་ན་གནས་པའི་ཉི་མའི་དཀྱིལ་འཁོར་ལ་གསང་སྔགས་ཀྱི་ཡི་གེ་ཧཱུཾ་གནས་པའི་འོད་ཟེར ་གྱིས་ཕྱོགས་བཅུ་ན་བཞུགས་པའི་མགོན་པོ་རྣམས་བསྐུལ་ཏེ། དེའི་འོད་ལས་བྱུང་བའི་རིག་པ་ཆུ་ཤེལ་ལྟ་བུའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་ལག་ན་ཐོགས་པ་རྣམས་ཀྱིས་དབང་བསྐུར་བ་དང། བདག་ཉིད་མི་བསྐྱོད ་པ་ཅོད་པན་དུ་བསམ་མོ། །བཙུན་མོ་རྣམས་ལ་ནི། ཡང་འདིར་རིམ་པ་བཞིན་དུ་མགོ་བོར་རྟག་པ་དང། རིན་ཆེན་དབང་དང། སྣང་བ་མཛའ་ཡས་དང། དོན་ཡོད་གྲུབ་པ་རྣམས་བསམ་མོ། །དེ་ནས་ཏིང་ངེ་འཛིན་ལས་བྱུང ་པའི་ལྷ་མོ་མཆོད་པ་དམ་པས་བྲེལ་བ་རྣམས་ཀྱིས་འདོད་པའི་ཡོན་ཏན་རྣམས་ཀྱིས་ཕྱོགས་བཅུ་ན་བཞུགས་པ་དཀྱིལ་འཁོར་གྱི་འཁོར་ལོ་ཅན་མགོན་པོ་བདག་ཉིད་ཧེ་རུ་ཀ་ལ་ལེགས་པར་མཆོད་དེ། མཆེ་བ་གཙིགས་ཤིང ་འཇིགས་ཆེན་པོ། །སྒྱུ་མའི་མེ་ཏོག་ཕྲེང་བས་བརྒྱན། །ཤ་ཆེན་པོ་དག་གསོལ་མཛད་པ། །ཧེ་རུ་ཀ་ལ་བདག་ཕྱག་འཚལ། །ཞེས་བྱ་བའི་བསྟོད་པའི་གླུ་རྣམས་ཀྱི་བསྟོད་པར་བྱའོ། །དེ་མ་ཐག་ཏུ་རང ་སྣང་བ་དཔལ་སངས་རྒྱས་མཁའ་འགྲོ་མ་དམར་མོ་དགའ་བ་ལ་སྤྲོས་པའི་མགོ་དང། སྙིང་ཁ་དང། ལྟེ་བ་དང། གསང་བ་དང། བརླ་ཟུར་དང། རྐང་པ་ལ་ཐུག་པར་རིམ་པ་བཞིན་དུ་ས་བོན། ཨོཾ་ཧཱུཾ་ས་བོན་ཨ་ཧ་རྣམས་ཀྱི ་རིགས་ལྔའི་བདག་ཉིད་ཅན་དང། ཡི་གེ་ཧྲཱི(རྒྱུད་འགྲེལ་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་གསང་བའི་རྡོ་རྗེ། ཡི་གེ་ཨོཾ་ལས་སྦྲུལ་པའི་ནོར་བུ། བུ་གར་ཕཊ་བཀོད་ལ། བྱེད་པ་སྣ་ཚོགས་པ་ལས་རྒྱལ་བ་རྗེས་སུ་ཆགས་པར་བྱ་བ་བརྩམ་པར་བྱའོ། །རྡོ་རྗེ་དང་པདྨའི་ཕཊ་གྱི་སྒྲ་དག ་གིས་བཀུག་པའི་རྒྱལ་བའི་ཚོགས་བདེ་བར་གནས་པ་ཕབ་པ་ལས་ཞུ་གའི་རྡོ་རྗེའི་ལམ་ནས་བྱུང་བ་ལྷ་མོའི་པདྨའི་ལྟེ་བར་ལྷུང་བ་སེམས་དམ་པའི་ངོ་བོ། །ལྕེས་རྣམ་པ་སྣ་ཚོགས་པས་ཕྱོགས་ཏེ་མྱངས་ལ་མགོན་པོའི་ལུས་དང ་ངག་དང་སེམས་ཚིམ་པར་བྱའོ། །སྙིང་ཁར་བྱུང་བ་བཞིའི་རང་བཞིན་པདྨ་དམར་མོ་འདབ་མ་བཞི་པ་ལ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཐིག་ལེ་དཀར་པོ་ཟླ་བའི་དཀྱིལ་འཁོར་དང་ཁ་སྦྱར་བ་པདྨའི་རྩ་ལག་གིས་སྐུད་པ་དང་འདྲ་བའི ་རི་མོ་ཕྱེད་དང་བདུན་གྱི་ལེགས་པར་དཀྲིས་པ་སྟེ། དེ་ལ་རྒྱ་མཚོའི་ཆུ་ལྟ་བུ་བླུགས་པས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང། དཔེ་བྱད་བཟང་པོ་བརྒྱད་བཅུ་སྒྲུབ་པར་བྱེད་པ་དབྱངས་དང་གསལ་བྱེད་རྣམས་ཉིད་ལྡབ ་ཏུ་བརྒྱུས་པའོ། །དེའི་སྟེང་གི་བུག་ནས་སྒྲོས?་པའི་ཚེ་ན་མེ་ཏོག་མ་ལ་ཏི་བརྒྱུད་པའི་ཕྲེང་བ་ལྟ་བུ་ཕྱུང་ལ། སྡུད་པའི་ཚེ་ན་དེ་བཞིན་དུ་གཞུག་གོ་།ཡི་གེ་གསུམ་བཟླས་པར་བྱ་སྟེ། རླུང་འབྱུང་བ་ནས་ཡི་གེ་གསུམ་ཡང་འབྱུང་ཞིང་འཇུག་པ་ནས་ཡང་དེ ་ལ། གནས་པ་ཡང་ཐིག་ལེ་དཀར་པོའི་དབུས་གནས་པ་ཡིན་ནོ། །དེ་ལྟར་རི་མོ་ཕྱེད་དང་བདུན་ལ་དབྱངས་དང་གསལ་བྱེད་བརྒྱུས་པ་ཡང་འཇུག་པ་དང་གནས་པ་དང་འབྱུང་བ་སེམས་ཀྱི་རྒྱུ་བ་གཞན་དུ་མ་སོང་བར་བསམ་མོ། ། ་ཨོཾ་ཨཱ(རྒྱུད་འགྲེལ་ལ་གཞག་ལ། སེམས་ཅན་མཛའ་ཡས་པ་བསྒྲལ་བའི་དོན་དུ་སྨོན་ལམ་གདབ་བོ། །རྡོ་རྗེ་འཆང་གིས་རྣམ་པར་བསྒོམས་པ་ཡི། །སྟོབས་ལས་བདག་གིས་དགེ་བ་གང་བྱུང་བ། །དེ་ཡིས་འགྲོ་བ་འདི་དག་མྱུར་བར་ནི། །སྙིང་རྗེའི ་སྟོབས་ཀྱིས་ལུས་ཅན་དུ་གྱུར་ཅིག་།རྡོ་རྗེ་འཆང་གི་རྣམ་པའི་སེམས་འདི་འདྲ་བ་གཟུང་བ་དང་འཛིན་པའི་རྣམ་པ་དང་བྲལ་བའི་ལུས་དང་ངག་གི་རང་བཞིན་གྱི་ལས་གང་ཅི་ཡང་རུང་བ་དེ་དག་ནི་ཕྱག་རྒྱ་དང་སྔགས ་ཀྱི་རྣམ་པ་ཡིན་ནོ་ཞེས་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་སོ། །གཟུང་བ་ལ་སོགས་པའི་རྣམ་པ་དང་བྲལ་བ་ཉིད་ཀྱང་དེའི་དུས་ན་དེ་ལ་སྣང་བ་མེད་པའི་ཕྱིར་རོ། །འདི་ལྟར་གང་སྣང་བ་དེ་ཁོ་ན་ཡང་དག་པའི་ཐ་སྙད་ཀྱི་ལམ་ལ་འཛུག ་པ་ཡིན་ནོ། །ཇི་ལྟར་སེམས་ཡོངས་སུ་གསལ་བའི་ངོ་བོ་བདེ་བར་མྱོང་བ་དེའི་དུས་ན་སྡུག་བསྔལ་ནི་མ་ཡིན་ལ། རྣམ་པར་རིག་བྱེད་ཉིད་ཀྱང་ཐམས་ཅད་སྣང་བ་ཡིན་ནོ། །འདི་ལྟར་ཡང་བེམས་པོ་རང་གསལ་བ་ཉིད་ན། བེམས་པོ ་ཉིད་དུ་མི་རིགས་པའི་ཕྱིར་རོ། །ལོགས་པ་ཡིན་ན་ཡང་གསལ་བ་མི་དམིགས་པའི་ཕྱིར་ཏེ། དེའི་དུས་ན་རང་གསལ་བ་བཞིན་མགོན་པོའི་རྣམ་པ་བདེ་བ་ཆེན་པོའི་ངོ་བོ་དང་རྣལ་འབྱོར་མ་ལ་སོགས་པའི ་གཟུགས་སུ་སྣང་བ་མ་གཏོགས་པ་གསལ་བའི་ངོ་བོ་གཞན་པ་ནི་མེད་དོ། །གལ་ཏེ་ཀ་བའི་གསལ་བ་བཞིན་དུ་རྣལ་འབྱོར་མ་རྣམས་ཀྱི་སྣང་བ་ཡིན་ནོ་ཞེ་ན། འདི་ནི་ཐ་དད་པ་མེད་ཀྱང་མཐོང་སྟེ། ནམ་མཁའ་ཨི་རང་བཞིན་ལྟའོ། ། ་གཞན་ཡང་དུས་མཉམས་པ་ན་ཡང་ཅིག་ཅར་དམིགས་པའི་ཕྱིར་གཡས་དང་གཡོན་གྱི་རྭ་ལྟ་བུ་ཡིན་ན་ཅི་གང་གི་གཟུང་བ་འམ་འཛིན་པ་ཡིན། དུས་ཐ་དད་པ་ན་ཡང་གཅིག་སྣང་བ་ཡིན་པ་ན་གཞན་མི་དམིགས་པའི ་ཕྱིར་ན་ཡང་གཟུང་བ་དང་འཛིན་པའི་དངོས་པོ་མེད་དོ། །མགུ་བ་དང་ཡིད་བསད་པ་ལ་སོགས་པ་ནང་གི་བདེ་བ་ལ་སོགས་པའི་ངོ་བོ་དང། སྔོན་པོ་ལ་སོགས་པ་ནི་ཕྱི་རོལ་གྱི་གཟུང་བ་ཡིན་ནོ་ཞེས་སོ། །བརྗོད་པར་བྱ་བ་ནི་མ ་ཡིན་ཏེ་མངོན་སུམ་གྱི་ཕྱི་རོལ་དང་ནང་གི་ཡིན་ནོ་ཞེས་བྱ་བར་ནི་མི་ནུས་ཏེ། མངོན་སུམ་ནི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །དེའི་རྗེས་ལས་ཐོབ་པའི་རྣམ་པར་རྟོག་པའི་ཡུལ་དངོས་པོ་མེད་པའི་ཕྱིར་རོ། །རྗེས་སུ་དཔག ་པ་ལ་ཁྱབ་པ་མ་གྲུབ་པོ། །དེ་བས་ན་ལྔའི་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་ཡེ་ཤེས་དེ་ནི་གཅིག་ཉིད་དང། དུ་མ་ཉིད་དང། ཐ་དད་པ་དང། དངོས་པོ་དང། དངོས་པོ་མེད་པ་ལ་སོགས་པའི་ཀུན་ཏུ་རྟོག ་པ་མ་ལུས་པས་སྟོང་པའི་ཕྱིར་རྣམ་པར་རྟོག་པ་གཟུང་བ་ལ་སོགས་པའི་རྣམ་པ་དང་བྲལ་བ་གང་བའི་ངོ་བོ་ཡིན་ནོ། །བདེ་བའི་བདག་ཉིས་ཀྱིས་རྒྱུ་ལས་སྐྱེས་པའི་ཕྱིར་བདེ་བའི་རང་བཞིན་གཉིས་མེད་པར་སྣང་བ་ཉམས་སུ་མྱོང་བ ་བདག་དང་བདག་གིར་འཛིན་པའི་མཚན་ཉིད་འཁོར་བ་དང་འགལ་བ་ཡོངས་སུ་ཉམས་པ་མེད་པའི་ཆོས་ཡིན་ཏེ། འཚེ་བ་མེད་པ་ཡང་དག་པའི་དོན་གྱི་རང་བཞིན་ཡིན་པའི་ཕྱིར། བློ་དེའི་ཕྱོགས་སུ་འཛིན་པས་ན་མངོན་སུམ་དུ་བྱ་བ ་ཡིན་ནོ། །འགལ་བ་ཡང་གང་དང་ལྷན་ཅིག་ཙམ་ཡང་དམིགས་པ་དེ་ནི་ཤིན་ཏུ་གོམས་པའི་དབང་གིས་གཉེན་པོས་རང་གི་མི་མཐུན་པ་རྩད་ནས་འབྱིན་པ་ཁོ་ན་ཡིན་ནོ། །གང་ཡང་ཤིན་ཏུ་གོམས་པ་དེ་བསྒོམ་པའི་སྟོབས་ཀྱིས་གསལ ་བར་ཉེ་བར་འགྲོ་སྟེ། འདོད་པ་དང་མྱ་ངན་ལ་སོགས་ཁྱབ་པ་གྲུབ་ཅིང་རང་གི་མི་མཐུན་ཕྱོགས་ཐ་མལ་པའི་ང་རྒྱལ་དང། ཐ་མལ་པའི་རྣམ་པ་དག་རྩད་ནས་འདོན་པར་གྲུབ་ཡིན་ནོ། །རྣམ་པ་མེད་པའི་ཤེས་པ་ནི་རྨི་ལམ་དུ་ཡང་ཉམས་སུ ་མྱོང་བ་མ་གྲུབ་པའི་ཕྱིར་འགའ་ཨི་ཡང་གཉེན་པོ་ཉིད་མ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་ལྟ་བ་ལས་ཡང་སྒྱུ་མ་ལྟ་བུ་བདག་མེད་པའི་ལྟ་བ་དང་ལྡན་ན་ཡང་སྦྱིན་པ་ལ་སོགས་པ་ཐ་མལ་པའི་རྣམ་པར་རྟོག་པའི་གཉེན་པ་ཡིན་མོད་ཀྱི ་དེ་ལྟ་ན་ཡང་ཐ་མལ་པའི་རྣམ་པར་མི་འགྱུར་ལ། ཐ་མལ་པའི་རྣམ་པར་རྟོག་པ་དང། ཐ་མལ་པའི་རྣམ་པ་གཉིས་ཀ་ནི་སྤང་བྱ་ཡིན་ནོ། །གལ་ཏེ་སྦྱིན་པ་ལ་སོགས་པ་ལས་ལོངས་སྤྱོད་ཆེན་པོ་ལ་སོགས་པ་ཉིད་དང། སྦྱིན་པ་ལ ་སོགས་པའི་འབྲས་བུ་ལས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་བཅུའི་བདག་ཉིད་ཀྱི་སྤྲུལ་སྐུ་འགྲུབ་པར་འགྱུར་བ་ཡིན་ནོ་ཞེ་ན་།དེ་དག་ནི་མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་ལས་དེ་དང་དེ་དག་གི ་འབྲས་བུ་ཉེ་བར་ལོངས་སྤྱོད་པའི་མཚན་ཉིད་འདི་ཡིན་ནོ། །དེ་དག་གིས་ནི་སྐྱེས་བུ་ཆེན་པོའི་མཚན་འདི་དག་ཡིན་ནོ་ཞེས་འགྲུབ་པ་མ་ཡིན་ནོ། །ཡང་བསྒོམ་པའི་སྟོབས་ཀྱིས་ནི་དུས་མཉམ་པར་ཕུན་སུམ་ཚོགས་པ་ཐམས་ཅད་ལ ་དམིགས་པའི་མཚན་དང་དཔེ་བྱང་འབར་བའི་སྐུ་དམིགས་པ་དང། ཡང་དག་པར་རིག་བ་ཙམ་གྱི་ངོ་བོ་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པའི་སེམས་གསལ་བར་སྣང་བ་ཉེ་བར་འགྲོ་བ་ཅན་ཅི་སྟེ་མི་འགྲུབ། །དོན ་འདི་ནི་བླ་མའི་ཞལ་སྔ་ནས་ཀྱང་ངན་དོན་གྱི་སྐྲད་དུ་གསུངས་ཏེ། གཟུགས་སྐུ་གང་ཡིན་སྒོམ་བྱེད་པ། ཀ་ཡི་དེས་པར་བྱང་ཆུབ་ཐོབ་པ་ཡིན། །ཆོས་སྐུ་རྒྱལ་བའི་བསམ་གཏན་གྱིས་ཐོབ་ན། །གཟུགས་ཀྱི་སྐུ་ལ་ཅི་སྟེ་བསྒོམ་མི་བྱེད། ། ་གལ་ཏེ་གཟུགས་སྐུ་བསོད་ནམས་ཚོགས་ཀྱིས་ཐོབ་ནའང། །དེ་ཡི་ཡུན་རིངས་དུས་གཞན་དམན་པ་སྟེ། །འབྲས་བུའི་ཁྱད་པར་རྒྱུ་ཡི་ཁྱད་པར་ལས། །སྐུ་གསུམ་དུས་མཉམ་པར་ནི་སྣང་བ་ཡིན་ཞེས་སོ། །ཡང་ན་བདག་གི ་གཟུགས་གང་དག་འཛིན་པར་ལྷག་པར་སྒྲོ་བཏགས་པ་ལ་སོགས་པའི་རྒྱུ་དེ་དག་ལས་སྦྱིན་པ་ལ་སོགས་པ་འབྱུང་བ་ནི་དེ་ཁོ་ན་ཉིད་དུ་བདག་མེད་པ་དང་ལྡན་པ་ཡིན་མོད་ཀྱི། དེ་ལྟ་ན་ཡང་སྲིད་པའི་སྡུག་བསྔལ་དང་ལྷན་ཅིག་འགལ ་བ་མེད་དེ། གང་གི་ཕྱིར་སྦྱིན་པ་ལ་སོགས་ཡོད་ཀྱང་དེ་ཐ་མལ་བའི་རང་གི་ངོ་བོ་ལས་བྱུང་བ་སྲིད་པའི་སྡུག་བསྔལ་ལྡོག་བར་མི་འགྱུར་རོ། །དགོངས་པ་ནི་འདི་ཡིན་ཏེ། རེ་ཤིག་སེམས་ཅན་དུ་ལྟ་བས་སྦྱིན་པ་ལ་སོགས་པ་ནི་ཐ་མལ་པའི ་རྣམ་པར་རྟོག་པ་སྲིད་པའི་སྡུག་བསྔལ་དང་འགལ་བར་མི་འགྱུར་ཏེ། བདག་མེད་པའི་ལྟ་བ་ཁོ་ན་དང་དངོས་སུ་འགལ་བ་ཡིན་ནོ། །དེ་ལྟར་ཡེ་ཤེས་ཞབས་ཀྱི་ཞལ་སྔ་ནས། །ཐ་མལ་པའི་རང་གི་གཟུགས་ཀྱིས་ནི། །བདག་མེད་ལྡན ་པའང་སྦྱིན་པ་ལ་སོགས་བས། །འགལ་བ་དག་ནི་ཡོད་མིན་གང་གི་ཕྱིར། །འདི་ནི་བདེན་ཡང་དེར་ནི་ལྡོག་མི་འགྱུར་ཞེས་གསུངས་སོ། །མཆོག་ཏུ་དགའ་བའི་རྒྱུད་ནི་མི་འགྱུར་ཏེ། བཏང་སྙོམས་གྱི་རང་བཞིན་ཡིན་པའི་ཕྱིར་རོ། ། ་དཀའ་བ་བརྒྱ་ཕྲག་གིས་རྟེན་ཅིང་འཁྲུག་བརྫོགས་པའི་བྱང་ཆུབ་ཀྱང་སྐལ་བ་མི་ཉུང་བས་ཐོབ་པར་བྱ་བ་ཡིན་ཏེ། དེས་ན་ཕ་རོལ་ཏུ་ཕྱིན་པའི་ཚུལ་ནི་སྐྱེས་བུ་མཆོག་གི་དོན་གྱི་ལམ་གྱི་རྒྱུ་ལེགས་པ་མ་ཡིན་ནོ། །དཀྱིལ་འཁོར་གྱི་འཁོར་ལོའི་རྣམ ་བའི་སེམས་འདི་ནི་དངོས་པོ་ཁོ་ནར་འཁོར་བའི་སྡུག་བསྔལ་མ་ལུས་བ་དང་འགལ། མཆོག་ཏུ་དགའ་བ་བདེ་བ་ཚོགས་མེད་ཅིང་འདེ་བའི་ཐབས་རྒྱུད་པས་ན་རྒྱུ་ཡིན་ཏེ། འདི་ཁོ་ནར་ལམ་གྱི་བདེན་པར་རིགས་པའི་ཕྱིར་ན། རྟོག་པ་དང་ལྡན ་པས་བདེན་པར་བྱ་བ་ཡིན་ནོ། །གལ་ཏེ་འོ་ན་དེ་ལྟ་ན་ནི་སྦྱིན་པ་ལ་སོགས་པ་འབྲས་བུ་མེད་པ་ཉིད་ཡིན་ནོ། །ཞེ་ན་དེ་ནི་དཀའ་བས་བརྟེན་པར་བྱ་བ་འགྲོ་བའི་དོན་བྱ་ཁོ་ན་དགོས་པའོ། །འདི་ལྟར་ཡང་དང་པོར་ཁོ་ནར་འགྲོ་བའི་སྡུག་བསྔལ ་ཉེ་བར་བྱ་བའི་དོན་དུ་འགྲོ་བ་སྡུག་བསྔལ་བར་གྱུར་པ་ལ་ལྟ་བ་བྱང་ཆུབ་ཀྱི་སེམས་སྨོན་པ་དང་འཇུག་པའི་མིང་ཅན་རྣམས་པ་གཉིས་བསྐྱེད་པ་སྙིང་རྗེ་ཁོ་ནས་རྒྱུ་མེད་པར་མཆོག་ཏུ་མཉེས་གཤིན་པ་ཁོ་ནར་འཇུག་པ་ནི་དགོས་པས་མ ་ཡིན་ནོ། །དེས་ཏིང་ངེ་འཛིན་གྱི་སྐབས་ན་སྤྲོ་བ་དང་བསྡུ་བའི་ཚུལ་གྱིས་བྱེད་ཅིང་ཏིང་ངེ་འཛིན་ལས་ལངས་པ་ན་ཆོས་དང་ཟང་ཟིང་ལ་སོགས་པ་དམིགས་པ་མེད་པའི་སྦྱོར་བས་བྱེད་པས་རྫོགས་པའི་གནས་སྐབས་ན་ཡིད་བཞིན་གྱི་ནོར ་བུའི་ཚུལ་གྱིས་སྦྱིན་པ་ལ་སོགས་པ་སེམས་ཅན་གྱི་དོན་བྱེད་པ་ནི་དགོད་པའི་གཙོ་བོ་ཡིན་ཏེ། དེ་བཞིན་གཤེགས་པ་ཉིད་ནི་ཞད་ལ་འབྱུང་བ་ཡིན་ནོ། །ཇི་སྲིད་དུ་ཐ་དད་པར་ཞེན་པ་དེ་སྲིད་དུ་དགེ་བ་བཅུའི་ལས་ཀྱི་ལམ་དང་དེའི་ཅིག་ཤོས ་སྤང་པ་དང། དཀྱིལ་འཁོར་ལ་སོགས་བྱ་བ་དང། མཆོད་རྟེན་གྱི་ལས་ལ་སོགས་པ་ལ་ངེས་པར་ནན་ཏན་དུ་བྱའོ། །གཞན་ཡང་རིག་པ་དང་ལྡན་པའི་ཕྱིར་དང། སྐྱེས་བུའི་དོན་གཙོ་བོ་སླུ་བ་མེད་པར་བཅོམ་ལྡན་འདས་ཀྱིས ་གསུངས་པ་དང་འབྲེག་པའི་ཕྱིར་རོ། །དེ་བཞན་དུ་རྒྱན་ལས་ཀྱང། གལ་ཏེ་གཉིས་མེད་པ་བརྟེན་ནས། །འཇིག་རྟེན་ཕ་རོལ་བཟློག་བྱེད་ན། །འདི་ལ་འང་གྱིས་ཤིག་མིན་ཞེ་ན། །འདི་ཞེས་བྱ་བ་གཉིས་གནས་སོ། ། ་གལ་ཏེ་གཉིས་མེད་ཀྱིས་མགུ་ཡོད། །ཐམས་ཅད་དུ་ནི་གྲོལ་བར་འགྱུར། །ཐ་སྙད་དུ་ནི་འཇུག་ཅེ་ན། འཇིག་རྟེན་ཕ་རོལ་འང་སོམས་ཤིག་།ཅེས་གསུངས་སོ། །བླ་མའི་ཞལ་སྔ་ནས་ཀྱང། ཇི་སྲིད་དུ་ནི་ཐ་དད་ཡོད། སྡིག་པ་སྤང་ཞིང ་བསོད་ནམས་ཚོགས་བསག་གིས་ཤེས་གསུངས་སོ། །དེ་ནས་ཏིང་ངེ་འཛིན་ལས་ལངས་ལ་རང་དང་གཞན་ཧེ་རུ་ཀའི་རྣམ་པ་ལྟ་བུར་སེམས་ཤིང། གཡེལ་བ་མེད་པའི་ཡིད་ཀྱིས་བསོད་ནམས་དང་མཉམ་པ་དང་བཤད་པ་ལ་སོགས ་པ་བྱའོ། །མཆོད་སྟོན་གྱི་དུས་སུ་ནི་ཡི་གེ་ཡོ་སྔོན་པོ་ལས་བྱུང་བ། ཟླ་བ་ཕྱེད་པའི་རྣཾ་བརྒྱལ་མཚན་ཀྱིས་མཚན་པའི་རླུང་གི་དཀྱིལ་འཁོར་དེའི་སྟེང་དུ་ཡི་གེ་རཾ་དམར་པོ་ལས་བྱུང་བའི་ཟུར་གསུམ་པ་མེད་དཀྱིལ་འཁོར། དེའི་སྟེང་དུ་ཡི་གེ་ཨ་ཡོངས་སུ ་གྱུར་པ་ལས་མེའི་སྣོད་དེ་དེའི་ནང་དུ་བཟའ་བ་ལ་སོགས་པའི་ཡི་གེ་ཧཱུཾ་གིས་བྱིན་གྱིས་བརླབས་པ། འབར་བ་དང། རྟོགས་པ་དང་གསལ་བའི་རིམ་པ་ལས། ཡི་གེ་ཨོཾ་གྱིས་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཐིམ་པས་ཐབས་གཅིག་དུ་བྱས ་པ་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ། ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀར་པོ་བཀོད་པའི་ལྕེ་དམ་པ་དེ་ལས་བྱུང་བའི་འོད་ཟེར་སྦུ་གུ་འདྲ་བས་དྲངས་པའི་སྦྱོར་བས། ལྷའི་གཟུགས་རྒྱལ་བའི་ཚིམ་པར་བྱའོ། །ོཾ་ཨཱ(རྒྱུད་འགྲེལ་ཞེས་པས་ནི་བདུད་རྩི་མྱང་བའི་སྔགས་སོ། །ཁྲུས་ཀྱི་དུས་སུ་ནི་སྔར་བསྟན་པའི་དབང་སྐུར་བའི་ཆོག་ཡིས་བྱའོ། །དེ་ལྟར་སྣ་ཚོགས་བའི་སྙིང་རྗེའི་སྟོབས་ཀྱི་རང་བཞིན་དུ་བརྟག་ཅིང་དེའི་ཕྱིར་གཞན་དང་གཞན་མ་ཡིན་པའི་རང་བཞིན་ཡོངས་སུ ་ཤེས་ན་འང་རྣལ་འབྱོར་པ་འདོད་པ་ལྔའི་ལོངས་སྤྱོད་ཀྱི་སྲིད་པའི་ཉེས་པས་མི་གོས་སོ། །ཅུང་ཟད་དབང་བསྐུར་ཐོབ་པ་ཡི། །མ་ལུས་པ་ནི་མཛེས་ཤེས་སོ། །གང་ཞིག་གར་བྱེད་མཐུང་བྱེད་པ་།ཐོས་པ་ཙམ་ལས་སེམས་རྨོངས་པའོ། །དེ ་ལྟ་བུའི་རྡོ་རྗེ་སློབ་དཔོན་མཉམ་པར་གཞག་པ་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་རྣམ་པར་འབྱེད་པ་རིགས་པ། རྒྱུད་ཀྱི་དོན་ལེན་པ་དང་འཆང་བ་དང་སྟོན་པར་ནུས་པས། སློབ་མ་དད་པ་ཅན་ཕྱི་དང་ནང་གི་ཡོ་བྱད་ཐམས་ཅད་ཚོགས ་པས་དཔང་བསྐུར་བའི་དོན་དུ་ལན་གསུམ་གསོལ་བ་བཏབ་པ། རང་ཉིད་བཅོམ་ལྡན་འདས་ཀྱི་གནད་པས་བསམ། །ལྷ་སོ་སོར་ཡི་གེ་གསུམ་ཕྲ་རེ་རེ་ཁོ་ནས་བཟླས་ནས་སྔོན་དུ་བསྙེན་པ་བྱས་པ། རང་ཉིད་ཐུན་བཞིར་རང་གི་འདོད ་པའི་ལྷའི་རྣལ་འབྱོར་པས་ཕྱི་ནང་གཅིག་ཏུ་ས་སྦྱང་བ་རབ་བསྒྲུབ་པས་འདིར་བཤད་པའི་གཏོར་མ་སྦྱིན་སྔོན་དུ་བྱས་ལ་བགེགས་བསྐྲད་པའི་སྔགས་བཟླས་ཤིང། དཀྱིལ་འཁོར་བྲི་བར་བྱ་བའི་ཕྱིར་བརྩམས་པར་བྱའོ། །དེ་ནས་དཀྱིལ ་འཁོར་གྱི་ཁང་བའི་དོན་དུ་ས་ཡོངས་སུ་བརྟགས་ལ། ཁྱིམ་ས་བརྟག་པའི་མཚན་ཉིད་བསྟན་པའི་ཆོ་ག་དང། མཆོད་ཡོན་གྱི་ཚོགས་ཁུང་བུ་བརྐོས་པ་དགང་བ་ལ་སོགས་པ་བྱས་ནས། ཤིང་དང་རྡོ་དང་གསེག་མ་དང། སོལ་བ་བསལ ་པའི་གནས་སུ་དཀྱིལ་འཁོར་བཞེངས་པར་བྱའོ། །བཏུང་བ་དང་མཉམ་པར་བཅག་པར་བྱས་ནས། ཨོཾ་བྷུཾ་ཁཾ་ཞེས་བྱ་བའི་སྔགས་ཀྱིས་ནམ་མཁའ་ཨི་རང་བཞིན་དུ་བལྟས་ལ་ཧཱུཾ་ལཾ་ཧཱུཾ་ཞེས་པས་རྡོ་རྗེའི་རང་བཞིན་དུ་བྱས་ནས། ཨོཾ་མེ ་དེ་ནི་བཛྲི་བྷ་བ་བཛྲ་བན་དྷ་ཧཱུཾ་ཞེས་བྱ་བས་བྱིན་གྱིས་བརླབ་བོ། །ཟུག་རྡུའི་ཉེས་པ་ཐམས་ཅད་ནི། །གལ་ཏེ་དབྱུང་བར་མི་ནུས་ན། །ལག་པ་གཏད་དེ་སྔགས་བཟླས་ནས། །ཡི་གེ་གསུམ་གྱིས་དེ་ཨེརྐོ་བྱ། ཡང་ཐོག་སྟེང་དང་བ་ལང ་ལྷས། །གཙུག་ལག་ཁང་སོགས་མཚོ་འགྲམ་དང་སྔར་ནི་སྦྱང་བྱས་ས་ཡི་ཆར། སྦྱད་པ་ལ་སོགས་མི་བྱའོ་ཞེས་སོ། །དེ་ནས་མཚན་མོ་རང་གི་འདོད་པའི་ལྷའི་རྣལ་འབྱོར་གྱིས་གནས་པས་ས་རྡོ་རྗེ་རང་བཞིན་དུ་བྱིན ་གྱིས་བརླབས་ནས་ནང་གིས་དག་པར་བྱའོ། །དེ་ལ་ཆོ་ག་འདི་ཡིན་ཏེ། ལོ་པ་རིས་ཀྱིས་ཐིག་གིས་བཏབ་ལ། ཇི་སྐད་དུ་བསྟན་པའི་དཀྱིལ་འཁོར་དེའི་དབུས་སུ་བསྡད་དེ། ཧེ་རུ་ཀའི་ང་རྒྱལ་མངོན་སུམ་དུ་བྱས་ལ། སྒོ་སྐྱོང་མའི་རྣལ ་འབྱོར་མ་ལོ་བཅུ་གཉིས་ལོན་པའི་ན་ཚོད་བཞི། རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པའི་ང་རྒྱལ་བྱས་ལ། རྣལ་འབྱོར་གྱི་བྱ་བ་གཅིག་ལ་གོམས་པའི་ལྷ་མོ་དེ་རྣམས་ཀྱིས་ཚིགས་སུ་བཅད་པ་རེ་རེ་བརྗོད་པར་བྱའོ། །དེ་བཞིན་གཤེགས་པ ་ཀུན་ཞིག་།དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་མཆོག་ལ་ཡང་དག་བྱུང། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་རྣམ་སྤངས་པ། །ཀུན་ཏུ ་བཟང་པོ་སྐུ་ཡི་མཆོག་།དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞི་པའི་ཆོས་ནི་མཆོག་ལས་བྱུང། །ཡེ་ཤེས་སྤྱོད་པ་རྣམས་སྤྱོད་པ། །ཀུན་ཏུ་བཟང་པོ་གསུང་གི་མཆོག་།འཁོར་ལོ་སྒྱུར་བ་དཀྱིལ་འཁོར་གསུངས། །སམས ་ཅན་ཀུན་ཕྱི་སེམས་ཆེན་པོ། །རང་བཞིན་དག་པ་དྲི་མ་མེད། །ཀུན་ཏུ་བཟང་པོ་ཐུགས་ཀྱི་མཆོག་།འཁོར་ལོ་སྒྱུར་བ་དཀྱིལ་འཁོར་གསུངས། །དེ་ནས་བླ་མས་འཁོར་ལོ་དེ་བློ་ཡིས་ནམ་མཁར་བཏེག་ལ། འདོད་པའི་ལྷའི་སྦྱོར་བ ་ཁྲོས་བས། །རྐད་པའི་མཐིལ་རྡོ་རྗེ་འབར་བ་དང། །རྡོ་རྗེ་གསོར་བ་ལ་བརྩོན་པ། །འགྱིད་པ་རྡོ་རྗེ་གོམས་པའི་གར། །མཆེ་བ་གཅིགས་བཅས་ཧཱུཾ་སྒྲོགས་པས། །ལུས་ངག་སེམས་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་རྣམས ་གུད་ཉོན་ཅིག་།ད་ནི་དཔལ་ལྡན་རྡོ་རྗེ་འཆང། །བསྲུང་བའི་འཁོར་ལོ་རབ་སྦྱོར་བ། །གལ་ཏེ་འགའ་ཞིག་འདའ་དོད་ན། །རྡོ་རྗེ་འབར་བའི་ལུས་ཀྱིས་ནི། །ལུས་གསུམ་འབྱུང་བ་དག་བྱས་ཏེ། །འདི་ནི་དེ་གཞོམ་གཞན་དུ་མིན་།ོཾ་གྷ ་གྷ་གྷ་ཏ་ཡ་གྷ་ཏ་ཡ། སརྦབ་བུཥྛ་ན་ཕཊ། ཀཱི་ལ་ཡ། བཛྲ་ཀཱི་ལ་ཡ། བཛྲ་དྷ་ར་ཨཛྙ་བ་ཡ་ཏ། ཀཱ་ཡ་བཱ་ཀ་ཙིཏྟ་ཀཱི་ལ་ཡ་ཧཱུཾ་ཕཊ་ཅེས་བརྗོད་ལ་བགེགས་མེད་པར་བྱ་བའི་ཕྱིར། སྨད་མདུད་ལྟ་བུ་ལ་སྟོད ་བགེགས་ཀྱི་དགྲས་དབུས་སུས་??་རྡོ་རྗེ་ར་བའི་ཕྱི་རོལ་དུ་དབང་ཆེན་དང་མེའི་དཀྱིལ་འཁོར་དག་གིས་ཕྱོགས་དང་མཚམས་བཅིང་བར་བྱས་ནས། ས་གཞི་དོ་རྗེའི་རང་བཞིན་དུ་བྱས་ཏེ། དེ་ཉིད་དུ་རྣལ་འབྱོར་མ་སྒོ་སྐྱོང་མ་བཞི་དང་ལྷན ་ཅིག་ཉལ་བར་བྱའོ། །དེ་དག་ནི་ཕྱི་དང་བར་ནང་གིས་འདུ་བ་དང་ཉི་མ་དང་པོ་ལ་ས་ཡོངས་སུ་གཟུང་བ་ཡང་ཡིན་ནོ། །ཉི་མ་གཉིས་པ་ལ་ནི་བུམ་པ་ལྔ་པ་སྣ་ཚོགས་པདྨར་ཉི་མ་ལ་གནས་པའི་ལྷ་མོ་ལྔའ་མཚན་མ་དྲིས་ཏེ། ལྷག་པར ་གནས་པར་བྱའོ། །དེ་དག་ཀྱང་གསེར་ལ་སོགས་པ་ལས་གྲུབ་པའམ། སའི་རང་བཞིན་ནག་པོ་དང་རྩ་བ་མེད་པ་མཅུ་འཕྱང་བ། མགྲིན་པ་མཐོབ། །ལྟོ་བ་ཆེ་བ་ལ་ཤིང་ཧ་ས་ཀ་ར་ལ་སོགས་པ་འབྲས་བུ་དང་བཅས་ཤིང། ་འདབ་མ་དང་ལྡན་པ་ལ། མགུལ་བར་རས་ཟུང་གིས་རྒྱན་པ། མོན་སྲན་གྲེའུ་དང། ཏིལ་དང། ནས་དང། གྲོ་དང། འབྲས་སོ་བ་ཞེས་བྱ་བའི་འབྲུ་ལྔ་དང། ས་ཧ་དང། ཧ་ས་དེ་བ་དང། ས་ཧི་ཀི་རི་ཀ་ནི་ཀ་དང། ཀཎ་ཌ་ཀ་རི ་དང། འབྲི་ཧ་ཏི་ཞེས་བྱ་བ་སྨན་ལྔ་དང། གསེར་དང། དངུལ་དང་མུ་ཏིག་དང། བྱུ་རུ་དང། མུ་མེན་ཞེས་བྱ་བའི་རིན་པོ་ཆེ་ལྔ་དང། དེ་དག་དང་ལྡན་པ་ལས་འདྲེན་པའི་བུམ་པ་ནི་དབུས་སུ་སྟེ། གོ་རིམས་ཇི་ལྟ་བ་བཞིན་དུ ་གཞག་ལ། དེ་དང་དེ་དག་ཏུ་མཆོད་ཡོན་གྱི་སྣོད་དུ་དྲི་ཆབ་བླུགས་ཏེ། མེ་ཏོག་དཀར་པོ་ཅིག་ཀྱང་བཅུག་ལ། ཉེ་བར་མཆོད་པ་ལྔས་མཆོད་ནས། རྡོ་རྗེ་རྩེ་མོ་ཏོག་གི་ཕྲེང་བ་བཏགས་ཏེ། རང་གི་ལྷའི་གཟུཊ ་ཅན་དུ་བསམས་ནས། ཡི་གེ་གསུམ་སོ་སོ་ལ་བརྒྱ་རྩ་བརྒྱད་མདོན་པར་བསྔགས་ལ། སྣོད་དུ་མཆོད་ཡོན་གྱི་ཆུ་བླུགས་པར་བྱའོ། །འདི་དག་ནི་རབ་གནས་ཀྱི་ཆོ་གར་གྲགས་པའི་ཆོ་གའི་ཡང་ལྷག་པར་གནས་པའོ། །ཡི་གེ ་གསུམ་གྱིས་མེ་ལ་སོགས་པའི་ཡོ་བྱད་ལྷག་པར་གནས་པའོ། །དེ་ནས་ཕྱི་དེ་ཉིད་པར་དཀྱིལ་འཁོར་གྱི་ཁང་པའི་ཁྱམས་དང་སྒོ་དང། ཉེ་བར་ཞུགས་ཏེ། སློབ་དཔོན་གྱི་མདུན་དུ་འདུག་པ་མཁས་ཤིང་སྤྲོ་བ་ཆེན་པོ་དང། བྱས ་པ་གཟོ་ཞིང་ང་རྒྱལ་མེད། །རིགས་དང་ཡོན་ཏན་དང་ལྡན་དང། །གཟུགས་དང་ཁ་དོག་ལང་ཚོར་ལྡན། །བདེ་བར་གཤེགས་པའི་སྔགས་བསྒྲུབས་ལ། །དོན་དུ་གཉེན་ཞིང་མངོན་པར་བརྩོན། །དགེ་བསྙེན་མ་ཡིན་ཡང་དགེ་བསྙེན ་གྱི་སྡོམ་པ་ཕོག་ལ་སྤྲོ་བ་བསྐྱེད་པའི་ཕྱིར་བརྗོད་དོ། །དཀྱིལ་འཁོར་གྱི་ཆོ་ག་ལས། འཁོར་བཞི་ཆར་ཡང་རྗེས་སུ་གནང། །རང་གི་བསླབ་དང་ཤིན་ཏུ་ལྡན། །ཐེག་ཆེན་ལ་དགའ་ཨི་བདག་ཉིད་ཅན། །ཁ་ཅིག་གསང་སྔགས་འགྲུབ ་དོན་གཉེར། །འདི་ན་དཀྱིལ་འཁོར་འཇུག་པར་བྱེད། །བསོད་ནམས་འདོད་བདེ་ལས་གཞན། །གཞན་དག་འཇིག་རྟེན་གཞན་དོན་གཉེར། །འཇིག་རྟེན་ཕ་རོལ་དོན་གཉེར་བའི། །དང་པ་མང་དུ་བྱས་ན་ནི། །བློ་ལྡན་དཀྱིལ ་འཁོར་འཇུག་བྱ་ཡི། །ཚེ་འདིའི་འབྲས་བུ་འདོད་མི་བྱ། །ཚེ་འདི་འདོད་པར་གྱུར་པ་ལ། །འཇིག་རྟེན་ཕ་རོལ་དེ་བཞིན་མིན། །སྐྱེས་བུ་འཇིག་རྟེན་ཕ་རོལ་གཉེར། །ཚེ་འདིའི་འབྲས་བུ་རྒྱས་པ་ཉིད། །དེ་ནས་དེ་དག་རང་གི་ལུས་ལ ་བཅུག་སྟེ། རང་གི་རྡོ་རྗེ་ནས་བྱུང་བ་རང་གི་པདྨར་བཅུག་ལ་བཏོན་ཏེ་ལན་གསུམ་གདོན་དུ་གཞུག་གོ་།དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ ་དམ་ཚིག་དེ་ཉིད་བདག་ལ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ནི་དག་ལ་གསོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་པར་མཛེད་ཅེས་སོ། །གསང་སྔགས་སྤྱོད་པའི་ཆོ་ག་འདི། །ཁྱོད་ནི་ཚུལ ་ཆེན་སྣོད་ཡིན་ཏེ། །ཁྱོད་ལ་ཡང་དག་བསྟན་པར་བྱ། །དུས་གསུམ་བྱུང་བའི་སངས་རྒྱས་རྣམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །རྡོ་རྗེ་གསང་སྔགས་མཐུ་ཡིས་ནི། །ཡེ་ཤེས་མཉམ་མེ་མད་ཡང་དག་བརྙེས། །གསང་སྔགས་སྦྱོར་བ་མཉམ ་མེད་དེ། །ཤཱཀྱ་སེང་གེ་ཚོགས་མཆོག་གི། །བདུད་སྡེ་དྲག་པོ་ཆེན་པོ་ཡི། །དཔུད་ཆེན་དག་ཀྱང་དེ་ཡིས་བཅོམ། །འཇིག་རྟེན་རྗེས་འཇུག་གཤེགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར ་བུ་ཡིས་བློ་གྲོས་འདི་གྱིས་ཤིག་ཅེས་བརྗོད་དོ། །དེ་དག་ལ་སྐྱབས་གསུམ་སྦྱིན་པར་བྱ་སྟེ། ལན་གསུམ་དུ་འདོན་དུ་གཞུག་གོ་།སྡིག་པ་བཤགས་པ་དང། བསོད་ནམས་ལ་རྗེས་སུ་ཡིད་རང་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པར ་བྱ་སྟེ། སེམས་དང་ངག་དང་ལུས་རྣམས་ལ་རྡོ་རྗེ་དང་པདྨ་དང་དེ་བཞིན་དུ་འཁོར་ལོ་སྟེ། དེ་རྣམས་སུ་ཧཱུཾ་ཨཱ(རྒྱུད་འགྲེལ་བོ་དང་མགྲིན་པར་བྱུགས་ཏེ། མེ་ཏོག་ལ་སོགས་པའི་རིམ་པས་སྦྱིན། །མེ་ཏོག་སྤྱི་བོར་མདུན་དུ་སྤོས། །མར་མེ་སླང་ཡང་སྙིང་ཁར་དྲི། །ཧེ་རུ་ཀ་ཡི་རྣལ་འབྱོར་པས། །འདི་དག་སྙོམས་པར་འཛིན་པས་སོ། །སོ་ཤིང་ཨ ་ཤ་ཐ་དང་ཨུ་དུམ་པར་མི་འཁྱོག་པ་སྲིན་བུ་མེད་པ་མ་གས་པ་རྨ་མེད་པ་སོར་བཅུ་གཉིས་པ། མཐེའུ་ཆུང་ཙམ་རྩེ་མོར་མེ་ཏོག་མཛེས་པ་ཅན་སྦྱིན་ནོ། །དེ་ཡང་འཆར་བཅུག་ལ་བ་ལང་གི་ལྕིབས་ཟུར་ལ་ཞི་པར་ཟུ ་བཤི་ཙམ་?་བྱུག་པའི་ས་ལ་མདུན་དུ་ཁ་ཤད་དུ་བལྟས། ཏེ་ལྟོས་པ་མེད་པར་དོད་པར་བྱའོ། །ཕྱི་རོལ་ཏུ་ལྷུང་ན་བགེགས་སྣ་ཚོགས་པས་དངོས་གྲུབ་མེད་དོ། །ནང་དུ་ལྷུང་བ་ནི་ཞི་བ་ལ་སོགས་པའི་ལས་གོ་བར་བྱའོ། །དེ་ནས་ཡེ་གེ་ཧཱུཾ ་ལས་བྱང་ཞིང་དེ་ཉིད་བཟླས་པའི་ཆུ་འཐོར་འཐུང་གི་ཕྱི་ནས་ཨོཾ་ཧྲཱི(རྒྱུད་འགྲེལ་གསུམ་བསྒྲིལ་མདུད་པ་གསུམ་དང་ལྡན་པ་རང་གི་འདོད་པའི་ལྷའི་བཟླས་པ་བྱས་ལག་པར་བཅིང་ལ། །ཡི་གེ་ཧཱུཾ་ལས་སྐྱེས་པའི་ཀུ་ཤགས་པ་མཉམ་པ་གཅིག་སྔས་ཀྱི་ཕྱིར། གཞན་ས་བོན་ཧཱུཾ་ལས་སྐྱེས་པ་གདང ་བར་བྱིན་ལ། རང་གི་སྔགས་ཀྱི་ཡང་དག་པར་བསྲུངས་ནས། །ཆོས་བསྟན་པས་སྤྲོ་བ་བསྐྱེད་པའི་ཕྱིར་བརྗོད་དོ། །འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། ཨུ་དུམ་པ་རའི་མེ་ཏོག་བཞིན། །བརྒྱལ་མ་ན་ནི་རེས་འགའ་ཞིག་།འབྱུང ་འགྱུར་ཡང་ནི་མི་འབྱུང་ངོ། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་ཀོན་པ་སྟེ། །གང་གིས་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདར་བྱེད་པར་ནུས། བསྐལ་པ་བྱེ་བ་དུ་མ་རུ། །སྔོན་ཆད་སྡིག་པ་བྱས ་བ་གང། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་ཟད་པར་འབྱུང་ཡིན་ན། །གྲགས་པ་མཛའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་པ་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ནས་ནི། །གོ་འཕང ་??་མེད་པར་འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་བ། །དེ་ངག་ནི་ངན་འགྲོ་དག་།སྡུག་བསྔལ་ཀུན་འབྱུང་བཅད་པ་ཡིན། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་གྱལ་བའི་སྲས ་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་གཟུང་སྐྱེ་བཞིན་བར་གནས། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་རྣམས། །ལེགས་པ་ཉིད་དུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆར་འབྱུང་བའི། །ལམ ་ཚོགས་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །རང་བྱུང་སྐལ་པ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །ཞེས་སོ། སློབ་མ་སློབ་དཔོན་ཉིད་དོན་གཉེར། །འཁོར་ལོས་མི ་ལྡོག་དབང་བསྐུར་བ། །གསལ་ནས་མགོན་པོ་བདག་ལ་ནི། །འཁོར་ལོའི་ལྷ་ནི་དེ་ཉིད་དང། །སློབ་དཔོན་གྱིས་ནི་ལས་རྣམས་དང། །སངས་རྒྱས་ཀུན་གྱིས་དམ་ཚིག་དང། །སྡོམ་དང་གསང་བ་དམ་པ་དག་།སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྟག་ཏུ ་སློབ་དཔོན་བདག་གྱུར་གསུངས། །ཤེས་སོ། །ཁྱད་པར་གྱི་སྡོམ་པ་ཉན་དུ་བཅུག་ལ། །རྨི་ལམ་དུ་གང་ཅུང་ཟད་མཐོང་བ་ནད་པ་རང་ལ་སྤྲོས་ཤིག་།ཅེས་བརྗོད་དོ། །ཁྱིམ་གཞན་དུ་སེང་གེའི་ཉལ་ཐབས་སུ་ཉལ་དུ་གཞུག་གོ། དེ་དག་ནི་སློབ ་མ་ལྷག་པ་དག་ནས་པ་འོད་ནས་བླ་མ་དཀྱིལ་འཁོར་གྱི་ཁང་པར་སློབ་དཔོན་རྣལ་འབྱོར་མ་བཞི་དང་ལྷན་ཅིག་ཏུ་གཞུགས་ཏེ། ཕྱོགས་སུ་ཕུར་བུས་བཏབ་ནས། །རྡོ་རྗེ་ར་བའི་ཕྱི་རོལ་ཏུ་དབང་ཆེན་དང། རཾ་ལས་མོའི་དཀྱིལ་འཁོར་གྱི ་ཕྱོགས་དང་མཚམས་བཅིང་བར་བྱས་ལ་སའི་ལྷ་མོ་ལ་མཆོད་དེ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པ་དང། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ཤཱ་ཀྱ་སེང་གེ་སྐྱོབ་པ་ཡིས། །འཇི ་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་ཀྱི་སྟོབས། །ཕམ་པར་བྱས་ཏེ་དཀྱིལ་འཁོར་བྲི་ཞེས་བརྗོད་དོ། །དེ་དག་ནི་ས་ལྷག་པར་གནས་པའོ། །དེ་ནས་ནམ་མཁར་བཞུགས་སུ་གསོལ་བའི་འཁོར ་ལོ་བློ་ཡིས་སྤྱན་དྲངས་ལ་བདུད་རྩི་ལྔ་ཉེ་བར་བྱུགས་པའི་དཀྱིལ་འཁོར་ལྔ་རྣམས་སུ་རང་ཇི་ལྟ་བ་བཞིན་བཅུག་ནས་ལེགས་པར་མཆོད་དོ། །མཆེ་བ་གཙིགས་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་བས་ཡང་དག་པར་བསྟོད ་ནས་བདུད་རྩི་ལྔ་དབུ་ལོ། །པུས་མོ་གཡས་པ་ཕབ་ལ་ལག་ཏུ་བདུག་སྤོས་ཀྱི་སྣོད་ཐོགས་ཏེ་ལན་གསུམ་བརྗོད་པར་བྱ་སྟེ། བཅོམ་ལྡན་ཁྲག་འཐུང་ཆེན་པོ་མཆོག་།རིགས་སྔགས་རྒྱལ་ཁྱོད་ཕྱག་འཚལ་ལོ། །ཐུགས་རྗེའི་བདག་ཉིད ་དཀྱིལ་འཁོར་ནི། །མགོན་པོ་བྲི་བར་འཚལ་ལགས་ན། །སློབ་མ་རྣམས་ལ་བརྩེ་བ་དང། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་ནི་བཀའ་དྲིན་མཛད་པར་རིགས། །འགྲོ་བའི་འཁོར་ལོ ་བྱ་རྡོན་གསོལ། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །བྱང་ཆུབ་སེམས་དཔའ་འབྲས་གནས་དང། །གང་གཞན་གསང་སྔགས་ལྷ་རྣམས་དང། །འབྱུང་པོ་རྫོགས་བྱང་ལ་གནས་དང། །ཡང་དག་རྡོ་རྗེའི་སྤྱན་མངའ་བའི། ། ་བསྟན་པ་ལ་མངོན་དགའ་བ་ཀུན། །བདག་ནི་ཆེ་གེ་མོ་རྡོ་རྗེ། །དཔལ་ལྡན་ཁྲག་འཐུང་དཀྱིལ་འཁོར་ནི། །ཇི་ལྟར་ནུས་པའི་ཡོ་བྱད་ཀྱིས། །འགྲོ་བའི་དོན་ཕྱིར་བྲིས་ལགས་ན། །ཐུགས་བརྩེ་བར་ནི་དགོངས་ནས་སུ། །དེང་བདག ་སློབ་མར་བཅས་པ་ལ། །དཀྱིལ་འཁོར་ལྷན་ཅིག་གྱུར་པ་ཀུན། །ཉེ་བ་རུ་ནི་མཛད་པར་རིགས་ཤེས་སོ། །དེ་དག་ནི་འཁོར་ལོའི་དབང་པོ་ལྷག་པར་གནས་པ་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལྷག་པར་གནས་པའོ། ་གལ་ཏེ་རབ་ཏུ་གནས་པར་བྱ་བའི་ལྷ་ཡོད་པར་གྱུར་ན། ལྷའི་བཀྲ་ཤིས་ཀྱི་ཚིག་སུ་བཅད་པ་རྣམས་ཀྱི་ཕྱི་དང་ནང་གི་དབང་བསྐུར་བ་སྦྱིན་པ་སྔོན་དུ་སོང་བས། དེ་ལ་ཡང་ཚིགས་སུ་བཅད་པ་འདི་ཉིད་གདོན་པ་སྔོན་དུ་འགྲོ་བའི་རབ་གནས་ཀྱི་ཚིག ་ལས་བསྟན་པའི་རིམ་པ་ལས་ལྷག་པར་གནས་པར་བྱའོ། །འདི་ནི་རབ་ཏུ་གནས་པར་བྱ་བའི་ལྷ་ལྷག་པར་གནས་པའོ། །དེ་ནས་ཐིག་སྐུད་ཁ་དོག་ལྔ་བདུད་རྩི་ལྔས་བརླབ་པ་སྣོད་ལྔར་གཞག་པ་དཀྱིལ་འཁོར་གྱི་འཁོར་ལོ་ལྔའི་བདག་ཉིད ་དབུས་རྒྱན་དུ་བཞུགས་པའི་རྟག་པ་ལ་སོགས་པའི་ངོ་བོ་ཉིད་རྣམས་ལ་ནམ་མཁར་བཞུགས་པའི་ཐུགས་ཀར་གནས་པ་དེ་དག་གི་ཁ་དོག་ཅན་གྱི་འོད་ཟེར་གྱི་ཐག་སྐུད་བལྟས་ལ། ཨོཾ་མེ་པྲ་ཡཙྪ་ཤྭ་ཤྭ་ཏ་སཱུ་ཏྲཾ་སྭཱ་ཙ་ཀྲཱ་སཱུ་ཏྲ་ཎཱ་ཧཱུཾ་ཞེས་བརྟག ་པའི་གནས་སུ་རིན་ཆེན་འབྱུང་ལྡན་ལ་སོགས་པ་ཡང་སྦྱར་ཏེ། གསོལ་བ་གདབ་པ་དང། དེ་རྣམས་ཀྱིས་བཏང་བ་རབ་ཏུ་གཡོ་ཞིང་འབར་བའི་མིག་གི་རྫིམས་འདྲེན་པའི་འབར་བའི་ལྟབས་བཀུག་ལ་གཅིག་ཏུ་གྱས་ཏེ། ཨོཾ་ཨཱ(རྒྱུད་འགྲེལ་ནྱོ་ནྱཱ་ནུ་ག་ཏཱ་མརྦ་དྷརྨ་ཧཱུཾ། ཨོཾ་ཨཱ(རྒྱུད་འགྲེལ་མ་རང་གི་འདོད་པའི་རྣལ་འབྱོར་པ། ཐིག་སྐུད་འཛིན་ཅིང་རྡོ་རྗེ་དྲིལ་བུ་འཛིན་པ་དང་ལྷན་ཅིག་དུ་བླ་མ་རྡོ་རྗེ་དང་སརྦབ་དྲིལ་བུ་འཆང་བས་ཡེ་ཤེས་ཀྱི་ཐིག་སྐུད་གཡོན་པའི་རྡོ་རྗེའི་ཁུ་ཆུར་གྱིས་གཟུང་སྟེ། ཛ་ཞེས་བྱ་བ་གསུམ་གྱིས ་སློབ་མ་ལ་བཏད་ལ། །སློབ་མ་ཀྱང་ཛ་ཛ་ཛ་ཞེས་བརྗོད་ཅིང་འགོ་བས་སོང་སྟེ། ལྟེ་བའི་ཕྱོགས་སུ་གོ་ཞག་ལ། གནམ་ཐིག་གདབ་བོ། དེ་བཞིན་དུ་འོག་གི་ཐིག་ཀྱང་གདབ་པོ། །ོཾ་བརྫས་ས་མ་ཡ་སཱུ་ཏྲཾ་མ་ཏི་མ་ཧཱུཾ། ཐིག་གི་སྒྲས ་སེམས་ཅན་གྱི་དོན་གྱི་ཕྱིར་དེ་བཞིན་གཤེགས་པ་རྣམས་བསྐུལ་བར་བྱའོ། །བླ་མ་ནུབ་ཀྱི་སྒོར་གནས་ཏེ། ཤར་དུ་ཁ་བལྟས་ལ་ཚངས་ཐིག་གདབ་བོ། །དེ་ནས་གཡས་བསྐོར་དུ་འགྲོ་བས་སོང་བས་ལྷོའི་སྒོར་གནས ་ཏེ། བྱང་དུ་ཁ་བལྟས་ལ་ཚངས་ཐིག་གཉིས་པའོ། །དེ་ནས་དེ་བཞིན་དུ་སོད་ནས་མེའི་ཕྱོགས་ཀྱི་གྲཝར་གནས་ཏེ། བྱང་དུ་ཁ་བལྟས་ལ། ཤར་ཕྱོགས་ཀྱི་ཐིག་གོ། དེ་ནས་དེ་བཞིན་དུ་སོང་ནས་རླུང་གི་ཕྱོགས་ཀྱིས་གྲཝར་གནས་ཏེ། ་ལྷོར་ཁ་བལྟས་ལ་ནུབ་ཕྱོགས་ཀྱི་ཐིག་གོ་།དེ་ཉིད་དུ་གནས་ཏེ། ཤར་དུ་གདོང་བལྟས་ལ་བྱང་ཕྱོགས་ཀྱི་ཐིག་གོ་།དེ་ནས་དེ་བཞིན་དུ་སོང་སྟེ་མེའི་ཕྱོགས་ཀྱི་གྲཝར་གནས་ཏེ། ནུབ་དུ་གདོད་བལྟས་ལ་ལྷོ་ཕྱོགས་ཀྱི་ཐིག་གོ་དེ ་ཉིད་དུ་གནས་ཏེ་རླུང་གི་ཕྱོགས་ཀྱི་གྲཝར་མདོན་དུ་ཕྱོགས་པས་གྲཝར་ཐིག་གོ་།དེ་ནས་དེ་བཞིན་དུ་སོང་ནས་བདེན་བྲལ་གྱི་ཕྱོགས་ཀྱི་གྲཝར་གནས་ཏེ། དབང་ལྡན་གྱི་ཕྱོགས་སུ་གདོད་བལྟས་པས་གྲཝའི་ཐིག་གདབ་བོ། །སློབ་མ་གཡས ་བསྐོར་གྱིས་རིམ་པས་སོང་ནས་བླ་མ་ལ་ཁ་བལྟས་ལ་དེ་དང་དེར་བསྔད་དོ། །གལ་ཏེ་ཐིག་འདེབས་བ་སུ་ཡང་མེད་ན་ནི་དེའི་ཚེ་གྲོགས་མེད་པས་རང་ཉིད་ཀྱི་ཕུང་བུ་ལ་བརྟགས་ལ་དེ་བཞིན་དུ་ཐིག་གདབ་བོ། །དེ་ནས་ཐིག་སྐུད་ཉིད ་ལྟ་བ་བྱས་ལ། །དབང་ལྡན་གྱི་ཕྱོགས་ནས་བཅམས་ཏེ་ཁོར་ཡུག་གི་གདབ་བོ། །མཚན་མིན་པས་ནི་དངོས་མི་འགྱུར། །ཐིག་སྐུད་ཆད་ན་བླ་མ་འཆི་ལྷག་ཆད་ལས་ཀྱི་ནད་དུ་འགྱུར། །ཕྱོགས་རྨོངས་སློབ་མ་རྣམ་པར་འཁོར། །ཟུར ་བཞི་བ་ལ་སྒོ་བཞི་བ། །རྟབས་བཞི་ཡིས་མཛེས་པ་སྟེ། དོ་ཤལ་དོ་ཤལ་ཕྱེད་པས་སྤྲས། །དར་དང་མེ་ཏོག་ཕྲེང་བས་བརྒྱན། །སྟེག་བུ་ལ་བརྟེན་གཟུངས་ཀྱིས་ཚོགས། །མཆོད་པ་རྣམས་ཀྱིས་འབྲེལ་བ་སྟེ། །གྲཝ་ཡི ་ཆ་ནི་ཐམས་ཅད་དང། སྒོ་ཁྱུད་ཀྱི་ནི་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་རྣམས་ཀྱིས་བརྒྱན། །རླུང་གིས་བསྐྱོད་པ་དྲིལ་བུ་བཅས། །བ་དན་རྣམས་ཀྱི་ཕྱི་ཡི་གྲཝར། །ཕྱི་ཡི་དཀྱིལ་འཁོར་ཐིག་གདབ་པོ། །དེ་ཡི་ནང་དུ་པདྨ་ནི། །འདབ་མ ་བརྒྱད་པས་ཉེ་བར་མཛེས། །སྙིང་པོ་གོ་སར་དད་ལྡན་པ། །ཕྱི་ཡི་འཁོར་ལོའི་ཕྱེད་དུ་ནི། །ཞེས་བྱ་བ་ལ་སོགས་པ་སྦྱར་བར་དེ་དག་ནི་ཡེ་ཤེས་ཀྱི་ཐིག་ཏུ་བྱ་བ་དང་གདབ་པའོ། །དེ་བཞིན་དུ་རིན་པོ་ཆེ་ལས་བྱུང་བའམ། །ལྕགས་ལྔས་ལས ་བྱུང་བའམ། ཁམས་ལས་བྱུང་བའམ། །ཡང་ན་འབྲས་སཱ་ལུ་ལས་བྱུང་བའམ། །དམར་པོས་ཕག་ཚོས་པའང་རུད། །སོལ་བ་ལ་བྱས་དགེ་བ་སྟེ། །དེ་ལྟར་སྦྱར་བའི་རྡུལ་ཚོན་ལྔ། །སྣོད་ལྔར་གཞག་པ་ལ་རྟག་པ་སོགས་པ་བཀོད ་དེ་ཡེ་ཤེས་ཀྱི་རྡུལ་ཚོན་དེ་བཞིན་དུ་བཀུག་ནས་གཟི་བསྐྱེད་ལ། །ོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་པ་འདེས་བླ་མས་མངོན་པར་བསྟགས་ནས་འཁོར་ལོའི་ནང་དུ་འདུག་ལ། ཤར་དུ་ཁ་བལྟས་ཏེ། དབང་ལྡན་གྱི་གྲཝ་ནས་གཡས་བསྐོར་གྱི ་རིམ་པས་རྡོ་རྗེ་ཁུ་ཚུར་གཡོན་པས་སོ་སར་ཐུགས་རྗེའི་སྟོབས་ཀྱིས་ང་རྒྱལ་དང་ལྡན་པས་བགེགས་འཇིལ་བར་བྱེད་ཅིང་རྡུལ་ཚོན་དགྱེ་བར་བྱའོ། །ཕྱི་ནས་སྒྲུབ་པའི་གྲོགས་མཆོག་གིས་བྱའོ། །དཀར་པོ་སེར་པོ་དེ་བཞིན་དམར། །ལྗང ་ཁུ་དང་ནི་ནག་པོ་ཉིད། །མཉམ་ཞིང་གཡས་བསྐོར་ཡོ་མིན་དང། །མཆད་པར་ནི་རི་མོ་དགྱེ། །སྤོམ་པར་གྱུར་ན་ནང་དུ་འགྱུར། །ཕྲ་མོ་ཡིས་ནི་ནོར་འཇོམས་ཏེ། །ཡོན་པོས་རྣམ་སྡད་ཆད་པ་ཡིས། །བླ་མ་དག་དང་སློབ་མ་འཆི། ། ་ཤར་ཕྱོགས་སུ་ནི་དཀར་པོ་ཆེ། །ལྷོར་ནི་སེར་པོ་སྣང་བ་སྟེ། །ནུབ་ཀྱི་ཆ་ནི་དམར་པོའོ། །བྱང་ནི་ལྗང་ཁུ་ཡང་དག་ལྡན། །དབུས་ཀྱིས་གཞིའི་ཆ་དེ་ནི་ཨིན་དྲ་ནི་ལ་མཚུངས་པའི་འོད། །འདི་དག་ནི་ཚོན་གྱིས་རིམ་པ་སྟེ། རྣལ་འབྱོར་མ ་རྣམས་ནི་རྟག་པ་ལ་སོགས་པའི་ངོ་བོ་ཡིན་པའི་ཕྱིར་དང། འདྲེན་པ་མི་བསྐྱོད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །སྔར་བསྟན་པའི་མདོག་དང་མཚོན་ཆ་འཛིན་པ། །སྔར་བསྟན་སྣ་ཚོགས་པ་འབར་བ། ཨང་བསྟན ་པ་ཡི་གནས་རྣམས་སུ། །ལྷ་ལྔ་པོ་དག་མཁས་པས་བྲིའོ། །ཡང་ན་གཞན་དག་ན་རེ། རང་གི་བླ་མའི་རིམ་པ་གསལ་བར་བྱས་པས་དབུས་དང་ཕྱོགས་བཞིར་ཤིན་ཏུ་གསལ་བར་བྱ་བའི་མཚན་མ་དགོད་པ་ཡིན་ནོ་ཞེས་ཟེར་ཏེ། དེ ་བཞིན་དུ་འདབ་མ་བརྒྱད་ཀྱིས་བསྐོར་བའི་ཆུ་སྐྱེས་མཚུངས་པ་མེད་པ་ལ། ཕྱོགས་རྣམས་ནི་དམར་པོ། མཚམས་རྣམས་ནི་ཇི་ལྟར་མཛེས་པས་སྤྲས་པའོ། །ཕྱོགས་ཀྱིས་འདབ་མར་རྡོ་རྗེ་ནོར་བུའི་སྙེ་མ་དང། སྣ་ཚོགས་པདྨ་དེས་འབར ་བའི་རལ་གྲི་སྟེ། ལྟེ་བར་པདྨའི་སྣོད་ནི་འོད་ཚོགས་པ་དག་ཏུ་འདི་ནི་བྲི་བའི་དཀྱིལ་འཁོར་ཆོ་གས་བྲི་བར་བྱ། ཉི་མ་གསུམ་པ་ལ་མཚན་མ་དགོད་པ་ལ་སོགས་བརྡུལ་ཚོན་དགྱེ་བར་གྲུབ་པ་དང། ཐུགས་རྗེའི་སྟོབས་རྣལ་འབྱོར ་གྱིས་ཞུགས་ལ། བསྐོར་བ་བྱེད་ཅིང་ཆད་པ་དང་ལྷག་པའི་ཉེས་པ་ཞི་བར་བྱ་བའི་ཕྱིར་བལྟས་ལ། རྒྱས་པའི་ཡང་རུང་སྟེ་སྦྱིན་སྲེག་བྱའོ། །གསེར་རམ་ཟངས་ལས་གྲུབ་པའི་འམ་ནི་མཆོད་སྦྱིན་གྱི་ཤིང་ལས་བྱས་པའི་དགང་གཟར་ཏེ ་དེའི་དབྱུག་པ་ནི་སྐྱེས་བུ་ཚད་དང་ལྡན་པའི་མཐེ་བོའི་སོར་ཉི་ཤུ་རྩ་བཞི་པ་ཆད་ས་གཟུང་བར་རུང་བ། དེའི་སྟེང་དུ་སོར་བཞི་བའི་ཁ་ཟུར་བཞི་བའི་སོར་གཉིས་དམ་འབར་སྲུངས་པ། རྡོ་རྗེ་རྩེ་ལྔ་པ་སོར་གཉིས་པས་བྱིན་གྱིས་བརླབས་པ། རོ་འབབ ་པའི་བ་གར་སོར་གཅིག་ཙམ་འམ། མཐེའུ་ཆུད་ཙམ་སྟེ། དེའི་སྟེ་དུ་པདྨའི་རྣམ་པ་ཚུར་སོར་བརྒྱད་ཕ་ཞེད་དུ་ཐད་དཀར་སོང་བཞི་པ། སོར་གཉིས་བརྐོས་པས་རྡོ་རྗེ་རྩེ་གསུམ་པ་སོང་བཞི་པ་ཅན། །དབྱུག་པའི་འོག་ཏུ་རྡོ་རྗེ་རིན ་པོ་ཆེ་སོར་དྲུག་པ་ཅན་ནོ། །བླུགས་གཟར་ནི་ཁྲུ་གང་ཙམ་པ་ཁ་པདྨའི་ལོ་མ་ལྟ་བུ་རྒྱར་སོར་གཉིས་པ་ལ། སོར་གཅིག་དམའ་བར་བྲུས་པའི་དབུས་སུ་རྡོ་རྗེ་རྩེ་ལྔ་པ། །སོར་ཅིག་ཙམ་ཡོད་པ་དབྱུག་པའི་འོག་ཏུ་རྡོ་རྗེ་རིན་པོ་ཆེ་ཅན་ནོ། །སར་མོ ་ལྔ་ཡི་སྦྱོར་བས་ཀྱང་དགང་གཟར་བླུགས་གཟར་བྱ་ཞིང། སོར་མོ་གསུམ་གཙར་བས་སྲེག་བླུགས་གཅིག་བྱའོ། །དཀྱིལ་འཁོར་གྱི་ཁང་པའི་ཤར་ཕྱོགས་སུ་ཞི་བའི་ཐབ་ཁུང་དང། དབང་གི་ཐབ་ཁུང་བྱའོ། །ལྷོར་རྒྱས་པ་དང། ནུབ་དུ་དགུག ་པ་དང། བྱང་དུ་བྲག་ཤུལ་སྤྱོད་པའི་ཐར་ཁུང་བྱའོ། །ལས་ཐམས་ཅད་པའི་ཐབ་ཁུང་ནི་རྒྱར་ཁྲུ་གང་ཙམ། ཁྲུ་ཕྱེར་བྲུས་པ་ཟླུམ་པོ་པདྨ་རྒྱས་པ་ལྟ་བུའི་རྣམ་པ། ཁ་ཁྱེར་ཅན་ཕྱི་རོལ་རྡོ་རྗེའི་ཕྲེང་བས་བསྐོར་བ། དེའི་ནང་དུ་རིམ་པ ་བཞིན་དུ་ཐོད་པ་དང་རྡོ་རྗེ་དང་རིན་པོ་ཆེ་དང། སྣ་ཚོགས་པདྨ་དང། རལ་གྲི་བྱིན་གྱིས་བརླབ་པ། བདུད་རྩི་ལྔ་འམ། སྣུབ་ཚན་ནམ། པའི་མར་རམ། ལས་དང་རྗེས་སུ་མཐུན་པའི་སྦྲང་རྩི་དང་བདུད་རྩིར་བཅས་པའི་ཡཾ་ཤིང་དང། ཏིལ ་དང་སཱ་ལུ་དང། ཟན་དང། ནས་དང། འོ་མ་དང། ཞོ་དང། འབྲས་ཡོས་དང། ཀུ་ཤ་སྔོན་པོ་དང། དུར་བ་དང། ཙཱུ་དའི་ལོ་མ་དང་ཙན་དན་གྱི་ཕྱེ་མ་དང། མེ་ཏོག་པྲི་ཡང་ཀུ་དང། མེ་ཏོག་དཀར་པོ་དང། སེ་འབྲུ་དང་དྲི་ཞིམ་པོ་དང་ལྡན་པ ་དང། ཇི་ལྟར་ནུས་པའི་སྲེག་རྫས་རྣམས་སོ། །དེ་ལ་ཡཾ་ཤིང་ནི་བ་ལང་ཤ་དང། ཨུ་དུམ་བར་དང། གསྨི་རི་དང། ཨ་ཤྭ་ཏ་ཐ་དང། ཀཀྵ་དང། ཤི་མི་དང། ནྱ་གྲོ་བྷ་ལ་སོགས་པ་འོ་མ་ཅན་གྱི་ཤིང་ལས་བྱུང་བ། རློན་བ་མཉམ ་པར་བཅད་པ། མཐོ་གང་ཙམ་འམ། མཐེའུ་ཆུང་ཙམ་རྩེ་མོའི་ཆ་ལས་བྱུང་བ། སྦྲང་རྩི་དང་འོ་མར་རྩེ་མོ་གཉིས་བྱུགས་ལ། བསྲེག་པར་བྱ་བ་ཡིན་ནོ། །རྙིངས་པ་དང། གས་པ་དང། ཁོང་སྟོང་དང། ཆག་པ་དང། ཤན་པ་མེད ་པ་དང། ཐུང་བ་དང། ཡོ་བ་དང། རྩེ་མོ་ཁ་བྲག་པ་དང། འཕྲས་པ་དང། སྦོམ་པ་དང། རིང་བ་དང། སྲིན་བུས་ཟོས་པ་དང། སྲོག་ཆགས་དང་བཅས་པ་ཉིད་ནི་དོར་བར་བྱ་བ་ཡིན་ནོ། །བུད་ཤིང་ནི་འོ་མ ་ཅན་གྱི་ཤིང་དེ་དག་ཉིད་སྲོག་ཆགས་མེད་པའམ། དགོན་པའི་བ་ལང་གི་ལྕི་བ་སྐམ་པོ་ཡིན་ཏེ། ཐབ་ཁུང་བས་དམའ་བའ་ཨོ། །ཞི་བ་དང་རྒྱས་པ་དང། དབང་གི་ལས་ལ་འོ་མ་ཅན་གྱི་ཤིང་གཙུབས་པ་ལས་བྱུང་བའི་མེ་འམ། རྒྱུན ་ཞག་གི་མེ་འམ། དགེ་འདུན་གྱི་ཚང་མང་ནས་ཀྱི་མེ་ནི་ཞི་བ་དང། རྒྱས་པའི་ལས་ལའོ། །རྒྱས་པ་ལ་ནི་རྒྱལ་པོ་འམ་ཞང་བློན་གྱི་ཁྱིམ་ནས་བྱུང་བའམ། ནགས་ཚིག་པའམ། དགེ་འདུན་གྱིའོ། །དབང་ལ་ནི་རྗེའུ་རིགས་དང། རྗེའུ་རིགས ་མིན་པའི་ཁྱིམ་ནས་བྱུང་བའོ། །དབུག་པ་ལ་ནི་གར་མཁན་དང། སློངས་མོ་བའི་ཁྱིམ་གྱིའོ། །མ་རུངས་པ་ལ་ནི་དུར་ཁྲོད་ཀྱི་རུས་པ་དང། རྔོ་བ་དང། གཏུམ་པོ་ལ་སོགས་པའི་ཁྱིམ་ནས་བྱུང་བའོ། །མཆོད་ཡོན་གྱི་སྣོད་ནི ་གསེར་རམ་དངུལ་ལམ། །ཟངས་སམ། རྡོ་འམ། ཤིང་དམ། སའི་རང་བཞིན་དུ། དུང་དམ། ཉ་ཕྱིས་སམ། །ལོ་མ་སྐྱོང་བའང་རུང་སྟེ། མེ་ཏོག་དང། ཏིལ་དང། ཀུ་ཤ་དང། འབྲས་ཡོས་དང་ལྡན་པའི་དྲི་ཞིམ་པའི་ཆུ་ཅན་ནོ། ། ་ཞི་བ་ལ་སོགས་པའི་ལས་དང་རྗེས་སུ་མཐུན་པར་ལྷའི་ང་རྒྱལ། དེ་དང་མཐུན་པར་བྱས་ཤིང་བརྒྱན་ལ། ལས་དེ་ལ་བསྟན་པའི་ཕྱོགས་སུ་ཁ་བལྟ་བ་དང། དེ་ལ་བརྗོད་པའི་སྟོན་ལ་སོགས་པའི་བྱེད་བྲག་དང། རྡོ་རྗེ་སློབ་དཔོན་གྱི ་གཡོན་ཕྱོགས་སུ་མཆོད་ཡོན་ལ་སོགས་པ་བཀོད་དེ། གཡས་སུ་ལས་དང་མཐུན་པའི་སྲེག་བྱ་ལ་སོགས་པའི་ཡོ་བྱད་ཐམས་ཅད་གཞག་པ། ལྷག་པའི་བསམ་པ་དེ་དང། དེ་བཞིན་དུ་བྱས་ཏེ། རྫས་དེ་དག་བསྲེགས་པ་སྔོན་དུ་འགྲོ ་བས་དེ་དད་དེའི་ལས་བྱའོ། །དེ་ལ་དབུས་སུ་པདྨར་གནས་པའི་ས་བོན་ཧཱུཾ་ལས་བྱུང་བའི་རྡོ་རྗེ་མེའི་སྙིང་ཁར་རཾ་དང་བཅས་པའི་སུམ་མདོའི་རིས་ཅན་གྱིས་མཚན་པ། ཕྱག་དྲུག་པ་སེར་པོ། སེར་པོ་དང་སྔོན་པོ་དང། དཀར་པོའི་ཞལ་གསུམ་པ། རྩ ་བའི་ཕྱག་དག་གིས་ཤེས་རབ་མ་ལ་འཁྱུད་པ། ཕྱག་གཡས་པ་དང། ཅིག་ཤོས་གཞན་དག་གི་མི་འཇིགས་པ་དང། ཕྲེང་བ་དང། །ཐག་གུ་དང། ང་བྱུག་པ་འཛིན་པ་དང། ཡེ་ཤེས་ཀྱི་ཆོ་ག་བཞིན་དུ་སྤྱན་དྲངས་པ་ལ་སོགས་པ་སྔོན ་དུ་འགྲོ་བ་ཅན་བསམ་ལ་སྦྱིན་སྲེག་བྱའོ། །དགང་གཟར་དང་བླུགས་གཟར་གྱི་ཁ་ལ་འདོད་པའི་ལྷ་ཡི་ས་བོན་རབ་ཏུ་འབར་བ་བསམས་ཏེ་བྱིན་ཟའི་ཞལ་དུ་ཡང་ཡི་གེར་དཀོད་ལ་དགང་བླུགས་འབུལ་ལོ། །དེའི་སྙིང་ཁར་ཡང་ལྷའི་འཁོར་ལོ་བསམས་ནས ་བདུད་རྩིའི་བདག་ཉིད་ཅན་གྱི་གཏོར་མ་རྣམས་ཀྱིས་ཚིམ་པར་བྱའོ། །ོཾ་ཨ་ཀ་ན་ཡེ་སྭཱཧཱ། ཞེས་པ་ནི་ཡཾ་ཤེད་བསྲེགས་པ་ཐམས་ཅད་དང་མར་གྱིའོ། །ོཾ་སརྦབ་པཱ་པཾ་ད་ཧ་ན་བཛྲ་ཡ་སརྦབ་པཱ་པཾ་དཱ་ཧ་སྭཱཧཱ་ཏིལ་གྱིའོ། །ོཾ་བཛྲ་ཨཱ་ཡུ་ཥེ་སྭཱཧཱ། ་དུར་བའིའོ། །ོཾ་བཛྲ་པུཥྚ་ཡེ་སྭཱཧཱ། འབྲས་ཐུག་པོ་ཆེ་མ་གས་པའི་འོ། །ོཾ་བཛྲ་སཾ་བ་དེ་སྭཱཧཱ། ཞེས་པ་ནི་ཡཾ་ཤེང་བསྲེགས་པ་ཐམས་ཅད་དང་མར་གྱིའོ། །ོཾ་སརྦབ་པཱ་པཾ་ད་ཧ་ན་བཛྲ་ཡ་སརྦབ་པཾ་ད་ཧ་སྭཱཧཱ་ཏིལ་གྱིའོ། །ོཾ་བཛྲ་ཨཱ་ཡུ་ཥེ་སྭཱཧཱ། ་དུར་བའིའོ། །ོཾ་བཛྲ་པུཥྚ་ཡེ་སྭཱཧཱ། འབྲས་ཐུག་པོ་ཆེ་མ་གས་པའི་འོ། །ོཾ་བཛྲ་སཾ་བ་དེ་སྭཱཧཱ་ཞོ་ཟན་གྱིའོ། །ོཾ་ཨ་པྲ་ཏི་ཐ་ཏ་བཛྲ་ཡ་སྭཱཧཱ། ཀུ་ཤའི་འོ། །རྒྱས་པའི་མཛའ་མར་ཡི་གེ་ཨོཾ་བསྐུལ་བ་དད་ལྡན་པའོ། །ཞི་བའི་མཐར ་ཡེ་གེ་སྭཱཧཱ་བསྐུལ་བ་དང་ལྡན་པའོ། །དབང་ལ་ནི་ཡི་གེ་ཧའོ། །དགུག་པ་ལ་ནི་ཡི་གེ་ཛའོ། །དབྱེ་བ་ལ་ནི་ཡི་གེ་ཧཱུཾ་ངོ། །དགར་བ་ལི་ནི་ཡེ་གེ་ཧཱུཾ་ངོ། །དྲག་ཤུལ་སྤྱོད་པ་ལ་ཡི་གེ་ཕཊ་ཏེ། འོན་ཀྱང་བསྐུལ་བ་འང་བརྗོད་པར་བྱ་སྟེ། ་རིམ་པ་འདིས་ལྷ་ཐམས་ཅད་ཚིམ་པར་བྱའོ། །འབར་བའི་མཚན་མ་རྣམས་རྟག་པར་བྱ་སྟེ། དབང་པོ་གཞུ་འདྲ་བ་ཁ་དོག་དཀར་བ་དང། བྱུ་རུ་བཅག་པ་ལྟ་བུ་དང། །གཡས་སུ་འཁྱིལ་ཞིང་ཤིན་ཏུ་སྣུམ། ལྡམ་བུ་ཆུ་ཤེལ་མཆུང་ས? ་པའི་འོད། །ལེབ་རྒན་ཅི་འདྲ་མར་གྱི་ནི། །སྲེག་བླུགས་བླུགས་གཟར་རྣམས་དང། རྡོ་རྗེ་རྩེ་གསུམ་དང། མདུང་དང། པདྨ་དང། ཉ་དང། དཔལ་པེའུ་དང། རྔ་ཡབ་དང། རྒྱལ་མཚན་དང། གདུག་ལ་སོགས ་པ་དང། བུམ་པ་དང། གཡུང་དྲུང་གི་རྣམ་པ་འབྱུང་བ་དང། པི་ཝང་དང། རྫ་རྔ་ཟབ་པ་དང། དྲི་ཞིམ་པ་དང། ཤིན་ཏུ་ཡིད་འཕྲོགས་པ་དང། གེ་གསར་དང། རྡུལ་ལྟར་སྣང་བ་དང། དུ་བ་མེད་པ་དང། འབར་བ་དང། ཉི་མ ་ལྟར་སྣད་བ་དྲི་མ་མེད་བ་སྟེ། དེ་དག་ལ་སོགས་པ་འབར་བའི་མཚན་ཉིད་དགེ་བ་རྣམས་ཤེས་པར་བྱའོ། །མཚན་མ་མེད་པ་ནི་དཔལ་ཧེ་རུ་ཀའི་རྣལ་འབྱོར་ཉིད་ཀྱི་མན་ངག་ཇི་ལྟ་བར་བགེགས་མེད་པར་བྱའོ། །མཐར་ནི་དགང ་བླུགས་ཕུལ་ལ་གསང་གཏོར་དང། འཐོར་འཐུང་དང། མཆོད་ཡོན་དབུལ་བ་སྔོན་དུ་བྱ་བས་ལེགས་པར་མཆོད་དེ། ཡང་དག་དག་པར་བསྟོད་ལ། གཤེགས་སུ་གསོལ་བར་བྱའོ། །སྲེག་རྫས་ལྷག་མར་སླར་ཡང་མེ་ལ་སྦྱིན ་སྲེག་བྱའོ། །ཡོང་སྲིད་ན་ཞི་བ་ལ་སོགས་པ་དོན་དུ་གཉེར་བའི་སྐྱེ་བོ་དེ་གཡོན་ལོགས་སུ་གཞག་ལ། དེའི་མཐེ་བོང་གཡས་པ་གཟུང་ལ་གཡས་སུ་བསྐོར་བའི་ཚུལ་གྱིས་བྱུར་བསལ་བ་སྔོན་དུ་བྱས་ནས་ཆེ་གེ་མོ་ལ་ཞི་བར་གྱིས ་ཤིག་ཅེས་བྱ་བ་ལ་སོགས་བའི་བསྐུལ་ཚིག་དང་ལྡན་པས་བདུན་ཕྲག་གསུམ་སྲེག་བླུགས་ཕུལ་ནས། དེ་ནས་ཡོན་བླངས་ལ་མེ་ལྷ་ཡང་གཤེགས་སུ་གསོལ་བར་བྱའོ། །དེའི་རྗེས་ལ་རྣམ་པར་རྒྱལ་བའི་བུམ་པ་ཤར་ངོས་སུ ་གཞག་སྟེ། དེའི་སྟེང་དུ་བུམ་པ་ཐམས་ཅད་ནས་ཆུ་ཅུད་ཟད་བླུགས་པའི་པདྨའི་སྣོད་ས་ཧ་ཀ་རི་ལོ་འདབ་དང་ལྡན་པ་ཞིག་ཆུའི་དབང་བསྐུར་བའི་དོན་དུ་གཞག་གོ་།དེ་དང་ཉེ་བ་མན་ངག་བཞིན་ལ་སོགས་པ་ལ་གནས་པའི་པདྨ ་བན་དྷ་གཞག་བདུད་རྩི་ལྔ་དང་ལྡན་པ་ཞིག་བདུད་རྩི་བཏུང་བའི་དོན་དུའོ། །སྣ་ཚོགས་མཁའ་འགྲོ་མའི་བུམ་པ་ཡང་འཇུག་པར་འདོད་པ་རྣམས་ཀྱི་གཡས་ལོགས་སུ་དཀྱིལ་འཁོར་གྱི་ཁང་པའི་སྒོ་དང་ཉེ་བར་རྩཝ་ཀུ་ཤའི་ཚུན་པོ་དང་ལྡན་པ་ཞིག ་གསང་གཏོར་བྱི་དོན་དུ་བཞག་གོ་།བུམ་པ་གཞན་དག་ནི་ཇི་ལྟར་མཛེས་པའོ། །སློབ་དཔོན་གྱིས་གདན་ཡང་སྒོ་དང་ཉེ་བར་གདིང་ངོ། །དེ་ནས་མན་ངག་ཇི་ལྟ་བ་བཞིན་དཀྱིལ་འཁོར་བསྒྲུབ་པར་བྱས་ནས་བླ་ན་ཡོད་པ་ལ་སོགས་པའི་མཆོད ་པའི་མཐར། །མགོན་བོས་དངོས་གྲུབ་ཐམས་ཅད་ཡོད་པར་མཛོད་ཅིག་ཅེས་གསོལ་བ་གདབ་བོ། །དེའི་རྗེས་སུ་ཕྱི་རོལ་དུ་བྱུང་སྟེ། འདིར་འཆད་པའི་གཏོར་མ་སྦྱིན་ནས། བླ་མ་སློབ་མ་བཞིན་དུ་བློས་ཞུགས་ལ་དབང་བསྐུར་བ་ལ་སོགས་པ ་དང། སོ་སོར་ཕྱག་བཙལ་བ་ལ་སོགས་པ་བྱས་ཏེ། བདག་ནི་སློབ་དཔོན་དུ་གྱུར་ནས་ཐམས་ཅད་བྱའོ་ཞེས་རང་གི་བློས་མོས་པར་བྱའོ། །དེ་ཁོ་ན་ཉིད་དང་འཁོར་ལོ་ཡང་གཟུགས་བརྙན་ལྟར་ཆོས་ཉིད་ཀྱིས་ཤེས་པར་བྱས་ནས་གདོན ་ཏེ་ནམ་མཁའ་ལས་བྱུང་མཚན་བྷན?་ཕྱིར། ཐོག་མ་ཐ་མ་མེད་པའི་མཆོག་།སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །ཧེ་རུ་ཀ་དང་བདག་གྲུབ་མཛོད། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དཔང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན ་བྱ་རྐྱེལ། །མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད། །ཉེས་པ་མི་མངའ་རྟག་པ་ཁྱོད་།འདོད་ཆགས་ཀུན་གྱི་རྗེས་ཆགས་པ། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་ཀྱིས་གྲུབ་མཛོད། །ཤིན་ཏུ་དག་པ་ཀུན་གྱི་མཆོག་། ་གཟོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔར་བདག་གྲུབ་མཛོད། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། དབང་ཕྱུག་ཆེན་པོ་ཕྱག་རྒྱ་མཆོག་།གྲུབ་པའི་རྡོ་རྗེ་ཆེར་བསྟོད་པ། །རྡོ་རྗེ ་སྙེམས་བདག་བདག་མཛོད་ཅིག་།སེམས་ཅན་ཀུན་གྱི་ཡིད་ཁྱབ་པས། སེམས་ཅན་ཀུན་གྱི་ཡབ་ཉིད་དེ། །དམ་ཚིག་ཆོག་གི་འདོད་པ་ཡིན། །བདེ་བ་གང་གི་ཡེ་ཤེས་མཆོག་།ཤེས་རབ་ཐབས་ཀྱི ་དཀྱིལ་འཁོར་ཡིན། །བདེན་པ་དེ་ཡིས་བདག་ལ་མགོན། །ཁྱེད་ཀྱི་འདོད་པ་ཡོངས་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས ་ལས་ཀུན་ཏུ་འབྱུང། །དེ་བཞིན་ཁོ་ན་ཉིད་ལས་སྐྱེས། །བདེན་པ་འདི་ཡིས་དཀྱིལ་འཁོར་དུ། །གཟུགས་བརྙན་གསལ་བར་སློབ་མ་ནི། །ཀུན་གྱི་དྲི་མེད་མཐོང་བར་ཤོག་།དེ་ནས་སློབ་མ་མཆོད་པར་འོས་པ་ཡིས། །ཆ་བྱང་ཅན ་ཕྱི་རོལ་དུ་གཡོགས་དམར་པོས་བཅིངས་ལ། མེ་ཏོག་གཅིག་ཏུ་དཀར་བ་ཐལ་མོས་གཟུང་ལ། སྐྱེས་བུ་མཁས་པས་ཁྲིད་དེ་ཡོལ་བ་གཉིས་ཀྱིས་བར་དུ་བཅུག་ལ། བླ་མས་ཧཱུཾ་ཞེས་པས་ཡོལ་བའི་བླ་ནས་བཏེག་ལ། ཀུ་ཤིའི་ཆུན ་པ་ཆུས་བསངས་ལ། སྡུག་པ་ཁྱོད་སུ་ཡིན་ཞེས་དྲི་བར་བྱའོ། །སྡུག་པ་ངན་བུ་ནི་སྐབ་པ་བཟང་པོ་པ་ཡིན་ནོ་ཞེས་བཟོད་པ་དང་ལྡན་པ་ལེགས་པར་མཆོད་དེ་དཀྱིལ་འཁོར་གྱི་ཁང་པར་གཞུག་པར་བྱའོ། །ོཾ་སརྦ་ཡོ་ག ་རྩིཏྟ་ཨུད་པ་ཏ་ཡ་མི་ཞེས་བྱ་བས་བྱང་ཆུབ་དམ་པར་སེམས་སྐྱེད་དུ་བཅུག་ནས། དེའི་སྙིང་ཁར་ས་བོན་ལས་རྡོ་རྗེ་སྟེ། བརྗོད་པར་བྱའོ། །སུ་ར་ཏ་ས་མ་ཡ་སྟཝཾ་ཧོ་སིདྡྷི་བཛྲ་ཡ་ཤཱ་སུ་ཁཾ། དེང་ཁྱོད་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པར་འགྱུར་གྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོག་ཏུ་གསང་བ་འདི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱའོ། །མ་དད་པར་ཡང་མ་བྱེད་ཅིག་།ཛ(རྒྱུད་འགྲེལ་སློབ་བཀུག་ནས་བཅུག་སྟེ་།དེ་ལ་ཨ་ཁཾ་བི་ར་ཧཱུཾ་ཞེས་གདོང་བཅིང་བཅུག་ནས་དཀྱིལ་འཁོར་གྱི་སྒོར་ཁྲིའི་སྟེང་དུ་གཞག་ལ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་ཡེ་ཤེས་གང་གིས ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་ན། དངོས་གྲུབ་གཞན་ལྟ་ཅི་དགོས། །དེ་ལྟ་བུའི་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱ་ཡིས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བའི་མདུན་དུ་མ་སྨྲ་ཞིག་།ཁྱོད་རང་གི་དམ་ཚིག་ཉམས ་པར་འགྱུར་ཏ་རེ། ཞེས་བརྗོད་དོ། །དེའི་སྙིང་ཁར་རྡོ་རྗེ་གཞག་ལ། རྡོ་རྗེ་སེམས་དཔའ་རང་ཉིད་ནི། །དེ་རིང་ཁྱོད་ཀྱི་སྙིང་ལ་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །པདྨའི་སྣོད་ན་བདུད་རྩི་ལྔ་སྲིན་ལག་དང ་མཐེ་བོས་དེའི་ཁར་བྱིན་ནས། འདི་ནི་ཁྱོད་ཀྱིས་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ལས་དངོས་གྲུབ་སྟེ། །རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག་།ོཾ་བཛྲོད་ཀ་ཋ་ཞེས་བརྗོད་ལ་འཐུང་དུ་གཞུག་གོ་།སློབ་མའི་དམ ་བཅའ་བརྟག་པར་བྱ་བའི་ཕྱིར་འདི་སྐད་དོ། །དེ་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་ཁྱོད་ཀྱི་བྱ་དགོས་སོ། །ཁྱོད་ང་ལ་བརྙས་པར་མ་བྱེད་ཅིག་།ཁྱོད་ཡང་བ་མ་སྤངས་པར་དུས ་བྱས་ནས་སེམས་ཅན་དམྱལ་བར་གྱུར་ཏ་རེ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་བྱིན་གྱིས་བརླབས་དུ་གསོལ། རྡོ་རྗེ་སེམས་དཔའ་བདག་ལ་དབབ་དུ་གསོལ། ཞེས་སྨར་གཞུག་གོ་།སློབ་མའི་ལུས་དང་ངག་དང་ཡིད་ལ ་ཆུ་དང་རླུང་དང་ས་ལ་ཧ་ཨ་ཧཱུཾ་རྐང་མཐིལ་དུ་ཡང་ཡི་གེ་ཛཛེ་ཞེས་བརྗོད་ཅིང་བསམས་ནས། རླུང་དང་མེ་དང་ས་འཁོར་ལོར་སོང་སྟེ། རླུང་གི་མེའི་འཁོར་ལོ་སྤར་བ་དང། ཡི་གེ་ཛཛེའི་འོད་ཟེར་རྣམས་སློབ་མ་རྡུལ་ཕྲ་རབ་རྣམས་ལ་བཞུགས་པས ་དབབ་པས་བྱ་སྟེ། ཨ་བེ་ཤ་ཡ་སྟོ་བ་ཡ་ར་ར་ར་ར་ཙ་ལ་ཡ་ཙ་ལ་ཡ་ཧཱུཾ་ཧ་ཨ་ཛཛཻ་ཞེས་བཤད་ཅིང་འགྱིང་བ་དང་བཅས་པས་དྲིལ་བུ་དཀྲོལ་ལོ། །སྒོ་སྐྱོང་མ་བཞི་དྲིལ་བུ་དཀོལ་བ་ལ་གཞོལ་བས་དོན་གཞུག་གོ་།འབས ་པར་གྱུར་ན་དེའི་ལྕེ་ལ་ཡི་གེ་དམར་པོ་ཅན་ཉིད་ཀྱི་འོད་དཔག་ཏུ་མེད་པ་བསམས་ནས། རྡོ་རྗེ་དགེ་བ་དང་མི་དགེ་བ་སྨྲོས་ཤིག་ཅེས་བརྗོད་དོ། །བསམ་བ་བརྟན་བར་བྱ་བའི་ཕྱིར་ཏཥྛི་བཛྲ་ཞེས་བྱ་བས་ཉེ་བར་བསྡུ་བར་བྱའོ། །དབབ་པའི་ཆོ་གའོ། ་པྲ་ཏཱིཙྪ་བཛྲ་ཧོ་ཀ(རྒྱུད་འགྲེལ་མ་ཧཱ་བ་ལ་ཞེས་བརྗོད་ཅིང་བདགས་པར་བྱའོ། །རིགས་གང་དུ་མེ་ཏོག་དེ་ལྷུང་བ་དེའི་རྣལ་འབྱོར་སྦྱིན་པར་བྱ་བའམ། འདོད་པའི་ཁྱད་པར་གྱིས་རྣལ་འབྱོར་གྱི་སྦྱིན་པར་བྱའོ། །འདི་དག་ནི་རྒྱུད་གཞན་ནས་གསུངས་པའི་ཕྲེང་བའི ་དབང་བསྐུར་བ་ཡིན་ནོ། །དེའི་མིག་གཉིས་ལ་ཡི་གེ་ཨོཾ་བསམས་ལ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱིས། །ཅིག་འབྱེད་པར་ནི་བརྩོན་པར་བྱ། །མིག་ནི་ཐམས་ཅད་འབྱེད་མཛད་དེ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཅེས་བརྗོད་ཅིང ་གདོང་གཡོགས་དཀྲོལ་ནས། །རིམ་གྱིས་བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་ཅན་བསྟན་པར་བྱའོ། །དེ་ནས་ནི་སློབ་མ་གཞུག་པའི་ཆོ་གའོ། །དེ་ཉིད་དུ་ཁྲི་ལ་མངོན་པར་ཕྱོགས་པར་སྐྱིལ་ཀྲུད་དུ་འདུག་ཏུ་བཅུག་ལ། ་སྔར་བསྟན་པའི་རྣམ་པ་རྒྱལ་བའི་སྟེང་དུ་གཞག་བའི་མཆོད་ཡོན་གྱི་སྣོད་ནས་ལོ་འདབ་གྱིས་བླངས་པའི་ཆུས་སློབ་མ་འདོད་པའི་ལྷར་བསྒོམས་པའི་རྣལ་འབྱོར་པའི་མགོ་བོར་བཛྲ་ཨ་བྷི་ཥིཉྩ་ཞེས་དག་ཏུ་བརྗོད་ཅིང་གཏོར་བར ་བྱའོ། །འདི་ནི་ཆུའི་དབང་བསྐུར་བའི་ཆོ་གའོ། །རས་ལ་སོགས་པ་ལ་ཅོད་པན་བྱས་ཏེ། དེའི་རིགས་ཀྱི་དབང་པོས་མཚན་པར་བསམས་ལ། དེའི་མགོར་བོར་བསྐོན་ནོ། །ཅོད་པན་གྱི་དབང་བསྐུར་བའོ། །ཅོད་པན་ཉིད་ལ་བརྗོད་པར་གྱུར་པ་གཞན་དག་བྱ་སྟེ། ་དེའི་སྙིང་ཁར་རྡོ་རྗེ་ལེགས་པར་གཞག་ལ། སངས་རྒྱས་རྡོ་རྗེའི་དབང་བསྐུར་བས། །དེ་རིང་ཁྱོད་ལ་དབང་བསྐུར་འགྱུར། །སངས་རྒྱས་ཐམས་ཅད་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་དེ་ཁྱོད་ཀྱིས་ལོང་ཞེས་བརྗོད་ཅིང་ལག་པ་གཡས་པས་འཛིན་དུ་གཞུག་གོ་།དེ ་དག་ནི་རྡོ་རྗེ་དབང་བསྐུར་བའོ། །རང་གི་བདག་པོའི་རྣལ་འབྱོར་པས། དེའི་བྲང་དུ་དེ་ཉིད་ཀྱི་རྡོ་རྗེ་དང། །དྲིལ་བུ་འཛིན་པའི་ལག་པས་གཉིས་བོར་བཞག་ལ། ཨོཾ་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཀྱེ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བ་ཏེ་ཕྲེང་བ་ས་ལ་ལྷུང་བ་དང་མཐུན ་པའི་མིང་གདགས་སོ། །མིང་གི་དབང་བསྐུར་བའོ། །དེ་བཞིན་གཤེགས་པ་ལྔའི་ངོ་བོའི་དབང་བསྐུར་བ་ལྔ་པོ་འདི་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་ངོ་བོ་སྒྲུབ་པར་བྱེད་དོ། །དབང་བསྐུར་བ་ལྔ་པོ་དེ་དག་ལ་རིག་པའི་དབང་བའི ་སྒྲས་ཀྱང་བརྗོད་པར་བྱ་བ་ཡིན་ཏེ། མ་རིག་པ་ལྔའི་གཉེན་པོ་རིག་པའི་ངོ་བོ་ཡེ་ཤེས་ལྔ་པོ་རྣམས་སྒྲུབ་པར་བྱེད་པའི་ཕྱིར་རོ། །དེ་ནས་འདི་ལ་བརྟུལ་ཞུགས་དང། །ལུང་བསྟན་པ་དང། དབུགས་དབྱུང་བ་སྦྱིན་པར་བྱ་སྟེ། འདེ་དེ་སངས་རྒྱས ་ཐམས་ཅད་ཉིད་རྡོ་རྗེ་སེམས་དཔའ་ལག་ན་འདུག་།ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅད། །ཕྱག་ན་རྡོ་རྗེ་བརྟུལ་ཞུགས་བསྟན། །ོཾ་སརྦབ་ཏ་ཐཱ་ག་ཏ་སིང་དྷི་བཛྲ་ས་མཱ་ཡ་ཏིཥྛི་ཨེ་ཥ་ཏྭཾ་དྷ་ར་ཡ་མི་ཧི་ཧི་ཧི་ཧི་ཧཱུཾ་ཞེས་རྡོ་རྗེ་ཏུལ་ཞུཊ་སྦྱིན་ནས། དེ ་ཁོ་ན་ཉིད་ཀྱིས་གཟུང་ངོ། །ཐོག་མཛའ་མེད་པའི་སེམས་དཔའ་ནི། རྡོ་རྗེ་སེམས་དཔའ་དགའ་བ་ཆེ། ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་བསྙེམས་ཚུལ་བདག་པོའི་བདག་ཅེས་སོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །ཤེས་རབ ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅད། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། ཅེས་བརྗོད་ཅིང་དྲིལ་བུ་ལེགས་པར་བླངས་ལ། དེ་ཆོས་ཀྱིས་དཀྲོལ་བར་བྱ་སྟེ། སྲིད་པ་ངོ་བོ་ཉིད ་ཀྱི་དག་།ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་མཆོག། སྲིད་པ་མཆོག་གི་བྱད་པ་ཡིན་ཞེས་སོ། །གལ་ཏེ་མི་ལྡོག་པའི་དབང་བསྐུར་བ་སྦྱིན་པར་བྱ་བ་མ་ཡིན་ན་ཆོས་བསྟན་པའི་འོག་ཏུ་བརྗོད་པར་བྱེད ་བཞིན་པའི་རིམ་པས་ལུང་བསྟན་པ་དང། དབུགས་དབྱུང་བ་དག་སྦྱིན་པར་བྱ་སྟེ། ཆོ་ག་འདི་ནི་རིག་པའི་དབང་བསྐུར་བ་དང་འབྲེལ་བ་ཡིན་ནོ། །སློབ་མ་ཁྲི་ལས་བབས་ལ་བླ་མ་ཡང་དག་པར་མཆོད་དེ། བྱང་ཆུབ་རྡོ་རྗེ་སངས་རྒྱས ་ལ། །མཆོད་ཆེན་ཇི་ལྟར་གསོལ་བ་བཞིན། བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར་ནམ་མཁའ་རྡོ་རྗེ་བདག་ལ་སྩོལ། །དེ་ནས་བླ་མ་མཉེས་པ་དང། །སྡོམ་པ་བཞི་བྱིན་ནས། ཁྲི་དེ་ཉིད་ལ་པདྨ་འདབ་མ་བརྒྱད་པར་སྔ་མ་བཞིན་དུ་འདུག ་སྟེ། འདོད་པའི་ལྷའི་རྣལ་འབྱོར་བའི་རང་གི་སྙིང་ཁ་ནས་སྤྲུལ་པའི་རིག་པ་མཆོད་པ་དང་ལྡན་པ་རྣམས་ཀྱིས། རྡོ་རྗེ་ཆེན་པོའི་དབང་བསྐུར་བ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །གསང་བ་གསུམ་གྱི་གནས་ལས་བྱུང། ། ་སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། ཞེས་བརྗོད་ཅིང་དེ་དག་གིས་དབང་བསྐུར་བར་བསམས་ཏེ། བླ་མས་ཀྱང་ཚིག་བཅད་འདི་བརྗོད་དོ། །ཟུར་བཞི་པ་ལ་གྲུ་བཞི་པ། བཀྲ་ཤིས་རྣམས་ཀྱིས་ཉེ་བར་མཛེས། །དཔངས་སུ་ཁྲུད་དོ ་ཉམས་དགའ་བའི། །ཁྲུས་ཀྱི་སྟེགས་བུ་རབ་བརྟག་བྱ། །རབ་གནས་ལ་ཡང་རིམ་པ་འདི་ཡིན་ཏེ། ཕྱི་རོལ་གྱི་ཆོ་ག་ལའང་རིམ་པ་འདི་ལྟར་ཁོང་དུ་ཆུད་པར་བྱའོ། །དེ་ནས་དཀྱིལ་འཁོར་དང་ལྷའི་དེ་ཁོ་ན་ཉིད་མན་ངག་ཇི་ལྟ་བ ་བཞིན་བསྟན་པར་བྱའོ། །ཕྱིར་མི་ལྡོག་པའི་དབང་བསྐུར་བའོ། །བདུན་པོ་གཅིག་ཏུ་བྱས་ནས་བུམ་པའི་དབང་ནི་དང་པོ་སྟེ་ཞེས་བྱ་སྟེ། དབང་བསྐུར་བ་བདུན་ནི་བུམ་པའི་དབང་བསྐུར་བའི་སྒྲས་བརྗོད་པར་བྱ་སྟེ། དེ་ཡང་དང་པོ་ཡིན་ནོ། །གསང ་བ་དང་ཤེས་རབ་ཀྱི་དབང་བསྐུར་སྦྱིན་པར་བྱ་བ་ཡིན་ནོ། །དེའི་ཚེ་འདིར་ལུང་བསྟན་པ་དང། རྗེས་སུ་གནད་པ་བྱིན་ནས་དབུགས་དབྱུང་སྦྱིན་ནོ། །དེའི་ཚེ་འདི་བྱ་བ་དང། སྤྱོད་པའི་རྒྱུད་ལ་སོགས་པ་གཞན་ལ་མཆོད་པར་འོས་པར་འགྱུར་ཏེ། ་རྣལ་འབྱོར་བླ་མ་ལ་སོགས་པ་ནི་མ་ཡིན་ན། །ཕྲེང་བ་ཆུ་དང་བདེ་གཤེགས་ཅོད་པན་འཆིང། །ཕྱག་རྒྱ་གཙོ་བོའི་རང་རིགས་བདག་པོ་དང། དཔལ་གྱི་རྡོ་རྗེ་མིང་ཕྱིར་མི་ལྡོ་གཅེས། འདིར་ནི་ཐེ་ཚོམ་མེད་པར་བདུན་ཡིན་ནོ་ཞེས་བྱ་བ་ནི ་བསྡུ་བའི་ཚིགས་སུ་བཅད་པའོ། །དེ་ནས་ཡང་དག་པར་མཆོད་དེ། །བཞིན་མཛོས་མིག་ནི་དཀྱུས་རིང་ཞིང། །རྒྱན་རྣམས་ཀུན་དང་གོས་བཟངས་དང། །ལྷ་རྫས་དྲི་ཡིས་བྱུགས་པ་ཅན། །རྣལ་འབྱོར་གཅིག་གིས་བྱ་བ་གོམས ་རིགས་ཀྱི་བུ་མོ་གང་ཡང་རུང། །བླ་མ་ལ་ནི་ཕུལ་བྱས་ནས། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བགྱིས་པ་ལྟར། །བདག་ལའང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའ་རྡོ་རྗེ་དེད་བདག་གསོལ། ཞེས་ཚིགས་བཅད ་འདིས་གསོལ་བ་བཏབ་པ་དང། བླ་མས་སློབ་མ་སྡོམ་པ་བཞིན་བྱིན་པ་ཡོལ་པའི་བར་དུ་གཞག་ལ། བསད་པའི་མཆོད་པའི་མཐར་ཡོལ་བའི་བླ་ནས་བཏེག་ལ། གཡོན་པའི་སོ་མོ་མིད་མེད་དང་རྒན་པོས་རྡོ་རྗེ་གཟུང་སྟེ། གསང་བའི ་དབང་བསྐུར་སྦྱིན་ནོ། །དེས་ཀྱང། ཨེ་མའོ་བདེ་བ་ཞེས་བརྗོད་དེ་བླང་བར་བྱའོ། །སླར་ལོག་ནས་བླ་མས་ཆུ་སྐྱེས་གནས་པ་རང་ཉིད་ཀྱིས་མྱངས་ལ། དེས་ཀྱང་རང་གི་རྡོ་རྗེ་མྱང་དུ་བཅུག་ལ་རང་གི་སྟན་གོར་བུ་ལ་སོགས་པ་འདུག ་པར་གྱུར་པས། དེ་ནས་ཕན་ཡོན་བརྗོད་པར་བྱ་སྟེ། །འདི་དེ་རྡོ་རྗེ་ཐམས་ཅད་ཀྱི། །དབང་བསྐུར་བ་ཡི་གོ་འཕང་མཆོག་།གསང་སྔགས་རྣམས་ནི་ཐམས་ཅད་དང། །ལས་མཆོག་རབ་འབྱམ་འགྲུབ་པར་བྱེད། ་དེ་དག་ནི་གཉིས་པ་གསང་བའི་དབང་བསྐུར་བ་ཡིན་ནོ། །ཡང་དེ་བཞིན་དུ་གསོལ་བ་གདབ་པོ། །མདུན་ན་འདུག་པ་དེ་དག་གི་ལག་པ་གཡས་པ་དག་རང་གི་ལག་པ་གཡོན་པའི་སྟེང་དུ་གཞག་པ་བྱས་ནས་ཁ་བལྟས་ཏེ། དཔལ་ལྡན ་ཤེས་རབ་དང་གྲང་ལས། །དེ་ཉིད་ཡང་དག་དམིགས་པར་བྱ། །འདི་ངེ་གཟུངས་མ་ཉམས་དགའ་བ། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་རྟགས། །འཁོར་ལོའི་རིམ་པ་རབ་འབྱོར་བས། བདེ་བ་དམ་པར་མྱང་བར་གྱིས། །རྡོ་རྗེ ་དཀྱིལ་འཁོར་རང་གི་སེམས། །ནོར་བུའི་ནང་དུ་སོན་པ་ལྟོས་ཤེས་བརྗོད་དོ། །ཡོལ་བའི་ནང་ན་བློ་མའི་ལུས་ལ་གཞུག་པར་བྱའོ། །ཕྱིའི་ལྷའི་བུ་མོ་རྣམས་ཀྱིས་ཀྱང་མཉན་ན་འདུག་པའི་བླ་མ་ཕྱིར་བསྐྱེད་ལ། །སློབ་མ་གསང ་བའི་མཆོད་པས་གནས་པ་ལ་བལྟས་ཏེ། ནམ་མཁའ་ལ་གནས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཁ་དོག་དཀར་པོ་ཁང་པ་བརྩེགས་མ་དང་ལྷན་ཅིག་བསམས་ནས། །མར་གྱི་བུམ་པ་བཞིན་དུ་ཞུ་བར་གྱུར་པ་དབང་བསྐུར་བའི ་གནས་སུ་མཛད་དེ། །སློབ་མའི་ལུས་ལ་གཞུག་པར་བྱའོ། །ཕྱིའི་ལྷ་མོ་རྣམས་ཀྱིས་ཀྱང་མཉན་ན་བསྐལ་པ་བཟང་པོའི་ཅི་ཅོ་དང་གར་དང་གླུ་དང་སིལ་སྙན་གྱི་སྒྲ་དབྱངས་དང་དྲིས་བསྒོས་པའི་གོས་དང་ཙན་དན་གྱི་ཕྱེ་མ་འདོར་བ ་ལ་སོགས་བྱའོ། །བཀྲ་ཤིས་གང་ཞིག་དགའ་ལྡན་ལྷ་ཡི་གཞལ་ཡས་ཁང་གི་ནི། སྙིང་པོ་ནས་ནི་འགྲོ་ལ་ཕན་ཕྱིར་འདིར་གཤེགས་ལས་བྱུང་དང། །དབང་པོ་བཅས་དང་ལྷ་ཡིས་དེ་བཞིན་གཤེགས་པ་བསྐོར་བ་ཡི ་བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་ཞི་བར་བྱེད་གྱུར་ཅིག་།ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གདོན་པར་བྱའོ། །དེ་བཞིན་དུ་རྨོངས་ལ་གཏི་མུག་བདག་ཉིད་སྒྱོར། །གཏི་མུག་དགའ་མ་བདག་ལྡན་པས། །གཏི་མུག་རྒྱུན་ཕྱིས ་དབང་བསྐུར་བས། །གཏི་མུག་རྡོ་རྗེ་རང་ཉིད་གྱུར། །སྡང་ལ་ཞེ་སྡང་བདག་ཉིད་སྦྱོར། །ཞེ་སྡང་དགའ་མ་བདག་ལྡན་པ། །ཞེ་སྡང་རྒྱུན་གྱིས་དབང་བསྐུར་བས། །ཞེ་སྡང་རྡོ་རྗེར་རང་ཉིད་གྱུར། །ཆགས་ལ་འདོད་ཆགས་བདག་རྣལ་འབྱོར། ། ་རྡོ་རྗེ་དགའ་མ་བདག་ལྡན་པ། །ཡེ་ཤེས་རྒྱུན་གྱིས་དབང་བསྐུར་བས། །ཤེས་རབ་ཡེ་ཤེས་སུ་རང་རྒྱུར་ཞེས་ཀྱང་བརྗོད་དོ། །དེ་དག་གིས་མཆོད་པའི་མཐར་བླ་མ་ཡོལ་བའི་བར་ནས་འོངས་ཏེ། རང་གི་སྟན་ལ་འདུག་ལ་མདུན་དུ་ཙོག ་བུར་འདུག་པ་དེ་དག་གིས་ལག་པ་དགའ་གྲི་ལག་པ་གཡོན་བར་གཞག་ལ། ལག་པ་གཡས་པ་སློབ་མའི་མགོ་བོར་གཏད་དེ། ཐབས་གཞན་གྱིས་ནི་སངས་རྒྱས་མིན། །དེ་ཕྱིར་རིག་པ་འདི་ནི་མཆོག་།གཉིས་སུ་མེད་པའི་ཆོས་ཀུན་ནི། །གཉིས ་ཀྱི་དངོས་པོ་མཚོན་གྱུར་པ། དེ་ཕྱིར་ཁྱོད་ཀྱིས་རྟག་ཏུ་ནི། །འཁོར་བ་གྲལ་བར་མི་བྱའོ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །རིགས་པའི་རྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད་ལ། །དེ་ལ་དངོས་གྲུབ་མཆོག ་མེད་ངོ་ཞེས། གཞན་ཡང་ཇི་ལྟར་དབང་བསྐུར་བ་ལས་ནི། །སངས་རྒྱས་ལ་སོགས་ཀུན་ཐོབ་པ། །དེ་ལྟར་བྱང་ཆུབ་སྦྱོད་སོགས་དང། །དགེ་བ་ཚུལ་གཞན་གྱིས་ཀྱང་མིན། །ལྷག་པའི་དམ་ཚིག་བསྲུང་བར་བྱ། །རྟག་ཏུ་སྡོམ་པ ་བསྐྱད་པར་བྱ། །བཟའ་བཤ་ལྔ་བདུད་རྩི་སྟེ། །བསྲུང་བ་འདི་ལས་དམ་ཚིག་གཞན། །དཀོན་མཆོག་འཇིག་གསད་བུད་མེད་ཀུན། །གཞན་ལ་ལེན་དང་ངག་གི་བརྫུན། །རྣལ་འབྱོར་རྒྱུན་དུ་འད་བཤད་པ་ཀུན། །དེ་དག་ཆོག་བཞིན ་བསྲུང་བྱ། །འདི་དག་ནི་གསུམ་པ་དང་བཞི་པའོ། །དགེ་བའི་བཤེས་གཉེན་རིགས་དང་ཚུལ་ཁྲིམས་དང་ལྡན་ཞིང། །མན་ངག་དང་བཅས་ཡན་???་གཉིས་གསུང་གོམས་པ། །ཤེ་རབ་ཅན་དང་མངོན་པ་ཙོན་ཚུལ ་གཉིས་ཤེས་པ་ཡི། །འབད་པས་ཤིན་ཏུ་དུས་ནི་རིང་པོར་མཉེས་པར་བྱ། །དད་པའི་རང་བཞིན་བརྩོན་འགྲུས་རང་བཞིན་བརྩེ་བདག་ཉིད། །ལས་དང་འབྲས་བུ་རྣམས་དང་ཟབ་མོའི་ཆོས་རྣམས་དང། །གང་ཞིག་འདི་འདྲ་རྣམས་ལ་རྟག ་ཏུ་གུས་བར་འབྲེལ། །ཇི་ཞིན་ལྟར་ནི་བློ་གྲོས་གསལ་བར་ཐོབ་པར་འགྱུར། །གཞན་ནི་སྡིག་པའི་གསང་སྔགས་གདོན་པར་བྱེད་པ་ལས། །དུག་ནི་གསལ་བར་བྱ་ཕྱིར་ཞུགས་པ་ལྟ་བུ་སྟེ། །སྐྱེ་བ་འདི་ཉིད་ལ་ནི་སྡུག་བསྔལ་མྱོང ་འགྱུར་ཞིང། །ཤིན་ཏུ་མུན་ནག་ཆེས་མི་བཟང་པར་འཇུག་པར་འགྱུར། །དེ་ནས་ལུང་བསྟན་པ་དང། རྗེས་སུ་གནད་བ་དང། དབུ་གསང་བྱུང་བྱ་སྟེ། །བླ་མ་ལྷ་ལས་བབས་པའི་བྱ་བ་རྒྱ་དང་ལྡན་པས། ཨོཾ་འདི་ནི་ངས་ཁྱོད་ལུང་བསྟན ་ཏེ། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་བྱའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཀྱེ་དེ་བཞིན་གཤེགས་པ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བར། སིད་དྷ་བྷུར་བྷུ་བ་སྭ(རྒྱུད་འགྲེལ་ཡི། །སྔགས་པ་འགྲོ་བ་ཀུན་གྱི་བདག་།བླ་ན་མེད་པའི་བྱང་ཆུབ་ཏུ། །བདེ་གཤེགས་ཀྱིས་ཀྱང་ལུང་བསྟན་མཛད། །ཇི་ལྟ་ཇི་ལྟར་སེམས་ཅན་རྣམས། །ངོ་བོ་ཉིད་ཀྱིས་འདུལ་འགྱུར་བ། །དེ་ལྟར་དེ་ལྟར་ཆགས་ལ་སོགས། །བཅང ་བས་སེམས་ཅན་དོན་བྱའོ། །ཉིན་རེ་ཞིང་ནི་ཐུན་བཞི་རུ། །འདོད་ལྷའི་རྣལ་འབྱོར་དང་ལྡན་པར། །གྱུར་ནས་ཐུན་མེད་ཅིག་ཤོས་ཀྱི། །དངོས་གྲུབ་ཐོབ་པར་སྒྲུབ་པར་བྱོས། །མི་སྣད་པ་ནི་ཁམས་སྟོང་ལ། །མངོན་ཤེས་ལྡན་པ་ཉིད ་སྟོད་ཡིན། །རིག་པ་འཛིན་པ་སུམ་སྟོད་ལ། །རྡོ་རྗེ་ཅན་ནི་འགྲོ་ཀུན་བདག་།ཞི་རྒྱས་ལ་སོགས་ལས་གང་དམ། །དེ་ལས་གཞན་པ་གང་འདོད་པ། །འཁོར་ལོས་རྗེས་མཉེས་སྦྱོར་བ་ཡིས། །བསྒྲུབ་ན་མྱུར་དུ་འགྲུབ་པར་འགྱུར ་དེ་དག་ནི་རྗེས་སུ་གནང་བའོ། །མཆོག་གསང་དཀྱིལ་འཁོར་དམ་པ་ནི། །མཐོང་བ་དད་ནི་ཞུགས་གྱུར་པས། །སྡིག་པ་ཀུན་ལས་དེ་གྲོལ་བར། །ཁྱེད་རྣམས་དེ་ཉིད་ལེགས་པར་གནས། །ཤེས་བྱ་བ་ལ་སོགས་པ་ནི་དབུགས ་དབྱུང་བའོ། །དེ་ནས་བླ་མ་ལ་རང་གི་ལུས་དང། བུ་དང་ཆུད་མ་ལ་སོགས་པའི་ཡོན་ཕུལ་ཕྱག་བཙལ་ཏེ། བླ་མས་ཀྱང་ཤིན་ཏུ་གནས་པར་གྱུར་ཅིག་།ཅེས་ཤིས་པ་སྦྱིན་པར་བྱའོ། །དེ་ནས་བརྩམས་ཏེ་རྒྱུད་གཞན་དུ་བྲི་བའི ་ཕྱག་རྒྱའི་ལ་སོགས་པ་སྤས་པའི་དེ་ཁོ་ན་ཉིད་བཅུ་གང་ཡིན་པ་བསྟན་པར་བྱ་སྟེ། སྐལ་བ་ཅན་དུ་གྱུར་པའི་ཕྱིར་རོ། །བཟང་པོའི་ཞལ་སྔ་ནས། གསང་བ་ཤེས་རབ་དག་གིས་དབང་བསྐུར་ནས་དེ་ཁོ་ན་ཉིད་ཡང་དག་པར་བསྟན ་པར་བྱའོ། །ཞེས་གསུངས་སོ། །རྨོངས་ལ་ཞེས་བྱ་བ་ལ་སོགས་པ། སྔར་བརྗོད་པའི་ཚིགས་སུ་བཅད་པའི་དོན་དང་བླད་པར་བྱང་བའི་དོན་དེ་ཁོ་ན་ཉིད་རང་རིག་པའི་ན་ངོན་སུམ་གྱི་གྲུབ་པ་ཡང་བརྗོད་ཡ་རྫོང་བྱེད་ཀྱི་ངོ་བོར་བརྡར་བྱས་པ་ཡིས་གོ་བར་བྱའོ། ་གཏོར་མའི་ཉེ་བར་སྦྱར་བ་ཡང་ཐུན་བཞིར་ཤིང་རྟ་འམ། བསྐོན་པའམ་ཁུར་རམ་ཐ་ན་སྙིམ་པ་གསུམ་ཙམ་བཟའ་བ་དང་བཅའ་བ་དང། བཏུང་བ་དང། ལྔག་པ་དང་མྱང་པ་དང། གཞིབ་པ་དང། མེ་ཏོག་དང། བདུག་པ་དང། ་དི་དང། ལྷ་བཤོས་དང། གདུགས་དང། རྒྱལ་མཚན་དང། བ་དན་དང། ལྡན་པ། བླ་རེ་རྣམ་པར་བཀྲ་བར་བྲིས་པ། སྒྲ་ཆེན་པོ་རྡ་བརྡུད་བ་དང་ལྡན་པ་བལྟས་ཏེ། མེད་ན་ཡང་ཡིད་ཀྱིས་ཐམས་ཅད་བསམ་ལ་གསང ་སྔགས་འདི་དག་བྱིན་གྱིས་བརླབས་ལ་སྦྱིན་ནོ། །ོཾ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨཱ་ཀཌ་ཎཧཡ་ཡ། ཨཱ་ཀ་ཌ་ཌཧཡ་ཡ། པྲ་བེ་ཤ་ཡ། པྲ་པེ་ཤ་ཡ། བན་དྷ་ཡ། བན་དྷ་ཡ། ཏོ་ཥ་ཡ། ཏོ་ཥ་ཡ། སརྦབ་བཛྲ་ཌཱ་ཀི་ཎི་ནཱི་ཧཱི ་ད་ཡཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བུད་དྷཱ་ཌཱ་ཀི་ཎཱི་པྲ་ཏཱ་ཙྪི་མ་མ་བ་ལཾ་མ་ཧཱུཾ་ཕཊ་ཨོཾ་བཛྲ་ཌཱ་ཀི་ཎཱི་པ་ཏི་ཙྪ་མ་མ་བི་ལཾ་ཧཱུཾ་ཕཊ། ཨོཾ་ར་ཊན་ཌཱ་ཀི་ནཱི་པྲ་ཏཱིས་མ་བི་ལཾ་ཏྲཾ་ཕཊ། ཨོཾ་པདྨ་ཌཱ་ཀི་ནི་པྲ་ཏཱི་ཙྪ་མ་མ་པ་ལ་ཧཱི(རྒྱུད་འགྲེལ་མ་པ་ལ་ཨ་ཕཊ། ཨོཾ་སརྦ་བུད་དྷ་ཌཱ་ཀི་ནཱི་ཕྲ་ཏཱི་ཙྪ་མ་མ་པ་ཡི་ཧཱུཾ་ཏོ། ཨོཾ་སརྦབ་ཡོ་གི་ནཱི་པྲ་ཏཱི་ཙྪ་མོས་པ་ལི་ཧཱུཾ་ཧ་ཧ་ཧ་ཧཱི། གལ་ཏེ་དུར་ཁྲོད་ལ་སོགས་པར་གནས་ནས་སྤྱན་པར་བྱ་བ་ཡིན་ན། དེའི་ཚེ་ཧེ་རུ་ཀའི་གཟུགས་སྤྲུལ ་པས་བསྟན་པར་གྱུར་པ་རྣལ་འབྱོར་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་སྦྱིན་ནོ། །ཡང་ནི་ཧེ་རུ་ཀའི་རྣམ་པར་བརྒྱན་ཅིང་བཅོས་ནས་འདྲེན་པ་མང་པོ་ལ་སོགས་པ་ན་ཚོད་ལེ་བཅུ་གཉིས་དང་ལྡན་པ་བཅོས་ནས་སངས་རྒྱས ་མཁའ་འགྲོ་མ་ལ་སོགས་པའི་གཟུགས་སྒྲུབ་པར་བྱེད་པར་བརྒྱན་ཏེ། ཧེ་རུ་ཀའི་སྤྱོད་པས་ཕྱེ་བ་རྡོ་རྗེའི་གླུ་ལེན་ཅིང་རོལ་བའི་རྡོ་རྗེ་གོམས་པས་ཀྱང་གར་བྱེད་པ། །བ་ཊཝཾ་ག་དང། ཌ་མ་རུ་ལ་སོགས་པ་ཡིད་འཕྲོག་པའི ་རྣལ་འབྱོར་མ་སྟོང་ཕྲག་རྣམས་དང། ཆེར་རྣམ་པར་སྒེག་པ་སྡོན་དུ་སོང་བས་རྟག་ཏུ་འགྲོ་བ་གདོན་པའི་བསམ་པ་མ་གཏད་བ། སྟོང་པ་ཉིད་དང། སྙིང་རྗེའི་སྙིང་པོའི་ཅན་རྣལ་འབྱོར་མའི་ཚོགས་བཞིན་དུ་དེ་དང་དེ་བྱེད་ཅིང ་འགྲོ་བའི་དགེ་ལེགས་གྱི་དོན་ཁོ་ནར་སྦྱིན་ནོ། །དཀྱིལ་འཁོར་རྩོམ་པ་ནས་གཤེགས་སུ་གསོལ་བའི་མཐར་ཐུག་པར་ཉི་མ་རེ་རེ་ཞིང་དགེ་འདུན་ལ་མཆོད་ཡོན་དང་བཅས་པ་སྦྱིན་ནོ། །རྒྱུན་མི་འཆད་པ་དཔག་ཏུ་མེད་པའི ་པའི་མེ་ཏོག་དང། བདུག་པ་དང། དྲི་དང། ལྟ་བཤོས་དང། མར་མེ་ལ་སོགས་པ་དང། གར་དང། གླུ་དང། སིལ་སྙན་དང། ཕེག་རྡོབ་པ་སྣ་ཚོགས་དང། གདུགས་དང། རྒྱལ་མཚན་དང། བ་དན་སྣ་ཚོགས་པ་ལ་སོགས་པ་དང། ་རྣམ་པར་རྒྱལ་བའི་ཚོགས་དགོང་པ་དང། སྒེག་པ་རྣམ་པ་སྣ་ཚོགས་པ་རྣམས་ཀྱིས་མཆོད་པ་བྱའོ། །དཀྱིལ་འཁོར་གྱི་ཁང་པ་ལ་ཡང་མུ་ཏིག་དང། ནོར་བུ་དང། བྱུ་རུ་རབ་ཏུ་འཕྱང་བ་དང། མེ་ཏོག་དྲི་ཞིམ་པོ་དང། རས་ཤིན་ཏུ་ཡིད ་དུ་འོང་བ་རྣམས་ཀྱིས་བརྒྱན་པར་བྱའོ། །ཕྱོགས་བརྒྱད་དུ་ཕྱོགས་སྐྱོང་བའི་ཁ་དོག་ལྟ་བུའི་པ་དན་གྱིས་ཀླུབས་པར་བྱའོ། །དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་གྱི་ཕྱོགས་ཀྱི་ཆ་བཞིར་བླ་རེས་བཀབ་པ་རྣམས་སུ་ཡུ་བ་བསྒྲེང་པ་གསེར་གྱི ་ཡུ་བ་ཅན་རྣམས་སུ་བསྐུར་སྟི་ཆེན་པོ་སྔོན་དུ་འགྲོ་བས་སེང་གེའི་གདན་བཤམས་ལ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ས་བཅུ་པ་དང། ཟླ་བའི་སྒྲོན་མ་དང། གསར་འོང་དམ་པ་ལ་སོགས་པའི་མདོ་སྡེ་གདོན་པར ་བྱའོ། །དཀྱིལ་འཁོར་བྲི་བ་ནི་གལ་ཏེ་བགེགས་ལ་སོགས་པ་བྱུང་ན་དེའི་ཚེ་མན་ངག་ཇི་ལྟ་བ་བཞིན་དུ་སེང་གེའི་རྣམ་པར་བགྱིངས་པའི་ཕྱག་རྒྱས་སྡང་བ་རྣམས་བཅད་པར་བྱའོ། །ཉི་མ་རེ་རེ་ཞིང་ལས་སོ་སོ་ལ་བླ་མ་ལ་ཡོན ་དབུལ་བར་བྱའོ། །ས་གཞི་སྡུག་པའི་ཆུད་མ་དང། །རིན་པོ་ཆེ་དང་འབར་བའི་གསེར། །ནོར་བུ་མེ་ཏོག་བྱུ་རུ་སོགས། །ལུས་ཀྱང་གུས་པས་དབུལ་པར་བྱ། །རྟ་དང་གླང་པོའི་དེ་ཉིད་ཀྱང། །རྒྱན་ཀུན་གྱིས་ནི་བརྒྱན་པ་དང། །བུང་མེད ་བཟང་མོ་འང་བླ་མ་ལ། །དངོས་གྲུབ་འདོང་པས་དབུལ་བར་བྱ། །སར་ནི་རྣམ་པ་སྣ་ཚོགས་དང། །རྒྱན་རྣམས་ཀྱང་ནི་དབུལ་བྱ་སྟེ། །གང་གིས་བླ་མ་འདི་མཉེས་པ། །དེ་ནི་རབ་ཏུ་འབད་པས་བྱ། །དེ་ནས་ཏིང་འཛིན་ཟིན་ནས་ཕྱི་དང་ནང ་གི་མཆོད་པ་བྱས་ལ་གཏོར་མ་བྱིན་ནས་སྨོན་ལམ་སྔོན་བྱས་ཏེ། ཕྱི་རོལ་ཀྱི་འཁོར་ལོའི་སྙིང་ཁའི་ནང་དུ་ཆུད་པར་བྱའོ། །ོཾ་ཨ་ཀཱ་རོ་མུ་ཁཾ་སརྦབ་དྷ་རྨ་ཎཱཾ་ཨཱ་དྱ་ནུད་པན་ན་ཏྭ་ཏྭ་ཧཱུཾ་མུ(རྒྱུད་འགྲེལ་བའི་སྔགས་ཀྱིས་རྡུལ་ཚོན་གཤེགས་སུ་གསོལ་བར་བྱའོ། །འདི་ཉིད་ཀྱིས་བུམ་པ་དང། ཕྱག་མཚན་དང། དམན་མ་ལ་སོགས་པ་རྣམས་ཀྱང་གཤེགས་སུ་གསོལ་བར་བྱའོ། །མཁའ་འགྲོ་མིའི་གནོད་པ་ཞི་བར ་བྱ་བའི་ཕྱིར་ལྷའི་རྡུལ་ཚོན་འདོད་པ་རྣམས་ལ་བྱིན་ནས་གཞན་དག་བསྡུས་ཏེ། རྣམ་པར་རྒྱལ་བའི་བུམ་པར་བླུགས་ལ། ཡོང་པར་གྱུར་ན་གླང་པོ་ཆེའི་ཕྲག་པར་གཞག་ལ། སིལ་སྙན་སྒྲ་སྒྲོགས་པའི་སྒྲ་སྔོན་དུ་འགྲོ་བའི ་རྒྱ་མཚོད་འབབ་ཆུ་དང་སྟེད་ཀ་ཆེན་པོ་རྣམས་སུ་མན་ངག་ཇི་ལྟ་བ་བཞིན་དུ་ཀླུའི་རིག་བརྒྱད་ལ་ཕྱིའི་མེ་ཏོག་དང་འོ་མ་ལ་སོགས་པས་ལེགས་པར་མཆོད་དོ། །དེ་དག་ཀྱང་དེ་བཞིན་གཤེགས་པའི་བརྡུལ་ཕྲ་རབ ་ཀྱི་ཚོགས་མ་གོ་བོ་གཞག་ནས། རང་གི་ཁྱིམ་དུ་དང་པས་འགྲོ་བར་བྱེད་དོ། །དེ་ནས་བུམ་པ་ཆུས་དག་པར་བྱས་ནས་དེ་བཞིན་དུ་འོངས་ཏེ། ཞི་བའི་ཆུ་དེས་ཁྲུས་དང་བས་དབང་འདོད་བཞི་དོན་ཀུན་གྲུབ་པར་བྱ་བའི་ཕྱིར། ། ་ཁྲུས་དང་བཏུང་པའི་དོན་དུ་འདོད་པ་རྣམས་ལ་ཆུ་དེ་སྦྱིན་པར་བྱའོ། །ཉི་མ་གསུམ་འམ། ཉི་མ་བདུན་ནམ། ཉི་མ་གཅིག་ཏུ་འཚོམ་པར་དགའ་སྟོན་ཆེན་པོ་བྱའོ། །སྒྱུ་འཕྲུལ་ཚོན་མོ་བརྗོད་པའི་རྒྱུད་ཤིན་ཏུ་རྒྱ་ཆེ་བ ་སྟོང་ཕྲག་བཅུ་གཉིས་ཡོད་དེ་དེ་ཡང་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་རྣམས་ཀྱི་བླ་མ་སྟེ། དེས་ན་དཀྱིལ་འཁོར་གྱི་རིམ་པ་འདི་དག་ཐམས་ཅད་མདོར་བསྡུས་པ་དང་རྒྱས་པའི་སེམས་ཅན་གྱི་བསམ་པ་དང་པའི་དབང་གིས ་སྐབས་སྣ་ཚོགས་པ་ན་ཡོང་པ་ཡིན་ནོ། །རྒྱུད་བླ་མའི་ཡང་བླ་མ་གཞུང་དགུ་བཅུར་བགྲངས་པ་འདི་ནི་མདོར་བསྡུས་པ་ལ་དགའ་བའི་སེམས་ཅན་གྱི་བསམ་པའི་དབང་གིས་བསྒོམ་པའི་རིམ་པ་ཙམ་ལ་བརྟེན་ནས་བསྟན་པ་ཡིན་ནོ། །བར་མ ་ལ་དགའ་བ་རྣམས་ཀྱིས་མཚན་ཡང་དག་པར་བརྗོད་པའི་དཀྱིལ་འཁོར་བཞིན་དུ་བསྒོམ་པའི་རིམ་པ་མཚུངས་པ་ཡིན་པ་དེའི་ཕྱིར་ན་རྒྱུད་རྒྱས་པ་ལས་ཐམས་ཅད་བསྟན་པ་སྟེ། བསྒོམ་པར་བྱ་བ་དང་བྲི་བར་བྱ་བ་ལྟ་ལྔའི་བདག་ཉིད་ཀྱི ་དཀྱིལ་འཁོར་གྱི་འཁོར་ལོ་ཟུར་བཞི་པ་ལ་སོགས་པ་དང་ལྡན་པར་བྱའོ། །རྒྱས་པ་ལ་དགའ་བ་རྣམས་ཀྱིས་ཀྱང་རྒྱུད་རྒྱས་པར་ལྷ་ཤིན་ཏུ་རྣམ་པ་མང་པོའི་བདག་ཉིད་ཅན་དུ་བྲི་བར་བྱ་བ་དང། བསྒོམ་པར་བྱ་བའི་དཀྱིལ་འཁོར་དེ ་ནས་བཤད་པའི་དཀྱིལ་འཁོར་རིམ་བཁོ་ནས་ཤེས་པར་བྱའོ། །ཞེས་བདག་གི་བླ་མ་གསུང་ངོ། །འདི་ཉིད་ཀྱི་ཕྱིར། །འདིར་ཚིགས་སུ་བཅད་པ་དགུ་བཅུར་གྲགས་པ་ནི་རྒྱུད་རྒྱས་པའི་ཕྱོགས་གཅིག་ཏུ་གྱུར་པ་ཡིན་པས་ན། དའི ་སྐད་བདག་གིས་ཐོས་པ་དང་ཞེས་བྱ་བ་ལ་སོགས་པ་མ་གསུངས་སོ། །དེ་ཉིད་ཀྱི་ཕྱིར་རྒྱུད་རྒྱས་པའི་རྗེས་སུ་འབྲངས་ནས། དེ་ནས་མཁའ་གྲོ་མ་ཀུན་གྱི་ཤེས་བྱ་སྟེ། དེ་ནས་ཀྱི་སྒྲ་ནི་དེ་མ་ཐག་པའི་བརྗོད་པར་བྱེད་པ་ཡིན་པས་དང་པོར ་སྦྱོར་བ་ཡིན་ནོ། །འདི་དག་སྤྲོས་པ་དང་བཅས་པར་ནི་རྒྱུད་བླ་མར་ཐུབ་པ་ཉིད་ཐམས་ཅད་གསུངས་པ་ཡིན་ནོ། །དེ་ཡང་ཚིག་ཙམ་ཐ་དད་པས་བསྟན་པ་ཡིན་གྱི། རང་འདིར་སྔོན་མེད་པ་ནི་ཅུང་ཟད་ཀྱང་མེད་དོ། །ཆོག་སྔོན་འགྲོ ་དཀྱིལ་འཁོར་ཆོག་གཞུང་དུ་ལེགས་བྱས་པས། འདིར་ནི་བདག་གིས་དགེས་གསལ་བ་ཐོབ་པ་གང་ཡིན་ངེས། ཁམས་གསུམ་པར་གཏོགས་པ་ཡི་སེམས་ཅན་དེ་ནི་ཡུད་ཙམ་གྱིས། མེད་པའི་དཀྱིལ་འཁོར་ལའི་ལུས་ཅན ་འདིར་གྱུར་ཅིག་།སྒྱུ་འཕྲུལ་ཆེན་མོའི་དཀྱིལ་འཁོར་གྱི་ཆོ་ག་།བླ་མ་ཞལ་སྣ་ཡི་མན་ངག་ཅེས་བྱ་བ་སློབ་དཔོན་མཁས་པ་འདུལ་བ་བྱིན་གྱི་མཛད་པ་རྫོགས་སོ།། །།དང་པོ་སྔ་བར ་