| Wylie | e-texts based on the ACIP/ALL Input |
གྱི་དོན་རྫོགས་པར་བསམ་མོ། །དེ་ནས་རྟེན་འབྲེལ་གྱི་སྡགས་ཀྱིས་འཇུག་བསྡུ་བའོ།། །།*། །རྒྱ་གར་སྐད་དུ། མ་ཧཱ་མཱ་ཡཱ་ཨོཾ་ཏ་ཀྲ་མ། བོད་སྐད་དུ། སྒྱུ་འཕྲུལ་ཆེན་མོའི་རྫོག་པའི་རིམ་པ། དཔལ་རྡོ་རྗེ་མཁའ་འགྲོ་མ་ལ ་ཕྱག་འཚལ་ལོ། །ོཾ་ཤཱུ་ནྱ་ཏཱ་ཛྙུ་ན་བཛྲ་སྭ་བྷཱ་ཨཱཏ་མ་ཀོ་ཧཾ། ཞེས་བརྗོད་པས་དངོས་པོ་ཐམས་ཅད་རྣམ་པར་དག་ནས། སོ་སོར་རང་རིག་པའི་ངོ་བོ་ཉིད་ཐིག་ལེ་ཡུངས་ཀར་ཙམ་ཞིག་ཏུ་གསལ་བར་བསྒོམ། །དེ་ནས་ཐིག་ལེ་དེ་ལས་འོད་ཟེར་འཕྲོས ་པས་སེམས་ཅན་ཐམས་ཅད་ཀྱི་ལུས་དང་དག་དང་ཡིད་ཀྱི་རྣམ་རྟོག་ཐམས་ཅད་བསྲེགས་ནས། སྒྱུ་འཕྲུལ་ཆེན་མོའི་བསྐུར་གསལ་པར་བྱས་ཏེ། དེ་ནས་སླར་འདུས་ཏེ་ཐིག་ལེ་ལ་ཐིམ་ནས་ཐིག་ལེ་དེ་ཡང་འོང་དུ་ཞུབས་རྡོ་རྗེ་གུར་དང་དུར་ཁྲོང་བརྒྱད་དང། ་གཞལ་ཡས་ཁང་དང། ལྷ་མོ་བཞི་དང་ལྡན་པ་སྒྱུ་འཕྲུལ་ཆེན་མོ་བསྐྱེད་དོ་དེ་ནས་དེ་དག་ཀྱང་སྒྱུ་འཕྲུལ་ཆེན་མོ་ལ་བསྡུ་སྟེ། རྡོ་གྲུར་ནི་དུར་ཁྲོད་ལ་ཏིམ་དུར་ཁྲོད་བརྒྱད་གཞལ་ཡས་ཁང་ལ་ཐིམ། གཞལ་ཡས་ཁང་ལྷ་མོ་བཞི་ལ་ཐིམ། ལྷ་མོ་བཞི་རིག་མའི་ཞལ་བཞིར ་ཐིམ། ཡིག་མ་ཐབས་ལ་ཐམ་པ་དང། དེ་ནས་སྒྱུ་འཕྲུལ་ཆེན་མོའི་སྙིང་ཁའི་པདྨའི་ནང་ན་གནས་པའི་མི་གེ་ཨཱའི་གཟུགས་དེ་པདྨ་དམར་པོའི་འདབ་མ་བཞི་པར་བསམས་པར་བྱའོ། །དེ་ཡི་ལྟེ་བ་གསང་བ་ན་གནས་པའི་རླུང་དང། སྙིང་ཁ་ན་གནས ་པའི་ཆུའི་རླུང་རྣམ་པར་དག་པ་ཟླ་བའི་དཀྱིལ་འཁོར་དུ་བསམས་ཏེ། དེ་ནི་རྡོ་རྗེ་མཁའ་འགྲོ་དང་རིན་ཆེན་མཁའ་འགྲོ་མ་གཉིས་ཀྱི་རང་བཞིན་ནོ། །དེའི་སྟེང་དུ་རང་གི་རིག་པའི་ངོ་བོ་ཉིད་སྒྱུ་འཕྲུལ་ཆེན་མོའི་འོད་ཀྱི་ཐིག་ལེ་ཡུངས ་འབྲུ་ཙམ་འོད་ཟེར་ལྔ་དང་ལྡན་པ་གཅིག་བསམ་མོ། །དེའི་སྟེང་དུ་མགྲིན་པ་ན་གནས་པའི་མེའི་རླུང་དང། སྤྱི་བོར་གནས་པའི་རླུང་གི་དཀྱིལ་འཁོར་དང་གཉིས་རྣམ་པར་དག་པ་ཉི་མའི་དཀྱིལ་འཁོར་དུ་བསམས་ལ། དེ་ནི་པདྨ་མཁའ་འགྲོ་དང། ་སྣ་ཚོགས་མཁའ་འགྲོའི་རང་བཞིན་ནོ། །དེ་ལྟར་བསྐྱེད་ནས་ཉི་ཟླ་གཉིས་ཀྱི་བར་ན། སྒྱུ་འཕྲུལ་ཆེན་མོ་རང་རིག་པའི་ངོ་བོ་ཉིད་ཐིག་ལེ་དེ་འོད་ཟེར་ལྔ་དང་ལྡན་པར་དམིགས་པར་བསམས་མོ། །དེ་ལྟར་ཡང་དང་ཡང་དུ་འདྲིས་པར ་བསམས་པས་གྱེན་དུ་རྒྱུ་བ་དང་ཐུར་དུ་རྒྱུ་བའི་རླུང་རིམ་པ་ཇི་ལྟར་འགོག་པ་དེ་བཞིན་དུ་མཚན་མ་རིགས་ཀྱིས་སྐྱེ་བར་འགྱུར་རོ། །གསང་བའི་ས་སྙིང་ཁ་ན་གནས་པའི་ཆུ་ལ་ཐིམ་པས་ནི། །ཀུན་མཉམ་པའི་བློས་ཟག་པ་མེད་པའི་ལམ ་གྱི་ཡེ་ཤེས་དང་པོ་སྐྱེའོ། ཆུ་མེ་ལ་ཐིམ་པས་ནི་སེམས་ལ་དབང་ཐོབ་སྟེ་དུ་བ་དང་འདྲ་བར་མཐོང་ངོ། །མེ་རླུང་ལ་ཐིམ་པས་ནི་ཏིང་ངེ་འཛིན་འབའ་ཞིག་དང་ལྡན་ཏེ་གློག་གི་རྣམ་པ་ལྟ་བུར་མཐོང་ངོ། །རླུང་རྣམ་པར་རིག་པ་ལ་ཐིམ་པས་འདོད་པ་ཐམས་ཅད ་བྲལ་ཏེ་མར་མེ་ལྟ་བུར་མཐོང། །རྣམ་པར་རིག་པ་ནམ་མཁའ་དང་མཉམ་པའི་བདེ་བ་ལ་ཐིམ་པས་ཐམས་ཅད་སྣང་བ་རང་རིག་པ་ནམ་མཁའ་ལྟ་བུར་མཐོང་ངོ། །རང་རིག་པ་སྤྲིན་མེད་པའི་ནམ་མཁའ་ལྟ་བུས་སྨོན་ལམ་དང་སྙིང་རྗེ་ཆེན་པོའི་དབང་གིས་འགྲོ ་བའི་དོན་དུ་གཟུགས་སྐུ་རྣམ་པ་གཉིས་སུ་སྣང་བར་གྱུར་ཏེ། ཇི་ལྟར་འདུལ་བ་བཞིན་དུའོ། །སློབ་དཔོན་ཆོས་ཀྱི་ཞབས་ཀྱི་ཞལ་སྔ་ནས་ཀྱིས་མཛད་པ་སྒྱུ་འཕྲུལ་ཆེན་མོའི་རྫོགས་པའི་རིམས་པའི་མན་ངག་རྫོགས་སོ།། །། ་རྒྱ་གར་གྱི་མཁན་པོ་ཞི་བ་བཟང་པོ་དང། བོད་ཀྱི་ལོ་ཙྪ་བ་འགོས་ལྷས་བཙས་ཀྱིས་སྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།དཔལ་སྒྱུ་འཕྲུལ་ཆེན་མོའི་སྒྲུབ་ཐབས་བཞུགས། །*། །རྒྱ་གར་སྐད་དུ། མ་ཧཱ་མཱ་ཡཱ་སཱ་དྷ་ནཾ། བོད་སྐད་དུ། སྒྱུ ་