| Wylie | e-texts based on the ACIP/ALL Input |
བའི་དཀའ་འགྲེལ། སློབ་དཔོན་མཁས་པ་ཆེན་པོ་དཔལ་རྒྱན་གྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།སྒྱུ་འཕྲུལ་ཆེན་མོའི་སྒྲུབ་ཐབས་བཞུགས། །རྒྱ་གར་སྐད་དུ། །མ་ཧཱ་མཱ་ཡཱ་སཱ་དྷ་ནཾ་ནཱ་མཱ། བོད་སྐད་དུ། སྒྱུ་འཕྲུལ ་ཆེན་མོ་ཞེས་བྱ་བའི་སྒྲུབ་པའི་ཐབས། དཔལ་རྡོ་རྗེ་མཁའ་འགྲོ་དང། མཁའ་འགྲོ་མའི་ཚོགས་ཐམས་ཅད་ལ་ཕྱག་འཚལ་ལོ། །དང་པོར་སྔ་བར་ལངས་ལ་སྙིང་རྗེ་དང་ལྡན་པའི་རྣལ་འབྱོར་པས་རང་གི་སྙིང་ཁར་པདྨའི་སྟེང་དུ་ཐིག་ལེའི་དཔའ་ ་པོ་བལྟས་ལ། དེའི་འོད་ཟེར་གྱིས་བླ་མ་དང། དཔའ་བོ་དང། རྣལ་འབྱོར་མ་རྣམས་ཡང་དག་པར་བསྐུལ་ནས། བར་སྣང་ལ་དམིགས་པར་བྱས་ལ་མཆོད་པ་གསུམ་གྱིས་མཆོད་པ་བྱས་ཏེ། དེ་རྣམས་ཀྱི་མདུན་དུ་དཀོན་མཆོག་གསུམ ་ལ་སྐྱབས་སུ་འགྲོ་བའི་ཚིགས་བཅད་དག་བརྗོད་པར་བྱ་བ་ནི་འདིའོ། །ོཾ་དཔལ་ལྡན་བླ་མའི་ཞབས་ལྷམ་རྣམས་ལ་ཕྱག་འཚལ་ལོ། །ོཾ་དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ་ཡང་ཕྱག་འཚལ་ལོ། །ོཾ་དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་རྣམས ་ལ་ཕྱག་འཚལ་ལོ། །ཞེས་པ་འདི་དག་བརྗོད་ནས་ཆོ་ག་བཞིན་དུ། སྡིག་པ་བཤགས་པ་དང། བསོད་ནམས་ཀྱི་རྗེས་སུ་ཡིད་རང་བ་དང། བསོད་ནམས་ཡོངས་སུ་བསྔོ་བ་དང། དཀཽག་གསུཾ་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་ལམ་བསྟེན་པ་དང། ་བདག་གི་དངོས་པོ་དབུལ་བར་བྱའོ། །དེ་ནས་ཚངས་པའི་གནས་བཞི་སྔོན་དུ་བསྒོམ་པས། སྟོང་པ་ཉིད་བསྒོམ་པར་བྱ་བ་ནི། ཨོཾ་ཤཱུ་ནྱ་ཏཱ་ཛཱ་ན་བཛྲ་སྭ་བྷ་བ་ཨཱཏྨ་ཀོཉ་ཧཾ། ཞེས་པ་སྟེ། འདིའི་དེ་མ་ཐག་དུ། ཡི་གེ་རཾ་ལས་བྱུང་བའི་ཉི་མའི ་སྟེང་དུ་ཡི་གེ་ཧཱུཾ་གནས་པ་བསམ་པར་བྱའོ། །དེའི་འོད་ཟེར་གྱི་ཁྱད་པར་དང། དེ་དག་ཐམས་ཅད། ཡོངས་སུ་ཞུ་བ་ལས་ས་གཞི་རྡོ་རྗེའི་རང་བཞིན་དང། རྡོ་རྗེའི་རྩིག་པ་དང། རྡོ་རྗེ་ར་བ་དང། དུར་ཁྲོད་བརྒྱད་ཀྱི་དབུས་སུ་པདྨ་དམར་པོ ་འདབ་མ་བཞི་པ་ལ་རྡོ་རྗེ་ནག་པོའི་ཕྲེང་བས་མཛའ་མ་ཡོངས་སུ་བསྐོར་བར་བསམ་པར་བྱའོ། །ཡང་ན་ཀླུ་ལྷག་མ་ཅན་གྱི་རིམ་པས་སོ། །པདྨའི་ལྟེ་བའི་དབུས་སུ་དབྱངས་ཡིག་། ལ་སོགས་པ་ཉིས་འགྱུར་དུ་བྱས་ཏེ། ཟླ་བའི་དཀྱིལ ་འཁོར་དུ་བསྒོམ་པར་བྱའོ། །དེའི་སྟེང་དུ་ཡི་གེ་དྲུག་པོ་མནན་པའི་ཡི་གེ་།ཀ་ལ་སོགས་པ་ཉིས་འགྱུར་དུ་བྱས་ཏེ་ཉི་མའི་དཀྱིལ་འཁོར་དུ་བསྒོམ་པར་བྱའོ། །མེ་ལོང་ལྟ་བུ་ཟླ་བར་ཡང་དག་བཤད། །མཉམ་པ་ཉིད་ནི་ཉི་མར་རབ་ཏུ་གྲགས། ་འདི་དག་དབུས་སུ་ཐིག་ལེའི་རྒྱལ་པོ་སྟེ། །འདི་ལ་སྤྲོ་བསྡུ་འགྲེ་བའི་དོན་བྱེད་པ། །སོ་སོར་རྟོག་བས་བྱ་བ་ནན་ཏན་ནོ། །རྫོགས་པ་ཤིན་ཏུ་རྣམ་དག་ཆོས་ཀྱི་དབྱིངས། །ཡེ་ཤེས་ལྔ་ཡི་བདག་ཉིད་འཁོར་ལོ་བསྒོམ། །དེ་ནས་སྙིང་རྗེའི ་བདག་ཉིད་བཅོམ་ལྡན་འདས། །རྡོ་རྗེ་མཁའ་འགྲོ་ནི་སྔོན་པོ་སྟེ། སྔོན་པོ་དང། སེར་པོ་དང། དཀར་དམར་དང། ལྗང་ཁུའི་ཞལ་བཞི་པ་དང་ལྡན་པ། ཕྱག་བཞི་པ་ཐོད་པ་དང། མདའ་དང། གཡོན་ན་ཁ་ཊཝཱཾ་ག་དང། གཞུ་འཛིན་པའོ། །དབུ ་སྐྲ་དམར་སེར་གྱེན་དུ་འབར་པ་ཐོད་བས་བཅིངས་པ་དང། སྟག་གི་སྨད་གཡོགས་དང། འཁོར་ལོ། རྣ་ཆ་།མགུལ་རྒྱན། གདུ་བུ། མཆོད་ཕྱིར་ཐོགས་དང་ཐལ་བ་སྟེ། ཕྱག་རྒྱ་དྲུག་དང་ལྡན་པ། མི་མགོ་བརྒྱ ་ཕྱེད་ཀྱི་ཕྲེང་བ་དང། མིའི་རུས་པའི་རྐང་གདུབ་དང། སྐེ་རགས་དང། ཕྱག་གདུབ་དང། དཔུང་རྒྱན་རྣམས་ཀྱི་རྒྱན་ཅན། སྐྱིལ་ཀྲུང་ཕྱེད་བའི་གར་གྱིས་བཞུགས་ཤིང། མཆེ་བས་འཇིགས་པར་བྱེད་པ། ཁ་དོག་ལྔའི་འོད་ཟེར་གྱི་ཕྲེང་བ ་ཅན། རང་ཉིད་ལྟ་བུའི་ཤེས་རབ་ལ་འཁྱུད་པ་ཅན་དུ་བདག་ཉིད་རྡོ་རྗེའི་མཁའ་འགྲོའི་གཟུགས་སུ་རྣམ་པར་བསྒོམ་པའོ། །ཤེས་རབ་ཀྱང་བདག་ཉིད་དང་འདྲ་བར་བལྟ་བར་བྱའོ། །འོན་ཀྱང་གཅེར་བུ་མགོའི་ཕྲེང་བ་དང་བྲལ་བའོ། །ཤར ་གྱི་འདབ་མ་ལ། རྡོ་རྗེ་མཁའ་འགྲོ་མ། ཁ་དོག་སྔོན་མོ། སྔོན་པོ་དང། སེར་པོ་དང། དཀར་དམར་དང། ལྗང་ཁུའི་ཞལ་བཞི་པ། ཕྱག་བཞི་དང་ལྡན་པ་སྟེ། རྡོ་རྗེ་དང། ཐོད་པ་དང། དྲིལ་བུ་དང། ཁ་ཊཝཱཾ་ག་འཛིན་པའོ། །ལྷོའི་འདབ ་མ་ལ། རིན་ཆེན་མཁའ་འགྲོ་མ་སེར་མོ་སྟེ། སེར་པོ་དང། སྔོན་པོ་དང་དཀར་དམར་དང། ལྗང་ཁུའི་ཞལ་བཞི་པ། ཕྱག་བཞི་བ་སྟེ། རིན་པོ་ཆེ་དང། རྩེ་གསུམ་པ་དང། དར་དཔྱངས་དང། ལྕེ་སྤྱང་ཕྱག་ན་བསྣམས་པའོ། །ནུབ ་ཀྱི་འདབ་མ་ལ་པདྨ་མཁའ་འགྲོ་མ། ཁ་དོག་དམར་ཏེ། དཀར་དམར་དང། སེར་པོ་དང། སྔོན་པོ་དང། ལྗང་ཁུའི་ཞལ་བཞི་པ་ཕྱག་བཞི་དང་ལྡན་པ་སྟེ། སྣ་ཚོགས་པདྨ་དང། མདའ་དང། གཞུ་དང། ཐོད་པ་རྣམས་ཕྱག་ན་བསྣམས ་པའོ། །བྱང་གི་འདབ་མ་ལ་སྣ་ཚོགས་མཁའ་འགྲོ་མ་ཁ་དོག་ལྗང་ཁུ་དང། སེར་པོ་དང། དཀར་དམར་དང། སྔོན་པོའི་ཞལ་བཞི་པ། ཕྱག་བཞི་དང་ལྡན་པ་སྟེ། རལ་གྲི་དང། ཌ་མ་རུ་དང། ཞགས་པ་དང། ཀ་པཱ་ལ་རྣམས་ཕྱག་ན་བསྣམས ་པའོ། །དེ་ལྟ་བུའི་རྣམ་པར་བསྒོམས་པའི་སྙིང་ཁར་མན་ངག་ཇི་ལྟ་བ་ལས་ཐིག་ལེའི་རྒྱལ་པོ་བསྒོམ་པར་བྱའོ། །དེ་ནས་ཕུང་པོ་དང། ཁམས་དང། སྐྱེ་མཆེད་ཀྱི་རང་གི་ངོ་བོ། ཁམས་གསུམ་པ་ནི་སྒྱུ་མ་དང། སྨིག་རྒྱུ་དང། རྨི་ལམ ་དང། དྲི་ཟའི་གྲོང་ཁྱེར་ལྟ་བུར་རང་གི་སེམས་དང་ཐ་མི་དང་པ། རང་བཞིན་གྱི་འོད་གསལ་བར། ཕྱི་ནང་གི་གཟུགས་ལ། རྣལ་འབྱོར་བས་བསམས་མོ། །དེ་ནས་དེ་མ་ཐག་ཏུ་ཡེ་ཤེས་ཀྱི་དཀྱིལ་འཁེར་བཀུག་སྟེ། དམ་ཚིག་གི ་འཁོར་ལོར་བཅུག་ལ། ཨོཾ་དྷ་རྨཱ་བྷཱ་ཏུ་སྭ་བྷཝ་བ་ཨཱ་ཏྨ་ཀོ་ཧཾ། ཞེས་ང་རྒྱལ་བྱའོ། །དེ་ནས་ཨ་དམར་པོ་ཡོངས་སུ་གྱུར་པ་ལས། པདྨ་ལ་རྫོགས་པ་དང། ཨོཾ་ཨཾ་ཧཱུཾ་བྷུཾ་ཏྲཾ་ཏྲི(རྒྱུད་འགྲེལ་རྣམ་པར་སྣང་མཛད་ལ་སོགས་པའི་ཁ་དོག་།དགོད་པར་བྱའོ། །ཡི་གེ་ཧཱུཾ་གིས་རྡོ་རྗེ་རྫོགས་བར་བྱས་ལ། གླུ་འདི་དག་གིས་བསྐུལ་བར་བྱའོ། །ཀྱེ་གྲོགས་མོ་མཆོག་ནི་བདག་ཅག་གི་།པདྨའི་ཁ་ཡི་རྣམ་དབྱེ་བར། །འོད་གསལ་བ ་ཡི་རྡོ་རྗེ་ཡིས། བདེ་བ་ཉིད་མཛོད་ཨ་ལ་ལ་ལ་ལ་ཧོ། །གླུ་འདི་དག་གིས་དེ་མ་ཐག་དུ། རྗེས་སུ་ཆགས་བས་མཆོད་ཅིང་བྱིན་གྱིས་བརླབ་བོ། །དེའི་རྗེས་སུ་བདུད་རྩི་མྱང་བར་བྱ་བ་ནི་ཐོད་པ་ལག་ཏུ་གཞག་བར་བི་དང། ར་དང། སུ་དང། ་མ་དང། མུ་དང། ད་དང། གོ་དང། ཧ་དང། ན་དང། ཀུ་དང་སྡེ། ཨཱ་ལི་ཀཱ་ལི་འདི་དག་གིས་བྱིན་གྱིས་བརླབ་ཅིང། ཕྱིན་ཅི་ལོག་གི་ཡི་གེ་གསུམ་གྱིས་ཀྱང་བྱིན་གྱིས་བརླབས་པས་ཡི་གེ་དེ་རྣམས་ལས་མི་བསྐྱོད་པ་ལ་སོགས་པ ་དེ་བཞིན་གཤེགས་པ་རྣམས་འཐོན་ཏེ། ཕྱོགས་བཅུ་ན་གནས་པའི་བདུད་རྩི་རྣམས་ཕྱག་ཏུ་བླངས་ནས་ཡི་གེ་རྣམས་ཉིད་ལ་ཞུགས་པས་བདུད་རྩི་དང་ལྷན་ཅིག་ཏུ་རོ་གཅིག་པར་གྱུར་པར་བསམ་ཏེ། ཡི་གེ་གསུམ་པོས་རིམ་པ་དང། ་རིམ་བ་མ་ཡིན་པས། སྤྲོ་ཞིང་བསྡུ་བ་ནི་སྐུ་གསུང་ཐུགས་ཀྱི་རང་བཞིན་གྱི་མདོག་ཏུའོ། །ོཾ་ཨཱ་ཧཱུཾ། ཞེས་བྱ་བ་འདི་དག་ཇི་ལྟ་བའི་མན་ངག་གིས་བཟླའི། །ཇི་ལྟར་ནུས་པར་བཟླས་བརྗེད་བྱས་ནས། དེ་ཉིད ་གསུམ་དང་ཡི་གེ་མུ(རྒྱུད་འགྲེལ་ནི། དེ་ཉིད་གསུམ་པ་བརྗོད་པས་སྔར་གྱི་དེ་བཞིན་དུ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ཏེ་གཅིག་ཏུ་བྱས་ལ། རྗེས་སུ་ཆགས་པ་ལ་སོགས་པ་དག་ཀྱང་བྱའོ། །སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བའི་སྒྲུབ་ཐབས་བཅོམ་ལྡན་འདས་ཡུམ་རྡོ་རྗེ ་མཁའ་འགྲོ་མ་ཉིད་ཨུ་རྒྱན་ཡུལ་དུ་བྱོན་ནས་གསུངས་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨ་བ་དྷཱུ་ཏཱི་པའི་ཞལ་སྔ་ནས་དང། བོད་ཀྱི་ལོ་ཙ་བ་དགེ་སློང་ཤཱཀྱ་བརྩོན་ན་འགྲུས་ཀྱིས་ཞུས་ཏེ་བསྒྱུར་བའོ།། །། ་