| Wylie | e-texts based on the ACIP/ALL Input |
གྲགས་པ་ཡིས། །རི་རབ་ལྟ་བུ་དགེ་རྩ་འདིས། །སེམས་ཅན་ཉོན་མོངས་མེས་བསྲེགས་རྣམས། །ཡང་དག་ཡེ་ཤེས་དང་ལྡན་གྱུར། །དགེ་ཤིང་བཀྲ་ཤིས་པར་གྱུར་ཅིག། །།དཔལ་སྒྱུ་འཕྲུལ་ཆེན་མོའི་འགྲེལ་པ་བཞུགས་སོ།། *། །རྒྱ་གར་སྐད ་གུ་ཎ་ཝ་ཏྱཾ་ཤྲཱི་མ་ཧཱ་མཱ་ཡཱ་ཊཱི་ཀ། བོད་སྐད་དུ། །དཔལ་སྒྱུ་འཕྲུལ་ཆེན་མོའི་འགྲེལ་པ་ཡོན་ཏན་ལྡན་པ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །གང་གིས་འགྲོ་བ་རྣམས་ཀྱི་དོན་ཕྱིར་རིགས་རྣམས་དང། །ལྷ་མོ་རྣམས་དང་རིགས་ཀྱི་གཙོ་བོའི་སྐུར་མཛད་ཅིང། །སྐུ་ཡི་མཚན་མ་རྗེས་འགྲོ་དེ་ཉིད་གཅིག་པུ་ཡི། །རྡོ་རྗེ་འཛིན་པ་ཞི་པའི་དོན་དུ་ངེས ་བསྟེན་བྱ། །གང་ཞིག་ཚིག་ཚོགས་རབ་ཏུ་མང་པ་དཔལ་ལྡན་སྒྱུ་འཕྲུལ་ཆེན་མོ་རྒྱུད། །མདོ་དོན་མ་ལུས་ཡོངས་སུ་ཤེས་པའི་སྐྱེ་བོ་དིད་སང་འགའ་ཙམ་སྲིད། །དེ་བས་ཐོས་ལྡན་གསལ་ཞིང་དག་པའི་སྐྱེ་བོ་རྣམས་ཀྱིས་དེ་ཡིས་ནི། །ཚིག ་དོན་སོ་སོར་ཤེས་པ་རྙེས་པར་བྱ་ཕྱིར་བདག་གིས་འགྲེལ་པ་འདི། །སྐྱེ་བོའི་འདོད་པ་ཐ་དད་རྣམས་ལ་གཟིགས་ནས་ནི། །བོད་བར་གཤེགས་པས་བྱང་ཆུབ་ལམ་ནི་སྣ་ཚོགས་གསུངས། །འདོད་ལྡན་མང་དུ་རང་ཉིད་འཇུག་པ་སྲིད་པས་ན། ་རྣམ་འགྲེལ་ཡོན་ཏན་ལྡན་འདི་བྱ་བར་འོས་པ་ཡིན། །དེ་ནས་ཤེས་བྱ་བ་ལ་སོགས་པ་ལ། །རྒྱུད་འདི་ནི་རང་གི་རྒྱུད་མ་ཡིན་ནོ། །འོ་ན་ཅི་ཞེ་ན། །རྒྱུད་གཞན་དང་འབྲེལ་པ་སྟེ། དེ་བས་ན་དེ་ནས་ཤེས་བྱ་བའི་དོན་རྒྱུད་འདི་རྒྱུད་སྔ་མ་ལ་ལྟོས ་པའི་རྗེས་ཐོགས་ཡིན་པར་གསལ་བར་བྱེད་དོ། །དེ་ཉིད་ཀྱི་ཕྱིར་འདིའི་དང་པོར་འདི་སྐད་བདག་གིས་ཐོས་པ་ལ་སོགས་པ་གླེང་གཞིའི་ཚིག་ཕྲད་སྦྱར་བར་མ་མཛད་དེ། །སྔ་མ་ཉིད་ལ་སྦྱར་བའི་ཕྱིར། །དཔེར་ན་དཔལ་རྡོ་རྗེ་རྩེ་མོ་ལ་སོཌ ་པའི་རྒྱུད་བཞིན་ནོ། །དེ་ནས་ཤེས་བྱ་བའི་སྒྲས་གང་གི་ཕྱིར་མདོར་བསྡུས་པ་ལ་དགའ་བ་རྣམས་འདི་ཉིད་ཀྱིས་མྱུར་དུ་བྱང་ཆུབ་བསྒྲུབ་པའི་ཕྱིར་ཏེ། དེ་ནས་རབ་ཏུ་བཤད་པར་བྱ་ཞེས་བྱ་བ་དང་སྦྱར་ཏེ། རབ་ཏུ་རྣམ་པར་ཕྱེ་སྟེ་བཤད་པ་ནི ་རབ་ཏུ་བཤད་པར་བྱའོ། །རྒྱུད་ཅེས་བྱ་བ་ནི་རབ་ཏུ་རྒྱས་ཏེ། རྒྱུའི་རྒྱུད་དང། འབྲས་བུའི་རྒྱུད་དང། ཐབས་ཀྱི་རྒྱུད་དེ་རྣམ་པ་གསུམ་མོ། །དེ་ལ་རང་བཞིན་གྱིས་འོད་གསལ་བ་ཐོག་མ་དང་ཐལ་མེད་པའི་བྱང་ཆུབ་ཀྱི་སེམས་དེ་ནི་རྒྱུད་དེ་ས་བོན་ནོ། །དེ་གང ་གི་ས་བོན་ཞེ་ན། བྱང་ཆུབ་ཀྱི་སྟེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིའོ། །དེ་ཉིད་ནི་བླ་ན་མེད་པའི་འབྲས་བུ་ཡིན་ཕྱིར་འབྲས་བུའོ། །དེ་ཡང་རང་བཞིན་གྱི་འོད་གསལ་བའི་སེམས་གློ་བུར་གྱི་སྒྲིབ་པ་ཐམས་ཅད་ཟད་པས་རྣམ་པར་དག་པའི་མཚན་ཉིད་སངས ་རྒྱས་རྣམས་ཀྱི་ཆོས་སྐུ་སྟེ། ལོངས་སྤྱོད་རྫོགས་པ་དང། སྤྲུལ་པའི་སྐུས་བསྡུས་པའི་ཡོན་ཏན་མཛའ་ཡས་པ་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རྟེན་དུ་གྱུར་པ་ཞེས་བྱ་བའི་དོན་ཏེ། དེ་ཉིད་ནི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཆོས་ཀྱི་སྐུ་སྟེ། རྡོ་རྗེ་འཛིན་པ་ཆེན་པོའི ་གོ་འཕང་ངོ། །རྒྱུད་དེ་ལས་དེའི་འབྲས་བུ་རྫོགས་པར་བྱེད་པའི་སྒྲུབ་པ་ནི་ཐབས་ཏེ། དེ་ཡང་ཕ་རོལ་དུ་ཕྱིན་པའི་ཐེག་པ་ཆེན་པོ་ལ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐལ་པ་གྲངས་མེད་པ་གསུམ་དུ་སྒྲུབ་པའི་ལམ་འཁོར་དང་བཅས་པའོ། །གསང ་སྔགས་ཀྱི་ཐེག་པ་ལ་ནི་བྱང་ཆུབ་ཀྱི་ལམ་ནི་ཤིན་ཏུ་རྒྱ་ཆེན་པོ་དེ་ཉིད་མདོར་བསྡུས་པའི་རང་བཞིན་ཤིན་ཏུ་མྱུར་བ་དང། ཤིན་ཏུ་བདེ་བར་བྱང་ཆུབ་སྒྲུབ་པའི་ཐབས་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པའི་ལམ་འཁོར་དང་བཅས་པའོ། །རྒྱུ་དང། ་འབྲས་བུ་དང། ཐབས་དེ་དག་གིས་དབང་དུ་བྱས་ནས་གང་བསྟན་པ་དེ་དག་ནི་རྒྱས་པ་སྟེ་གོ་རིམས་བཞིན་དུ་རྒྱུའི་རྒྱུད་དང། འབྲས་བུའི་རྒྱུད་དང། ཐབས་ཀྱི་རྒྱུད་དེ། རྒྱུད་རྣམ་པ་གསུམ་པོ་འདི་དག་རབ་ཏུ་བཤད་པར་བྱའོ། །འོ་ན་རྒྱུད་དེའི་མིང་ཅི་ཞེ་ན ་མཆོག་ཏུ་གསང་བ་ཅེས་པའི་སྒྲ་ནི་ཟད་པར་མི་འགྱུར་བ་དང། གྲགས་པ་ལ་འཇུག་པ་སྟེ། མཆོག་ཏུ་གསང་བ་ཅེས་བྱ་བའི་མིང་ཅན་དུ་གྲགས་པ་ཞེས་བྱ་བའི་དོན་ཏོ། །གང་རྣམས་ཀྱི་མཆོག་ཏུ་གསང་བ་ཡིན་ཞེ་ན། རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱི་ཞེས ་བྱ་བ་གསུངས་ཏེ། འདི་ནི་རྡོ་རྗེ་མཁའ་འགྲོ་མ་མ་ལུས་པ་རྣམས་ཀྱི་མཆོག་ཏུ་གསང་བའི་རྒྱུད་ཅེས་བྱ་བའི་བར་དུ་མཆོད་པའི་དོན་དང་སྦྱར་བར་བྱའོ། །མཁའ་འགྲོ་མ་ཞེས་བྱ་བ་ལ། དེ་ནི་ནམ་མཁའ་ལ་འགྲོ་བ་སྟེ། ཨེ ་ཨར་བྱས་ནས་དྷ་གསུམ་པའི་དོན་དུ་སྦྱར་བས་ཌཱས་ནམ་མཁའ་ལ་འགྲོ་བ་ཞེས་བྱ་བའི་དོན་ཏོ། ། ཀ་ཨ་ག་ནི་གྱ་གྱུར་འགྲོ་བའོ། །འདིར་ཐམས་ཅད་དུ་འགྲོ་བ་ནི་གྱ་གྱུར་འགྲོ་བའོ། །ཌཱས་གྱ་གྱུར་འགྲོ་བའི་དང་ཚུལ་གང་རྣམས་ལ་ཡོད་པ་དེ ་དག་ནི་ནམ་མཁའ་ལ་འགྲོ་བ་རྣམས་ཏེ། རྫུ་འཕྲུལ་གྱིས་བྱེ་བ་ཕྲག་བརྒྱ་སྟོང་གི་སྐུས་གཅིག་ཅར་ཐམས་ཅད་དུ་འགྲོ་བ་ནི་རྣམ་ཤེས་བྱ་བའི་དོན་ཏོ། །དེ་སྐད་དུ་ཡང། དེ་ནི་ནམ་མཁར་འགྲོ་མ་ཞེས། །ཁམས་ལས་འདིར་ནི་རྣམ་པ་བརྟགས། །ནམ་མཁའ་ ་ཀུན་ཏུ་རྒྱུ་གྲུབ་པས། །མཁའ་འགྲོ་མ་ཞེས་བརྡར་བཏགས་སོ། །ཞེས་གསུངས་སོ། །རྡོ་རྗེའི་སྒྲ་སྨོས་པ་ནི་ཕྱི་རོལ་གྱི་མཁའ་འགྲོ་མ་རྣམ་པར་གཅོད་པའི་དོན་ཏོ། །རྡོ་རྗེ་ཡང་ཡིན་ལ་མཁའ་འགྲོ་མ་ཡང་ཡིན་པས་རྡོ་རྗེ་མཁའ་འགྲོ་མ་རྣམས་ཏེ། སྤྲོས་པ ་མེད་པའི་ཡེ་ཤེས་ལས་བྱུང་བ་ཅེས་བྱ་བའི་དོན་ཏེ། དེ་རྣམས་ཇི་ལྟ་བུ་ཞིག་ཡིན་ཞེ་ན། གསང་བའི་དབང་ཕྱུག་མ་ཞེས་གསུངས་ཏེ། འདིར་རིགས་ལྔ་ནི་གསང་བ་ཡིན་ལ། དེས་ན་དེ་རྣམས་འབྱིན་པ་དང་ཡང་དག་པར་སྡུད་པར་བྱེད་པས་ན་དབང ་ཕྱུག་མའོ། །དེ་ལ་དེ་བཞིན་གཤེགས་པའི་རིགས་ཀྱི་དབང་མོ་ནི་སངས་རྒྱས་མཁའ་འགྲོ་མའོ། །རྡོ་རྗེ་རིགས་ཀྱི་ནི་རྡོ་རྗེ་མཁའ་འགྲོ་མའོ། །ནོར་བུའི་རིགས་ཀྱི་ནི་རིན་ཆེན་མཁའ་འགྲོ་མའོ། །པདྨའི་རིགས་ཀྱི་ནི་པདྨ་མཁའ་འགྲོ་མའོ། །ལས་ཀྱི་རིགས་ཀྱི ་དབང་མོ་ནི་སྣ་ཚོགས་མཁའ་འགྲོ་མའོ། །དེ་རྣམས་ཀྱི་ཡང་དབང་མོ་ནི་སྒྱུ་འཕྲུལ་ཆེན་མོ་སྟེ། གང་གི་ཕྱིར་འདི་ནི་གསང་བ་ལས་ཀྱང་ཤིན་ཏུ་གསང་བ་ཡིན་པ་དེའི་ཕྱིར་མཆོག་ཏུ་གསང་བའོ། །དེ་བརྗོད་པར་བྱེད་པའི་ཚིག་ལ་ཡང་དེ་སྐད་ཅེས་བྱ་སྟེ། ་རོལ་རྙེད་མ་ཕྲོགས་པའི་སྙན་དག་བཞིན་ནོ། །མི་འདི་ཉིད་ཀྱི་དོན་བསྟན་པར་བཞེད་ནས། གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚངས་པ་ཞེས་བྱ་བ་ལ། པྲ་ཧམ་ནི་ཏ་སྟེ་རྒན་པོ་ཡིན་ལ། མ་ནི་ནི་རྐྱེན་ཡིན་ཏེ། ཡི་གེ་རྣམ་པར་བསྒྱུར་བའི་དེས་པའི ་ཚིག་ཏུ་བྱས་པས་ཚངས་པར་འགྱུར་ཏེ། འདིར་འཇིག་རྟེན་ཐམས་ཅད་ཀྱི་བླ་མར་གྱུར་ཡས་ཐམས་ཅད་ལས་རྒན་པས་ན་ཚངས་པ་སྟེ། ལོངས་སྤྱོད་རྫོགས་པ་དང། སྤྲུལ་པའི་སྐུས་བསྡུས་པའི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱི་སྒོ་ང་ནི་སྐྱེ་གནས ་ཏེ། ཆོས་ཀྱི་སྐུ་ཞེས་བྱའི་དོན་ཏོ། །ཡང་ན་ཁྱད་པར་དུ་གྱུར་པའི་ཐར་པ་ནི་ཚངས་པ་ཡིན་ལ། །སྐུ་ཉིད་ཀྱི་སྐྱེ་གནས་ཡིན་པའི་ཕྱིར་སྒོ་ང་ཡིན་པས་ཚངས་སྒྲོ་ང་སྟེ་ཆོས་ཀྱི་སྐུའོ། །འདིར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་ཀྱི་སེམས་ཅན་གྱི་འཇིག་རྟེན ་རྣམས་ནི་རྒྱུ་བའོ། །དེ་རྣམས་ཀྱི་སྣོད་ཀྱི་འཇིག་རྟེན་གང་ཡིན་པ་དེ་ནི་འདིར་མི་རྒྱུ་བའོ། །དེ་རྣམས་དང་ལྷན་ཅིག་འཇུག་པས་ན་རྒྱུ་མི་རྒྱུ་བཅས་ཚངས་སྒོ་ད་སྟེ། དེ་དག་ལ་གང་གིས་ཁྱབ་པ་ཞེས་བྱ་བར་འབྲེལ་ཏོ། མ་ལུས་ཤེས་བྱ་བ་ནི་དེ་བཞིན་གཤེཌ ་པ་ཐམས་ཅད་ཀྱིས་དེ་དག་ཀུན་ལ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཇི་ལྟར་ན་ཚངས་པའི་སྒོང་ལ་དེས་ཁྱབ་ཅེ་ན། གང་གི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་ཚངས་པའི་སྒོ་ང་སྟེ། དེའི་རང་བཞིན་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་རྒྱུ་བ་དང་མི་རྒྱུ་བའི་འཇིག་རྟེན་ལ་དེས ་ཁྱབ་ཅེ་ན། དེ་ལས་བྱུང་བའི་ཕྱིར་རོ། །དེ་ཉིད་བསྟན་པའི་ཕྱིར་ལྷ་མོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷ་མོ་ཐམས་ཅད་ནི་རིགས་ལྔའི་མཁའ་འགྲོ་མ་རྣམས་སོ། །ཚངས་པ་ལ་སོགས་པ་ནི་དེ་བཞིན་གཤེགས་པ་ལྔ་རྣམས་ཏེ། རིགས ་དེ་དག་མཛའ་ཡས་པ་དེ་རྣམས་ཀྱི་སྐྱེད་པར་བྱེད་པ་ནི་རྒྱུར་གྱུར་པའི་ཕྱིར་རོ། །བདག་ཉིད་ཆེ་ཞེས་བྱ་བ་ནི་མཐུ་ཆེ་བའོ། །དེ་སུ་ཞིག་ཅེ་ན་སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བ་གསུངས་ཏེ། སྒྱུ་འཕྲུལ་ཆེན་པོའི་སྒྲས་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་མཆོག་ཏུ ་གསང་བའི་སྐུ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་བསྟན་ཏོ། །དབང་ཕྱུག་ཆེ་ཞེས་བྱ་བ་ལ། གང་གི་ཕྱིར་ཚངས་པ་ལ་སོགས་པ་འབྱིན་པར་བྱེད་པས་དེ་དག་ནི་དབར་ཕྱུག་ཡིན་ལ། དེ་དག་ཀྱང་འདིས་འབྱིན་པར་བྱེད་པས་ན་འདི ་ནི་དབང་ཕྱུག་ཆེའོ། །གང་གི་ཕྱིར་དབང་ཕྱུག་ཆེན་མོ་ཡིན་པ་དེའི་ཕྱིར། དེ་རྣམས་ཀྱི་ནི་གསང་ཆེན་འདི་ཞེས་གསུངས་ཏེ། །དེ་རྣམས་ཤེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོ་མ་རྣམས་སོ། །གསང་ཆེན་ནི་མཆོག་ཏུ་གསང་བའོ། །འདེ་ཞེས་བྱ་བ་ནི་སྒྱུ་འབྲུལ ་ཆེན་མོའོ། །འདི་ལྟར་རྒྱ་ཆེན་པོ་ལ་ལྟོས་ནས་ཕྲ་བའི་རང་བཞིན་ནི་གསང་བར་བརྗོད་དོ། །དེ་ཉིད་ཀྱི་ཕྱིར་རིགས་རྣམས་ལས་རིགས་ཀྱི་བདག་པོ་ལྔ་ནི་གསང་བ་ཡིན་ཏེ་རིགས་རྣམས་དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཡང་མཁའ་འགྲོ་མ་ལྔ་ནི ་གསང་བ་དེ་ལས་ཀྱང་གསང་བར་གྱུར་པའོ། །འདི་ལྟར་རང་རང་གི་རིགས་ལ་ཁྱབ་པའི་རིགས་ཀྱི་དབང་པོ་རྣམས་ནི་གསལ་བའི་མཚན་ཉིད་དེ། དངོས་པོའི་ཆ་གཙོ་བོར་བྱས་པས་ན་དེ་དག་ནི་རིགས་པའོ། །མཁའ་འགྲོ་མ་རྣམས་ནི་གསལ་བ་དེ་ཉིད ་ཀྱིས་སྟོང་པའི་མཚན་ཉིད་དེ། དངོས་པོ་མེད་པའི་ཆ་གཙོ་བོར་བྱས་ནས་དེ་པས་ཕྲ་བའོ། །དེ་བས་ན་གསང་བ་ལས་ཀྱང་ཤིན་ཏུ་གསང་བར་གྱུར་པ་རྣམས་ཀྱི་ཡང་གསང་བ་ནི་སྒྱུ་མ་ཆེན་མོ་སྟེ་འདི་ལྟར་རིགས་སོ་སོའི་ཆོས་ཉིད་ཀྱི་མཚན་ཉིད་ནི་རྒྱ་ཆེ་བ ་ཡིན་ལ། །འདི་ནི་ལྔ་ཅར་གྱི་ཆོས་ཉིད་མཐུན་མོང་པ་སྟེ། དེས་ན་འདི་ནི་གསང་བ་དེ་རྣམས་ཀྱིས་ཡང་གསང་ཆེན་ནོ། །དེ་རྫོད་པར་བྱེད་པའི་རྒྱུད་ལ་ཡང་གསང་ཆེན་ཞེས་བརྗོད་དོ། །གསང་ཆེན་ཞེས་བརྗོད་མོད། ཡང་ཅིའི་ཕྱིར་སྒྱུ་འཕྲུལ་ཆེན་མོ་ཡིན ་ཞེ་ན། དེའི་ཕྱིར་སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་ངེ་ནི་དྲག་མོ་ཆེན་མོ་སྟེ། མཆོག་ཏུ་རྣམ་པར་འཚེ་བའི་ཕྱིར་རོ། །གང་ལས་ཤེ་ན་གང་གི་ཕྱིར་འབྱུང་བ་ཡང་དག་སྡུད་མཛད་མའོ། །མ་རིག་པ་ལས་བྱུང ་བས་ན་འབྱུང་བ་སྟེ། སངས་རྒྱས་ཀྱི་བྱང་ཆུབ་ལ་སྒྲིབ་པ་ཐམས་ཅད་དོ། །དེ་ཡང་དག་པར་སྡུད་པ་ནི་དེ་འཇིགས་པར་མཛད་པ་སྟེ། དེ་བཅོམ་པས་ན་ཐར་པའི་མཆོག་ཏུ་གྱུར་པའོ། །འདི་སྙམ་དུ་རྣམ་པར་འཚེ་བ་ནི་མ་ཡིན་ལ། ཨི་ཨར་བྱས་པས ་མར་གྱུར་ཏེ། ཌཎ་རྐྱེན་དུ་སྦྱར་བས་ཡང་འདྲེན་པར་བྱེད་དེ། དེས་ན་མཱ་ཡཱ་ཞེས་བྱ་བར་དགོང་སོ། །རྣམ་པ་གཞན་གསུངས་པ། གང་གིས་ཤེས་བྱ་བ་དང། འཇིག་རྟེན་གསུམ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཞེས་ཡོངས་སུ་དག་པའོ། །རྒྱུ་མི་རྒྱུར་བཅས ་ཤེས་བྱ་བ་ནི་སྔ་མ་བཞིན་ནོ། །ཁྱབ་པ་ཞེས་བྱ་བ་ནི་དེ་ལས་བྱུང་བ་སྟེ། གང་གི་ཕྱིར་རྒྱུ་མི་རྒྱུར་བཅས་པ་རྣམས་ཆོས་ཀྱི་སྐུའི་རྒྱ་མཐུན་པ་ཡིན་པའི་ཕྱིར་རོ། །འདི་སྙམ་དུ་ངེས་པར་སྤྲུལ་པ་ནི་སྒྱུ་མ་སྟེ། མའི་མཱ་ལ་ཎའི་རྐྱེན་སྦྱར་བས་ཡ་དྲངས་བས་མཱ་ཡཱ ་པར་འགྱུར་བར་དགོངས་སོ། །རྣམ་པ་གཞན་གསུངས་པ། དེ་ནས་དེ་ཡིས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཤེས་བྱ་བ་ནི་གཞན་ཏེ་རྣམ་པ་གཞན་ཞེས་བྱ་བའི་དོན་ཏོ། །དེ་ཡི་ཤེས་བྱ་བ་ནི་ཧེ་རུ་ཀའི་གཟུགས་ཅན་གྱི་སྒྱུ་འཕྲུལ་ཆེན་མོས་སོ ་བསྡུས་ཤེས་བྱ་བ་དང། འཇིག་རྟེན་གསུམ་པོ་ཞེས་བྱ་བ་ནི་དབང་ཕྱུག་ཆེན་པོ་ལ་སོགས་པ་རྣམས་གཟིགས་པས་བསྐྱེལ་ལ་སྟེ་ཐལ་བར་མཛད་པའོ། །ཡང་ཞེས་བྱ་བ་ནི་ཕྱི་ནས་སོ། །སྤྲོའོ་ཞེས་བྱ་བ་ནི་དེ་དག་ཉིད་ཀྱིས་ཞེ་སྔད་མེད་ཡང་མཛད་ནས ་རྒྱལ་མཚན་ཆེན་པོའི་དྲིལ་བུའི་སྒྲ་རྣམས་ཀྱིས་སླར་གསོ་བར་མཛད་པའོ། །དེས་ཅིར་འགྱུར་ཞེ་ན། གསང་བ་པ་རྣམས་ཤེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱི་རོལ་རྡོ་རྗེ་རིགས་ཀྱི་ལྷ་རྣམས་ནི་ཅུང་ཟད་གསང་བར་གྱུར་པས་ན་གསང་བའོ། །དེ་ནས ་ཀྱིས་མ་ནི་མར་གྱུར་པ་སྟེ། །དེ་ངས་ན་འདི་ནི་སྒྱུ་མའི་བདག་ཉིད་ཅེས་རྣམ་གྲངས་ཤེས་གསུངས་ཏེ། སྒྱུ་མའི་བསྒྲུབ་པ་ནི། སྔར་བཤད་པ་བཞིན་དུ་དགོངས་སོ། །རྣམ་པར་གྲགས་པ་ནི་རབ་ཏུ་གྲགས་པར་གྱུར་པའོ། །དེ ་ལྟ་བུར་གྱུར་པའི་བདག་ཉིད་ཅན་ཡིན་མོད། དེས་སྒྲུབ་པ་པོ་རྣམས་ལ་ཅི་ཞིག་བྱེད་ཅེ་ན། དེའི་ཕྱིར་འཇིག་རྟེན་གསུམ་སྒྲུ་བཅེས་བྱ་བས་སོགས་པ་གསུངས་ཏེ། གླུ་ན་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པ་ཡ་ན་རིག་པ ་སྟེ། སྒྱུ་མའི་བདག་ཉིད་དུ་གྲགས་པའི་རིགས་པས་སྒྲུབ་པ་པོ་རྣམས་ལ་འཇིག་རྟེན་གསུམ་པོ་སྒྲུབ་པའོ། །འདོད་པ་ཐམས་ཅད་ནི་བསེམས་པ་ཐམས་ཅད་དེ། རིག་འཛིན་ལ་སོགས་པའོ། །སྟེར་བ་ནི་དེ་དག་ཁྱད་པར་དུ་སྟེར་པར་བྱེད་པ་སྟེ། ་ཚིགས་སུ་བཅད་པ་ཕྱེད་པ་འདི་ནི་བསྟན་པའི། །འདི་ཉིད་ཀྱི་ཉེ་བར་བསྟན་པ་ནི། གང་ཞིག་ཅེས་བྱ་བ་ནས་སྒྱུ་མའི་རིག་པ་འདི་ཞེས་བྱ་བའི་བར་ཡིན་ཏེ། གང་ཞིག་ཅེས་བྱ་བ་ནི་རིག་པའོ། །རྣམ་པར་ཤེས་པ་ཙམ་གྱིས་ཤེས་བྱ་བ་ནི་ཉམས་སུ་བླང ་བ་ཙམ་སྟེ། སྒྲུབ་པོ་རྣམས་ལ་འགྲུབ་པར་འགྱུར་ཞེས་བྱ་བ་དང་འབྲེལ་ཏེ། སྒྲུབ་པའི་དབང་ཕྱུག་ཅེས་བྱ་བ་ནི་སྒྲུབ་པ་དོ་རྣམས་ཀྱི་དབང་ཕྱུག་སྟེ་རིག་པ་ཉིད་དོ། །ཅི་ཞིག་འགྲུབ་པར་འགྱུར་ཞེ་ན། ལྷ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་ལྷ་ནི་བརྒྱ་བྱིན་ལ་སོགས་པའོ། །ནོར་བདག་ནི་ཡི་ངགས་རྫུ་འཕྲུལ་ཅན་ནོ། །དྲི་ཟ་ནི་ཡུལ་འཁོར་སྐྱོང་ལ་སོགས་པའོ། །བཅས་པ་ནི་དེ་དག་དང་ལྷན་ཅིག་ཏུ་འཇུག་པའོ། །སྒྲུབ་པོ་ཞེས་བྱ་བ་ནི་སྒྲུབ་པ་པོའོ། །འགྲུབ་པར་འབྱུང་ཞེས་བྱ་བ་ནི ་དབང་དུ་འགྱུར་པའོ། །དབང་དུ་འདུ་ཞེས་བྱ་བ་ནི་དབང་དུ་གྱུར་པ་ཉིད་དོ། །འབྱུང་པོ་ནི་སེམས་ཅན་རྣམས་སོ། །ཆུ་ལས་སྐྱེས་ནི་ཆུ་སྲིན་ལ་སོགས་པའོ། །ཐང་ལས་སྐྱེས་ནི་སྟག་ལ་སོགས་པའོ། །དེ་ལྟར་རེ་ཤིག་ཕྱི་རོལ་གྱི་འཇིག་རྟེན་གསུམ་པོ་སྒྲུབ་པ་ངེས ་པར་བསྟན་ནས་འཇིག་རྟེན་ལས་འདས་པའི་འཇིག་རྟེན་གསུམ་པོ་སྒྲུབ་པ་ངེས་པར་བསྟན་པའི་ཕྱིར་ཆོས་རྣམས་ཤེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཚིག་རྐང་དང་པོ་གཉིས་ཀྱིས་ནི་རྒྱུའི་རྒྱུད་མདོར་བསྡུས་ནས་བསྟན་ཏོ། །རང་བྱུང་ཡེ་ཤེས ་ལྔ་པར་འགྱུར་ཞེས་བྱ་བ་ནི་འབྲས་བུའི་རྒྱུད་དོ། །ཚིག་རྐང་པ་གསུམ་པ་དང། ལྔ་པ་དང། དྲུག་པས་ནི་ཐབས་ཀྱི་རྒྱུད་བསྟན་ཏོ། །རང་བཞིན་ནི་གཉུག་མའི་རང་བཞིན་ནོ། །འོད་གསལ་བ་ནི་སྣང་ཞིང་གསལ་བ་སྟེ། ཤིན་ཏུ་དྲི་མ་མེད་པ་ཞེས་བྱ་བའི་དོན ་ཏོ། དེ་ཅི་ཞིག་ཅེ་ན་ཆོས་རྣམས་ཏེ། རང་གི་མཚན་ཉིད་འཛིན་པས་ན་ཆོས་ཏེ། དངོས་པོའི་ཆོས་ཐམས་ཅད་དོ། །དེ་ཡང་འདི་ལྟར་དངོས་པོ་ཐམས་ཅད་སེམས་ཙམ་སྟེ། དཔེར་ན་རྨི་ལམ་ན་ཁང་ཁྱིམ་དང། སྐྱེད་མོས་ཚལ་དང། རྫིང་བུ་དང། རྟ་དང། ་གླང་པོ་དང། མི་ལ་སོགས་པའི་གཟུགས་སུ་སེམས་ཉིད་སྣང་བ་ལྟར་སེམས་ཉིད་དངོས་པོ་དེ་དང་དེའི་རྣམ་པར་སྣང་སྟེ། སེམས་ལས་བྱུང་བ་ནི་སེམས་པས་གུང་ན་མེད་པའི་ཕྱིར་རོ། །དེ་སྐད་དུས་བཅུ་པ་ལས། ཁམས་གསུམ་པ་འདི་དག་ནི་སེམས ་ཙམ་མོ་ཞེས་གསུངས་ལ། འཕགས་པ་ལ་དཀར་གཤེགས་པ་ལས་ཀྱང། ཇི་ལྟར་བྱིས་པས་རྣམ་བརྟགས་པའི། །ཕྱི་རོལ་དོན་ནི་ཡོད་མིན་པས། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་སྐྱེ། །ཞེས་གསུངས་ཏེ ་བག་ཆགས་ཀྱི་དཀྲགས་པ་ནི་བག་ཆགས་ཀྱིས་བཅོམ་ཞིང་བསླད་པའོ། །ཆོས་ཐམས་ཅད་སེམས་ཙམ་ཡིན་མོད། ཡང་དེ་རང་བཞིན་གྱིས་སྣང་ཞིང་འོད་གསལ་བ་ཅིའི་ཕྱིར་ཡིན་ཞེ་ན། གདོད་ནས་ཤེས་བྱ་བ་ལ་སོགས་པ་གསུངས་ཏེ། གདོད ་ནས་ནི་ཐོག་མ་མེད་པ་ཉིད་ནས་སོ། །ཐོག་མ་མེད་པ་ཉིད་ནས་སྒྲིབ་པ་ཐམས་ཅད་ཀྱི་དྲི་མེ་མེད་པས་ན་དག་པའོ། །སྒྲིབ་པ་རྣམས་ཀྱི་བག་ཆགས་མེད་པས་ན་རྙེག་པ་མེད་པའོ། །ཅིང་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏེ། གང་གི་ཕྱིར་གདོད ་མ་ནས་དག་པའི་ཕྱིར་རང་བཞིན་གྱིས་སྣང་ལ་རྙོག་པ་མེད་པའི་ཕྱིར་རང་བཞིན་གྱིས་འོད་གསལ་བའོ། །འོ་ན་དྲི་མ་རྣམས་ཀྱང་ཡོད་ལ་དེའི་བག་ཆགས་རྣམས་ཀྱང་ཡོད་བཞིན་དུ་ཅིའི་ཕྱིར་དག་པ་དང་རྙོག་མ་མེད་ཅེས། དེ་དག་གི་རང་བཞིན་དེ་མ ་ཡིན་པའི་ཕྱིར་ཏེ། ནམ་མཁའ་ལ་རྡུལ་དང། དུ་བ་དང། ཁུག་རྣལ་སོགས་པ་བཞིན་དུ་དྲི་མ་རྣམས་དེ་ལ་བློ་བུར་བ་ཡིན་པའི་ཕྱིར་རོ། །དེ་བས་ན་ཚེས་རྣམས་ནི་རང་བཞིན་གྱིས་འོད་གསལ་བའོ། །ཅི་སྟེ་དེ་ལྟར་མ་གྱུར་ན་འགའ་ ་ཡང་བྱང་ཆུབ་ཐོབ་པར་མི་འགྱུར་ཏེ། སེམས་ཀྱི་རང་བཞིན་དྲི་མར་གྱུར་ན་སེམས་ཡོང་པ་ལ་དེ་ཟད་པར་འགྱུར་བ་མི་རིགས་པའི་ཕྱིར་རོ། །དེའི་ཕྱིར་རང་བཞིན་གྱིས་འོད་གསལ་བའི་སེམས་ཉིད་བྱང་ཆུབ་ཀྱི་རྒྱུ་ཡིན་ལ། བྱང་ཆུབ་ནི་འབྲས་བུ་ཡིན་ནོ། ། ་བྱང་ཆུབ་དེ་ཡང་བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་ཟད་པས་སེམས་ཀྱི་རྒྱུད་ཤིན་ཏུ་རྣམ་པར་དག་པ་ཡིན་ལ། དེ་ཉིད་ནི་ཆོས་ཀྱི་སྐུ་སྟེ། ལོངས་སྤྱོད་རྫོགས་པ་དང། སྤྲུལ་པའི་སྐུས་བསྡུས་པའི་ཆོས་རྣམས་ཀྱི་གཞི་དང་གནས་སུ ་གྱུར་པས་ན་སྐུའོ། །དེ་ལ་ཆོས་ཀྱི་སྐུ་ཉིད་གྱིས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་རང་བྱུང་བ་ཡིན་ཏེ། སྒྲིབ་པ་ཐམས་ཅད་ཟད་པས་རང་ཉིད་འབའ་ཞིག་ཏུ་གྱུར་པ་སྟེ། རང་གི་རང་བཞིན་ཁོ་ན་སྣང་ངོ། །ཞེས་བྱ་བའི་དོན་ཏོ། །སྐུ་གསུམ་གྱིས ་ནི་ཡེ་ཤེས་ལྔ་པོར་འགྱུར་ཏེ། དེ་ལ་དེ་དག་གི་ཡེ་ཤེས་ལྔ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང། མཉམ་པ་ཉིད་ཀྱིས་ཡེ་ཤེས་དང། སོ་སོར་རྟོག་པའི་ཡེ་ཤེས་དང། བྱ་ལ་གྲུབ་པའི་ཡེ་ཤེས་དང། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི ་ཡེ་ཤེས་སོ། །དེ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ནི་མེ་ལོང་དྲི་མ་མེད་པ་ལྟར་དག་ཅིང་མཛའ་མེད་ལ་ལྟག་པ་སྟེ། ཡེ་ཤེས་བར་མ་གསུམ་གྱིས་གནས་སུ་གྱུར་པ་དང། ཡེ་ཤེས་གཞན་ཐམས་ཅད་ཀྱི་གཟུགས་བརྙན་འཆར་བའི་གནས་ཡིན་ལ། ་གཟུགས་བརྙན་གང་ཞིག་ཤར་བས་དེ་བཞིན་གཤེགས་པ་རྣམས་ཀྱིས་རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་གཟིགས་པར་གྱུར་པའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་རྟག་ཏུ་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་མཚུངས་པར་ལྡན ་པས་སེམས་ཅན་ཐམས་ཅད་དང་བདག་ཉིད་ཁྱད་པར་མེད་པར་མཁྱེན་པའོ། །སོ་སོར་རྟོག་པའི་ཡེ་ཤེས་ནི་ཤེས་བྱ་ཐམས་ཅད་ལ་ཐོགས་མེད་པ་དང། ཏིང་ངེ་འཛིན་དང། གཟུངས་ཐམས་ཅད་ཀྱི་གནས་སུ་གྱུར་པས་འཁོར་གྱི་དཀྱིལ་འཁོར་དུ་བདག་ཉིད ་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་སྟོན་པར་མཛད་ཅིང་ཆོས་ཀྱི་ཆར་ཆེན་པོ་འབེབས་པར་མཛད་པའི། །ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་གྱི་ཁམས་མཛའ་ཡས་པ་ཐམས་ཅད་དུ་སྐུ་དང་གསུང་དང་ཐུགས་ཀྱི་སྤྲུལ་པ་རྣམས་ཀྱིས ་མཛའ་ཡས་པའི་སེམས་ཅན་རྣམས་ཀྱི་དོན་མཛད་པ་དེ་ནི་དེ་རྣམས་ཀྱིས་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཡེ་ཤེས་གང་གིས་ང་བཞིན་གཤེགས་པ་རྣམས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཤིན་ཏུ་རྣམ་པར་དག་པ་ལ་གཟིགས་པ་སྟེ། མཚན་མའི་དྲི ་མ་ཐམས་ཅད་ཤིན་ཏུ་མི་སྣང་བས་དེ་ཙམ་དུ་གཟིགས་པ་སྟེ། དེ་ནི་དེ་རྣམས་ཀྱི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་སོ། །དེ་ལ་ཡེ་ཤེས་དང་པོ་གསུམ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །བཞི་པ་ནི་སྦལ་པའི་སྐུའོ། །ལྔ་པ་ནི་ཆོས ་ཀྱི་སྐུའི་ཕྱོགས་གཅིག་སྟེ། རང་བྱུང་ཡང་ཡིན་ལ་ཡེ་ཤེས་ལྔ་པ་ཡང་ཡིན་པས་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཤེས་བྱ་བའི་དོན་ཏོ། །དེ་ལས་ཤེས་བྱ་བ་ནི་རང་བཞིན་གྱི་འོད་གསལ་བའི་རྒྱུ་དེ་ལས་སོ། །ཐབས་བརྗོད ་བཞེས་བྱ་བ་ནི་འབྲས་བུར་གྱུར་པ་དེ་རྣམས་ལ་ཐབས་གཙོ་བོར་གྱུར་པར་བསྟན་པ་སྟེ། འདི་ལྟར་རྒྱ་ཡོང་དུ་ཟིན་ཀྱང་ཐབས་མ་རྟོགས་པར་འབྲས་བུར་འགྱུར་བ་མ་ཡིན་ཏེ། རྒྱུ་ནི་ཐོག་མེད་པའི་དུས་ཅན་ཡིན་པས་ཐམས་ཅད་ཐོག་མ ་ཉིད་ནས་བྱང་ཆུབ་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་ཐབས་གཙོ་བོར་གྱུར་པར་བསྟན་ཏོ། །དེ་ཅི་ཞིག་ཅེན། རྣལ་འབྱོར་མ་རྣམས་ཤེས་བྱ་བ་ལ་སོགས་པ་བསུངས་ཏེ། རྣལ་འབྱོར་མ་རྣམས་ནི་མཁའ་འགྲོ་མ་ལྔའོ། །སྦྱོར་བའི་མ་ཞེས ་བྱ་བ་ནི་སྒྱུ་འཕྲུལ་ཆེན་མོའོ། །ཁམས་གསུམ་པོ་ནི་མ་ལུས་ཀུན་ཞེས་བྱ་བ་ནི་ཁམས་གསུམ་པ་ཐམས་ཅད་དེ། དེ་དག་ལས་ཡང་དག་པར་བྱུང་བ་ནི་རིགས་ཀྱི་དབང་པོ་རྣམས་དང། རིགས་རྣམས་སོ། ཅིའི་ཕྱིར་དེ་དག་ཁམས ་གསུམ་པ་ཡིན་ཞེ་ན། དེ་དག་དེ་བཞིན་གཤེགས་པ་རྣམས་ཀྱི་གསང་བ་གསུམ་གྱི་རྡོ་རྗེའི་ཁམས་སུ་འདུས་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་ཐབས་ཡིན་ཞེ་ན། བྱང་ཆུབ་ཀྱི་སྣོད་དུ་གྱུར་བའི་མཚན་ཉིད་རྒྱུ་ཕུན་སུམ་ཚོགས་པ་ཡོང་བ་ལ་འདི་རྣམས ་ཉིད་བསྒོམ་པ་དང་བཟླས་པ་འཁོར་དང་བཅས་པས་མྱུར་དུ་བྱང་ཆུབ་ཐོབ་པར་བྱེད་ལ་དེ་ཐེབ་ནས་ཀྱང་དེ་དག་ཉིད་ལོངས་སྤྱོད་རྫོགས་པ་དང། སྤྲུལ་པའི་སྐུས་བསྡུས་པ་རྣམས་ཀྱིས་གཞན་རྣམས་སྣོད་ཇི་ལྟ་པ་བཞིན་དུ་བྱང་ཆུབ་རྣམ་པ་གསུམ་ཐོབ་པར ་བྱེད་པའི་ཕྱིར་རོ། །མ་ལུས་ལུས་པ་མེད་པ་ཞེས་བྱ་བ་ལ། མ་ལུས་པ་ནི་རྣལ་འབྱོར་མ་ལ་སོགས་པ་ཕུང་པོ་གསུམ་པོ་དེ་དག་ལས་ཕུང་པོ་གཅིག་ཀྱང་དོར་བ་མེད་པའོ། །ལུས་པ་མེད་པ་ནི་ཕུང་པོ་གཅིག་གི་ཡང་ལྷ་གཅིག་ཀྱང་དོར་བ་མེད་པ་སྟེ། ་མ་ལུས་པ་ཡང་དེ་ཡིན་ལ་ལུས་པ་མེད་པ་ཡང་དེ་ཡིན་པས་དེ་དག་ལ་དེ་སྐད་ཅེས་བྱའོ། །གྲུབ་ཅིང་ཞེས་བྱ་བ་ནི་གང་ཞིག་རྣམ་པར་ཤེས་པ་ཙམ་གྱིས་སྒྲུབ་པ་པོ་རྣམས་ལ་ལམ་དང་འབྲས་བུ་དང་བཞིན་གྱིས་རྫོགས་པར་གྱུར་པའོ། །ཅིའི་ཕྱིར་འགྲུབ་ཅེ་ན ་སྒྱུ་མས་ཀུན་ལ་རྣམ་པར་རོལ་པའི་ཕྱིར་ཏེ། ལམ་དང་འབྲས་བུ་ལ་སོགས་པའི་གནས་སྐབས་འདི་དག་ཐམས་ཅད་སྒྱུ་འཕྲུལ་ཆེན་མོ་ཁོ་ན་ལ་རག་ལས་པའི་ཕྱིར་རོ། །འཇིག་རྟེན་གསུམ་བསྒྲུབ་ཅེས་གང་སྔར་བསྟན་པ་དེའི་ཉེ་བར་བསྟན་པ་མཛད ་ནས། འདོད་པ་ཐམས་ཅད་རང་སྟར་བཅེས་བྱ་བ་གང་སྔར་བསྟན་པ་དེ་ཉེ་བར་བསྟན་པའི་ཕྱིར་ཏེ། སངས་རྒྱས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་རྣམས་སོ། །འཕྲོག་པ་ཞེས་བྱ་བ་ནི་བདག་གམ་གཞན་གྱི་ཕྱིར ་བགུགས་པའོ། །ལྷ་མཆོག་ནི་ལྷའི་གཙོ་བོ་རྣམས་ཏེ། བརྒྱ་བྱིན་ལ་སོགས་པའོ། །སྤྱོད་ཅེས་བྱ་བ་ནི་བཀུག་གནས་ཉེ་བར་སྤྱོད་པའོ། །རྣལ་འབྱོར་ནི་ཏིང་ངེ་འཛིན་ནོ། །དེའི་དབང་ཕྱུག་ནི་སྙོམས་པར་འཇུག་པ་དང་ལྡད་བ་དག་ལ་དབང་ཐོབ་པའོ། །མིག ་འབྲུལ་ནི་ཡོད་པ་དང་མེད་པའི་དམག་ལ་སོགས་པ་ཇི་ལྟར་དགས་པར་སྤྲུལ་ཏེ་སྟོན་པ་དང། མི་སྣང་པར་ཡང་བྱེད་པའོ། །རྨོངས་པ་ནི་བརྒྱལ་བའི་གནས་སྐབས་སུ་གྱུར་པའོ། །དེངས་པ་ནི་མི་གཡོ་བར་བྱས་པའོ། །བསྐྲད་པ་ནི་གནས་ནས་གཡོ་བའོ། །གསུང ་པ་ནི་དཀོན་མཆོག་གསུམ་ལ་སོགས་པ་ལ་ཤིན་ཏུ་གནོད་པར་བྱེད་པ་རྣམས་གཞོམ་པའོ། །སོགས་པའི་སྒྲས་ནི་ཡན་ལག་ཉམས་པ་དང་རིམས་དང། སྲིན་པོས་གཟུང་བ་ལ་སོགས་པ་བསྡུར། །དབང་ནི་དབང་དུ་གྱུར་པ་སྟེ། འདི་དབང་དུ་བྱེད ་པའི་ལས་ལ་དབང་ཞེས་བྱའོ། །དགུག་ན་རྣམ་པ་གཉིས་ཏེ། རྐང་པས་དགུག་པ་དང་ཁོང་བར་དགུག་པའོ་དང་པོ་ནི་ས་ལས་འོད?་བའོ། །གཉིས་པ་ནི་ནམ་མཁའ་ལས་འོད་བྱའོ། །ལས་རྣམས་ནི་དབང་དང་དགུག་པའི་ལས་གསུམ་མོ། །གཞན་གྱི་གྲོ་ངན་གཞན་གྱི ་ལུས་ལ་འཇུག་པའོ། །སོགས་པའི་སྒྲས་ནི་གོང་དུ་འཕོ་བ་ལ་སོགས་པ་གཟུང་ངོ། །བྱ་བ་ནི་གཞན་གྱི་གྲོང་ལ་སོགས་པ་ལ་དེ་དག་ཉམས་སུ་བླང་བའོ། །མི་སྣང་བ་ནི་མི་མཐོང་བར་བྱའོ། །ཞེ་འགྲས་པ་ནི་ཕན་ཚུན་ཆགས་པ་དང་ལྡན་པ་དག་ཀྱང ་སྡང་བར་བྱ་བའོ། །རྨུགས་པ་ནི་ལྐུགས?་པའོ། །ས་འོག་འགྲོ་བ་ནི་ལྷ་མ་ཡིན་གྱི་སྒོར་འཇུག་པའོ། །དིག་འཛིན་འཁོར་ལོས་བསྒྱུར་བཙེས་བྱ་བ་ལ། །རིག་འཛིན་རྣམས་ཆར་བཅད་པ་དང་རྩེས་སུ་གཟུང་བའི་ནུས་པ་ཅན་དེ་ནི་འཁོར་ཡ་སྒྱུར?་པ་སྟེ་དེའི ་དངོས་པོ་?་ཉིད་དོ། །ཆི་བ་མེད་པ་དང། རྒས?་པ་མེད་པ་དང། ན་བ་མེད་པ་གསུམ་ནི་གོ་སླ་སྟེ། ན་བ་མེད་པ་ཉིད་དང་ཞེས་དང་གངོན་ཤེས་པར་བྱ་སྟེ། རྨོངས་པ་ལ་སོགས་པ་དེ་དག་ཐམས་ཅད་རྣལ་འབྱོར་སྒྱུ་མའི་རིག་པ་འདི་??་བྱའོ་ཞེས ་བྱ་ནི་ལྷག་མའོ། །སྒྱུ་མ་ཞེས་བྱ་བ་ནི་སྒྱུ་འཕྲུལ་ཆེན་མོ་སྟེ་དེ་ཉིད་ནི་རིག་པོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་རོ་གཅིག་ཏུ་སྦྱོར་བས་ན་རྣལ་འབྱོར་ཏེ། རྣལ་འབྱོར་ཡང་ཡིན་ལ་སྒྱུ་མའི་རིག་པ་ཡང་ཡིན་པས་ན་དེ་སྐད་ཅེས་བྱའོ། ་དེ་ལྟར་སངས་རྒྱས་ཐམས་ཅད་ལས་འཕྲོག་པ་ལ་སོགས་པའི་ལས་ཀྱི་སྦྱོར་བ་ཁ་ཅིག་ནི་རྒྱུད་འདི་ཉིད་ལས་བརྗོད་པ་ཡིན་ལ། ཁ་ཅིག་ནི་རྒྱུད་གཞན་གྱི་རྗེས་སུ་འབྲངས་ཏེ་བལྟ་བར་བྱའོ། །གང་ཞིག་རྣཾ་པར་ཤེས་བཙཾ་གྱིས་ཤེས་བྱ་བ་ནི་ཉམས་སུ་བླངས་པ་ཙམ ་མོ། ཞེས་བྱ་ལ་ཉམས་སུ་བླངས་པ་དེ་བསྟན་པའི་ཕྱིར། སྔགས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ནི་སྔགས་ཀྱི་ཚོགས་སོ། །ཡི་གེའི་གཟུགས་ནི་ཡི་གེ་ལས་སྐྱེས་པའི་གཟུགས་ཏེ། སྔགས་དང་ཡི་གེའི་གཟུགས་དེ་དག ་གི་ཅེས་བྱ་བའི་དོན་ཏོ། །རྣལ་འབྱོར་བ་ནི་སྒྲུབ་པ་པོ་རྣམས་སོ། །རྣམ་པར་རོལ་པ་ནི་ལས་ལ་སོགས་པ་གྲུབ་བའི་རྣམ་པ་རྩེ་བ་པའོ། །སྔགས་ཇི་ལྟར་ཉམས་སུ་བླང་ཞེ་ན། བཀླགས་པ་དང་ནི་བསམས་པ་དང། ཞེས་གསུངས་ཏེ། བཀླག ་པ་ནི་ངག་གི་བཟླས་པའོ། །བསམས་པ་ནི་ཡིད་ཀྱི་བཟླས་པའོ། །ཡི་གེའི་གཟུགས་ཉིད་ཇི་ལྟར་ཉམས་སུ་བླང་ཞེ་ན། བསྒོམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྒོམ་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་རྒྱུན་ཆགས་སུ་འཇུག་པས ་ལྟ་བའོ། །ཏིང་འཛིན་ཞེས་བྱ་བ་ནི་དམིགས་པ་དེ་ཉིད་ལ་སེམས་གནས་པའོ། །བཀླགས་པ་ཞེས་བྱ་བ་ལ་སོགས་པས་ནི་ཇི་ལྟར་ཉམས་སུ་བླངས་པའི་འབྲས་བུ་སྟོན་པ་ཡིན་ཏེ། བཀླགས་པ་ཞེས་བྱ་བ་ནི་བཟླས་བརྗོད་དོ། །རིག་པ་ནི་སྒྱུ ་འཕྲུལ་ཆེན་མོའོ། །བྱེད་པ་ཞེས་བྱ་བ་ནི་དགུག་པ་ལ་སོགས་པའི་ལས་ཐམས་ཅད་བྱེད་པའོ། །རིག་པའི་སྒྲ་གཉིས་པས་བསྒོམ་པ་ལས་བྱུང་བའི་ཤེས་རབ་སྟོན་ཏོ། །དེ་ཡང་སྐུའི་བསྒོམ་པ་རྫོགས་པ་སྟེ། རང་གི་ལྷའི་གཟུགས་ཀྱི ་རྣམ་པར་བདག་ཉིད་གསལ་བར་བལྟའོ། །དངོས་གྲུབ་བྱེད་པ་ནི་དེས་སྒྲུབ་པ་པོ་ཕྱག་རྒྱ་ཆེན་པོར་སྒྲུབ་པའོ། །དང་ཞེས་བྱ་བ་ནི་ལས་རྣམས་ཀྱང་སྒྲུབ་པར་བྱེད་པ་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི་རང་གི་ལྷའི་གཟུགས་སུ་རྫོགས་པར་བྱས་པ་རང ་དམ་གཞན་གྱིས་མཐོང་བར་གྱུར་པའོ། །དེ་བླག་ཏུ་ཉམས་སུ་བླང་བ་བསྟན་པའི་ཕྱིར། །བརྟུལ་ཞུགས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་མེད་ཅེས་བྱ་བའི་སྒྲས་ནི་བྱེད་པ་ཞེས་བྱ་བ་སྔ་མ་དང་སྦྱར་ཏེ། བྱ་བ་མ་ཡིན་ནོ་ཞེས་བྱ་བའི ་དོན་ཏོ། །བརྟུལ་ཞུགས་ནི་ཁྲུས་གསུམ་དང་གོས་གསུམ་བརྗེ་བ་ལ་སོགས་པའོ། །དཀའ་ཐུབ་ནི་སྔོ་ཚོད་དང། སྲེ་ཏ་ཟ་བ་ལ་སོགས་པའོ། །དཀའ་སྦྱོད་ནི་བརྟེན་པར་དཀའ་བ་སྟེ་འདི་ནི་བསྟན་པའོ། །འདིའི་ཉེ་བར་བསྟན་པ་ནི། བསྙུང་བ་དང། ་སྔོམ་པ་མེད་པའོ། །དེ་ལ་བསྣུང?་བ་ནི་དུས་མ་ཡིན་པར་མི་ཟ་བའོ། །སྔོམ་པ་ནི་འདོད་ཆགས་སྔོམ་པར་གྱུར་ཅིང་ཁྱིམ་པ་ཡིན་ན་ཡང་ཚངས་པར་སྤྱོད་པའོ། །རྣམ་པར་ཤེས་པ་ལྔ་དང་ལྷན་ཅིག་སྐྱེས་པའི་ཚོར་བསིམ་པ་ནི་བདེ་བའོ། །ཡིད་ཀྱི ་རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེས་པའི་སིམ་པ་ནི་དགའ་བ་སྟེ། ངེས་སྒྲུབ་པ་པོ་རྣམས་ལ་འགྲུབ་པར་འགྱུར་བའོ། །བསྒོམས་པ་ལས་བྱུང་བ་ནི་མཁའ་འགྲོ་མ་ཆེན་མོ་དང། དེའི་གཟུགས་བསྒོམ་པའི་ཕྱིར་རོལ་གྱི་བུད་མེད་ནི་ཤེས་རབ་པོ། །ཐབས་ནི ་དེ་ལས་ཉེ་བར་འགྲོད་པ་སྟེ། བདག་ཉིད་དཔལ་ཧེ་རུ་ཀའི་གཟུགས་སུ་བསྒོམ་པས་ཉེ་བར་སྤྱོད་པའོ། །སོགས་པའི་སྒྲས་མཆོད་པ་རྣམ་པ་ལྔ་དང། འདོད་པའི་ཡོན་ཏན་ལྔ་རྣམས་ཀྱང་གཟུང་ངོ། །དེ་རྣམས་ཀྱིས་རྟག་ཏུ་སྟེ་ཐུན་མཚམས་རྣམས ་སུའོ། །ཤེས་རབ་དང་ཐབས་གང་གིས་རེ་ཤིག་ཇི་ལྟར་ན་དགའ་བ་དང་བདེ་བར་འགྱུར་ཞེ་ན། ལྟེ་བའི་དབུས་གནས་ཤེས་བྱ་བ་ལ་སོགས་གསུངས་པ་སྟེ། ལྟེ་བ་ནི་པདྨའི་ལྟེ་བའོ། །དེའི་དབུས་སུ་གནས་པ་དེ་སུ་ཞིག་ཅེ་ན། དཔའ་བོ་ཞེས་བྱ ་བ་ལ་སོགས་པ་གསུངས་ཏེ། རྒྱུན་མི་འཆད་པར་བརྩོན་བར?་ལྡན་པས་ན་དཔའ་བོ་སྟེ་རྡོ་རྗེ་སེམས་དཔའ་ཨོ། །དེ་འདིར་སྣོད་གང་ན་གནས་ཤེ་ན། ཀར་ནི་ཀ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྟེ་བའི་པདྨའི་ཀར་ནི ་ཀ་ལའོ། །གསང་བའི་སྤྱོད་ཡུལ་ན་གསང་ཞིང་སྦ་བར་བྱ་བའི་ཕྱིར་སྤྱོད་ཡུལ་ཏེ། ཉི་མ་དང་ཟླ་བ་ཁ་སྦྱར་བའི་སྣོད་ཅེས་བྱ་བའི་དོན་ཏོ། །འདི་ཙམ་གྱིས་ནི་དེ་གནས་པའི་སྣོད་བསྟན་ནས། །རང་བཞིན་བསྟན་པའི་ཕྱིར། སེམས་དང་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། སེམས་ནི་རྣམ་པར་ཤེས་པའོ། །ཚིག་གཅིག་ལ་ཡང་ངེས་པར་གཟུང་བར་སྣང་སྟེ། དཔེར་ན་ཆུ་ཙམ་འཐུང་བ་ལ་ཟས་སུ་ཆུ་འཐུང་ཞེས་བྱ་བ་དང། རླུང་ཙམ་ཟ་བ་ལ་ཟས་སུ་རླུང་ཟ་ཞེས་བྱ་བ་ལྟ་བུའོ། །དེ་བཞིན་དུ ་འདིར་ཡང་རྣམ་པར་ཤེས་པ་ལས་མ་གཏོགས་པའི་གཟུང་བ་མེད་པས་སེམས་ཀྱི་སྒྲས་སྣ་ཚོགས་འདི་དག་སེམས་ཙམ་མོ་ཞེས་ངེས་བར་གཟུང་ངོ། །སེམས་དེ་ཡང་སེམས་མེད་པའོ། །ཅིའི་ཕྱིར་སེམས་ཤེ་ན། གཟུང་བ་མེད་པའི་ཕྱིར ་རོ། ཅིའི་ཕྱིར་སེམས་མེད་པ་ཞེ་ན། གཟུང་བ་མེད་པས་འཇིན་པ་ཡང་མེད་པའི་ཕྱིར་རོ། །གང་གི་ཕྱིར་འཇིག་རྟེན་ན་དོན་འཛིན་པ་ནི་རྣམ་པར་ཤེས་པར་གྲགས་ལ། རྣམ་པར་ཤེས་པ་ཉིད་ནི་སེམས་ཡིན་པས་སེམས་ཀྱང་དེ་ཡིན་ལ་སེམས ་མེད་པ་ཡང་དེ་ཡིན་པས་ན་སེམས་མེད་པའོ། །གལ་ཏེ་འཛིན་པའི་མཚན་ཉིད་ཀྱི་སེམས་དང་བྲལ་བས། དེ་སེམས་མེད་པ་ཡིན་ན་སེམས་གང་གི་མཚན་ཉིད་དང་ལྡན་པས་དེ་ལ་སེམས་ཞེས་ཅིའི་ཕྱིར་བྱ་ཞེ་ན། སེམས་ཀྱི་གཟུགས་ཤེས་བྱ ་བ་གསུངས་ཏེ། གསལ་བའི་ཕྱིར་སེམས་ཀྱི་གཟུགས་ཏེ། སེམས་དང། སྣང་བ་དང། མྱོང་བ་དང། ཡོངས་སུ་གསལ་བ་དང། ལྐོག་ཏུ་གྱུར་པ་མ་ཡིན་པ་ཞེས་བྱ་བའི་བར་དུ་སྟེ། རང་བཞིན་འདི་ལ་ཡོད་པས་ན་སེམས་ཀྱི་གཟུགས་ཏེ། ་སེམས་ཀྱི་གཟུགས་ཀྱི་མཚན་ཉིད་དེ་དང་ལྡན་པས་སེམས་ཤེས་བྱའོ། །འོ་ན་རྣམ་པར་ཤེས་པ་ཐམས་ཅད་དེ་ལྟ་བུ་ཉིད་ཡིན་བཞིན་དུ་དཔའ་བོ་ལ་ཡང་ཁྱད་པར་གྱི་རང་བཞིན་ཅི་ཞིག་ཡོད་ཅེ་ན། ཡེ་ཤེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་ནི་གཉུག ་མའོ། །བཞིན་ནི་དེའི་ངོ་བོ་སྟེ་དེའི་རང་བཞིན་ནོ། །འདིས་ཤེས་པར་བྱེད་པ་ན་ཡེ་ཤེས་ཡིན་ལ་ཤེས་པར་བྱ་བས་ན་ཤེས་བྱའོ། །ཡེ་ཤེས་དང་ཤེས་བྱ་ནི་ཟླས་དབྱེ་བ་སྟེ། ཡེ་ཤེས་ཤེས་བྱའི་རང་བཞིན་འདི་ལ་ཡོད་པས་ན་ཡེ་ཤེས་ཤེས་བྱ་བའི་རང་བཞིན ་བདག་གོ་།དེ་ལ་སོ་སོའི་སྐྱེ་བོ་རྣམས་ཀྱི་ནི་རང་བཞིན་མ་ཡིན་པ་ཡང་ཤེས་བྱར་འགྱུར་ཏེ། གཟུང་བ་དང་འཛིན་པ་དག་དེ་དག་གིས་བརྟགས་པའི་ཕྱིར་ཏེ། གཟུང་བ་དང་འཛིན་པའི་རྣམ་པ་དངོས་པོར་མེད་བཞིན་དུ་དེ་རྣམས་ལ་སྣང་བའི་ཕྱིར་རོ། །གང ་ཡང་མེད་པ་དང། དངོས་པོ་མ་ཡིན་པ་དེ་ནི་རྣམ་པར་ཤེས་པའི་གཉུག་མའི་རང་བཞིན་མ་ཡིན་ནོ། །འོ་ན་ཅི་ཞིག་ཅེ་ན། འཁྲུལ་པས་སྒྲོ་བཏགས་པ་སྟེ། འཁྲུལ་པས་མཚན་མར་གཟུང་བའི་ཕྱིར་འཁྲུལ་པའི་མཚན་མའོ་ཞེས་བརྗོད་དོ། །གང་དག་གི་རང ་བཞིན་མ་ཡིན་པའི་ཤེས་བྱར་གྱུར་པ་དེ་རྣམས་ཀྱི་ཡེ་ཤེས་ཀྱང་རང་བཞིན་མ་ཡིན་པར་འགྱུར་ཏེ་འདི་དག་འཁྲུལ་པའོ། །འདི་ལྟར་འཁྲུལ་པའི་དབང་གིས་མེད་པ་དང་དངོས་པོ་མ་ཡིན་པ་ཡང་སྣང་སྟེ། དེའི་ཕྱིར་འཁྲུལ་པ་དེ་ཡང་དེ་དག་གི་ཤེས་པ་མ ་ཡིན་ཏེ། སྣང་བའི་རྒྱུར་པའི་ཕྱིར་རོ། །འཁྲུལ་པ་དེ་ནི་བློ་ཡིས་བསླད་པ་ཡིན་གྱི་བློ་ཡི་གཉུག་མའི་རང་བཞིན་ནི་མ་ཡིན་ཏེ། དྲི་མ་རྣམས་བློ་བུར་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རང་བཞིན་མ་ཡིན་པ་ཡང་དེ་རྣམས་ཀྱི་ཤེས་པ་ཡིན་ནོ། །དོན་དམ་པའི་བྱང ་ཆུབ་ཀྱི་སེམས་ནི་སྦྲོས་པ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་དེ། སྤྲོས་པ་ནི་འཁྲུལ་བའོ། །དེ་བས་ན་དེ་ལ་སྤྲོས་པ་ཐམས་ཅད་མེད་པས་རང་བཞིན་ཉིད་དེའི་ཡེ་ཤེས་ཡིན་གྱི་འཁྲུལ་པ་ནི་མ་ཡིན་ཏེ། སྤྲོས་པའི་མཚན་མ་ཐམས་ཅད་དེ་ལ་མི་སྣང་ཞིང་ནུབ་པའི་ཕྱིར ་རོ། རང་བཞིན་ཉིད་དེའི་ཤེས་བྱ་ཡིན་གྱི་མེད་པ་དང་དངོས་པོ་མ་ཡིན་པ་ཡང་ནི་མ་ཡིན་ནོ། །ཚིགས་སུ་བཅད་པ་ཕྱེད་པོ་དེས་ནི་དཔའ་བོའི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་སྤྲོས་པ་མེད་པའི་ཡེ་ཤེས་ཀྱི་ངོ་བོའི་རང་བཞིན ་དངོས་སུ་བསྟན་ནས་བདེ་བ་ཆེན་པོའི་ངོ་བོ་ནི་ཤུགས་ཀྱིས་སྟོན་པ་སྟེ། སྤྲོས་པ་མེད་པའི་ཡེ་ཤེས་དང་བདེ་བ་ཆེན་པོ་ནི་ལྷན་ཅིག་སྐྱེས་པ་ཡིན་བའི་ཕྱིར་རོ། །དེ་སྐད་དུ་རྣམ་མི་རྟོག་པ་ལ་འཇུག་པའི་གཟུངས་ལས། དམ་ཆོས་འདི་ལ་རྒྱལ་སྲས་རྣམས། ་མི་རྟོག་བསམ་པས་བརྟན་གནས་ན། །རིམས་ཀྱིས་རྒལ་དཀའ་རྟོག་པ་ལས། །འདས་ནས་རྣམ་པར་མི་རྟོག་རྙེད། །རབ་ཞི་མི་གཡོ་དམ་པ་སྟེ། །དབང་སྒྱུར་མི་མཉམ་མཉཾ་པ་ཡིན། །རྣམ་པར་མི་རྟོག་བདེ་བ་ནི། །བྱང་ཆུབ་སེམས་དཔའ་དེ་ལས་ཐོབ། ། ་ཅེས་གསུངས་ཏེ། དམ་ཆོས་འདི་ལ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའོ། །རྒྱལ་སྲས་ཤེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །བརྟན་གནས་ཤེས་བྱ་བ་ནི་མི་གཡོ་བར་གནས་བའོ། །རྣམ་རྟོག་ཉིད་ནི་རྒལ་དཀའ་བ་སྟེ། རྣམ་པར་རྟོག ་པའི་བཞིའོ། །རིམ་བཞིན་འདས་བ་དེ་ལས་འདས་པའོ། །མི་རྟོག་རྙེད་པ་ནི་རྣམ་པར་མི་རྟོག་ཅིང་སྤྲས་པ་མེད་པའི་ཡེ་ཤེས་འཐོབ་པར་འགྱུར་བ་སྟེ། དེའི་ཕྱིར་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཉིད་ཀྱི་བདེ་བ་ཐོབ་པར་འགྱུར་རོ། །འདིར་ཉོན ་མོངས་པ་མེད་པས་ན་རབ་ཏུ་ཞི་བའོ། །ཉམས་པ་མེད་པས་ནི་མི་གཡོ་བའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་ཐམས་ཅད་ལས་འཕགས་པས་ན་དམ་པའོ། །ཇི་ལྟར་འདོད་དང་ཇི་སྙེད་འདོད་པ་མངོན་དུ་བྱེད་པའི་ཕྱིར་དབང་སྒྱུར ་པའོ། །དེ་ལས་གཞན་པའི་བདེ་བ་དང་རིགས་མཚུངས་པས་ན་མཉམ་བའོ། །ཁྱད་པར་བཞི་བོ་དེ་དག་གིས་ཁྱད་པར་དུ་འཕགས་པས་ན་མི་མཉམ་པ་ཡང་ཡིན་ནོ། །དེ་ལྟ་བུར་གྱུར་པའི་དཔའ་བོ་དེ་ནི་བདག་གིས་བཤད་པར་བྱའོ། །ཞེས་བྱའོ། ། ་ཐེག་པ་གང་ལ་གྲགས་པ་ཞེ་ན། །སངས་རྒྱས་བསྟན་པ་ཞེས་བྱ་བ་གསུངས་ཏེ། ཐེག་པ་གང་གིས་སངས་རྒྱས་སུ་འགྱུར་བའི་བསྟན་པ་ནི་སངས་རྒྱས་བསྟན་པ་སྟེ། ཐེག་པ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །འོ་ན་སྔར་ཚིགས་སུ་བཅད་པ་ཕྱེད་ཀྱིས་དེ་བསྟན་ཟིན་བཞིན ་རུ་ཡང་བཤད་པས་ཅི་ཞིག་རྗོད་ཅེ་ན། དེའི་ཕྱིར་ཟབ་མོ་ཞེས་བྱ་བ་གསུངས་ཏེ། ཐེག་པ་ཆེན་པོ་ལས་གསང་སྔགས་ཀྱི་ཐེག་པ་ནི་ཟབ་མོ་སྟེ་གང་གི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས་གསང་སྔགས་ཀྱི་ཚུལ་བྱང་ཆུབ་ཀྱི་སེམས་ཀྱི་ཕྱག་རྒྱའི་རྣཾ་པ་འཁོར་དང ་བཅས་པས་མྱུར་བ་ཁོ་ནར་བྱང་ཆུབ་བསྒྲུབ་པའི་ཕྱིར་བསྒོམ་པར་བྱ་བ་སྟེ། མཚན་ཉིད་མི་མཐུན་པའི་ཕྱིར་རོ། །དེ་ཡང་ད་དུང་མ་གསུངས་ཏེ། དེ་བས་ན་བཤད་པ་བྱ་ཞེས་གསུངས་སོ། །དེ་ཉིད་ཨཱ་ལི་ཀཱ་ལི་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། དེ་ལ་ཞེས་བྱ་བ་ནི་ཉི་མ་དང་ཟླ་བ་ཁ་སྦྱར་བ་ལའོ། །དེས་བར་སྦྱར་ཞེས་བྱ་བ་ནི་ངེས་པར་བཅིང་བའི་ཕྱིར་སྦྱར་བའོ། །ཅི་ཞིག་ཅེ་ན། རི་མོ་སྟེ། དཔའ་བོ་དེ་ཉིད་ལས་ཟླ་བའི་དབུས་ཀྱི་བུ་ག་ཤིན་ཏུ་ཕྲ་བ་ལས་བྱུང་བ་དབྱེར་མེད་ལ་བཅད་དུ་མེད་པ་པདྨའི ་རྩ་བའི་སྣལ་མ་ལྟ་བུའི་འོད་ཕྲ་མོའི་སྐུད་པ་ལྟ་བུའོ། །ཇི་ལྟར་སྦྱར་ཞི་ན། །ཱ་ལི་ཀཱ་ལི་མཉམ་བྱས་ཤེས་བྱ་བ་གསུངས་ཏེ། ཨཱ་ལི་ཀཱ་ལི་དག་མཉམ་པ་གང་ལ་ཡོད་པ་དེ་སྐད་ཅེས་བྱའོ། །དེ་ལ་དེ་དག་ཇི་ལྟ་བུར་ཞེ་ན། མུ་ཏིག་གི་ཕྲེང་བ་བརྒྱུས་བ་ལྟ ་བུར་སྦྱར་ནས་སོ། །ཇི་ལྟར་མཉམ་པར་བྱ་ཅེ་ན། གང་གི་ཕྱིར་ཀཱ་ཡི་ཕྱེད་མར་བགོས་ཏེ་དུམ་བུ་གཉིས་སུ་བགོས་བ་ནི་ཀཱ་ལིའི་སྒྲས་བཤད་ལ་དེ་ཡང་ང་དང་ཉ་སྤངས་ཏེ་བཅུ་དྲུག་པ་གཉིས་སུ་བྱའོ། །དེ་བས་ན་དེ་དག་མཉམ་པོར་གྱུར་པའི་འོད་ཀྱི་རི་མོ་ཁ ་སྦྱར་བའི་རིམ་པ་གསུམ་དུ་བསྐོར་བས་དཀྲི་བར་བྱ་སྟེ། ཡི་གེ་རྣམས་ཀློག་པའི་རིམ་བཞིན་དུ་བཟླ་བའི་སྟེང་དུ་བརྒྱུས་ཏེ་དགོད་དོ། །དེ་ལ་ཕྲེང་བ་དབུས་མ་ལ་ནི་ཨཱ་ལི་རྣམས་སོ། །ཐ་མ་གཉིས་སུ་ནི་ཀཱ་ལི་ཕྱེད་ཕྱེད་དོ། །དེ་སྐད་དུ། བཟང་པོའི ་གེའི་ཕྲེང་བ་རྣམས་ཤེས་འོག་ནས་སྟོན་པར་འགྱུར་ལ། །དཔལ་བདེ་མཆོག་བླ་མ་ལས་ཀྱང། ཡི་ཀེ་ག་ནས་ཧ་ཡི་བར། །ང་ཉ་སྤངས་ནས་དགོད་པར་བྱ། །དྷ་ནས་ཀྵ་ཡི་བར་ཐུག་པར་ཕྲེང་བ་གཉིས་ནི་མཉམ་པོར་དྲི། ། ་ཨོཾ་ལ་སོགས་པ་དབུས་གནས་པར། །ཟླ་བའི་དཀྱིལ་འཁོར་ལ་དགོད་བྱ། །ཅེས་གསུངས་སོ། །རི་མོ་སྟེང་དུ་ཞེས་བྱ་བ་ལ་སོགས་པ་ལ། འོད་ཀྱི་རི་མོ་གཞན་ཤེས་རབ་ཀྱི་འདོད་ཆགས་ཀྱི་མ་འབར་བ་གང་གི་ཚེ་དཔའ་བོ་ལ་གྱེན་དུ་ལྡང་བ་དེའི་ཚེ་དེའི ་འོག་ཏུ་འབབ་པར་བྱེད་པར་འགྱུར་རོ། །འདིར་འཛག་པ་ནི་འབབ་པའི་སྒྲས་བསྟན་བ་སྟེ་རྒྱུན་འཛག་པ་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་འབབ་པར་བྱེད་པ་དེས་ཅི་ཞིག་འཛག་པར་འགྱུར་ཞེ་ན། བདུད་རྩི་ཞེས་བྱ་བ་གསུངས་ཏེ། ཐར་པ་ཡིན་པའི་ཕྱིར་དང། ཟད ་པ་མེད་པའི་ཕྱིར་དང། ཟད་པ་མེད་པའི་ཕྱིར་བདུད་རྩི་སྟེ། བདེ་བ་ཆེན་པོའོ། །ཇི་ལྟ་བུ་ཞེ་ན། ཐིགས་པའི་གཟུགས་ཤེས་བྱ་བ་གསུངས་སྟེ། བདེ་བ་ཆེན་པོའི་ཁ་དོག་དཀར་པོའི་ཐིག་ལེའི་གཟུགས་ཀྱི་དཔའ་བོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར ་འཛག་པར་འགྱུར་ཞེ་ན། ཁུ་བའི་ཚུལ་གྱིས་ཤེས་བྱ་བ་གསུངས་ཏེ། རྣམ་པར་དག་པའི་ཡེ་ཤེས་ཀྱི་རོ་བསིལ་ཞིང་བདེ་བ་ཞུ་བའི་རང་བཞིན་ཅན་ཡིན་པས་ན། ཁུ་བ་དང་ཆོས་མཐུན་པའི་ཕྱིར་ཁུ་བའི་སྦྲས་བསྟན་ཏེ། ཚུལ་དེས་འབབ་ཅིང་འཛག ་པ་སྟེ། དེ་ཉིད་འཛག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཱ་ལི་ཀཱ་ལི་ཞེས་བྱ་བ་ལ་སོགས་པ་དེ་དག་གིས་ནི་དེར་དཔའ་བོ་དེ་ལེགས་པར་གནས་པ་བསྟན་ལ། རི་མོ་སྟེང་དུ་ཞེས་བྱ་བ་ལ་སོགས་པས་ནི་དེའི་ལས་བསྟན་ཅིང་ཁུ་བའི་ཚུལ་གྱིས ་ཤེས་བྱ་བ་ལ་སོགས་པས་ནི་རང་བཞིན་གྱིས་ཁྱད་པར་བསྟན་ཏོ། །ཐིགས་པའི་གཟུགས་ཤེས་བྱ་བས་ནི་དེའི་ཕྱག་རྒྱའི་རྣམ་པ་བསྟན་ཏོ། །ཡང་དེ་ཇི་ལྟར་ན་ཕྱག་རྒྱའི་རྣམ་པར་འགྱུར་ཞེ་ན། འདིར་བརྗོད་པར་བྱ་སྟེ། གང་ཟླ་པ་ལྟར་དཀར་པའི་ཐིག ་ལེ་ཕྲ་མོ་དེ་ནི་སེམས་ཏེ། ནང་ན་གསལ་བའི་ཕྱིར་རོ། །གང་ཡང་དེ་ཙམ་ལ་སེམས་གནས་པ་དེ་ནི་སེམས་ཙམ་སྟེ། དེ་ལས་མ་གཏོགས་པའི་དོན་གཞན་མི་དམིགས་པའི་ཕྱིར་རོ། །གང་ཡང་དེའི་གཟུང་བ་མེད་པས་འཛིན་པ་མེད་པ་དེ་ནི་དེའི་སེམས་མེད་པ་སྟེ། ་དེའི་ཕྱིར་འདི་ནི་སྟོང་པའི་གཟུགས་ཅན་ནོ། །གང་ཡང་དེའི་གསལ་བཞིན་པ་དེ་ནི་སེམས་ཀྱི་གཟུགས་སོ། །གང་ཡང་དེ་ཙམ་ལ་སེམས་གནས་པས་སྤྲོས་པ་ཐམས་ཅད་ཀྱི་མཚན་མ་ནུབ་པ་དེ་ནི་དེའི་ཡེ་ཤེས་ཤེས་བྱ་བའི་རང་བཞིན་བདག་གོ་།རྡོ་རྗེ་སེམས ་དཔའ་ཨི་ཡེ་ཤེས་ཀྱི་ཕྱག་རྒྱ་ཤིན་ཏུ་པྲ་པའི་རྣམ་པ་དེ་ནི། དཔལ་གསང་བ་འདུས་པ་ལས་ཀྱང། ནམ་མཁའ་ཨི་དབྱིངས་ཀྱི་དབུས་གནས་པར། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །སངས་རྒྱས་གཟུགས་སུ་རྣམ་བསྒོམས་ནས། །ཕྲ་མོའི་རྣལ་འབྱོར ་བསྒོམ་པར་བྱ། །སྣ་ཡི་རྩེ་མོར་ཡུངས་ཀར་བསམ། །འགྲོ་དང་མི་འགྲོ་ཡུངས་ཀར་ལ། །གསང་བའི་ཡེ་ཤེས་ཀྱིས་བརྟག་པའི། །ཡེ་ཤེས་གནས་ནི་ཉམས་དགའ་བསྒོམ། །ཞེས་གསུངས་ལ། །དཔལ་རྡོ་རྗེ་བདུད་རྩི་འབྱུང་བའི་རྒྱུད་ལས་ཀྱང། ཕྲ ་མོའི་རྣལ་འབྱོར་འདི་བཞི་དང་ལྡན་པར་གསུངས་ཏེ། རིག་པར་མི་གཡོ་གནས་ནས་ནི། །བདུད་རྩིའི་བསམ་གཏན་བརྩམ་པར་བྱ། །བདུད་རྩི་ཐིགས་པའི་གཟུགས་ཀྱི་ནི། །དེ་ཉིད་མཆོག་གི་བསམ་གཏན་བྱ། །ནམ་མཁའ་ཨི་དབུས་སུ་ཟླ་འདྲ་བའི། ། ་སྟོང་པའི་དེ་ཉིད་ཞེས་བྱར་བརྗོད། །ཟད་མེད་ཉམས་མེད་ཕྲ་བ་སྟེ། །རྡོ་རྗེ་སེམས་དཔའ་མི་ཤིགས་པའོ། །གེ་སར་གསང་བའི་སྤྱོད་ཡུལ་ལ། །ལྟེ་བའི་དབུས་ནས་བཞུགས་པའི་ལྷ། །བྷ་ག་ལིང་གའི་དབུས་གནས་ནས། །ཁུ་བའི་གཟུགས་ཀྱིས ་འཛག་པར་འགྱུར། །དེ་བས་ན་ཇི་ལྟར་བཀླགས་པའི་རིམ་པ་བཞིན་དུ་འདིའི་རྣལ་འབྱོར་དང་ལས་དག་བྱའོ། །གང་ཡང་ཁ་ཅིག་གི་རྒྱུད་འདིར་གནས་བཞིར་འཁོར་ལོ་བཞི་བསྒོམས་པས་གཏུམ་མོ་འབར་བས་རང་གི་འཁོར་ལོ་བཞི་པོ་བསྲོ་བ་དང། དེ་ལས ་བྱུང་སྟེ་སྦྲོས་ནས་སངས་རྒྱས་ཐམས་ཅད་ཀྱི་འཁོར་ལོ་བཞི་རྣམས་བསྲོས་ཏེ་ཞུ་བ་ལས་བྱུང་བ་སླར་འོངས་ཏེ་བདེ་བ་ཆེན་པོའི་འཁོར་ལོར་བཞུགས་ནས་ཡི་གེ་ཧཾ་ལས་བདུད་རྩི་འཛག་པར་གཞན་དག་ཏུ་བསྟན་པ་དེ་ཐམས་ཅད ་བཏུས་ནས་འདིར་སྦྱོར་བར་བྱེད་པ་དེ་ནི་རིག་པ་མ་ཡིན་ཏེ། དེ་དག་སྟོན་པའི་ཚིག་མེད་པའི་ཕྱིར་རོ། །རྒྱུད་ཐམས་ཅད་ནི་མངོན་པར་རྟོགས་པ་སྣ་ཚོགས་ཡིན་པ་དང། རྒྱུད་འདིར་ནི་མངོན་པར་རྟོགས་པ་ཤིན་ཏུ་མདོར་བསྡུས་པ་ཡིན་པའི་ཡང་ཕྱིར་རོ། །གང ་གང་ཞེས་བྱ་བ་ལ་སོགས་པས་ནི་བྱ་བ་གཞན་གསུངས་ཏེ། དབང་པོ་ནི་མིག་ལ་སོགས་པའོ། །ལམ་ནི་ཡུལ་ཉིད་དོ། །སྐྱེ་བར་འགྱུར་ཞེས་བྱ་བ་ནི་ཐོབ་པ་སྟེ་།དངོས་པོ་གང་དག་མཐོང་བ་དང་ཐོས་པ་དང། བསྣམས་པ་དང། མྱངས་པ་དང། ་རེག་པ་དང། ཅི་ཡང་རུང་བ་དེ་དག་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་ཏེ། དེ་དག་མ་ལུས་པ་སོ་སོར་སངས་རྒྱས་ཀྱི་རང་བཞིན་དུ་དེས་པར་བྱའོ། །ཇི་ལྟར་སངས་རྒྱས་ཀྱི་རང་བཞིན་ཞེ་ན། ངོ་བོ་ཉིད་ཀྱིས་ཏེ། རང་བཞིན་དང་བཅོས་མ་མ་ཡིན ་པ་ཅེས་བྱ་བའི་བར་དུ་སྟེ། འདི་ལྟར་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཏེ། ཆོས་ཀྱི་དབྱིངས་དེ་ཉིད་ནི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་གྱི་མཆོག་སྟེ། རང་བཞིན་དེས་འགྲོ་བ་རྣམས་སངས་རྒྱས ་ཐམས་ཅད་ཀྱི་ངོ་བོ་ཡིན་ནོ། །རང་བཞིན་འབའ་ཞིག་གིས་ཀྱང་མ་ཡིན་ཏེ། མཆོག་ཏུ་གཞག་པའི་རྣལ་འབྱོར་གྱིས་ཀྱང་ཡིན་ཏེ། མ་སྨོས་མོད་ཀྱིས་ཀྱང་གི་སྒྲ་བལྟ་བར་བྱའོ། །མཆོག་ཅེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྤྲོས་པ ་མེད་པ་དཔའ་བོ་ཞེས་པར་གྲགས་པའོ། །དེས་གཞག་པ་ནི་བསྐྱེད་ཅིང་སྤྲུལ་པ་སྟེ། དཔའ་བོའི་རྒྱུ་མཐུན་པར་གྱུར་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དེའི་རྣལ་འབྱོར་ནི་ལྷག་པར་མོས་པ་སྟེ། མིག་ལ་སོགས་པ་ལ་གཟུགས་ལ་སོགས་པ་འདི ་དག་དཔའ་བོ་ཉིད་ཀྱི་རྒྱུ་མཐུན་པ་ཡིན་ནོ་ཞེས་ལྷག་པར་མོས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དམ་ཚིག་ཆེན་པོ་ཞེས་བྱ་བ་ལ་སོགས་པས་ནི་ཡང་བྱ་བ་གཞན་གསུངས་ཏེ། དམ་ཚིག་ནི་དཀྱིལ་འཁོར་གྱི་ལྷ་རྣམས་སོ། །དེ་དང་བཅས་པའི་དཀྱིལ་འཁོར་བའི ་བདག་པོ་ནི་དམ་ཚིག་ཆེན་པོའོ། །དེའི་དངོས་གྲུབ་ནི་བསྐྱེད་པའོ། །ནི་ཞེས་བྱ་བའི་སྒྲ་ནི་ཚིག་ཁ་བསྐང་བའོ། །དངོས་གྲུབ་དེ་ནི་རིལ་བུ་ཆེན་པོས་སྒྲུབ་པ་སྟེ། རིལ་བུ་ནི་ཡེ་ཤེས་ཀྱི་ཐིག་ལེ་བཞི་བསྐོར་བའོ། །དབུས་ཀྱི་ཐིག་ལེ་ནི་རིལ་བུ་ཆེན་པོ་སྟེ། ་དེས་གྲུབ་པ་ནི་དམ་ཚིག་ཆེན་པོའི་དངོས་གྲུབ་དེ་བསྐྱེད་པའོ། །དཀྱིལ་འཁོར་གྱི་དངོས་གྲུབ་དེས་ཅི་ཞིག་བྱ་ཅེ་ན། སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀྱིལ་འཁོར་གྱི་བདག་པོ་དཔལ་ཧེ་རུ་ཀ་ནི་སྒྱུ་འཕྲུལ་ཆེན་མོ་ཡིན་ལ། དེའི ་རིག་པ་སངས་རྒྱས་མཁའ་འགྲོ་མ་ཡང་སྒྱུ་འཕྲུལ་ཆེན་མོ་སྟེ། དེ་དག་རང་བཞིན་གཅིག་པའི་ཕྱིར་རོ། །དེའི་རབ་ཏུ་སྦྱོར་བ་ནི་ཀུན་ཏུ་འཁྱུད་པ་དང་ཙུམ་པ་ན་ལ་སོགས་པ་སྟེ། དེའི་སྦྱོར་བ་དང་སྡོམ་པ་ཉམས་སུ་བླང་བར་བྱ་སྟེ། དེ་ལ་ལྟེ་བའི་པདྨའི་ཀར ་ནི་ཀར་ཉི་མ་དང་ཟླ་བ་སྦྱར་བའི་དབུས་སུ་ཐིག་ལེ་ཕྲ་མོ་དཀར་པོ་གནས་པ་ནི་སྦྱོར་བའོ། །སྡོམ་པ་ནི་བང་མཆོག་སྟེ་སོ་སོར་དབུག་པ་དང་རྣམ་པར་བཅད་པའི་མཐར་བདེ་བ་ཆེན་པོའི་ལས་བྱ་བ་སྟེ། རི་མོ་སྟེང་དུ་འབར་བའི་མཐར་ཞེས་བྱ་བ་ལ་སོགས་པའི ་ཚིགས་སུ་བཅད་པས་གང་སྔར་གསུངས་པའོ། །ཅི་འདི་འབའ་ཞིག་བྱ་འམ་ཞེ་ན། མཆོད་པ་ལྔ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅུ་པོ་འདི་དག་ལྷན་ཅིག་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་གྱི་ཐིག་ལེ་སྟེ། མཁའ་འགྲོ་མའི་པདྨའི་ནང་དུ་བབས་པའི ་ཐིག་ལེ་དེ་ལས་མེ་ཏོག་ལ་སོགས་པའི་རྣམ་པ་བཅུའི་སྤྲིན་གྱི་སོ་སོར་ཁྱབ་པར་རིམ་གྱིས་སྤྲོ་བར་བྱ་སྟེ། མེ་ཏོག་དང། བདུག་པ་དང། མར་མེ་དང། དྲི་དང། ལྟ་བཤོས་རྣམས་ནི་ཉེ་བར་སྦྱད་པར་བྱ་བས་ན་མཆོད་པ་ལྔའོ། །མ་ཐོབ་པ་རྣམས་འདོད ་ཅིང་དོན་དུ་གཉེར་བར་བྱ་བ་ཡིན་པས་ན་འདོད་པའོ། །ཐོབ་པ་རྣམས་ཡང་དང་ཡང་དུ་གོམས་པར་བྱ་ཞིང་སྤྱད་པར་བྱ་བས་ན་ཡོན་ཏན་ཏེ། འདོད་པ་ཡང་དེ་ཡིན་ལ་ཡོན་ཏན་ལྔ་ཡང་དེ་ཡིན་པས་ན་འདོད་པའི་ཡོན་ཏན་ཏེ། ་གྱ་ནོམ་པའི་གཟུགས་དང། སྒྲ་དང་དྲི་དང། རོ་དང། རེག་བྱ་རྣམས་སོ། །དེ་ལ་སྡོམས་པས་ནི་གསང་བའི་མཆོད་པ་དང། དེ་ཁོ་ན་ཉིད་ཀྱི་མཆོད་པ་བསྟན་ལ། ལྷག་མས་ནི་ཕྱིའི་མཆོད་པ་བསྟན་ཏོ། །དེས་ལྷ་རྣམས་མཉེས་པར་བྱས་པའི་འབྲས་བུ ་གསུངས་པ། སྒྲུབ་པའི་དབང་པོ་ཞེས་བྱ་བ་ལ་སོགས་པ་ལ། ཤེས་བྱ་བ་ཅེས་བྱ་བ་ནི་ངེས་པས་བྱ་བའོ། །རྟག་པ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེ། ཉམས་པ་མེད་པ་དང། ཤིན་ཏུ་ཟད་པ་མེད་པའི་ཕྱིར་ཏེ། དེ་ཐོབ་པར་འགྱུར་རོ་ཞེས ་བྱ་བ་ནི་ལྷག་མའོ་དེ་ལྟར་མདོར་བསྡུས་པའི་ཕན་ཡོན་དང་བཅས་པའི་སྒོམ་པ་བསྟན་ནས། ད་ནི་སྒོམ་པ་དང་ཐུན་མོང་པའི་ཕན་ཡོན་དང་བཅས་པའི་བཟླས་པ་བསྟན་པའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་པ་ཞེས་བྱ་བ་ནི ་རིག་པའོ། །དངོས་གྲུབ་ཀྱིས་ཤེས་བྱ་བ་ནི་ཉམས་སུ་བླངས་བས་སོ། །ལྷ་ཞེས་བྱ་བ་ནི་ལྷ་རྣམས་སོ། །དེ་རྣམས་ཀྱི་གནས་ནི་ཡུལ་ལོ། །ལྷ་མོ་ཞེས་བྱ་བ་ནི་སངས་རྒྱས་མཁའ་འགྲོ་མ་ལ་བོད་པའོ། །ཅི་འདི་བདེན་པ་ཁོ་ན་ཡིན་ནམ་ཞེ་ན། ་བདེན་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེན་པ་ཁོ་ནས་སྨྲའི་ནམ་ཡང་བརྫུན་པ་མ་ཡིན་ནོ། །ཞེས་ངེས་པར་གཟུང་བའི་དོན་ཏོ། །འོ་ན་ཡེ་ཤེས་དེའི་ལྷ་ནི་གང་ཞིག་ཡིན། ནུས་པ་ནི་ཅི་འདྲ། རང་བཞིན་ནི་གང་ཞིག་ཡིན་ཞེ་ན། ་ཁྱོད་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྱོད་ལ་ངས་བཤད་པར་བྱ་ཞེས་བྱ་བའོ། །འོག་ནས་བྱུང་བ་དང་འབྲེལ་ཏོ། །དེ་ལ་ལྷ་ནི་གང་ཞིག་ཡིན་ཞེས་བྱ་བའི་ལན་ནི་སྒྱུ་འཕྲུལ་ཆེན་མོ་ཁྱོད་དང་ང་བཞེས་བྱ་བ་ཡིན་ཏེ་རིག་པ་ཞེས་བྱ་བའི་དོན་ཏོ། ། ་མཐུན་ནི་ཅི་འདྲ་ཞེས་བྱ་བའི་ལན་ནི། འཇིག་རྟེན་གསུམ་འགྲུབ་ཅེས་བྱ་བ་གསུངས་སོ། །རང་བཞིན་ནི་གང་ཡིན་ཡིན་ཞེས་བྱ་བའི་ལན་ནི། སྒྱུ་འཕྲུལ་ཆེན་མོ་རྣམས་ཀྱི་ནི་བཟང་པོ་ཞེས་བྱ་བ་ཡིན་ཏེ། བཟང་པོ་ཞེས་བྱ་བ་ནི་འདིར་རོལ་ཅིང་རྩེ་བས་ན་བཟང་པོ་སྟེ། ་ཉི་མ་དང་ཟླ་བ་ཁ་སྦྱར་བའི་བྷ་ག་ཅེས་བྱ་བའི་དོན་ཏོ། །དེ་ཡང་རྣལ་འབྱོར་མ་རྣམས་ཀྱི་མཉམ་པ་ཉིད་དེ། དེ་ཉིད་ནི་རྣལ་འབྱོར་པ་རྣམས་ཀྱི་རོལ་བའི་གནས་སོ། །ཡི་གེའི་ཕྲེང་བ་རྣམས་ཤེས་བྱ་བ་ནི་དབྱངས་དང་གསལ་བྱེད་ཀྱི་ཕྲེང་བ་རྣམ་པ་གསུམ་སྟེ། ་དེས་དཀྲིའོ་ཞེས་བྱ་བ་ནི་ལྷག་མའོ། །དེའི་དབུས་སུ་གྱུར་པ་ནི་དཔའ་བོ་སྟེ་དཔལ་ཧེ་རུ་ཀ་ཡིན་ལ། ཁ་སྦྱོར་དེ་ནི་སངས་རྒྱས་མཁའ་འགྲོ་མ་ཡིན་ནོ། །གང་ཞིག་ཅེས་བྱ་བ་ནི་དཔའ་བོས་བྱིན་གྱིས་བརླབས་པ་སྟེ། དབྱངས་དང་གསལ་བྱེད་ཀྱི་ཕྲེང་བ་གསུམ་གྱིས་བརྒྱན ་པའི་ཉི་མ་དང་ཟླ་བ་ཁ་སྦྱར་བ་ན་གནས་པའོ། །བསམ་བ་ཙམ་གྱིས་ཞེས་བྱ་བ་ནི་བཟླས་པ་ཙམ་གྱིས་ཏེ། བཟླས་པ་ཇི་ལྟར་བྱ་བ་ནི་ངེས་པར་བསྟན་པ་གཉིས་པ་ལས་འཆད་པར་འགྱུར་རོ། །རྒྱུད་དང་མི་རྒྱུད་ཞེས་བྱ་བ་ནི་ཕྱི་རོལ་གྱི་འཇིག་རྟེན་གསུམ་མོ། །འགྲུབ ་ཅེས་བྱ་བ་ནི་དབང་དུ་འགྱུར་བའོ། །ཇི་ལྟར་འདོད་བཞིན་ཞེས་བྱ་བ་ནི་ཇི་ལྟར་འདོད་པ་བཞིན་དུའོ། །བསྟེན་བྱས་ནས་ཞེས་བྱ་བ་ནི་རྣལ་འབྱོར་མའོ། །སུ་ཡིས་ཞེ་ན། རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིས་སོ། །སྟོན་པར་བྱེད་ཅེས་བྱ་བ་ནི་དེས་མཐོང་བར་བྱེད ་པའོ། །དངོས་གྲུབ་ཆེན་པོ་སྟེར་བར་འགྱུར་ཞེས་བྱ་བ་ནི་རལ་གྲི་དང། མིག་སྨན་ལ་སོགས་པའི་དངོས་གྲུབ་ཆེན་པོ་རྣམ་པ་བརྒྱད་སྟེར་བའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་དེ་བཞིན་ཉིད་རྟོགས་པས་ན་དེ་བཞིན་གཤེགས་པ་སྟེ། སངས་རྒྱས ་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་རྣམས་ཀྱི་དཔལ་ནི་ཕུན་སུམ་ཚོགས་པའོ། །སེམས་ཅན་དོན་བྱེད་པ་ཞེས་བྱ་བ་ནི་རྣལ་འབྱོར་པ་དེ་ཉིད་ཀྱིས་སོ། །ཆང་ཞེས་བྱ་བ་ནི་དགུག་པ་ཞེས་བྱ་བར་སྦྱར་རོ། །ཚེ་ཞེས་བྱ་བ་ནི་འཚོ་བའོ། །བརྩོན་འགྲུས ་ནི་སྤྲོ་བའོ། །གཟི་བརྗིད་ནི་མཐུའོ། །ལྷའི་མིག་ནི་མིག་གི་མངོན་པར་ཤེས་པའོ། །རྫུ་འཕྲུལ་ནི་རྫུ་འཕྲུལ་གྱི་མངོན་པར་ཤེས་པའོ། །ཟླ་བ་འཐུང་བ་ནི་བདུད་རྩི་འཐུང་བའོ། །ཉིན་རེ་ཞེས་བྱ་བ་ནི་ཉིན་གཅིག་བཞིན་དུ་འཐུང་བ་སྟེ། ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་ཚིགས་སུ་བཅད་པ་རངས་པའི་ལྷག་མའོ། །ཚེ་རིང་ཞེས་བསྟན་པ་དེ་ཉིད་ཀྱི་ཉེ་བར་བསྟན་པ་ནི། །དེའི་ཚེ་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་ཡི་ཞེས་བྱ་བ་ནི་རྣལ་འབྱོར་བའི་འོ། །འཕེལ་ཞེས་བྱ་བ་ནི་རིང་དུ་ནུར་བའོ། །འགྱུར ་ཞེས་བྱ་བ་ནི་ཐོབ་པའོ། །བསྐལ་བ་ཆེན་པོའི་བར་དུ་གནས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཆོ་འཕྲུལ་ཞེས་བྱ་བ་ལ་སོགས་པ་ལ། འདི་སེམས་ཅན་རྣམས་ཀྱི་ཡིང་སོ་སོར་འཕྲོག་པར་བྱེད་པས་ན་ཆོ་འཕྲུལ་ལོ། །དེ་ཡང་རྣམ་པ ་གསུམ་སྟེ། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང། ཀུན་བརྗོད་པའི་ཆོ་འཕྲུལ་དང་རྗེས་སུ་བསྟན་པའི་ཆོ་འཕྲུལ་ཏེ། གོ་རིམས་བཞིན་དུ་རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དང། གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་དང། ཟག་བ་ཟད་པའི ་མངོན་པར་ཤེས་པ་སྟེ་གསུམ་པོ་དེ་དག་ཡིན་ནོ། །དེ་དག་བྱེད་ཅེས་བྱ་བ་ནི་རྣལ་འབྱོར་བའོ། །བལྟ་བས་མི་དོམས་པའི་ལུས་ཤེས་བྱ་བ་ནི་མཐོང་བས་ཚིམ་པ་མེད་པ་ལུས་ཏེ། སྟོན་པར་བྱེད་ཅེས་བྱ་བ་དང་འབྲེལ་ཏོ། །རང་གི་གཟུགས་ནི་བདག ་ཉིད་ཀྱི་ལུས་སོ། །ཡོངས་སུ་རྗེས་ཞེས་བྱ་བ་ནི་གཞན་གྱིས་གཟུགས་ཡོངས་སུ་འཛིན་པའོ། །ཡིད་ལ་བསམས་མ་ཐག་ཏུ་ཞེས་བྱ་བ་ནི་ཡིད་ལ་བརྗོད་མ་ཐག་ཏུ་སྟེ། བདག་གཟུགས་འདིར་བྱའོ་སྙམ་པའི་རྗེས་ལའོ། །ཕན་ཡོན་གྱི་སྒོ་ནས་ཉེ ་བར་བསྡུ་བ་བསྟན་པའི་ཕྱིར། ཀླགས་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཀླགས་བས་འགྲུབ་པ་ཞེས་བྱ་བ་ནི་ད་ལྟར་ཀློག་བཞིན་པ་སྟེ། བཟླས་བ་ཙམ་གྱིས་འགྲུབ་པ་ཞེས་བྱ་བའི་དོན་ཏོ། །དོན་ཡོད་པ་ཞེས་བྱ་བ་ནི་མཐུ་དང་ལྡན་པ་སྟེ། ་གྲུབ་པར་གྱུར་ན་ངེས་པར་ཇི་སྐད་དུ་གསུངས་པའི་འབྲས་བུ་སྟེར་བར་བྱེད་པས་ན་དོན་ཡོད་པའོ། །རིག་པ་ཞེས་བྱ་བ་ནི་ཀྱེ་རིག་པ་ཞེས་བོད་པའོ། །ཁྱོད་ཅེས་བྱ་བ་ནི་ཁྱོད་དང་མཉམ་པའི་རིག་པ་གཞན་ལ་མེད་པའོ། །འཇིག་རྟེན་གསུམ་པ་ཞེས་བྱ་བ་ནི་དེ་བཞིན ་གཤེགས་པ་དང། རྡོ་རྗེ་དང་པདྨའི་རིགས་རྣམས་སུའོ། །ལུང་ཞེས་བྱ་བ་ནི་སྒྲུབ་ཐབས་སོ། །མཛེས་མ་ཞེས་བྱ་བ་ནི་བོད་པའོ། །རྣལ་འབྱོར་མའི་དབང་ཕྱུག་ནི་ཐབས་ཀྱི་ཆས་སོ། །རིག་མ་ཆེན་མོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཆ་ཡིས་སོ། །དེ་དག་ཅི་ཞིག་ཅེ་ན། ་སྒྱུ་འཕྲུལ་ཆེན་མོའོ། །དངོས་གྲུབ་ནི་དེ་ཉམས་སུ་བླངས་པའོ། །མཚན་མ་ནི་བརྟགས་ཏེ་མཐུ་རྣམ་པ་དུ་མའོ། །དེའི་ངེས་པར་བསྟན་པ་ནི་བཤད་པའོ། །དཔལ་སྒྱུ་འཕྲུལ་ཆེན་མོའི་འགྲེལ་པ་ཡོན་ཏན་ལྡན་བ་ཞེས་བྱ་བ་ལས་ངེས་པར་བསྟན་པ་དང་པོའོ།། །། ་དེ་ནས་དེ་ལས་རྣལ་འབྱོར་མའི་དབང་ཕྱུག་ཆེན་མོ་རྣམས་ཀྱི་ཡི་གེ་བཟང་པོ་ཞེས་པ་ཡི་གེ་བཅུ་གཉིས་ནི་རྐང་བ་གཅིག་པའི་ཚིགས་སུ་བཅད་པའོ། །དེ་ནས་དེ་ལས་ཤེས་བྱ་བ་ལ་སོགས་པ་ལ། དེ་ནས་ཤེས་བྱ་བ་ནི་བཟླས་པ་ཡོངས་སུ་རྫོགས་པར་བྱས ་པའི་སྐབས་ཀྱི་དོན་ཏོ། །དེ་ལས་ཤེས་བྱ་བ་ནི་ལྷའི་སྐུ་བསྒོམས་པའི་རྗེས་ཐོགས་ལའོ། །རྣལ་འབྱོར་དབང་ཕྱུག་ཆེན་མོ་རྣམས་ཀྱི་ཞེས་བྱ་བ་ནི་བཟང་པོ་ཞེས་བྱ་བ་དང་སྦྱར་ཏེ། བཟང་པོ་ཞེས་བྱ་བ་ནི་དཔའ་བོ་དང་བཅས་པའི་དཔའ་བོའི་སྣོད་དེ། ལྟེ་བའི ་པདྨའི་ཀར་ནི་ཀ་ལ་བསམ་མོ་ཞེས་པ་ནི་ལྷག་མའོ། །འདིར་ཅི་ཞིག་བཟླས་པར་བྱ་ཞེ་ན། གསང་བའི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། སྦ་བར་བྱ་བས་ན་གསང་བ་སྟེ་མངོན་དུ་མི་དབྱུང་བའོ། །ཡང་ན་འདིས་ལྷའི་དེ་ཁོ་ན་ཉིད་བསྡུས་བས་ན་གསང ་བ་སྟེ། གསང་བ་ཡང་དེ་ཡིན་ལ་ཡི་གེ་ཡང་དེ་ཡིན་པས་དེ་ལ་དེ་སྐད་ཅེས་བྱའོ། །སྦྱོར་བ་ཞེས་བྱ་བ་ནི་ལྷའི་ཏིང་ངེས་འཛིན་ཏོ། །དངོས་གྲུབ་ནི་དེ་རྫོགས་པའོ། །འབྲས་བུ་ནི་རྫོགས་པ་དེའི་རྒྱུ་མཐུན་པ་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་པོ། །རབ་ཏུ་སྟེར ་བ་ནི་དེ་ཉིད་ཀྱི་ཁྱད་པར་དུ་སྟེར་བ་སྟེ། སྦྱོར་བའི་དངོས་གྲུབ་ཀྱི་འབྲས་བུ་རབ་ཏུ་སྟེར་བའོ། །བསམ་བ་ཙམ་གྱིས་ཤེས་བྱ་བ་ནི་སྦྱོར་བ་འདིའི་དངོས་གྲུབ་མ་རྟོགས་པར་བཟླས་པ་ཙམ་གྱིས་ཀྱང་དོན་དུ་གཉེར་པའི་མཆོག་སྟེ ་རིག་འཛིན་ལ་སོགས་པའི་མཆོག་དེ་སྟེར་བའོ། །ཁ་སྦྱོར་གྱི་དབུས་སུ་གསང་བའི་ཡི་གེ་བལྟས་ལ་དེའི་མགོ་བོར་དཔའ་བོ་བཞག་སྟེ་བཟླས་པ་བྱའོ་ཞེས་དགོངས་སོ། །ཇི་ལྟར་བཟླས་པར་བྱ་ཞེ་ན། དང་པོའི་ཡི་གེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་དང་པོའི་ཡི་གེ་ནི་རབ་བསྔགས་ཏེ། སྔགས་ཕལ་ཆེར་གྱི་དང་པོར་མཐོང་བའི་ཕྱིར་རོ། །དེའི་སྦྱོར་པ་ནི་ངལ་བར་བརྗོད་པའོ། །དབུགས་བཏང་བ་ནི་སྲོག་སྟེང་དུ་འགྲོ་བའོ། །བྱ་ཞེས་བྱ་བ་ནི་རྣལ་འབྱོར་པའི་ཞེས་བྱ་བ་དང་འབྲེལ་ཏོ། །བརྒྱད་པའི ་མཛའ་ཞེས་བྱ་བ་ནི་ཡི་གེ་ཧའོ། །འུ་དང་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་ཧའི་འོག་ཏུ་ནི་ཨའུ་སྤྱར་ལ་ལྷའི་མགོར་ནི་ཐིག་ལེ་དང་བཅས་པར་བྱ་བ་སྟེ་བསྡུས་པས་ཧཱུཾ་ཞེས་བྱ་བར་འགྱུར་རོ། །ཇི་ལྟར་བུའི་དབུགས་གཏོང་བ་དང་རྡུབ་པ་ཡིན་ཞེ་ན། དངོས ་དང་དངོས་མེད་རྣམ་སྤངས་པ་ཞེས་བྱ་བ་གསུངས་ཏེ། གོ་རིམས་བཞིན་དུ་ཞེས་བྱ་བ་ནི་ལྷག་མའོ། །དེ་ལ་ཨོཾ་གྱི་དོན་ནི་ཡེ་ཤེས་ཙམ་སྟེ། དཔལ་གསང་བ་འདུས་པ་ལས། ཨོཾ་ནི་ཡེ་ཤེས་སྙིང་པོ་སྟེ་ཞེས་གསུངས་པའི་ཕྱིར་རོ། །ཧཱུཾ་གི་དོན་ནི ་སྐུ་དང་གསུང་དང་ཐུགས་སྣང་བ་མེད་པ་ཉིད་ཀྱིས་མཉམ་པ་ཉིད་དེ་ཧཱུཾ་ནི་སྐུ་གསུང་ཐུགས་རྡོ་རྗེ། གསུམ་པོ་མི་ཕྱེད་མཉམ་ཐོབ་པ་ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་ཨོཾ་གྱིས་སྣ་ཚོགས་འདི་དག་སེམས་ཅན་ཉིད་དུ་བསྟན་པ་ལ་བལྟས་བས ་ནི་དངོས་པོ་རྣམ་པར་སྤངས་པའོ། །སྣ་ཚོགས་འདི་དག་སེམས་ཙམ་པ་དེ་ཉིད་དངོས་པོ་མེད་པ་སྟེ། སེམས་ལས་མ་གཏོགས་པའི་དངོས་པོ་མེད་པའི་ཕྱིར་སྣ་ཚོགས་པའི་སེམས་ཙམ་པོ་དེ་ཉིད་ཀྱང་སྣང་བ་མེད་པས་མཉམ་པ་ཉིད་དུ་འཇུག ་པར་ཧཱུཾ་གིས་སྟོན་པར་བྱེད་དེ། དེ་ལ་བལྟས་པས་ནི་དངོས་པོ་མེད་པ་རྣམ་པར་སྤངས་པའོ། །འོ་ན་འདིང་སེམས་ཙམ་དང་མཉམ་པ་ཉིད་ལ་འཇུག་པ་ཇི་ལྟར་བལྟ་ཞེ་ན། འདིར་མན་ངག་ནི་རབ་སྔགས་བརྗོད་ནས་དཔའ་བོས་ལས་དབུགས་གཏོང་བ་ནི་ལྷན ་ཅིག་ཏུ་ཡེ་ཤེས་ཀྱི་འོད་ཟེར་སྟེང་དུ་རྒྱུ་བར་བལྟས་ལ། དེ་སྤྲོས་བས་སྣ་ཚོགས་སངས་རྒྱས་ཀྱི་རང་བཞིན་དུ་བྱས་ཏེ། ས་བོན་གྱི་ཡི་གེ་བརྗོད་ནས་སྣ་ཚོགས་སངས་རྒྱས་སུ་བྱས་པ་དེ་དག་ཡང་རང་གི་ལྷའི་རྣམ་པར་བསྒོམ་པ་ནི་སེམས་ཙམ་དུ་བལྟ ་བའོ། །དེ་ན་ཧཱུཾ་བརྗོད་པས་དབུགས་འཇུག་པས་ན་སྣ་ཚོགས་དཔའ་པོ་ལ་བསྡུ་བ་ནི་མཉམ་པ་ཉིད་དུ་འཇུག་པ་ལ་བལྟ་བའོ། །དེ་དག་གཉི་ཀ་ཡང་དལ་བུས་ཡང་དང་ཡང་དུ་ཇི་སྲིད་ངལ་བར་མ་གྱུར་གྱི་བར་དུ་བྱ་སྟེ། འདི་ནི་རྒྱུད་འདིར་བཟླས་པའོ། །འདིར་ཚོགས ་མེད་པར་ཉམས་སུ་བླངས་པ་གསུངས་པ། དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་ཞེས་བྱ་བ་ནི་བཟླས་པ་ལའོ། །བརྟུལ་ཞུགས་ཤེས་བྱ་བ་ནི་མི་སྨྲ་བ་དང། ཁྲུས་དང། སློངས་མོ་ལ་སོགས་པའི་དེས་པ་མེད་པའོ། །ཕྲེང་བ་སྔགས་དང་གཟུང་བ ་ཞེས་བྱ་བ་ནི་སྲོག་གི་རླུང་གིའོ། །ལྡོག་པར་འགྱུར་ཞེས་བྱ་བ་ནི་རྒྱུད་གཞན་དག་ལས་འབྱུང་བ་འདིར་མི་དྲང་ཞིང་བཟློག་པར་བྱ་བའི་དོན་ཏོ། །གཞན་དང་གཞན་དག་ཅེས་བྱ་བ་ལས་ཀྱང་གི་དོན་བལྟ་བར་བྱ་སྟེ། དེ་ལས་གཞན་པའི་ལས་ཐམས ་ཅད་ཀྱང་བཟློག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འོ་ན་བཟླས་བ་ནི་བརྗོད་པ་ཡིན་ལ་འདིར་བཟླས་པ་འབའ་ཞིག་བརྗོད་པར་བྱ་བ་ཡིན་ནམ། འོན་ཏེ་སྐུ་དང་ཡེ་ཤེས་ཀྱང་བསྒོམ་པར་བྱ་ཞེ་ན། དེའི་ཕྱིར་སྔགས་དང་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། དེ་ཁོ་ན་ཉིད་ལ་དམིགས་པའི་ཏིང་ངེ་འཛིན་ནི་རྣལ་འབྱོར་རོ། །རྣལ་འབྱོར་དེ་ཡང་རྣམ་པ་གསུམ་སྟེ་བྱེ་བྲག་གསུམ་མོ། །གང་ལས་ཤེ་ན། གང་གི་ཕྱིར་སྔགས་དང། དབྱིབས་དང། ཆོས་ཀྱི་བདག་ཉིད་ཀྱིས་སོ། །དེ ་ལ་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་དག་ནི་སྔགས་སོ། །ལྷའི་སྐུ་ནི་དབྱིབས་སོ། །སྔགས་ཀྱི་དོན་གྱི་ཡེ་ཤེས་སོ་།ཡེ་ཤེས་རྣམ་པ་གསུམ་གྱིས་ནི་ཞེས་བྱ་བ་ནི་བསྟན་མ་ཐག་པའི་རྣལ་འབྱོར་རྣམ་པ་གསུམ་གྱིས་ཡིན་གྱི ་བརྗོད་པ་ཙམ་གྱིས་ནི་མ་ཡིན་ནོ། །སྲིད་པའི་ཉེས་པས་གོས་མི་འགྱུར་ཞེས་བྱ་བ་ལ། སྲིད་པའི་ཉེས་པ་སྟེ་སྡིག་པ་ལ་སོགས་པ་རྣམས་ལས་གྲོལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཞེས་བྱ་བ་ནི་རྣལ་འབྱོར་གསུམ་མོ། །རྒྱུན ་དུ་ཞེས་བྱ་བ་ནི་ཉིན་རེ་ཞིང་ངོ། །རྟག་ཏུ་ཞེས་བྱ་བ་ནི་ཐུན་མཚམས་སོ་སོ་ལའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་དཔལ་ཧེ་རུ་ཀའོ། །མཚུངས་པ་ནི་དེ་དང་མཉམ་པའོ། །འང་གི་སྒྲས་ནི་རྡོ་རྗེ་མཁའ་འགྲོ་མ་རྣམས་དང་ཡང་མཉམ་པའོ། །དེ་ཞེས་བྱ་བ ་ནི་རྣལ་འབྱོར་བའོ། །འགྲུབ་འགྱུར་ཞེས་བྱ་བ་ནི་རྫོགས་པར་འགྱུར་བ་སྟེ། དེ་ལ་འདིར་ཧེ་རུ་ཀ་འམ་མཁའ་འགྲོ་མ་རྣམས་ཀྱི་སྐུར་དེའི་ང་རྒྱལ་གྱིས་བསྒོམས་ལ། །རབ་སྔགས་དང་ཧཱུཾ་གི་དབུས་སུ་རྩ་བའི་སྔགས་བཅུག་སྟེ་རིམ་གྱིས་དལ་བུས་བརྗོད་དེ ་སྔགས་ཀྱི་དོན་ཉི་མ་དང་ཟླ་བ་ཁ་སྦྱར་བའི་ནང་དུ་ཆུད་པའི་རིག་པའི་ཡི་གེའི་ཐིག་ལེ་ལ་དཔའ་བོའི་ཐིག་ལེ་གཞག་སྟེ། དེ་ལས་བྱུང་བའི་འོད་ཀྱིས་དངོས་པོ་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་དུ་བྱས་ནས་དེ་རྣམས་ཀྱིས་རང་གི་ལྷའི་སྐུའི་རྣམ ་པར་བྱས་ཏེ། དཔའ་བོ་ཐིག་ལེ་ལས་ཡང་དག་པར་བསྡུ་བས་སྔགས་ཀྱི་དོན་རིག་པར་བྱའོ། །དེ་ལྟར་སྔགས་དང། དབྱིབས་དང། ཆོས་ཀྱི་རྣལ་འབྱོར་གྱིས་བཟླ་བ་དྲུག་ཏུ་བཟླས་པ་བྱས་ན་འདྲ་བའི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཐོབ་ཀྱང་རུང ་མ་ཐོབ་ཀྱང་རུང་སྟེ་རིག་པའི་ཡི་གེ་དང་ཡང་དག་པར་རབ་ཏུ་ལྡན་པས་ལས་རྣམས་ཇི་ལྟ་བ་བཞིན་དུ་ཡང་དག་པར་སྒྲུབ་པར་བྱ་སྟེ། དེ་བས་ན་རིག་པའི་ཡི་གེ་དང་དེའི་རབ་ཏུ་སྦྱོར་བ་ཡང་དག་པར་བསྟན་པར་བྱ་བའི་ཕྱིར། །དབང་པོའི་མདོག་ཅེས་བྱ་བ ་ལ་སོགས་པ་གསུངས་ཏེ། དབང་པོའི་སྒྲས་ནི་ལྡམ་བུ་ཆུ་གཤེར་བསྟན་ཏོ། །དབང་པོའི་ཡི་གེའི་ནི་རབ་སྔགས་སོ། །དེ་བསྒོམས་པ་ནི་གང་གིས་དགུག་པར་བྱ་བའི་དོན་དུ་རབ་ཏུ་སྦྱོར་རོ། །རིག་པ་ཞེས་བྱ་བ་ནི་རིག་པ་དང་ལྡན་པའི་རྣལ་འབྱོར་པའོ། །དེས ་ཤེས་བྱ་བ་ནི་རྣལ་འབྱོར་པས་སོ། །འདི་ཞེས་བྱ་བ་ནི་བསྒྲུབ་བྱའོ། །མོད་ལ་ཞེས་བྱ་བའི་ཉེ་བར་བསྟན་པ་ནི་མྱུར་དུ་ཞེས་བྱའོ། །དེ་དག་གིས་འདི་སྐད་དུ་སངས་རྒྱས་མཁའ་འགྲོ་མ་ལ་སོགས་པའི་རྣལ་འབྱོར་གུར་ཀུམ་གྱི་མདོག་ལྟ་བུ་བྱས་ལ། དཔའ་བོའི ་སྣོད་དུ་གུར་ཀུམ་གྱི་མདོག་ལྟ་བུའི་རབ་བསྔགས་བསམ་སྟེ། དེའི་ཐིག་ལེར་དཔའ་བོ་བཀོད་ལ་རབ་བསྔགས་ཀྱི་འོད་ཀྱི་དཔའ་བོ་ཡང་དམར་པོར་བསྒྱུར་ནས་དཔའ་བོ་ལ་འོད་དམར་པོའི་རི་མོ་གཉིས་གྱུར་ནས་འོད་གཅིག་གི་རྩེ་མོར་ཞགས་པ་དང་གཉིས་པའི་རྩེ ་མོར་ནི་ལྕགས་ཀྱུ་བསམ་ཉེ་ཞགས་པས་བསྒྲུབ་བྱའི་མགུལ་བ་བཅིངས་ལ་ལྕགས་ཀྱུས་སྙིང་ཁ་ཕུག་སྟེ། མྱུར་དུ་འགུགས་པར་བསམས་ན་བསྐད་ཅིག་གིས་ཁུགས་པར་འགྱུར་རོ་ཞེས་བསྟན་པར་འགྱུར་རོ། །ཡི་གེ་གཉིས་པ་ཞེས་བྱ་བ་ནི་དབྱངས་ཀྱི་ཡི་གེ ་གཉིས་པ་སྟེ་ཨཱའོ། །དེ་དང་ལྡན་པ་ནི་དེའི་མགོ་བོར་གཞག་པའི་དཔའ་བོའོ། །དེས་བསམ་པ་ནི་རང་གི་ལྷའི་རྣལ་འབྱོར་པས་བསྒྲུབ་བྱའི་རྡུལ་ཕྲ་རབ་རྣམས་མདོག་དམར་པོར་བསྒྱུར་བའོ། །རྣམ་པར་བསྒོམ་ཞེས་བྱ་བ་ནི་བསྒྲུབ་བྱ་རྣམ་པ་དུ་མ་སྟེ་གང ་འདོད་པའོ། །དེ་དག་ཐམས་ཅད་ཅེས་བྱ་བ་ནི་བསྒྲུབ་བྱའོ། །ས་གསུམ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཡང་དང་ཡང་ཞེས་བྱ་བའི་དོན་བལྟ་བར་བྱ་སྟེ། འཇིག་རྟེན་གསུམ་པོ་མ་ལུས་པ་ཡང་དམ་དུ་འགྱུར་ན། །སྲོག་ཆགས་བརྒྱ་དང་སྟོང་ལྟ ་སྨོས་ཀྱང་ཅི་དགོས་ཤེས་བྱ་བའི་དོན་ཏོ། །འདི་དག་གིས་ཀྱང་འདི་སྐད་དུ་ལྷ་དྲུག་གི་ནང་ནས་གང་ཡང་རུང་བའི་རྣལ་འབྱོར་ཛ་བའི་ཀུ་སུམ་ལྟར་དམར་བ་བྱས་ལ། ཡི་གེ་ཨཱ་ཛ་བའི་ཀུ་སུམ་ལྟར་དམར་བ་ཁ་སྦྱོར་དུ་བཀོད་དེ། དེའི་མགོ་བར་དཔའ་བོ ་བཀོད་ལ་དེ་ཉིད་ཀྱིས་མདོག་བསྒྱུར་ཏེ། དེ་ཉིད་ཀྱི་འོད་ཟེར་གྱིས་བསྒྲུབ་བྱའི་རྡུལ་ཕྲ་རབ་རྣམས་བཅོས་ལ་རྐང་བའི་དྲུང་དུ་འགྲེལ་བར་བསྒོམས་ཏེ་དབང་དུ་འགྱུར་བར་བསམས་ན་དེས་ནི་ཐམས་ཅད་དབང་དུ་འགྱུར་རོ་ཞེས་བསྟན་པ ་ཡིན་ནོ། །ཚངས་པ་ཞེས་བྱ་བ་ལ་སོགས་པ་ལ། འདོད་དབང་ཕྱུག་ཅེས་བྱ་བ་ནི་བདུད་དོ། །མི་ཟད་པས་ན་ཡི་གེ་སྟེ་ཐུགས་རྡོ་རྗེའོ། །དེའི་གསང་བའི་ཡི་གེ་ནི་ཡང་ཡི་གེའོ། །གཞུང་ཁ་ཅིག་ལས་ནི་ཡེ་ཤེས་ཡི་གེ་ཞེས་འབྱུང་སྟེ། ཡེ་ཤེས ་ནི་དཔའ་བོ་སྟེ་དེའི་ཡི་གེའོ། །གཉི་ག་ལྟར་ན་ཡང་ཡི་གེ་ཧཱུཾ་ལ་བྱའོ། །དེ་ཡང་དགུག་པ་ལཱ་ཛ་བའི་ཀུ་སུ་མ་ལྟར་དམར་བའོ། དེ?་བསྐུལ་བ་ནི་སྤད་ཅིང་གཏོང་པའོ། །ཇི་ལྟར་བསྐུལ་བར་བྱ་ཞེ་ན། དགུག་པའི་ཆོ་ག་དང་པོའི་སྦྱར་བས་སོ། །གཞན་དག ་ནི་ཧཱུཾ་གིས་དབུགས་ནད་དུ་གཞུག་པས་དགུག་གོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་རྒྱུད་འདི་ལཾ་དཔའ་བོ་ལས་བྱུང་བའི་འོད་གླང་པོ་ཆེའི་སྣ་ལྟ་བུས་དགུག་པའི་སྦྱོར་བ་བྱའོ་ཞེས་ཟེར་རོ། །གོང་བུ་དགུག་པའི་མཆོག་གསུངས་པ། ཡི་གེ་ཨ་དང་ཞེས་བྱ ་བ་ལ་སོགས་པ་གསུངས་ཏེ། ཨ་དང་ཡི་གེ་ནི་ཟླས་དབྱེ་བའོ། །དེ་དག་དང་ཡང་དག་པར་ལྡན་པ་ན་ཨ་འམ་ཡི་གེ་ཧཱུཾ་དང་ཡང་དག་པར་ལྡན་པའི་སྒྲུབ་པ་པོ་ཞེས་བྱ་བའི་དོན་ཏོ། །རྣམ་པ་གསུམ་དང་སྦྱོར་བ་ནི་སྦྱོར་བ་རྣམ་པ་གསུམ་མོ། །སྐུ་གསུང ་ཐུགས་ལ་ལེགས་གནས་པ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ལུས་དང། མགྲིན་པ་དང། སྙིང་ཁ་དག་ཏུ་གནས་པའོ། །དེས་ཀྱང་འདི་སྐད་དུ་ལྷ་དྲུག་གི་ནང་ནས་ཛ་བའི་སྐུ་སུམ་ལྟ་བུ་གང་ཡང་རུང་བའི་རྣལ་འབྱོར་བྱས་ལ། ཁ་སྦྱོར ་གྱི་ནང་དུ་ཨཱ(རྒྱུད་འགྲེལ་དུ་མགྲིན་པ་བཅིངས་པ་དང། སྙིང་ཁ་ཕུག་སྟེ་ཁར་སྣང་ལ་མྱུར་དུ་འགུགས་པར་བསམས་ན་སྐད་ཅིག་གིས་ཁུགས་པར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །ཡི་གེ་ཁེ་ཞེས་བྱ་བ་ལ་སོགས་པ་ལ། དེ་དག་གིས་ཀྱང་འདི་སྐད་དུ་ཡི་གེ་ཁེ་ལུས་སྐུ་མདོག ་དཀར་པོ་ཞལ་བཞི་པ་ཕྱག་ན་ཐོད་པ་བསྣམས་པ་ཆགས་པའི་བདག་ཉིད་དེ་སེམས་ཆགས་པ་དང་ལྡན་པར་བསྒོམས་ལ། །ཁེའི་མགོ་བོར་བཀོད་པའི་དཔའ་བོ་ལས་འོད་ཟེར་སྤུ་གུའི་གཟུགས་ཅན་བསྒྲུབ་བྱའི་གསང་བར་ཞུགས་ཏེ་ཁུ་བས་བཀང་ནས་ཐོད ་པར་དྲངས་པར་བསམ་ན་སྐད་ཅིག་གིས་ཁུ་པ་ཁུག་པར་འགྱུར་རོ་ཞེས་བསྟན་ཏོ། །ཡི་གེ་རྩི་ཞེས་བྱ་བ་ལ་སོགས་པ་ལ། ཡི་གེ་རྩི་ཐུང་དུ་ལས་མདོག་སེར་པོ་འོད་ཟེར་སེང་པོ་དང་ལྡན་པ་རྟའི་ཞལ་ཅན་བསམས་ལ ་ཡི་གེ་རྩིའི་མགོ་བོར་གནས་པའི་དཔའ་བོའི་འོད་གླང་པོ་ཆེའི་སྣ་ལྟ་བུས་ཆད་སྣོད་ཆད་གིས་བཀང་ནས་དྲངས་ཏེ་སྣོད་གང་བར་བསམས་ན་སྐད་ཅིག་གིས་གང་བར་འགྱུར་རོ་ཞེས་སྟོན་ཏོ། །ཡི་གེར་ཞེས་བྱ་བ་ལ་སོགས་པས་ཀྱང་ཡི་གེར་ལས་མདོག་དམར ་པོ་ཕྱག་བཞི་ལ་ལྕེ་སྦྱང་གི་ཞལ་བཞི་དང་ལྡན་པ་གཟི་བརྗིད་ཆེ་ཞི་ཁྲོ་བའི་བདག་ཉིད་ཅན་དུ་བསྒོམ་ལ། སྔ་མ་བཞིན་དུ་འོད་ཟེར་སྲིན་བུ་པདྨའི་གཟུགས་ལྟ་བུར་སྤྲོས་པས་བསྒྲུབ་བྱའི་ལུས་ལས་ཁྲག་འདྲེན་བཞིན་པར་བསྒོམས་ན་སྔ་མ་བཞིན་དུ ་འགྱུར་འོ། །དེ་ལྟར་རིག་པའི་ཡི་གེ་དྲུག་གི་སྐབས་སུ་རང་གི་ལྷའི་རྣལ་འབྱོར་གྱིས་ཡན་ལག་དྲུག་ལ་དགོད་པ་ཡང་བསྟན་པའི་ཕྱིར། ཡི་གེ་དྲུག་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡི་གེ་དྲུག་ནི་བསྟན་མ་ཐག་པའི་རིག་པའི་ཡི་གེ ་དྲུག་གོ་།དེ་དང་ཡང་དག་ལྡན་ཞེས་བྱ་བ་ནི་ངེས་སྦྱར་བྱ་ཞེས་བྱ་བ་དང་སྦྱར་ཏེ། རང་གི་ལྷའི་ལུས་ལ་ཞེས་བྱ་བ་ནི་ལྷག་མའོ། །གང་དུ་ལྡན་པ་ཡིན་ཞེ་ན། གནས་དྲུག་ཏུ་ཞེས་བྱ་བ་གསུངས་ཏེ། ཡན་ལག་དྲུག་ཏུ་ཞེས་བྱ་བའི་དོན་ཏོ། ། ་དེ་ལྟ་བུས་ནི་རྡོ་རྗེ་རྣལ་འབྱོར་མ་རྣམས་འགྲུབ་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །དེ་ལ་རྡོ་རྗེ་ནི་དཔལ་ཧེ་རུ་ཀའོ། །རྣལ་འབྱོར་ནི་མཁའ་འགྲོ་མ་ལྔ་རྣམས་སོ། །ཡང་རྣལ་འབྱོར་ནི་དཔལ་ཧེ་རུ་ཀའོ། །མཁའ་འགྲོ་མའི་བདེ་མཆོག་ནི ་རྣལ་འབྱོར་མ་དེ་རྣམས་དང་ལྷན་ཅིག་ཏུ་སྤྱོད་པ་ལས་བྱུང་བའི་བདེ་བའི་མཆོག་དང་ལྡན་པས་སོ། །གནས་དྲུག་པོ་བསྟན་པ་དེ་ཉེ་བར་བསྟན་པའི་ཕྱིར་མིག་གཉིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡིད་ཅེས་བྱ་བ་ནི་སྙིང་ཁའོ། །དང་གི་སྒྲས་ནི་ལྕེ ་དང་ལུས་ཀྱང་གཟུང་ངོ། །རྣལ་འབྱོར་རྣམ་པ་གཞན་གསུངས་བ། སེང་གེ་ཞེས་བྱ་བ་ལ་སོགས་པ་ལ། སེང་གེ་ནི་དཔའ་བའ་ཨོ། །དེ་རྣམ་པར་རོལ་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཕྱག་རྒྱ་ནི་ཉི་མ་དང་ཟླ་བ་ཁ་སྦྱར་བའོ། །བཅིང་བར ་བྱ་བ་ནི་ཡི་གེའི་ཕྲེང་བ་གསུམ་གྱིས་སྔར་བསྟན་པ་བཞིན་དུ་བཅིངས་པར་བསམ་པའོ། །རྣལ་འབྱོར་པས་ཤེས་བྱ་བ་ནི་ལྷ་མོ་བཞིས་ཡོངས་སུ་བསྐོར་པའི་དཔལ་ཧེ་རུ་ཀའི་རྣལ་འབྱོར་ལ་གནས་པས་སོ། །སྲོག་དང་རྩོལ་བ་ནི་དབུགས་དབྱུང་བ་དང་འཇུག ་པའོ། །བསྔམས་ནས་སུ་ཤེས་བྱ་བ་ནི་རིམ་གྱིས་ཤིན་ཏུ་ཕྲ་བར་བྱས་པས་ཤིན་ཏུ་གནས་པར་འགྱུར་བའོ། །བསྒོམས་ན་ཞེས་བྱ་བ་ནི་ཟླ་བའི་བུ་གནས་དཔའ་བོ་དེ་ཉིད་ལ་ལྟ་བཞིན་པས་བསྒོམ་པའོ། །སྐད་ཅིག་དོ་ལ་འབར་ཞེས་བྱ་བ་ནི ་དཔའ་བོ་ལ་སེམས་བསྟན་པ་ལས་ཡེ་ཤེས་ཀྱི་མེ་ལྕེ་ལྡང་ཞིང་འབར་བ་སྟེ་སྣང་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་སླབས་པར་འབར་ཞེ་ན། འོག་མིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ས་འོག་དང། ས་སྟེང་དང། བར་སྣང་དང། བསམ ་གཏན་དང་པོ་དང། གཉིས་པ་དང། གསུམ་པ་དང། བཞི་བ་རྣམས་ཡང་དག་པར་བསྡུས་པས་ནི་འཇིག་རྟེན་བདུན་ནོ། །བསམ་གཏན་གསུམ་པོ་ནི་སོ་སོར་རེ་རེ་ཡིན་ལ། བསམ་གཏན་བཞི་པ་ལ་གནས་གཞན་བརྒྱད་པ་ནི་འོག་མིན་ཏེ། ་དེ་ཉིད་ཀྱི་ཕྱིར་གསུངས་པའི་འོག་མིན་གནས་ཀྱི་མཐར་ཐུག་པ་ཞེས་སོ། །དེ་ལ་རྒྱ་བ་ནི་སེམས་ཅན་ནོ། །གཞལ་མེད་ཁང་ལ་སོགས་པའི་གནས་ནི་མི་རྒྱུ་བའོ། །ད་ནི་དཔའ་བོ་དེ་སེམས་ཅན་ཐམས་ཅད་ཀྱི་སྣང་བཞིན་དུ་མ་མཐོང་བར་བསྟན་པར ་བཞད་ནས། ཐམས་ཅད་ཀྱི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ཀྱིས་ཤེས་པ་ནི། སེམས་ཅན་ཐམས་ཅད་དོ། །དེ་བསྒོམས་ནས་ཞེས་བྱ་བ་ནི་འདྲིས་པར་བྱས་པ་སྟེ། རང་གི་སེམས་ཉིད་དེ་དང་དེ་དག་ཏུ་སྣང་བའི་ཕྱིར་རོ། །དེ་ནི་རྟོགས ་པ་མ་ཡིན་ནོ་ཞེས་བྱ་བ་ནི་དེའི་དེ་ཁོ་ན་ཉིད་མཐོང་བ་མ་ཡིན་པ་སྟེ། བྱིས་པ་རྣམས་ལ་དེའི་ཡང་དག་པ་མ་ཡིན་པའོ་ངོ་བོ་སྣང་བའི་ཕྱིར་རོ། །འགྲོ་བའི་རོལ་པ་ཞེས་བྱ་བ་ནི་སྣ་ཚོགས་སུ་རོལ་པ་སྟེ། དེ་དང་དེའི་རྣམ་པ་གཉིས་སུ་བརྟག་པའི་ཕྱིར་རོ། ། ་རྣམ་པར་འཇིག་ཅེས་བྱ་བ་ནི་གལ་ཏེ་ཀུན་གྱིས་རྟོགས་ན་ནི་འགྲོ་བའི་རོལ་པ་དང་པོ་ཉིད་ནས་ཞིག་པར་འགྱུར་ན་ད་ལྟར་གྱི་བར་དུ་དེ་ལྟར་ནི་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་བུ་ཡིན་པའི་དེའི་ཕྱིར་ཡེ་ཤེས་འདི་གསང་ཞིང་ཞེས་བྱ་བ་གསུངས་ཏེ། ཡེ ་ཤེས་ནི་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་དཔའ་བོ་ཞེས་བྱ་བའོ། །གསང་བ་ཞེས་བྱ་བ་ནི་བྱིས་པ་རྣམས་ལ་སྤས་པའོ། །གང་གིས་ཤེ་ན། ཡང་དག་པ་ཡིན་པའི་ངོ་བོ་མ་མཐོང་བའི་འཁྲུལ་ལ་རྣམས་ཀྱིས་སོ། །ཡེ་ཤེས་དེ་ཅི་འདྲི་ཞེ་ན། མོ་གསལ་ཡི ་གེ་མེད་པ་ཞེས་གསུངས་ཏེ། །ངག་གི་ཡུས་ལས་འདས་པའི་ཕྱིར་ན་མི་གསལ་བའོ། །ཡིད་ཀྱི་བརྗོད་པའི་ཡུལ་མ་ཡིན་པའི་ཕྱིར་ཡི་གེ་མེད་པའོ། །འོ་ན་དེའི་དོན་དམ་པ་དེ་སུས་ཤེས་ན། སངས་རྒྱས་ཤེས་བྱ་བ་ལ་སོགས་པ་གསུངས་ཏེ། ཧི ་ཞེས་བྱ་བ་ནི་རིམ་པ་བཞིན་དུ་སྦྱར་བས་ངེས་པར་གཟུང་བའི་དོན་ཏེ། དེ་བཞིན་གཤེགས་པ་ཉིད་ཀྱིས་ཤེས་བྱ་བའི་དོན་ཏོ། །འོ་ན་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་རང་བཞིན་དེ་ཕྱིས་གཟིགས་ན་ནི་གཞན་གྱིས་ཀྱང་དེ་མཐོང་བ་གྲུབ་པར་འགྱུར་ལ། ་ཅི་སྟེ་རྡོ་རྗེ་རྣལ་འབྱོར་གྱི་ཁ་ན་ལས་པ་ཡིན་ན་ཡང་རྣལ་འབྱོར་དེས་གཞན་དག་གིས་ཀྱང་དེ་མཐོང་བར་འགྱུར་རོ། །ཞེ་ན་དེའི་ཕྱིར་རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཅིག་ཁོ་ནར་གཡོ་བ་མེད་པའི་ཕྱིར་གཉིད་དང ་ཆོས་མཐུན་པས་ན་གཉིད་དོ། །འདི་ནི་རྣལ་འབྱོར་ཡང་ཡིན་ལ་གཉིད་ཀྱང་ཡིན་པས་རྣལ་འབྱོར་གཉིད་དོ། །ཡང་དག་པར་ལྡན་པ་ནི་དེ་མངའ་བའོ། །དེ་ཉིད་ཀྱི་ཉེ་བར་བསྟན་པ་ནི། གོང་བུར་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། གཟུགས་ཤེས་བྱ་བ ་ནི་ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ནོ། །གཅིག་ཅེས་བྱ་བ་ནི་སྣང་བ་མེད་ཅིང་གསལ་བ་ཙམ་དུ་རོ་གཅིག་པའོ། །གོང་བུ་ཞེས་བྱ་བ་ནི་དེ་དག་ཉིད་ཤིན་ཏུ་བསྡུས་པ་སྟེ། ཡུངས་ཀར་ལྟར་ཕྲ་བའི་ཐིག་ལེ་ཙམ་གྱིས་གོང་བུར་ཕྲ་མོར་བྱས ་པའོ། །དེ་དག་གིས་ནི་དཔའ་བོའི་ཕྱག་རྒྱའི་གཟུགས་སུ་བསྒྲུབ་པ་བསྟན་ཏོ། །དེར་སོང་བའི་ཡིད་ཅེས་བྱ་བ་ནི་གོང་བུ་དེ་ལ་སེམས་གནས་པའོ། །དེ་དག་གིས་རྣལ་འབྱོར་གྱི་གཉིད་ཀྱི་དོན་བསྟན་ཏོ། །རྣམ་པ་དེ་ལྟ་བུའི་རྣལ་འབྱོར་རྫོགས་པར་བྱེད ་པའི་དམ་ཚིག་བསྟན་པའི་ཕྱིར། སྒོ་དགུ་ལས་ཤེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་བསྒོམས་ལ་ཞེས་བྱ་བ་ནི་ལྷག་པར་མོས་པར་བྱ་ཞེས་བྱ་བའི་དོན་ཏོ། །གང་ཞིག་ལ་ལྷག་པར་མོས་པར་བྱ་ཞེ་ན། སྒོ་དགུ་ལས་བྱུང་བའི་རྫས་ལའོ། ། ་ཅི་ཞིག་ཏུ་མོས་ཤེ་ན། བདག་ཉིད་ཅེས་བྱ་བ་གསུངས་ཏེ། རྟག་པ་དང། མི་སྤྱོད་པ་དང། རིན་ཆེན་དབང་དང། འཇིག་རྟེན་དབང་དང། གདོན་མི་ཟ་བའི་རང་བཞིན་གྱི་སངས་རྒྱས་རྣམས་ཀྱི་བདག་ཉིད་དུའོ། །རང་བཞིན་མེད་པ་ཞེས་བྱ་བ་ནི ་གཟུང་བ་དང་འཛིན་པར་མི་སྣང་བས་སོ། །བློ་ལྡན་པ་ཅེས་བྱ་བ་ནི་གསལ་བ་ཙམ་ལ་གནས་པའི་བློ་ཅན་ནོ། །རྣམ་པར་མི་རྟོག་པ་ཞེས་བྱ་བ་ནི་དོགས་པ་མེད་པས་སོ། །བཟའ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་བཟའ་བའི་ཕྱིར་བཅད་པའོ། །མཐེ ་བོང་ཞེས་བྱ་བ་ལ་སོགས་པ་ལ། ཁ་རུ་ཡིད་བཞིན་ནོར་བུ་ཞེས་བྱ་བ་ནི་མཐེ་བོང་དང་སྲིན་ལག་གི་རྩེ་མོ་ཡིད་བཞིན་གྱི་ནོར་བུར་གྱུར་པ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་དེ་ཉིད་ཀྱིས་དེ་བཟའ་ཨོ་ཞེས་བྱ་བར་གོངས་སོ། །ནམ་ཞེ་ན། བདུད་རྩི་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། གང་གི་ཚེ་འོག་ནས་བྱུང་བའི་ཆོ་གས་དེ་དག་ཐམས་ཅད་བདུད་རྩིར་བྱས་པ་དེའི་ཚེ་ཞེས་བྱ་བའི་དོན་ཏོ། །དེས་ཅིར་འགྱུར་ཞེ་ན། རྟག་པའི་དངོས་གྲུབ་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །རྣལ་འབྱོར་མའི་དབང་ཕྱུག་མའི་རིག་པ་ཆེན་མོ་ཞེས ་བྱ་བ་ནི་བཤད་ཟིན་ཏོ། །དེའི་སྦྱོར་བ?་ཉི་མ་དང་ཟླ་བ་ཁ་སྦྱར་བའི་ཐིག་ལེའི་རྣལ་འབྱོར་རོ། །དེ་སེང་གེ་རྣམ་པར་རོལ་པ་ལ་སོགས་པའི་བྱེ་བྲག་གང་དག་གིས་ངེས་པར་བྱེད་པ་དེ་ནི་གཏན་ལ་ཕབ་པ་སྟེ་བསྟན་པ་ནི་བརྗོད་པའོ། །དཔལ་སྒྱུ་འཕྲུལ ་ཆེན་མོའི་འགྲེལ་པ་ཡོན་ཏན་ལྡན་པ་ལས་ངེས་པར་བསྟན་པ་གཉིས་པའོ། །དེ་ནས་ཤེས་བྱ་བ་ལ་སོགས་པ་ལ། རྫས་གཞན་ཞེས་བྱ་བ་ནི་བསྟན་མ་ཐག་པའི་རྫས་དགུ་ལས་གཞན་པའོ། །ཚོགས་ཤེས་བྱ་བ་ནི་ཚོགས་ལས་ཐ་མི་དད་པའི ་ཕྱིར་སོ་སོ་རེ་རེ་ཞིང་ཡང་ཚོགས་ཀྱི་སྒྲས་བསྟན་ཏོ། །ཐམས་ཅད་མཁྱེན་པ་ཉིད་འབྲས་བུ་ཡིན་བས་ན་ཐམས་ཅད་མཁྱེན་པའི་འབྲས་བུའོ། །གང་ཞིག་ཅེས་བྱ་བ་ནི་རྫས་ཀྱི་ཚོགས་རྣམས་སོ། །འབྱུང་བོའི་མ་ནི་རྡོ་རྗེ་མཁའ་གྲོ་མ་རྣམས་སོ། ། ་ཆེན་པོར་ཡང་དག་ལྡན་པ་ནི་ཡོན་ཏན་ཆེ་བས་བརྒྱན་པ་སྟེ། ཤ་ཆེན་པོའི། དེ་བཞིན་ཞེས་བྱ་བ་ནི་ཡང་དག་པར་བསྡུ་བའོ། །ལྷན་ཅིག་མ་ཡིན་ཞེས་བྱ་བ་ནི་སོ་སོར་རོ། །བསྒོས་ཤེས་བྱ་བ་ནི་བྱུག་པ་སྟེ། ཤ་ལྔ་པོ་སོ་སོ་ཞིང་བདུད་རྩི་ལྔ་ལྔས ་བསྒོ་བའོ། །དུས་ཇི་སྙེད་ཅིག་ཏུ་ཞེ་ན། ཉི་མ་བདུན་དུ་ཞེས་བྱ་བ་གསུངས་ཏེ། མར་ངོའི་ཉི་ཤུ་གསུམ་ནས་ཉི་ཤུ་དགུའི་བར་དུའོ། །སྦྱར་བྱས་ནས་ཤེས་བྱ་བ་ནི་དེ་ལྟར་བྱས་པའི་འོག་ཏུ་སྦྱར་ནས་སོ། །ལྕེ་སྦྱང་གི་དབུས་སུ་གཞག་ལ་ཞེས་བྱ་ནི་འབྱུང ་པོའི་མཆེན་མོ་ལྕེ་སྦྱང་གི་ཡན་ལག་མཆོག་ཏུ་གཞག་པའོ། །དེ་ལས་ཤེས་བྱ་བ་ནི་དེ་ལྟར་བསྒོས་པ་དང་གཞག་པའི་རྫས་ལས་སོ། །ཡུངས་ཀར་གྱི་འབྲས་བུའི་ཚད་ཙམ་ཞེས་བྱ་བ་ནི་ཡུངས་ཀར་གྱི་ཚང་ཙམ་མོ། །ཅི་ལས ་བྱས་ཤེ་ན། ལྔ་པོ་དག་ཅེས་བྱ་བ་གསུངས་ཏེ། ཤ་ལྔ་པོ་དག་ལས་སོ། །རྒྱུད་འདིར་གསུངས་ཀྱི་ཞེས་བྱ་བ་ལ། ཚད་ནི་ཉེ་བར་མཚོན་པ་སྟེ་ཆོ་ག་ཡང་གཟུང་བར་བྱའོ། །དེ་བས་ན་ཚད་ལ་སོགས་པ་འདིར་རྫོགས་པར་གསུངས་སོ། །ཀུན་ཏུ་སྤས ་ཤེས་བྱ་བ་ནི་རྒྱུད་གཞན་དུ་ཐམས་ཅད་རྫོགས་པར་གསུངས་པའོ། །ཅིའི་ཕྱིར་ཞེ་ན། འབྲས་བུ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྟོགས་ནས་ཤེས་བྱ་བ་ནི་འབྲས་བུ་ཆེན་པོར་ཤེས་པར་བྱ་སྟེ། ཕུང་པོ་ལྔ་པོ་ཡེ་ཤེས་ལྔས་བསྒོས ་ཤིང་ལྕེ་སྦྱང་གི་ཡན་ལག་མཆོག་ཁ་སྦྱོར་གྱི་སྣོད་དུ་གནས་པའི་དཔའ་བོ་དང་མཉམ་པར་རྟོག་པས་སོ། །དེ་ནས་ཤེས་བྱ་བ་ལ་སོགས་པ་ལ། དེ་ནས་ཤེས་བྱ་བ་ནི་དེའི་འོག་ཏུའོ། །རྒྱུད་འདིར་སྒྲུབ་པའི་ཐབས་འབྱུང་བ་ཅེས་བྱ་བ་ནི་སྒྲུབ་པའི ་ཐབས་ཀྱི་ལས་གང་གིས་བཅོམ་ལྡན་འདས་དཀྱིལ་འཁོར་དང་བཅས་པ་སྒྲུབ་ཅིང་མཉེས་པར་བྱེད་པར་གྱུར་པའི་སྐབས་ཤེས་བྱ་བའི་དོན་ཏོ། །པདྨ་བསམ་བྱ་བ་ཅེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སྣང་བ་མེད་པར་བསྒོམས་པས་འགྲོ་བ་རྣམས ་ནམ་མཁའ་ལྟར་མཉམ་པ་ཉིད་དུ་བྱས་ཏེ། རྡོ་རྗེ་རང་བཞིན་གྱིས་ས་གཞི་བསམས་ནས་ཕྱོགས་མཚམས་རྣམས་སུ་འཇིགས་པར་བྱང་པའི་དུར་ཁྲོད་བརྒྱད་བལྟས་ལ། དེའི་དབུས་སུ་ཁང་བུ་བརྩེགས་པའི་ནང་དུ་ཆུད་པའི་པདྨ་འདབ་མ་བརྒྱད་པའམ ་བཞི་བ་བསཾ་པའོ། །ཁ་དོག་དམར་པོ་ཀུན་འོད་ཅེས་བྱ་བ་ནི་མདོག་དམར་ཞིང་འོད་དམར་པོ་དང་བཅས་པའོ། །ཡིད་ཀྱིས་ཤེས་བྱ་བ་ནི་དཔའ་བོར་གྲགས་པ་སྟེ། ཤིན་ཏུ་རྣམ་པར་དག་པའི་ཡིད་ཀྱི་ཐིག་ལེ་པདྨའི་ཀར་ནི་ཀར་གནས་པ་ལས་ཕྱོགས ་བཞིའི་འདབ་མ་རྣམས་སུ་ཡང་སྤྲོས་བས་མཚན་པའོ། །ལྷ་མོ་བཞི་དང་ཡང་དག་ལྡན་ཞེས་བྱ་བ་ནི་ཤར་ཕྱོགས་ལ་སོགས་པའི་འདབ་མ་རྣམས་ཀྱི་ཐིག་ལེ། རྣམས་ལས་གོ་རིམས་བཞིན་དུ་རྡོ་རྗེ་དང། ནོར་བུ་དང། པདྨ་དང། ལས་ཀྱི ་རིགས་ཀྱི་དབང་པོ་མཛའ་ཡས་པའི་རིགས་དང་བཅས་པར་སོ་སོར་མཛའ་ཡས་པའི་ཕྱོགས་སུ་སྒྲོས་ཏེ་དེ་དག་བསྡུས་པ་ལས་བྱུང་བའི་རྡོ་རྗེ་དང་རིན་པོ་དང། པདྨ་དང། སྣ་ཚོཌ་མཁའ་འགྲོ་རྣཾས་འདབ་མ་དེ་རྣམས་ཀྱི་གདན་ལ་བཀོད་པའོ། །སངས་རྒྱས་གཟུགས་ཀྱིས ་ཉེར་བརྒྱན་པ་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ནི་རྡོ་རྗེ་འཛིན་པའོ། །གཟུགས་ནི་དཔལ་ཧེ་རུ་ཀིའི་སྐུ་སྟེ། དེ་དཀྱིལ་འཁོར་གྱི་བདག་པོར་གྱུར་པས་ཉེ་བར་བརྒྱན་པའོ། །དེ་ཡང་ལྷ་མོ་དེ་རྣམས་ཀྱིས་རྩ་བའི་ཐིག་ལེ་ལ་འོག་ནས་འབྱུང་བའི་གླུས ་བསྐུལ་བར་གྱུར་པས་ས་བོན་གཉིས་ཀྱི་རྣམ་པར་གྱུར་པ་ལ་དེ་ལས་རིགས་ལྔའི་དབང་པོ་དེའི་རིགས་རྣམས་ཕྱོགས་མཚམས་སུ་ཁྱབ་པར་སྤྲོས་ཏེ། དེ་རྣམས་ཡང་དག་པར་བསྡུས་པའི་ས་བོན་གཉིས་པོ་ཡོངས་སུ་གྱུར་པ་ལས་སངས་རྒྱས་མཁའ་འགྲོ་མས ་ཡོངས་སུ་འཁྱུད་པའི་དཔལ་ཧེ་རུ་ཀས་ཉེ་བར་བརྒྱན་པའོ། །སངས་རྒྱས་ཀྱི་གཟུགས་ཅི་འདྲ་བ་ཞིག་གི་ཞེ་ན། ཤར་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞལ་བཞི་ཞེས་བྱ་བ་ནི་ཕྱོགས་བཞིར་བསྟན་པའི་ཞལ་བཞིའོ། །ཕྱག་བཞི་དང་སྤྱན་གསུམ་ནི ་གོ་སླའོ། །ཞལ་གང་གི་མདོག་གང་ཡིན་པ་བསྟན་པའི་ཕྱིར། ཤར་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤར་ཕྱོགས་ཀྱི་ཞལ་ནི་ཨུཏཔལ་སྔོན་པོའི་མདོག་གོ་།ལྷོ་ཕྱོགས་ཀྱི་ཞལ་ནི་སེར་པོའོ། །ནུབ་ཕྱོགས་ཀྱི་ཞལ་ནི་དཀར་ཞིང་དམར་བའོ། །བྱང ་ཕྱོགས་ཀྱི་ཞལ་ནི་ལྗང་ཁུ་སྟེ། རྩ་བའི་ཞལ་གྱི་མདོག་གང་ཡིན་པ་དེ་ཉིད་སྐུ་མདོག་ཀྱང་ཡིན་ནོ་ཞེས་བྱ་བ་ནི་རབ་ཏུ་གྲགས་པ་ཉིད་དོ། །འབར་བའི་ཕྲེང་བས་འཁྲིགས་པ་ཞེས་བྱ་བ་ལ། འཇིགས་པའི་དུས་ཀྱི་མེ་ལྕེའི་ཕྲེང་བ་ལྟ་བུའི་འོད་ཀྱིས་ཀུན་ཏུ ་འཁྲིགས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཕྱག་གཡོན་ན་ཞེས་བྱ་བ་ལ་སོགས་པ་ནི་ལྷ་མོ་རྣམས་ཀྱི་མཚན་མ་གསུངས་པ་སྟེ། འདིའི་ཕྱག་གཡོན་ན་ཁ་ཊཝཱཾ་ག་དང་དྲིལ་བུ་ཡོད་པས་ན་ཕྱག་གཡོན་ན་ཁ་ཊཝཱཾ ་ག་དང་དྲིལ་བུའོ། །དེ་བཞིན་དུ་རྡོ་རྗེ་དང་ཐོད་པ་བསྣམས་ཤེས་བྱ་བ་ལོ། རྡོ་རྗེ་དང་ཐོད་པ་དག་འདིའི་ཕྱག་གཡས་ན་མངའ་པས་ན་ང་སྐད་ཅེས་བྱའོ། །ཤར་ཕྱོགས་ཤེས་བྱ་བ་ནི་ཤར་ཕྱོགས་ཀྱི་འདབ་མའི་འོ། །ལྷ་མོ་ཞེས་བྱ་བ་ནི་བྱང་ཕྱོགས་ལ ་སོགས་པའི་བར་དུ་ཡང་སྦྱར་བར་བྱའོ། །འདིར་དང་བོར་དཔལ་རྡོ་རྗེ་མཁའ་འགྲོ་མ་ནས་བཟུང་སྟེ་བྱང་ཕྱོགས་ཀྱི་བར་དུ་གོ་རིམས་བཞིན་དུ་རིན་ཆེན་མཁའ་འགྲོ་མ་དང། པདྨ་མཁའ་འགྲོ་མ་དང་སྣ་ཚོགས་མཁའ་འགྲོ་མ་རྣམས་ཡིན་ནོ། །ལྷོ་ཕྱོགས་ཤེས་བྱ ་བ་ལ་སོགས་པ་ལ། །མདུད་རྩེ་གསུམ་དང། རིན་པོ་ཆེ་དང། བ་དན་དང། ལྕེ་སྦྱང་རྣམས་འདིའི་ཕྱག་ན་མངའ་བས་དེ་སྐད་ཅེས་བྱའོ། །ནུབ་ཕྱོགས་ཤེས་བྱ་བ་ལ་སོགས་པས་ཀྱང་གཞུ་དང། མདའ་དང། སྣ་ཚོགས་པདྨ་དང། ཐོད་པ་ཅན་བསྟན ་ཏོ། དབྱང་ཕྱོགས་ཤེས་བྱ་བ་ལ་སོགས་པའི་དོན་ཀྱང་རལ་གྲི་དང། ཞགས་པ་དང། རྗེའུ་ཆུང་དང། ཐོད་པ་རྣམས་འདིའི་ཕྱག་ན་མངའ་བས་ན་དེ་སྐད་ཅེས་བྱའོ། །དེ་དག་ཀྱང། འབར་བའི་ཕྲེང་བས་འཁྲིགས་པ་དང། ཞལ་བཞི་ཕྱག་བཞི་སྦྱན་གསུམ ་མཛེས། ཤེས་བྱ་བ་སྦྱར་ཏེ། གཙོ་བོ་དང་རྗེས་སུ་མཐུན་པའི་འཁོར་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་དག་གི་མདོག་བཅོམ་ལྡན་འདས་ཀྱི་ཞལ་གྱི་རྗེས་སུ་འབྲེང་བར་བྱ་སྟེ། ཤར་ཕྱོགས་ཀྱི་ནི་སྔོན་མོའོ། །ལྷོ་ཕྱོགས་ཀྱི་ནི་སེར་མོའོ། །ནུབ་ཕྱོཊ ་ཀྱི་ནི་དཀར་ཞིང་དམར་བའོ། །བྱང་ཕྱོགས་ཀྱི་ནི་སྔོ་བསངས་མ་ཡིན་ལ། ཞལ་གྱི་མདོག་ཀྱང་དེ་བཞིན་ནོ། །འོན་ཀྱང་རྩ་བའི་ཞལ་ནི་སྐུ་མདོག་དང་མཐུན་པ་ཡིན་ལ། བཅོམ་ལྡན་འདས་ཀྱི་ཞལ་གྱི་གནས་སུ་ནི་ཞལ་སྔོན་པོ་དགོང་པར་བྱའོ། ། ་བཅོམ་ལྡན་འདས་ཀྱི་གནས་དང་མཚན་མ་གསུངས་པ། སྐུ་ཞེས་བྱ་བ་ལ་སོགས་པ་གསུངས་པ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་དཔལ་ཧེ་རུ་ཀ་སྟེ་དེ་བསམ་པའོ། །དེའི་ཞེས་བྱ་བ་ནི་པདྨ་དམར་པོའོ། །དབུས་སུ་ཤེས་བྱ་བ་ནི་ཀ་རི་ན་ཀ་ལའོ། །ཐོད་པ་ཞེས ་བྱ་བ་ལ་སོགས་པ་ལ། དེའི་ཕྱག་ཏུ་ཞེས་བྱ་བ་ནི་ལྷག་མའོ། །དཔལ་ཧེ་རུ་ཀ་ཇི་ལྟ་བ་བཞིན་དུ་སངས་རྒྱས་མཁའ་འགྲོ་མ་ཡང་དེ་བཞིན་ཏེ། འོན་ཀྱང་སྐུ་མདོག་དམར་ཞིང་དེ་དང་ཞལ་སྦྱོར་བ་ཕྱག་གཉིས་ཀྱིས་མགྲིན་པ་ནས་འཁྱུད་པའོ། །དམ་ཚིག་མ་རྟོགས ་པར་དངོས་གྲུབ་འགྲུབ་པར་མི་འགྱུར་བས་དམ་ཚིག་སླར་བཤད་པའི་ཕྱིར། དང་པོའི་སྔགས་ཤེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོའི་སྔགས་ནི་རབ་སྔགས་སོ། །དེ་དང་ཡང་དང་ལྡན་ནི་རྫས་འབར་བར་འགྱུར་ཞེས་བྱ་བ་དང་འབྲེལ་ཏོ། ་བསྒོམས་ནས་ཞེས་བྱ་བ་ནི་མན་ངག་སྟེ་ཇི་ལྟ་བ་བཞིན་དུ་བསྒོམས་པར་གྱུར་ནའོ། །རྫས་ཤེས་བྱ་བ་ནི་དམ་ཚིག་གི་རྫས་སོ། །བསྒྲུབས་ན་ཞེས་བྱ་བ་ནི་བསྐྱེད་པའོ། །ཇི་ལྟ་བུར་བསྐྱེད་ཅེ་ན། དངོས་གྲུབ་འབྲས་བུ་སྟེར་ཞེས་བྱ་བ་གསུངས་སོ། །དེ་སྐད ་དུ་ཡང་དཔལ་གསང་བ་འདུས་པ་ལས་ཀྱང། སྔགས་རྣམས་ཀུན་གྱི་ཡི་གེ་ཨོཾ། བསྒོམ་ན་སྐད་ཅིག་དེ་ལ་འབར་ཞེས་གསུངས་སོ། །འབར་བའི་ཕན་ཡོན་གསུངས་པ། རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་ནི་རྣལ་འབྱོར་པ་སྟེ། ་འདིས་རྣལ་འབྱོར་པ་དང་རྣལ་འབྱོར་མ་གྲུབ་པར་གྱུར་པ་དང་ཡོང་དོ་ཞེས་སྐྱེ་བོ་རྣམས་ཀྱི་ཡིད་ཆེས་པ་འཇུག་པར་འགྱུར་ཏེ། འབར་བས་མཐུ་དང་ལྡན་པའི་དཔེ་སྟོན་པར་བྱེད་དོ་ཞེས་བྱ་བ་ནི་དོན་ཏོ། །མི་སྣང་བ་ལ་སོགས་པའི་དངོས་གྲུབ་ཀྱི་མཐུ ་གསུངས་པ་ཐམས་ཅད་ཀྱིས་ནི་ཤེས་བྱ་བ་ལ་སོགས་པ་ལ། སྟོང་ཕྲག་གཅིག་ཏུ་སྣང་བར་འགྱུར་ཞེས་བྱ་བ་ནི་གླིང་བཞི་བ་སྟོང་གི་འཇིག་རྟེན་གྱི་ཁམས་ནི་སྟོང་ཕྲག་གཅིག་གོ་།དེ་གཅིག་ཏུ་སྣང་བ་ནི་བདག་པོར་གྱུར་པ་དང། གཞན་གྱི་དོན་བྱེད ་པར་གྱུར་བའོ། །གྲུབ་པ་ཀུན་ལས་ཤེས་བྱ་བ་ནི་རིག་པ་འཛིན་པ་ལ་སོགས་པ་ལ་སྟེ་བུ་མོ་ཞེས་བྱ་བ་དང་འབྲེལ་ཏོ། །རྡོ་རྗེའི་གནས་ཤེས་བྱ་བ་ནི་སངས་རྒྱས་དེ་དག་ཉིད་ཀྱི་སྟེ་སངས་རྒྱས་རྣམས་ཀྱི་ཞིང་ངོ། །ཡང་དག་གནས ་ཤེས་བྱ་བ་ནི་དེ་དག་ཉིད་ཀྱི་འཁོར་རོ། །བཅས་པ་ནི་རྡོ་རྗེའི་གནས་དང་ཡང་དག་གནས་དེ་དག་དང་ལྷན་ཅིག་ཏུའོ། །རྡོ་རྗེའི་མིག་ནི་རྡོ་རྗེའི་སྤྱན་གྱིས་ཏེ། ལྷའི་མིག་གི་མངོན་པར་ཤེས་པས་ཤེས་བྱ་བའི་དོན་ཏོ། །ལག་ཏུ་ཞེས་བྱ་བ་ལ་སོགས་པ ་ནི་རང་གི་ལག་མཐིལ་དུ་གཞག་པའི་སྐྱུ་རུ་ར་གཅིག་ཇི་ལྟ་བ་བཞིན་དུ་ཞེས་བྱ་བའི་དོན་ཏོ། །ཞིང་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང་སྟེ། དེར་གནས་པའི་སེམས་ཅན་རྣམས་ཤེས་བྱ་བའི་དོན་ཏོ། །སྐུ་ཞེས་བྱ་བ་ལ་སོགས་པ་ལ། སྐུའི་ཐུགས་ནི ་དབང་པོའི་རྣམ་པར་ཤེས་པ་རྣམས་སོ། །གསུང་ཐུགས་ནི་ཡིད་ཀྱི་རྣམ་པར་ཤེས་པ་སྟེ། བརྗོད་པ་དང་བཅས་པའི་ཕྱིར་རོ། །མཚན་ཉིད་ནི་དེ་རྣམས་ཀྱི་རང་བཞིན་ནོ། །མཁྱེན་ཞེས་བྱ་བ་ནི་ཡིད་ཀྱིས་རྟོགས་པའོ། །ཇི་ལྟར་རྟོགས་ཤེ ་ན། ཀུན་གྱི་བདག་ཉིད་ཀྱིས་ཏེ་དངོས་པོ་ཀུན་གྱི་བདག་ཉིད་ཀྱིས་སོ། །དེ་ཅི་ཞིག་ཅེ་ན། སེམས་ཤེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཀྱི་གར་ཞེས་བྱ་བ་ནི་རྡོ་རྗེའི་སེམས་ཤེས་པའི་མངོན་པར་ཤེས་པའི་བྱ་བའི་དོན་ཏོ། །གར་ཞེས ་བྱ་བ་ལ་གར་མཁན་དང་ཆོས་མཐུན་པས་ན་གལ་ཏེ་རྣལ་འབྱོར་གྱི་རྒྱུད་ལ་བདག་ཉིད་རང་གི་ལྷའི་རྣམ་པར་བསྒོམ་པའོ། །འདི་ལ་དེ་ལས་བྱུང་བ་ཡོད་པས་ན་དེ་སྐད་ཅེས་བྱའོ། །དམ་ཚིག་གི་རྫས་སྒྲུབ་པ་ཅུང་ཟད་ཅིག་གསུངས་ནས་དེའི་ཆོག ་གཞན་བསྟན་པའི་ཕྱིར་ཡི་གེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་རུ་ཞེས་བྱ་བ་ནི་དམ་ཚིག་སྦྱར་བ་ལའོ། །སྔགས་ཤེས་བྱ་བ་ནི་ཡི་གེ་གསུམ་གྱི་སྔགས་སོ། །གོ་བཟློག་པ་ཞེས་བྱ་བ་ནི་གང་དུ་ཡི་གེ་རྣམས་ཀྱི་སྦྱོར་བ་རིམ་པ་ལས ་བཟློག་པ་སྟེ་ཧཱུ་ཨཱ(རྒྱུད་འགྲེལ་ཨོཾ་གྱིས་མཚན་པ་ནི། །དེ་ཡི་ནང་དུ་གཞག་པར་བྱ། །ཞེས་གསུངས་སོ། །རྡོ་རྗེ་ཆུ་ཞེས་བྱ་བ་ནི་ཆད་དོ། །བྱིན་གྱིས་བརླབས་པའི་དོན་དུ་བརྗོད་པའི་སྔགས་བཏུབ་བསྟན་པར་བྱ་བའི་ཕྱིར། བརྒྱད་ཀྱི་མཛའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡི ་གེ་བརྒྱད་ཀྱི་མཛའ་ནི་ཧའོ། །ལྡན་པ་ཞེས་བྱ་བ་ནི་ཨའུ་དང་ཞེས་བྱ་བ་དང་འབྲེལ་ཏོ། །མཛའ་ནི་ཀུན་གྱི་རྗེས་ལའོ། །ཀུན་ཏུ་བརྗོད་ཅེས་བྱ་བ་ནི་དལ་བར་བཟླས་པའོ། །གསང་ཞེས་བྱ་བ་ནི་དམ་ཚིག་གི་རྫས་སོ། །ཉེ་བར་བརྟགས་ཤེས་བྱ ་ཐ་མི་མངོན་དུ་ཡོངས་སུ་བརྟགས་པའོ། །འདི་ལྟར་ཞེས་བྱ་བ་ནི་འོག་ནས་སྟོན་པའི་ཆོ་གས་སོ། །རྣལ་འབྱོར་མ་ཀུན་སྦྱོར་བ་ཡིས་ཤེས་བྱ་བ་ནི་རྣལ་འབྱོར་མ་ལྔའི་ནང་ནས་གང་ཡང་རུང་བའི་སྦྱོར་བས་སོ། །སྔགས་ཇི་ལྟ་བུ་ཞེ་ན། དང་པོའི་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། དང་པོའི་ཡི་གེ་ནི་ཨོཾ་སྟེ་དེ་དང་ཡང་དག་པར་ལྡན་པ་ནི་དང་པོ་ཉིད་དུ་སྦྱར་བའོ། །རྡོ་རྗེ་ཅན་གྱིས་གྲུབ་འདོད་ན་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པའི་དངོས་གྲུབ་འདོད་ནའོ། །ལན་བདུན་ཞེས་བྱ་བ་ནི་གོ་སླའོ། །རྣལ་འབྱོར་བ་ནི ་རྣལ་འབྱོར་ཅན་ནོ། །ཅི་སྟེ་བྱིན་གྱིས་རློབ་པའི་སྔགས་འདི་ཡི་གེ་དུ་ཞིག་ཅེ་ན། ཡི་གེ་གསུམ་ཞེས་བྱ་བ་ལ་སོགས་གསུངས། །འོ་ན་ཡི་གེ་གཉིས་ནི་སྔར་གསུངས་ན་ཡི་གེ་གསུམ་པའི་གནས་ནི་གང། ངོ་བོ་ནི་གང་ཞིག་།མཛའ་རུ་ཅ་དང ་ཞེས་བྱ་བ་ལ་མཛའ་ནི་བསྟན་པའི་ཡི་གེ་དག་དང་ཉེ་བར་ཏེ་དབུས་སུ་ཞེས་བྱ་བའི་དོན་ཏོ། །ཙ་ནི་བསྡུ་བའོ། །ཙ་དང་འབྲེལ་བའི་ཨ་ནི་གསུམ་པའོ། །བསྟན་པའི་སྦྱོར་བ་དང་སྡོམ་པའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། བརྒྱད་པའི་མཛའ་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། སྡེ་མཚན་བརྒྱད་ཀྱི་མཐར་གནས་པ་ནི་ཧ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བུར་ཞེ་ན། ཨའུ་དང་ཐིག་ལེར་ཡང་དག་ལྡན་ནོ། །མཆོག་ཏུ་གྱུར་པའི་གནས་ཤེས་བྱ་བ་ནི་རྡོ་རྗེ་འཛིན་པའི་ས་བོན ་དུ་གྱུར་བས་སོ། །ཡི་གེ་ཞེས་བྱ་བ་ལ། མི་འགྱུར་བ་ནི་རྡོ་རྗེ་སྟེ་དེས་དེ་བསྐྱེད་པར་བྱ་བའོ། །ཇི་ལྟར་ཞེ་ན། དང་པོའི་སྔགས་དང་ཡང་དག་ལྡན་ཏེ། དེའི་ནོར་བུ་རབ་སྔགས་ཀྱིས་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཧྲི་ཞེས་བྱ་བ་ཡང་དག་ལྡན་ཞེས ་བྱ་བ་ལ། །ཡི་གེ་ཧྲཱི(རྒྱུད་འགྲེལ་གེ་ཨས་དེའི་ནོར་བུ་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ས་བོན་ལྔས་ནི་རབ་ཏུ་དགང་ཞེས་བྱ་བ་ནི་ཨོཾ་ཧཱུཾ་སྭཱ་ཨ་ཧཱ། ཞེས་བྱ་བའི་ས་བོན་རྣམས་ཀྱི་ཤེས་རབ་ཀྱི་ལུས་ཀྱི་མགོ་དང་ནུ་མའི་དབུས་དང་ལྟེ་བ་དང་གསང་བ་དང་བརླ་གཉིས་སུ་སྦྱར་བར ་བྱ་ཞེས་བྱ་བ་དང་འབྲེལ་ཏོ། །ཡི་གེ་ཡིས་ཤེས་བྱ་བ་ལ། འདིས་མི་འཇིག་པས་ན་ཡི་གེ་སྟེ་ཕཊ་དོ། །རྣམ་བསྒོམས་ཏེ་ཞེས་བྱ་བ་ནི་དེ་དང་སྦྱར་བ་སྟེ། རྡོ་རྗེའི་སྒོར་ཞེས་བྱ་བ་ནི་ལྷག་མའོ། །རབ་ཏུ་རྒྱས་པར་བྱ་བ་ཞེས་བྱ་བ་ནི་རྡོ་རྗེ་དང་སྦྱར་བས ་སོ། དེ་ལྟའི་སྦྱོར་བ་ཀུན་ཤེས་བྱ་ཞེས་བྱ་བ་ནི་སྦྱོར་བ་ཐོབ་ནས་ཏེ། བསྒོམ་པར་བྱའོ་ཞེས་བྱ་བ་ནི་ལྷག་མའོ། །དེ་ནས་ཤེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིས་དགོངས་པ་ནི་གང་དེ་རྣམས་ཀྱིས་ཡོངས་སུ་གཟུང་བའི ་གྲུབ་པའི་མཛའ་འོ། །རྡོ་རྗེ་ནི་བདེ་བ་ཆེན་པོའོ། །དེ་སད་པར་བྱེད་པའི་གླུ་ནི་རྡོ་རྗེའི་གླུའོ། །སྲིད་པ་ཞེས་བྱ་ནི་སྐུ་དང་གསུང་དང་ཐུགས་ཏེ། བྱུང་བས་ན་སྲིད་པའོ། །ཤིན་ཏུ་ཞེས་བྱ་བ་ནི་ཨ་ན་ཧ་ནི་འཇིག་པའོ། །དེ་ལས་འདས་པས་ན་ཨན་སྟེ ་འཇིག་པ་མེད་པའོ། །ཤིན་ཏུ་ཡང་དེ་ཡིན་ལ་དངོས་གྲུབ་ཀྱང་དེ་ཡིན་པས་ན་ཤིན་ཏུ་དངོས་གྲུབ་སྟེ། སྒྲུབ་པ་དེའི་ཐབས་སོ། ཧ་ལེ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཚིགས་སུ་བཅད་པ་རྐད་པ་བཞི་པ་གཉིས་ཏེ། ། ་འདི་ལྟར་ཚིགས་སུ་བཅད་ཕ་ཕྱེད་པ་གཉིས་པ་གང་ཡིན་པ་དེ་ཉིད་ཕྱེད་པ་བཞི་པ་ཡང་ཡིན་ཏེ། འདུས་པར་སྦྱར་བའི་ཕྱིར། ཧ་ལེ་སི་ཧ་ཞེས་བྱ་བ་ནི་ཀྱེ་གྲོགས་པོ་ཞེས་པའོ། །བི་ཨ་སི་ཨ་ཀ་མ་ལ་ཞེས་བྱ་བ་ནི་པདྨ་བྱེ ་པར་གྱུར་ཏོ་ཞེས་པའོ། །པ་པོ་ཧེ་ཨུ་པ་ཛེ་ཞེས་བྱ་བ་ལ། རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་ཆེན་པོ་སྟེ། པདྨའི་ཀར་ནི་ཀ་ལ་གནས་པའི་ཡེ་ཤེས་ཀྱི་ཐིག་ལའི་གཟུགས་སམ། དཔལ་ཧེ་རུ་ཀའི་གཟུགས་སུ་བསྐྱེད་ཅིང་རྫོགས་པར་གྱུར་པའོ། །རབ་ཏུ་སད ་བ་ནི་གདུག་པར་གྱུར་ཏོ་ཞེས་པའོ། །ཅིའི་ཕྱིར་གདུང་འགྱུར་ཞེ་ན། ཨ་ལ་ལ་ལ་ལ་ཧོ་ཞེས་བྱ་བ་གསུངས་ཏེ། དང་པོའི་ཨ་དང་མཛའ་མའི་ཧོ་དང་ལ་བ་ཞི་པོ་དག་ནི་ཤིན་ཏུ་རྨད་དུ་གྱུར་པའི་བདེ་བ་ཆེན་པོ་འདིའི་དོན་དུ་འཇུག་པའི་ཕྱིར་རོ། །དེ་སྐད ་དུ་ཡང། དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་ལས་ཨེ་མའོ་བདེ་མཆོག་རྨད་བྱུང་བ། ཨ་ལ་ལ་ལ་ལ་ཧོ་ཞེས་བརྗོད་ཅེས་གསུངས་སོ། །དེ་ལྟ་བས་ན་ཅི་ཞིག་ཏུ་བྱ་ཞེ་ན། མཧཱ་སུ་ཧེ་ན་ཞེས་བྱ་བ་ལ་སོགས་པ་ལ་བདེ་བ་ཆེན ་པོ་ནི་རྡོ་རྗེ་འཛིན་པའོ། །ིན་ནི་བདག་པོའོ། །བདེ་བ་ཆེན་པོ་ཡང་ཡིན་ལ་ཨིན་ཡང་ཡིན་པས་ན་བདེ་བ་ཆེན་པོ་ཡིན་ཏེ། མགོན་པོ་བདེ་བ་ཆེན་པོ་ཞེས་བྱ་བའི་དོན་ཏོ། ། ར་ཧི་ཨུ་ཞེས་བྱ་བ་ནི་མཉེས་པར་བྱ་བ་སྟེ། བདག་ཅག་གིས་ཞེས་བྱ་བར ་ཤེས་པར་བྱ། གི་སྟེ་ཞེས་བྱ་བ་ནི་གར་གྱིས་སོ། །ར་པི་ཞེས་བྱ་བ་ལ་སོགས་པ་ལ། པ་ཕུ་ལི་ཨུ་ཀ་མ་ལུ་ཞེས་བྱ་བ་ནི་པདམོ་རྣམ་པར་གས་པའོ། །གང་གིས་ཤེ་ན། མ་ཧཱ་སུ་ཧེ་ན་ཞེས་བྱ་བ་གསུངས་ཏེ། བདེ་བ་ཆེན་པོ་སྟེ་རྡོ་རྗེ་དེ་ཉིད་ཀྱིས་སོ། །ཅི ་འདྲ་ཞེ་ན། ཉི་མ་ལྟ་བུའི་འོད་འདི་ལ་ཡོད་བས་ར་བི་ཀ་ར་ནེ་ན་ཞེས་བྱ་སྟེ། ཇི་ལྟར་ཉི་མའི་འོད་ཀྱིས་པདྨའི་ཁ་འབྱེད་བ་དེ་བཞིན་དུ་བདེ་བ་ཆེན་པོའི་རྒྱུ་མཐུན་པའི་འོད་ཟེར་རྣམས་ཀྱི་ཞེས་བྱ་བར་དགོངས་སོ། ། ལ ་ལ་ལ་ལ་ཧོ་ཞེས་བྱ་བ་ལ་སོགས་པ་ནི་ཡང་བསྐྱར་ལ་གླང་སྟེ་དོན་ནི་དེ་ཉིད་དོ། །གླུ་འདིའི་གནས་སྐབས་གཉིས་པ་བསྟན་པར་བཞེད་ནས། དེ་ནས་ཤེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཤེས་བྱ་བ་ནི་ལྷ་མོ་བཞི་བསྐྱེད་པའི་འོག་ཏུའོ། །འདིར ་ནི་གླུ་ཙམ་གྱིས་ཤེས་བྱ་བ་ནི་གླུ་འབའ་ཞིག་གིས་བསྐུལ་པས་སོ། །ཅིའི་དོན་དུ་ཞེ་ན། རྡོ་རྗེ་འཛིན་པ་ཆེན་པོ་སྟེ། མགོན་པོ་བདེ་བ་ཆེན་པོའི་ཕྱིར་རོ། །རྡོ་རྗེ་མཁའ་འགྲོ་མ་རྣམས་ཤེས་བྱ་བ་ནི་རྡོ་རྗེ་མཁའ་གྲོ་མ་རྣམས་ཀྱིའོ། །གར་ཞེས་བྱ ་བ་ནི་དེ་དག་གིས་གར་ཀྱང་བྱས་པའོ། །རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་གླུ་དང་གར་གྱིས་སད་པར་བྱས་པའི་ཐིག་ལེ་ཡོངས་སུ་གྱུར་བ་ལས་སྐྱེད་པའི་དཔལ་ཧེ་རུ་ཀ་གཞག་པ་སྟེ། ཀར་ནི་ཀའི་ཉི་མའི་དཀྱིལ་འཁོར་ལ་ཕྱེད་ཀྲུང་གིས ་བཞུགས་གསོལ་བའོ། །འདི་ནི་བླང་བའི་གནས་སྐབས་སོ། །མཆོད་པའི་དུས་ཀྱི་གནས་སྐབས་གཉིས་པ་བསྟན་པའི་ཕྱིར། འདི་ཡིས་ཤེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཡིས་ཤེས་བྱ་བ་ནི་རྡོ་རྗེའི་གླུ་དང་གར་གྱིས་སོ། ། ་སྦྱོར་བའི་དངོས་གྲུབ་འགྱུར་བ་ཉིད་ཅེས་བྱ་བ་ནི་མཆོད་པའི་ཕན་ཡོན་ནོ། །རྟག་ཏུ་གུས་ལྡན་པས་སྒོམ་པའི་མཆོག་ཅེས་བྱ་བ་ནི་རྒྱུན་མི་འཆད་པས་དུས་རིང་པོར་རབ་ཏུ་སྦྱར་ཞིང་བསྒོམ་པའོ། །དུས་བཞིར་རབ་ཏུ་སྦྱོར་བ་ཡིས་ཤེས་བྱ ་བ་ནི་རྣལ་འབྱོར་དང་མཆོད་པའི་དུས་སོ། །གསང་བའི་མཆོད་པ་བསྟན་པའི་ཕྱིར། རྒྱན་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བུ་མོ་གཞུག་པར་བྱའོ་ཞེས་བྱ་བ་ནི་ལྷག་མའོ། །རྡོ་རྗེའི་སྐུ་དང། རྡོ་རྗེའི་གསུང་དང། ་རྡོ་རྗེ་ཐུགས་དག་ནི་སྐུ་གསུམ་མཆོག་གོ་།དེ་སྟེར་བས་ན་སྐུ་གསུམ་མཆོག་སྟེར་བ་སྟེ། རྡོ་རྗེ་སེམས་དཔའ་ཨོ། །ཇི་ལྟར་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་དངོས་གྲུབ་ཐོབ་པར་འགྱུར་བའོ། །རབ་ཏུ་སྣང་བར་བྱེད་ཅེས་བྱ་བ་ནི་རང་བཞིན་འོད་ཀྱིས་སོ། ་འདིར་འདའ་བར་བྱ་བ་མ་ཡིན་པའི་དམ་ཚིག་གཉིས་བསྟན་པའི་ཕྱིར། དབང་པོ་གཉིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྫས་ཤེས་བྱ་བ་ལ། བཟའ་ཨོ་ཞེས་བྱ་བ་ནི་ལྷག་མའོ། །སངས་རྒྱས་ཀྱི་བྱང ་ཆུབ་ཉིད་གོ་འཕང་ཡིན་ཏེ་རབ་ཏུ་གནས་པའོ། །ལྷག་མ་ནི་འདི་ཉིད་ཀྱི་བཤད་པ་སྟེ། ཉེ་བར་འཚེ་བ་ཐམས་ཅད་དང་བྲལ་བས་ན་ཞི་བ་སྟེ། ངེས་པར་ལེགས་པ་ཞེས་བྱ་བའི་དོན་ཏོ། །ཉན་ཐོས་དང་རང་སངས་རྒྱས་དག་ལ་ཡང་འདི་ལྟ་བུའི་ཞི་བ ་ཡོད་པས་དེ་ཉིད་ཅེས་བྱ་བ་ནི་དེ་ལས་ཁྱད་པར་དུ་བྱེད་དེ། སྤྲོས་པ་ཐམས་ཅད་བྲལ་བའི་ཡེ་ཤེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་དེ་ལྟ་བུའི་ཡེ་ཤེས་ཡོད་མོད་ཀྱི། ད་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་བླ་མ་དང་བཅས་པ ་ཡིན་པས་དེ་ལས་བྱེ་བྲག་ཏུ་བྱ་བའི་ཕྱིར་བླ་ན་མེད་པ་ཞེས་བྱ་བ་གསུངས་ཏེ། འདི་ལས་བླ་མར་གྱུར་བ་མེད་པས་ན་བླ་ན་མེད་པའོ། །འདིར་ཚིགས་བཅད་དུ་འགྱུར་བ་ཅེས་བྱ་བ་ནི། ཇི་སྐད་དུ་གསུངས་པའི་རྒྱུད་ཀྱི་དོན་བསྡུ་བའི་ཚིགས་སུ་བཅད་པའོ། ། ་གཟུགས་རྣམས་ཤེས་བྱ་བ་ནི་ལྷ་རྣམས་ཀྱི་སྐུ་མདོག་དང་དབྱིབས་རྣམས་སོ། །ཕྱག་རྒྱ་ཞེས་བྱ་བ་ནི་ཕྱག་རྒྱས་བཏབ་པ་སྟེ། ཡན་ལག་དྲུག་ཏུ་དགོད་པ་དང། རྡོ་རྗེ་པདམོ་སྦྱོར་བ་ལ་སོགས་པའོ། །དེ་བཞིན་མཚན་མ་ཞེས་བྱ་བ་ནི་ཐོང་པ་དང་ཁ་ཊཝཱཾ་ག ་ལ་སོགས་པའོ། །རྫས་རྣམས་ནི་དམ་ཚིག། །གི་རྫས་རྣམས་སོ། །བསམ་གཏན་ཞེས་བྱ་བ་ལ། བསམ་པར་བྱ་བས་ན་བསམ་གཏན་ཏེ། བཟླས་པ་ཞེས་བྱ་བའི་དོན་ཏོ། །བསྒོམ་པ་ཅེས་བྱ་བ་ནི་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོཌ་པའི་ཏིང་ངེ་འཛིན་ཏོ། ། ་ཆོ་གའི་ཐབས་སྣ་ཚོགས་ནི་ལས་རྒྱས་པ་ལ་སོགས་པ་སྟེ། དམན་པའི་དངོས་གྲུབ་ལ་སོགས་པའོ། །བསྟན་པ་ནི་དེ་དག་ཐམས་ཅད་བཤད་པའོ། །འདི་དག་ཐམས་ཅད་ཅིའི་ཕྱིར་བྱས་ཤེ་ན། ལྷ་མོའི་ཞེས་བྱ་བ་ལ་སོཊ ་པ་གསུངས་ཏེ། ལྷ་མོ་ནི་སྒྱུ་འཕྲུལ་ཆེན་མོའོ། །དེའི་ཡིད་ལ་འདོད་པ་ནི་ཐུགས་སུ་བྱོན་པ་གང་ཡིན་པ་སྟེ། དེའི་ཕྱིར་བསྟན་པའོ། །རྒྱུད་ཡོངས་སུ་འཛིན་པའི་ཕན་ཡོན་བསྟན་པའི་ཕྱིར། །གང་གི་ཁྱིམ་དུ་ཅེས་བྱ་བ་ལ་སོགས་པའི་ཚིགས་སུ ་བཅད་པ་གསུངས་ཏེ། གང་གི་ཁྱིམ་ནི་གང་ཞིག་གི་ཁྱིམ་དུའོ། །རྒྱུད་ནི་སྒྱུ་འཕྲུལ་ཆེན་མོ་ཞེས་གྲགས་པའོ། །རྟག་ཏུ་གནས་ཤིང་ཞིང་ཞེས་བྱ་བ་ནི་རྟག་པར་གནས་པའོ། །འཆང་བཞེས་བྱ་བ་ནི་འཛིན་པའོ། །ཀློག་པ་ནི་གུས་པར་འདོན་པའོ། །རྣམ་པ ་བསྒོམ་པ་ནི་ཏིང་ངེ་འཛིན་དུ་བྱེད་པའོ། །བགེགས་ནི་བགེགས་རྣམས་སོ། །རྡོ་རྗེ་རྣལ་འབྱོར་མ་ཡང་དེ་ཡིན་ལ་ཆེན་མོ་ཡང་དེ་དག་ཡིན་ནོ། །དགོངས་པ་ནི་དེ་དག་གིས་ཡོངས་སུ་གཟུང་བའི་གྲུབ་པའི་མཛའ་སྟེ། རྣལ་འབྱོར་མའི་རྒྱུད་མཛའ་དག་ཅེས་བྱ་བའི ་དོན་ཏོ། །གསང་བའི་ནི་དེའི་སྙིང་པོའོ། །དེ་ཅི་ཞིག་ཅེ་ན། གསང་བ་ཆེན་པོ་ཞེས་བྱ་བ་སྟེ། རྒྱུད་ཀྱི་དང་པོ་ནི་མཆོག་ཏུ་གསང་བ་ཞེས་གསུངས་པ་ལ། མཐར་ནི་གསང་བ་ཆེན་པོའོ་ཞེས་བྱ་བའི་རྣམ་གྲངས་གཞན་གྱིས་གསུངས་པ་ཡིན ་ཏེ། སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བར་གྲགས་པའི་རྒྱུད་དོ། །ཉེ་བར་སྦྱོང་བ་དང་བཅས་པ་ཞེས་བྱ་བ་ལ། བསྒྲུབ་བྱ་བསྒྲུབ་པའི་ཐབས་ཀྱིས་ཆོ་ག་ཉེ་བར་སྤྱོད་པ་དང་བཅས་པའོ། །དེ་དང་ལྷན་ཅིག་ཏུ་འཇུག་པ་ནི་ཉེ་བར་སྤྱོད་པ་དང་བཅས་པ་སྟེ། ་དེས་སྟོང་པ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །རྫོགས་པ་ནི་དེ་མཐར་ཐུག་པའོ།། །།དེ་སྟེང་བདག་གིས་སྒྱུ་འཕྲུལ་ཆེན་མོའི་རྒྱུད་ཀྱི་འགྲེལ་པ་ཡོན་ཏན་ལྡན་བྱས་པས། ཡོངས་སུ་རྫོགས་པའི་རི་བོ་ཅན་ལྟར་མཛེས་པའི་བསོད ་ནམས་ཐོབ་པ་གང་ཡིན་པས། རྒྱལ་བ་རྣམས་ཀྱི་བདག་ཉིད་གཅིག་པོ་རྡོ་རྗེ་འཛིན་པ་ཉིད་དུ་བདག་གྱུར་ནས། དེ་ཡིས་སྐྱེ་བོ་རྣམས་ཀྱི་སྡུག་བསྔལ་མི་བཟད་མ་ལུས་ཟད་པ་སྙེད་པར་ཤོག། །།རིན་ཆེན་འབྱུང་གནས་དེ་ནི་རྫོགས་པའི ་སངས་རྒྱས་སྲས་བཅས་རྣམས་ཀྱི་ངེས་པར་བྱིན་བརླབས་པས། །དེ་ཡི་སྐུ་གསུང་ཐུགས་ནི་འཇུག་པ་རྣམས་ནི་ངེས་པང་འགྲོ་བ་རྣམས་ལ་ཕན་ཕྱིར་སྒྱུ་འཕྲུལ་ཆེན་མོ་ཞེས་བྱ་བ་རྒྱུད་མཆོག་ཚིག་དོན་རྟོགས་དཀར་སྦྱར་བར་དཀའ་བ་གང་ཡིན་པའི། ་འགྲེལ་པ་ཡོན་ཏན་ལྡན་པ་འདི་ནི་མུ་ཏིག་ཕྲེང་ལྟང་སྐྱེ་བོའི་སྙིང་ནི་འགུག་བྱེད་ཡིན། །དཔལ་སྒྱུ་འཕྲུལ་ཆེན་མོའི་འགྲེལ་པ་ཡོན་ཏན་ལྡན་པ་ལས་དེས་པར་བསྟན་པ་གསུམ་པའོ། །དཔལ་སྒྱུ་འཕྲུལ་ཆེན་མོའི་འགྲེལ་པ་ཡོན་ཏན་ལྡན་པ་ཞེས ་བྱ་བ་སློབ་དཔོན་པཎ་ཌི་ཏ་ཆེན་པོ་དཔལ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།པཎ་ཌི་ཧ་ཆེན་པོ་ཞི་བ་བཟད་པོ་དང། ཞུ་ཆེན་གྱི་ལོ་ཙ་བ་འགོས་ལྷས་བཙལ་གྱིས་བསྒྱུར་ཅིང། ཞུས་ཏེ ་གཏན་ལ་ཕབ་པའོ།། །།ཡེ་དྷརྨ་ཧེ་ཏུ་བྷ་པཱ་ཧེ་ཏུནྟེ། ཥཱནྟ་ཏ་ཐཱ་ག་ཏོ་དྱ་བ་ད་ཧ་ཧེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་པཱ་དཱི་མ་ཧཱ་ཤྲཱ་མ་ཎ།། །།སྒྱུ་འཕྲུལ་ཆེན་མོའི་འགྲེལ་པ་བཞུགས། །*། །རྒྱ་གར་སྐད་དུ། མ་ཧཱ་མཱ་ཡཱ་ཏནྟ་སྨྲི་ཏི་པྲིཐི ་