CLOSE WINDOW

N1288: de kho na nyid drug rnam par gzhag pa
Wyliee-texts based on the ACIP/ALL Input

བསྒྱུར་ཅིང་ཞུས་སྟེ་གཏན་ལ་ཕབ་པའོ།། །།དེ་ཁོ་ན་ཉིད་དྲུག་རྣམ་པར་བཞག་པ་བཞུགས་སོ། །*། །རྒྱ་གར་སྐད་དུ། ཥ་ཊ་ཏ་ཊཱ་བྱ་བ་སྠ་ན། བོད་སྐད་དུ། །དེ་ཁོ་ཉི་དྲུག་རྣམ་པར་གཞག་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ ་དཔལ་ལྡན་ཁྱབ་བདག་ལྔ་ཡི་དངོས། །ཡེ་ཤེས་མཁའ་གྲོ་མ་བཏུག་དེ། །བླ་མའི་བཀའ་བཞིན་ཉེར་བརྟེན་ཏེ། །དེ་ཉིད་དྲུག་འདི་བདག་གིས་བྱས། །གསང་རྒྱུད་འཕགས་པ་གདན་བཞི་ལས། །བཏུས་ཏེ་སློབ་མ་བློ་ཞན་ལ། །ཕན་ཕྱིར་དད་པས་འདི་བྱས ་ཀྱང། མཁས་པས་དཔྱད་ཅིང་བཟོད་པར་གསོལ། །རྡོ་རྗེ་དྲིལ་བུ་བགྲང་ཕྲེང་དང། །ཡེ་ཤེས་དང་ནི་རྣམ་བཞི་ལ། །བདུད་རྩི་འོད་དང་མཆོད་བརྟེན་གཉིས། །བསྣན་ཏེ་དྲུག་ཏུ་ཤེས་པར་བྱ། །དང་པོ་རྡོ་རྗེ་བརྡམས་པ་ནི། །བཀྲལ་ཏེ། ་ལག་པ་གཉིས་བརྐྱང་ནས། །པདྨའི་ལག་སྒོར་ལྔ་བྱས་ཏེ། །པུས་མོ་གཡས་གཡོན་སྟེང་དུ་བཞག་།ལག་མཐིལ་གཉིས་ལ་བསྒོམ་པ་ནི། །གཡས་སུ་ཉི་མའི་དཀྱིལ་འཁོར་དང། །གཡོན་དུ་ཟླ་བའི་དཀྱིལ་འཁོར་དག་།མ་དང་ཨ་ལས་བསྐྱེད། ་པར་བྱ། །དེ་སྟེང་རྡོ་རྗེ་དྲིལ་བཞག་ནས། །ཧཱུཾ་དང་ཨ་ལས་བསྐྱེད་པར་བྱ། །ཱ་ལི་ཀཱ་ཡི་སྦྱོར་བ་ཡིས། །ཐབས་དང་ཤེས་རབ་དངོས་སུ་ནི། །རྟོགས་ཏེ་དེ་ཉིད་བསྒོམ་པར་བྱའོ། །དེ་ནས་རྡོ་རྗེ་འདི་ཉིད་ནི། །བསྒོམ་པའི་མན་ངག་འདི་ལྷ་?? ་རྡོ་རྗེ་སྟེང་གི་རྩེ་ལྔ་ལ། །རིགས་ལྔའི་ལྷ་དང་སྦྱར་བར་བྱ། །དཀྱིལ་གྱི་རྩེ་མོར་རྣཾ་དང་སྣང་མཛད། །ཤར་གྱི་རྩེ་མོར་མི་བསྐྱོད་མ། །ལྷོ་རྩེར་རིན་ཆེན་འབྱུང་ལྡན་ཏེ། །སྣང་བ་མཛའ་ཡས་ནུབ་ཏུ་དགོད། །བྱང་དུ་དོན་ཡོད་གྲུབ་པ་བསྒོམ། །དེ་འོག ་པདྨ་འདབ་བརྒྱུད་ལ། །བྱང་ཆུབ་སེམས་བརྒྱད་ཤེས་བྱ་སྟེ། །པདྨའི་ཕྱག་དང་བྱམས་པ་དང། །ནམ་ཁའི་མཛད་དང་ཀུན་ཏུ་བཟང། །ཕྱག་ན་རྡོ་རྗེ་འཇམ་དཔལ་དང། །གྲིབ་སེལ་དང་ནི་ས་སྙིང་པོ། །ལྷ་རྣམས་བརྒྱད་པོ་འདི་དག་ནི། །ཇི་བཞིན ་ཕྱོགས་སུ་བསྒོམ་པ་ཡིན། །དབུས་ཀྱི་སྒོང་ལྟ་བུ་ལ། །ཡེ་ཤེས་ལྔ་ནི་བསྒོམ་པར་བྱ། །དེ་ཡི་ཕྱི་རོལ་ཕྱོགས་བཞིན། །ལྕགས་ཀྱུ་ལ་སོགས་རྣམ་བཞི་བསྒོམ། །དེ་འོག་འདབ་བརྒྱད་པད་མར་ཡང། །སྒེག་མོ་ལ་སོགས་བརྒྱད་བསྒོམ་པ། ། ་རྒྱུད་ལས་སྦས་ནས་མ་གསུངས་ཀྱང། །མན་ངག་དོན་གྱིས་ཤེས་པར་བྱ། །འོག་གི་རྩེ་མོ་རྣམ་ལྔ་ཡང། །བཅོམ་ལྡན་འདས་མཁའ་འགྲོ་མ་ལྔ་སྟེ། །དབུས་ཀྱི་ཡེ་ཤེས་མཁའ་གྲོ་མ། །ཤར་དུ་རྡོ་རྗེ་མཁའ་གྲོ་མ། །དེ་བཞིན་དྲག་མོ་བྱང་ཕྱོགས་ཏེ། ། ་རོ་ལངས་མ་ནི་ནུབ་ཀྱི་རྩེར། །ལྷོ་རུ་གདོལ་པའི་མཁའ་འགྲོ་མ། །རྡོ་རྗེ་དེ་ཉིད་ལྷ་མོད་པ་སྒོམ། །དེ་ལྟར་གསུམ་ཅུ་རྩ་གཅིག་སྟར། །རྟོགས་ཏེ་རྡོ་རྗེར་བསྒོམས་ནས་ནི། །ཧཱུཾ་གི་དབྱངས་འདི་བླངས་བྱས་ཏེ། །སངས་རྒྱས་ཐམས་ཅད་མཉེས་པར་བྱ། །ཧཱུཾ་མཛེས ་པའི་རྡོ་རྗེ་གསོར་ནས་སུ། །སེམས་ཅན་ཐར་པ་ལ་ནི་དགོད། །རྣམ་པར་ཐར་པ་ཆོས་ཀྱི་དོན། །རྡོ་རྗེ་སྙིང་པོ་འཛིན་པར་བྱ། །ཧཱུཾ་ཧཱུཾ་ཧཱུཾ། ཧོ་ཧོ་ཧོ་དེས་ནི་འཁོར་བ་བཅོད་འགྱུར་ཏེ། །ཉོན་མོངས་མུན་པ་བསལ་བྱས་ནས། །བླ་མེད་བྱང་ཆུབ་ཐོབ་པ་དང། ། ་ཡེ་ཤེས་སྣང་བ་འགྲུབ་པར་འགྱུར། །རྡོ་རྗེའི་ད་ཉི་དེ་མི་ཤེས་ན། །བྱང་ཆུབ་དངོས་གྲུབ་རིང་དུ་སྤངས། །རྡོ་རྗེ་དག་པར་མ་གྱུར་ན། །བརྒྱ་བྱིན་མཚོན་ཆ་དོ་རྗེ་འདྲ། །དེ་ནས་དྲིལ་བུའི་དེ་ཉིད་ནི། །ནང་གི་ནམ་ཁའི་ཁམས་ལ་ནི། །བྱང་ཆུབ་སྙིང་པོ་གནས ་པ་ཡིན། །མཚེན་ཉིད་མེད་པར་སྤངས་པ་ནི། །བུམ་པ་ཤེས་རབ་བདུད་རྩིའོ། །དེ་སྟེང་འདབ་བརྒྱད་པད་མ་ལ། །ས་བོན་བརྒྱད་ལས་ལྷ་མོ་བརྒྱད། །ཤར་དུ་ལྷ་མོ་སྒྲོལ་མ་སྟེ། །ན་བཟའ་དཀར་མོ་བྱང་གི་ཕྱོགས། །ནུབ་ཏུ་མ་མ་ཀི་ཞེས་བྱ། །དེ་བཞིན་ལྷོ ་རུ་སངས་རྒྱས་སྤྱན། མེ་ཡི་མཚམས་སུ་སྐུལ་བྱེད་མ། །རྡོ་རྗེ་ལུ་གུ་རྒྱུད་དབང་ལྡན། །ཁྲོ་གཉེར་མ་ནི་རླུང་མཚམས་སུ། །བདེན་བྲལ་མཚམས་སུ་རིན་ཆེན་སྒྲོན། །ལྷ་མོ་དེ་བརྒྱད་དབུས་སུ་ཡང། །ཤེས་རབ་ཕ་རོལ་ཕྱི་མ་མ་སྟེ། །པདྨ་རྒྱས་པའི་སྤྱན ་མངའ་ཨི་?། །གཟུགས་རྫོགས་འོང་དང་ལྡན་པར་བསྒོམ། །སྟེང་གི་པདྨ་འདབ་བརྒྱད་ལ། །སྡོན་བཞིན་སྒེག་མོ་ལ་སོགས་བརྒྱད། །རྩེ་ལྡར་མཁའ་གྲོ་མ་ལྔ་བསྒོམ། །དབུས་ཀྱི་ལྕེ་ནི་ཡེ་ཤེས་ཏེ། །ཐམས་ཅད་འདུ་དང་འབྲོ་བར་བྱེད། །ཉི་ཤུ་རྩ་གཉིས ་ལྷར་སྦྱོར་ཀ། རྣམ་པར་དག་པའི་དྲིལ་བུ་འདི། །སྔགས་འདི་དག་ནི་བཟླས་ནས་སུ། །ཕྱོགས་བརྒྱད་དག་ཏུ་ལན་གསུམ་དཀྲོལ། །ོཾ་བཛྲ་དར་མེ་ར་ནེ་ཏ་བྲ་ར་ནེ་ཏེ་སརྦ་བུདྡྷ་པྲ་ཟ་ལི་ཏི་པྲཛྙཱ་པ་ར་མི་ཏེ། ན་ཏྲ་སཾ་བྷཱ་བེ། ཧཱུཾ་ཧཱུཾ། ཧཱུཾ། ཧོ་ཧོ་ཧོ་ཨ་སྭཱཧཱ། ཤེས ་རབ་ཆོས་ཀྱི་དྲིལ་བུ་འདི། །སངས་རྒྱས་ཐམས་ཅད་སླར་བྱས་ནས། །མི་ཤེས་འདམ་ལ་བྱིང་བ་ཡི། །སེམས་ཅན་སངས་རྒྱས་དོན་དུ་བཀྲོལ། །དེ་ཉིད་སྦྱོར་བ་དམན་ན་ནི། །དངོས་གྲུབ་རིང་དུ་མཚོན་པ་སྟེ། །དེ་ཉིད་མེད་པའི་རྣལ ་འབྱོར་པའི། །གླང་ཆེན་དྲིལ་བུ་བཀྲོལ་??པྲ། །དེ་ནས་བགྲང་ཕྲེང་དེ་ཉིད་ཀྱི། །ཡང་དག་ཆོ་ག་ཤེས་པར་བྱའོ། །ཤེལ་དང་ཉ་ཕྱིས་མུ་ཏིག་དང། །དཀར་པོ་ལ་སོགས་གཞན་ཡང་རུང། །ཞི་བའི་ལས་ལ་ཁྱད་པར་གསུངས། །གསེར་དང་དངུལ་དང ་ཟངས་མ་དང། །པད་མའི་སྙིང་པོ་རྒྱས་པ་ཡིན། །གུར་ཀུམ་ལ་སོགས་དྲི་ཡིས་ནི། །བྱུགས་པའི་རི་ལུ་དབང་ལ་སྨོས། །རུ་རག་ཤ་དང་ལུང་ཐང་དང། །མི་རུས་མངོན་སྤྱོད་ཞེས་སུ་གསུངས། །ཞི་རྒྱས་དབང་དང་མངོན་སྤྱོད་ལ། ཁོ་དེ་ཅེས་ཨི་ལས་ཀུན ་བྱེད། དེ་ཡི་གྲངས་ནི་འདི་ལྟ་སྟེ། །སྔགས་གྲུབ་པ་ལ་ལྔ་བཅུ་དང། །ང་རང་ལ་དེ་ཉིད་ཉི་ཤུ་ལྔ། །ཤི་བ་ལ་ནི་བརྒྱ་ཕྲག་སྟེ། །བརྒྱ་རྩ་བརྒྱད་ནི་རྒྱས་པའི་ཡིན། །མངོན་སྤྱོད་ལ་ནི་དྲུག་ཅུའོ། །ཕྲེང་ཐག་དགུ་སྒྲིལ་བྱས་པ་ལ། །མདོ་འཛིན་ཉིས་རྩེགས ་ཤེས་པར་བྱ། །གཡས་པའི་ལབ་།མཐིལ་ཉི་མ་ལ། ། ཡིག་དམར་པོ་བསྒོམ་པར་བྱ། །གཡོན་གྱི་ལག་མཐིལ་ཟླ་བ་ལ། །ཧཱུཾ་ཡིག་དམར་པོ་བསྒོམས་ནས་སུ། །ས་བོན་དེ་གཉིས་ལས་བསྐྱེད་པ། །གཡས་སོར་རྡོ་རྗེ་རྩེ་ལྔ་པ། །གཡོན་ནི་པདྨ ་འདབ་ལྔར་བསྒོམ། །ཕྲེང་བ་གང་ཡིན་དཀྱིལ་བཞག་སྟེ། །རྡོ་རྗེ་པདྨ་སྙིམ་པར་སྦྱར། །རི་ལུ་དགྲ་བཅོམ་བསྒོམས་ནས་སུ། །ཕྲེང་ཐག་ལྷ་དགུར་བྱིན་གྱིས་རླབས། །མདོ་འཛིན་འོག་མ་མཆོད་རྟེན་ཏེ། །གོང་མཆོས་ཀྱི་སྐུ་རུ་བསྒོམ། །བགྲང་ཕྲེང ་དེ་ཉིད་བསྒོམས་ནས་སུ། །སྔགས་འདི་ཡིས་ནི་བྱིན་གྱིས་བརླབས། །ོཾ་ཡ་ཏེ་ཡ་མ་ཏཱ་ཛྙཱ་ན་སརྦ་བུདྡྷ་མ་ཧཱ་བྷ་བེ་ཏ། ཧཱུཾ་ཧཱུཾ་ཧཱུཾ། ཧོ་ཧོ་ཧོ། ཨ་སྭཱཧཱ། ཆོས་ཀྱི་སྐུ་དང་མཆོད་རྟེན་ལ། །དགྲ་བཅོམ་བསྐོར་བ་བྱེད་བསམས་ཏེ། །མཆོད་རྟེན་གྲིབ་མའང་མི ་འགོད་ཕྱིར། །བསྒྱུར་ལོག་ནས་ནས་ཕྲེང་བ་བགྲང། །ཕྲེང་བ་དེ་རྣམས་བགྲང་བ་ཡང། །སོ་སོའི་ཁྱད་པར་གྱིས་ཤེས་ཏེ། །ཞི་བའི་ཕྲེང་བ་འཛུབ་ལ་བཞག་།དེ་བཞིན་རྒྱས་པ་གུང་མོ་སྟེ། །སྲིན་ལག་ལ་ནི་དབང་དུ་བཤད། །མངོན་སྤྱོད་མཐེ་ཆུང་ཤེས་པར་བྱ ་སྒྲུབ་པའི་ལྷ་གང་དགུག་བསམས་ཏེ། །མཐེ་བོ་ལྕགས་ཀྱུས་བཀུག་པ་བསྒོམ། །དེ་ཡང་ལྷ་མོ་གཡོན་པས་འདྲེན་པ་ཡིན། །དེ་ཡང་ལྷ་མོ་གཡོན་པས་འདྲེན། །གཡས་པས་ལྷ་རྣམས་འདྲེན་པ་ཡིན། །དེ་ལྟར་དག་པའི་བསྒྲང་ཕྲེང་གིས། །གང་འདོད ་དངོས་གྲུབ་འགྲུབ་པར་བྱེད། །དེ་ཉིད་མེད་པའི་ཕྲེང་བ་ནི། །བུད་མེད་རྒྱན་གྱིས་དོ་ཤལ་འདྲ། །དེ་ནས་ཡེ་ཤེས་དེ་ཉིད་ལ། །འདི་ལྟར་ཡང་དག་ཤེས་པར་བྱ། །ཆོས་ཀུན་ཡེ་ཤེས་གཅིག་པ་ལ། །ཁྱད་པར་རིང་ཐུང་གྱུར་ནས་གནས། །ལྷ་དང་ཀླུ་དང་གནོད་སྦྱིན ་དང། དྲི་ཟད་དང་ནི་ལྷ་མིན་དང། །ནམ་མཁའ་ལྡིང་དང་མིའམ་ཅི། །རྒྱལ་ཆེན་དང་ནི་གང་བ་བཟང། །ལྷོ་འཕྱེ་དང་ནི་གྲུལ་བུམ་དང། །མི་དང་མི་མིན་མཁའ་གྲོ་མ། །བྱོལ་སོང་དང་ནི་ཡཾ་དགས་དང། །དམྱལ་བར་བཅས་པའི་སེམས་ཅན་དང། །བྱོལ་སོང་གཟུགས ་ཀྱི་བྱང་པར་དང། །ཕྲ་མོ་སྒྲོང་འཛིན་སོགས་པའི། །དེ་རྣམས་གཡོ་བ་ཐམས་ཅད་དང། །མི་གཡོ་བ་ཡི་རྣམ་པ་ཡང། །ས་ཆུ་མ་དང་རླུང་གི་ཁམས། །ཕྲ་མོ་རྩཝ་དང་ལོ་མ་དང། །རྡོ་དང་བོ་དང་རྩེ་མོ་སོགས། །ཐམས་ཅད་ཡེ་ཤེས་སྣང་བ་ཡིན། །དེ་ཡིན ་སེམས་དང་ཝན་པ་དང། །སེམས་པ་མེད་པ་གཉིས་སུ་འདོད། །སེམས་དཔའ་དང་ལྡན་ཁྱད་པར་ནི། །ཡེ་ཤེས་བྱེ་བྲག་འདི་ལྟ་སྟེ། །རྒྱལ་ཆེན་སུམ་ཅུ་རྩ་གསུམ་དང། །འཐབ་བྲལ་དང་ནི་དགའ་ལྡན་དང། །འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་དང། ་ཚང་རིས་ཚངས་པའི་མདུན་འདོན། །ཚངས་ཆེན་དང་ནི་འོད་ཆུང་དང། །དཔག་མེད་འོད་དང་འོད་གསལ་དང། །དགེ་ཆུང་དགེ་རྒྱས་ཚད་མེད་དགེ། སྤྲིན་མེད་དང་ནི་བསོད་ནམས་སྐྱེས། །འབྲས་བུ་ཆེ་དང་མི་ཆེ་བ། །མི་གདུང་བ་དང་གྱ་ནོམ་སྣང། །ཤིན ་ཏུ་མཐོང་དང་འོག་མིན་ཏེ། །ཉི་ཤུ་རྩ་གསུམ་ལྷ་རྣམས་ནི། །ཡེ་ཤེས་རགས་ཤིང་ཟབ་བ་ནི། །ཉིས་གྱུར་ཉིས་འགྱུར་བཤེས་པར་བྱ། །དེ་ཡང་རྒྱལ་ཆེན་རིས་བཞི་ནས། །གཞན་འཕྲུལ་དབང་བྱེད་བར་དུ་ནི། །འདོད་པ་ལྔ་ཡི་ཡེ ་ཤེས་དག་།གོང་ནས་གོང་དུ་བཟབ་པ་ཡིན། །ལྷ་མིན་ཡེ་ཤེས་ཁྲོ་བ་སྟེ། །ཡི་དགས་ཡེ་ཤེས་སྨྲེ་བ་ཡིན། །གཏི་མུག་ཡེ་ཤེས་བྱོལ་སོང་གི། དམྱལ་བའི་འཇིགས་པས་དུ་བ་ཡིན། །མི་ཡི་ཡེ་ཤེས་རྣམ་ལྔ་སྟེ། །གླེན་པ་དང་ནི་འོན་པ་དང ་ལྐུགས་པ་དང་ནི་བྱིས་པ་དང། །ཡེ་ཤེས་ཅན་དང་རྣམ་པ་ལྔ། །བྱེ་དྲག་ཏུ་ནི་ཤེས་པར་བྱ། །གཞན་ཡང་གནོད་སྦྱིན་ལ་སོགས་པའི། །རྩ་བའི་རྒྱུད་ལས་མ་གསུངས་ཀྱང། །དོན་གྱི་ཡེ་ཤེས་ཁྱད་པར་ནི། །རྣལ་འབྱོར་པས་ནི་ཤེས་པར་བྱ། ། ་དེ་འདྲའི་ཡེ་ཤེས་དེ་ཉིད་ནི། །རྣལ་འབྱོར་གང་གིས་རྟོགས་གྱུར་པ། །དེ་ནི་ཚེ་རབས་ས་ཡ་སྟོང། །སངས་རྒྱས་ཤེས་པས་བསྐུལ་བའོ། །རྣལ་འབྱོར་གཙུག་ལག་ལས་བྱུང་བའི། །ཡེ་ཤེས་དེ་ཉིད་མི་ཤེས་ཏེ། །ཕྱི་ཡི་གཙུག་ལག་ཤེས་ན་ཡང། ། ་གར་མཁན་ཆ་ལུགས་དང་འདྲའོ། །དེ་ནས་བདུད་རྩི་འོང་དེ་ཉིད། །མན་ངག་འདི་ལྟར་ཤེས་པར་བྱ། །བན་ད་འམ་ཉ་ཕྱིས་ལ་སོགས་པ། །བདུད་རྩི་ལྔ་དང་བསྲེས་པའི་ཡི། །བདུད་རྩིའི་འོད་ཀྱིས་བཀར་བྱས་ལ། །སྔགས་དང་ཕྱག་རྒྱ་དག ་པར་བྱ། །གཡས་པ་ཟླ་དཀྱིལ་བསམས་པ་ལ། །བདུད་རྩིའི་འོད་ཀྱི་སྣོད་བཞག་སྟེ། །གཡོན་པ་རྩེ་གསུམ་ཕྱག་རྒྱ་ཡས། །སྣོད་ལ་རེགས་ནས་སྔགས་འདི་བརྗོད། །ོཾ་ཧ་ཧོ་ཧྲི་སྭཱཧཱ། ཧ་ཡིས་ཁ་དོག་འཕྲོག་པ་དང། །ཧོ་ཡིས་བྱི་ཡི ་དྲི་མ་གསལ། །ཧྲི་ཡིས་མཐུ་ཡང་འཇོམས་བྱེད་པ། །རིམ་པ་དེ་ནི་ཤེས་པར་བྱ། །དེ་ལྟར་ལོག་པ་བསལ་ནས་སུ། །འདི་ལྟར་ཡང་དག་སྦྱོར་བ་བསྒོམ། །གཟུགས་ནི་པདྨའི་དབང་ཕྱུག་སྟེ། །རྣམ་པར་སྣང་མཛད་དི་ཆུ་དངོས། །རོ་ནི་རྡོ་རྗེ་དབང ་ཕྱུག་སྟེ། །སྐུ་གསུང་ཐུགས་ཀྱི་ངོ་བོར་བསམ། །དེ་འོག་ཕྱག་རྒྱ་སྔགས་ཀྱིས་ཡང། །བསྲུབས་ན་བདུད་རྩི་འོད་དུ་འགྲུབ། །ས་བོན་སུམ་ལས་བསྐྱེད་བ་ཡི། །གཡོན་པའི་མཐོལ་དུ་ཟླ་བ་བསྒོམ། །དེ་དཀྱིལ་བདུད་རྩི་ས་བོན་སུམ། །བསྒོམས་ནས་སྲིན ་ལག་འཐབ་རྩེར་སྦྱར། །བདུད་རྩིའི་དཀྱིལ་དུ་ཕྱག་རྒྱ་དེ། །བཞག་ནས་རིམ་པ་འདི་ལྟར་བསྒོམ། །ཧཱུཾ་ལས་བསྐྱེད་པའི་འཐེ་བོང་ནི། །དབང་ཆེན་ས་གཞིར་བསྒོམ་པ་དང། །སུམ་ལས་བསྐྱེད་པའི་སྲིན་ལག་ནི། །རི་རབ་ཟུར་བཞིར་བསྒོམ་པར་བྱ། །སྲིན ་ལག་རྩེར་ཡང་གསུམ་བསྒོམ་ཏེ། །བདུད་རྩི་སྙིང་པོ་གསུམ་བཟླས་ནས། །ལན་གསུམ་བདུད་ནི་སྒྲུབ་པར་བྱ། །འཁོར་བ་བདུད་རྩིར་བསྒྲུབ་དམིགས་ནས། །ལྷ་དང་རྣལ་འབྱོར་མཁའ་གྲོ་མ། །སོ་སོར་རྟོགས་ནས་མཉེས་པར་བྱ། །ལྕེ་དང་དབྲལ་བ ་སྤྱི་བོ་ལ། །བདུད་རྩིའི་ཐིག་ལེ་བཞག་ནས་སུ། །ཡི་དམ་ལྷ་ཡང་མཆོད་བྱ་ཞིང། །དམ་ཚིག་ཙམ་དུ་བཏུང་བར་གྲགས། །གང་ཚེ་རྣལ་འབྱོར་ཚོགས་པའི་ཚེ། །དབྱངས་འདི་བླངས་ནས་གཞན་ལ་དབུལ། །གཟིགས་ཤིང་མཛེས་པ་དམ་པའི་ཆིས། ། ་འདི་ལ་ཐེ་ཚོམ་བྱར་མི་རུང། །བྲམ་ཟེ་ཁྱི་དང་གདོ་ལ་པ་དག་།རང་བཞིན་གཅིག་ཏུ་བསྒོམས་ནས་གསོལ། །རྣལ་འབྱོར་གཞན་གྱིས་བླང་བ་ཡང། །དབྱངས་དང་ཕྱག་རྒྱས་ཤེས་བྱ་སྟེ། །གཡས་པ་པདྨའི་གདན་བསྒོམ་ནས། །གཡོན་གྱི་རྩེ་གསུམ ་ཕྱག་རྒྱས་བླངས། །བདེ་བར་གཤེགས་ཤིང་ཆོས་ཀྱི་མཆོག་།དྲི་མ་མེད་པའི་ནས་འདི་ལ། །གཟུང་དང་འཛིན་པ་རྣམ་གྲོལ་བ། །དེ་བཞིན་ཉིད་དེ་ཕྱག་འཚལ་ལོ། །དེ་ལྟར་མན་ངག་རྟོགས་ནས་སུ། །བདུད་རྩེའི་འོད་ལ་སྟེན་བྱས་ན། །འཁོར་བའི་སྡུག ་བསྔལ་བཅོམ་ནས་སུ། །ཐར་པ་རྩི་རུ་འགྲུབ་པ་ཡིན། །དེ་ཉིད་མེད་པའི་རྣལ་འབྱོར་པ། །མདངས་དང་སྟོབས་དང་ལོང་སྤྱོད་ཕྱིར། །སྲིད་པའི་སྒོ་ནས་ཐུང་བྱེད་ནོ། །སེམས་ཅན་ཕལ་བའི་བཏུང་བ་འདྲ། །དེ་ནས་མཆོད་རྟེན་དེ་ཉིད་ཀྱང། ། ་ཡང་དག་པར་ནི་བསམ་པར་བྱ། །རང་བཞིན་ནམ་མཁའ་དང་འདྲ་བར། །དངོས་ཀུན་སྟོང་པ་ཉིད་དུ་བསྒོམ། །རང་གི་སེམས་དང་དབྱེར་མེད་པའི། །གདན་བཅས་ཧཱུཾ་ཡིག་འདུས་པར་སྒོམ། །དེ་ཡིས་ཁམས་གསུམ ་འཇིག་རྟེན་ནི། །མཆོད་རྟེན་གནས་སུ་བསྒོམ་པར་བྱ། །ས་ཡི་ཁྲི་འཕང་ཟུང་བཅུ་གཉིས། །དགུ་པའི་ཕྱོགས་བརྒྱད་གླིང་ཡིན་ཏེ། །བཾ་རིམ་བདུན་དུ་བསམ་པ་ནི། །གསེར་གྱི་རི་བདུན་ཤེས་པར་བྱ། །དྲིལ་བུ་དབྱིབས་སུ་བུམ་པ་ནི། །ལྷ་གནས ་རི་རབ་བསྒོམ་བྱ་སྟེ། །བུ་མོ་རྟེན་འཁྲོ་བ་གདུང་བུའི་དབྱིབས། །ཀླུ་ཡི་རྒྱལ་པོ་ནོར་རྒྱས་པ་ཡིན། །ཁ་ཁྱེར་རིམ་པ་དྲུག་ལྡན་པ། །འདོད་རིག་ལྷ་གནས་དྲུག་ཏུ་བཏགས། །དབུས་སུ་སོས་ཤིང་ཡར་བསྒྲེང་བ། །བདག་མེད་ཆོས་ཉིད་ཟད་མེད་བསྒོམ། ། ་འཁོར་ལོ་བཅུ་བདུན་གྱིས་བརྒྱན་པ། །གཟུགས་ཁམས་གནས་བཅུ་བདུན་དུ་བཏགས། །ཆོས་ཀྱི་དབྱིག་པ་ཡར་འཕག་པ། །གཟུགས་མེད་ཁམས་བཞིང་ཤེས་པར་བྱ། །དེ་ཡི་སྟེང་གི་སྒོ་ངའི་དབྱིབས། །དེ་རང་གི་སེམས་ནི་སྐུ་རུ་བསྒོམ། ། ་དེ་ལ་དེ་བཞིན་གཤེགས་པ་དང། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །རང་གི་སློབ་དཔོན་ཡི་དམ་ལྷ། །བཞུགས་པར་དམིགས་ནས་རང་སེམས་དང། །དབྱེར་མེད་བསྒོམས་ནས་ཕྱག་བྱས་ནས། །མཆོད་དང་བསྟོང་དངུལ་བྱས་ན། ། ་?་མེད་པའི་གོ་འཕང་ཐོག། །གཞན་དུ་གུང་འཛིན་མ་སྤངས་པར། །དངོས་སུ་རྟོགས་ནས་ཕྱག་བྱས་ན། །འཁོར་བ་ལས་བསྒྲལ་མི་འགྲུབ་སྟེ། །མུ་སྟེགས་ཕྱེད། །གནས་ལྷ་རྟེན་འདྲ། །དེ་ཉིད་དྲུག་གི་རིམ་པ་འདི། །ཕྱི་ནང་གང་དུ་སྦྱོར་ན་ཡང། ། ་འགལ་བ་མེད་ཅིང་དངོས་གྲུབ་སྟེར། །སྟོན་པས་ཐུན་མོངས་བསྟན་ཕྱིར་རོ། །སྨི་ཏེ་ཛྙཱ་ན་ཀཱི་ར་ན་ཏི་ཡི་སློབ་མས་ཅུས་པའི་དབྱས་པའི། །དགེ་བ་ཐོབ་པ་གང་ཡིན་པ། །དེ་ཡིས་སེམས་ཅན་སངས་རྒྱས་ཤོག། །དེ་ཁོ་ན་ཉིད་དྲུག་རྣམ་པར་བཞག ་པ། རྒྱ་གར་གྱི་མཁན་པོ་སྨི་ཏི་ཛྙཱ་ན་ཀཱི་ར་ཏིས་མཛད་པ་རྫོགས་སོ།། །པ་ནཊི་ཏ་དེ་ཉིད་ཀྱི་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །།དཔལ་སྒྱུ་འཕྲུལ་ཆེན་པོའི་རྒྱུད་ཀྱི་འགྲེལ་པ་བཞུགས་སོ། །*། །རྒྱ་གར་སྐད་དུ། མ་ཧཱ་མཱ་པཱ་ཏནྟ ་