| Wylie | e-texts based on the ACIP/ALL Input |
རྣམས་ཡིན་ནོ།། །།རྣལ་འབྱོར་ནམ་མཁའ་ཨི་སྒྲུབ་ཐབས་བཞུགས། །རྒྱ་གར་སྐད་དུ། ཡོ་གཱམྦ་ར་ནོ་བའི།?་།བོད་སྐད། རྣལ་འབྱོར་ནམ་མཁའ་ཨི་སྒྲུབས་ཐབས། །ཤིན་ཏུ་དགའ་བའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་མ་ཡི་དྲ་བའི་བཙོ ་རྣལ་འབྱོར་ནམ་མཁའ་ཨི་འགྲོ་མགོན་ལ། །དངོས་བོ་ཀུན་གྱི་བདག་ཕྱག་འཚལ། །རྟག་ཏུ་གུས་པས་བླ་མ་ལ། །གདན་བཞིའི་རིམ་པ་གསུངས་པ་ཡི། །བདེ་བའི་སྒྲུབ་ཐབས་བཏུས་ནས་སུ། །སློབ་མས་སྔོན་དུ་ཞུས་ནས་ནི། །དེ་ཡིས་བསྙེན་པ ་བདག་གིས་བཤད། །དེ་ནས་གདན་བཞི་བའི་རྒྱུད་ཀྱི་རིམ་པས་དབང་བསྐུར་བ་ཐོབ་པ་དང། བླ་མ་ལ་གུས་པ་དང། ཟབ་མོའི་ཆོས་ལ་མོས་པ་དང། སྦྱོར་བའི་རྒྱན་གྱིས་བརྒྱན་བའི་སྒྲུབ་པ་པོས། ལྷ་ཁང་ཀུན་དགའ་ར་བ་ལ་སོགས་པ་བཅས ་ཡིད་དགའ་བའི་ཕྱོགས་སུ་ཤིན་ཏུ་འཇམ་པའི་སྟན་ལ་འདུག་ནས་དཀྱིལ་འཁོར་གྱི་འཁོར་ལོའི་དབུས་སུ་བཞུགས་པའི་རྣལ་འབྱོར་ནམ་མཁའ་ཨི་བསྙེན་པ་བྱའོ། །དེ་ལ་དང་པོར་རེ་ཞིག་ཉི་མའི་ལག་ཐིལ་ལ་ནི་ཡི་གེ་ཨ་དམར་པོ་བསམས ་ནས། དཀར་པོ་ལ་སོགས་པའི་ལག་པའི་སོར་མོ་ལ་རིམ་པས་སུཾ་ཀྵུཾ་ཡུཾ་ཧཱུཾ་ཨ་ས་བོན་ལས་བསྐྱེད་པའི་རྡོ་རྗེ་རྩེ་ལྔ་པ་བསྒོམ་པར་བྱའོ། །དེ་བཞིན་ཟླ་བའི་ལག་མཐིལ་ལ་ཡི་གེ་སོཾ་ལས་ཟླ་བའི་དཀྱིལ་ལ་སྨྲཡུཾ་ཧམྲཡུཾ་ཡམྲཡུཾ་ཀྵྨརྱུཾ་སོཾ་ས་བོན་དེ་དག ་གོས?་སྦྲུལ་བའི་གི་ཝང་ལ་སོགས་པའི་ལག་པའི་སོར་མོ་པདྨར་རྣམ་པར་བསྒོམ་པར་བྱའོ། །དེ་དག་ནི་ལག་པ་རྣམ་པར་དག་པའི་ཆོ་གའོ། །དེ་ནས་མགྲིན་པ་ལ་ཡི་གེ་ཧྲཱི(རྒྱུད་འགྲེལ་མ་ལ་ཡི་གེ་ཧཱུཾ་གི་རྡོ་རྗེ། དེའི་བུམ་པ་ལ་ཡི་གེ་ཧཱུཾ་བསྐྱེད་ཅིང་བསྒོམས་ཏེ། ཨོཾ་བཛྲ་ཛི་ཧཱ་སཾ་བརྟ་ནི་ཧཱུཾ་ཕཊ། སྔགས་ཀྱིས་བྱིན་གྱིས་བརླབས་པའོ། །དེ་དག་ནི་ལྕེ་རྣམ་པར་དག་པའི་ཆོ་གའོ། །དེ་ནས་ཉི་མའི་ལག་པ་ལ་དཀར་པོ་དང་ཡེ་ཤེས་སྦྱར ་ནས་ཡན་ལག་བརྒྱད་ལ་བཀོད་པའི་བདག་ཉིད་དུ་བྱའོ། །སྤྱི་བོ་མིག་གཉིས་རྣ་བ་གཉིས། །སྣ་ལྕེ་མགྲིན་པ་དཔུང་པ་གཉིས། །སྙིང་ག་ལྟེ་བ་ཨོཾ་བཛྲ་ཀཱ་ཡ་ཧོ(རྒྱུད་འགྲེལ་དེའི་འོག་ཏུ་དུང་པོར་ལ་སོགས་པའི་མཆོད་ཡོན་གྱི་སྣོད་ལ། ཨོཾ་པྲ་ཏཱིཙྪ་ཨ་རྒྷཾ་ཧཱུཾ་སྭཱཧཱ། ཞེས་བྱ་བའི་སྔགས་དེ་ཕྱག་རྒྱ་དང་བཅས་པས་བདུན་གསུམ་ཉི་ཤུ་རྩ་གཅིག་མངོན་པར་བསྔགས་ལ་གདབ་པར་བྱའོ། །དེའི་ཕྱག་རྒྱའི་རྡོ་རྗེ་བཅིངས་པ་ལས ་དྲི་མ་གསུམ་དང་དུང་བསྒྲེང་བའོ། །དེ་བཞིན་དུ་རྡོ་རྗེ་ཁུ་ཚུར་བཅིངས་ཏེ་དཀར་པོ་དང་ཡེ་ཤེས་སྦྱར་ནས་པདྨ་དང་དུང་དང་དུད་བ་བསྒྲེང་བའི་ཚུལ་གྱིས་ཕྱག་རྒྱ་དེས་བྱིན་གྱིས་བརླབ་པར་བྱ་སྟེ། ཨོཾ་པྲ་བ་ར་སཏཀཱ་ར་པྲ་ཏཱིཙྪ་སྭཱཧཱ། ཞེས་བྱ་བའི་སྔགས་དེས ་མཆོད་པའི་ཞལ་བསིལ་གྱི་སྣོད་ལ་སྔགས་བཏབ་ནས་བཞག་པར་བྱ་ལསྟེ། དེ་ནི་ཞལ་བསིལ་གྱི་སྣོད་བྱིན་གྱིས་བརླབ་པའི་ཆོ་གའོ། །ཡང་ཉེ་བར་སྦྱོར་བའི་སྣོད་རྣམས་ལ་སེང་གེ་མའི་སྔགས་དང་ཕྱག་རྒྱས་ཡོངས་སུ་བཏབ་སྟེ་བཞག་པར་བྱའོ། ། ་ཁུ་ཚུར་གཉིས་བཅིངས་ཏེ་དཀར་པོ་དང་གི་ཝང་ལྕགས་ཀྱུའི་ཚུལ་དུ་བྱས་ལ། ཨོཾ་སྨྲཡུཾ་སྭཱཧཱ་དེའི་ཆུས་བསང་གཏོར་བྱའོ། །སྔགས་ནི་ཨོཾ་སརྦ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ་དེ་ནི་ཉི་ཤུ་རྩ་གཅིག་ཏུ་མཆོད་པའི་སྔགས་ཡན་ལག་ལ་ཆུ་གཏོར་བའི་ཆོ་གའོ། ། ་དེ་ནས་བདག?་བསྲུང་བ་དང་བགེགས་བསྒྲེད་བའི་དོན་དུ་བུར་བུ་གདབ་པ་དང་དྲོ?་བ་ལ་སོགས་པའི་རིམ་པ་བྱའོ། །ཟླ་བ་ཉི་མ་ཕྱེ་ནས་སུ་ཡེ་ཤེས་རྣམ་ཤེས་སྦྲེལ་བར་བྱ། །དང་པོའི་བཤོག་པའི་ཆུལ་བྱས་ཏེ། །ཕྱིར་བཟློག་སྙིང་གར ་བཞག་པར་བྱ། །སྔགས་ནི་ཨོཾ་ཧཱུཾ་ཕཊ་དང་བཅས་པས་དག་ལ་གོ་ཆས་བསྲུང་བར་བྱའོ། །བདག་ལ་བསྲུང་བ་བྱས་ནས་སུ། །ཉི་ཟླ་བཅིང་བ་བྱས་ནས་སུ། །དྲི་མ་གསུམ་དང་དུད་པ་བསྒྲེང། །ང་རོ་ཧཱུཾ་གི་ལྡན་བྱས་ནས། ། ་ཕྱག་རྒྱ་དེ་ལྟར་བཅིང་བར་བྱ། །ཕྱག་རྒྱ་དེ་ནི་ཕྱོགས་བཅིང་བ་དང་ཕུར་བུ་གདབ་པ་དང་དྲ་བ་དང་ར་བ་དང་ཁོ་ར་ཁོར་ཡུག་བཅིང་བ་ལ་སོགས་པ་རིམ་པ་བཞིན་དུ་བྱའོ། །རྡོ་རྗེ་ཁུ་ཚུར་དམ་བཅིངས་ཏེ། །དཀར་པོ་གི་ཝང་བསྒྲེངས་ནས་སུ། ། ་ཀུན་ནས་དེ་ཉིད་ཁ་སྤྲོད་ནས། །དུད་པ་དྲི་མ་གསུམ་བསྒྲེངས་ནས། །དེ་ནི་རྟག་ཏུ་དབང་བསྐུར་བྱའོ། །སྤྱི་བོ་དང། །དཔྲལ་བ་དང་རྣ་བ་གཡས་ཀྱི་སྟེང་དང་ལྟག་ཁུང་དང་རྣ་བ་གཡས་ཀྱི་སྟེང་དང་ལྟག་ཁུང་དང་རྣ་བ་གཡོན་གྱི་སྟེང་རྣམས་སུ་རྣམ་པར་སྣང་མཛད་དང། མི་བསྐྱོད ་པ་དང། རིན་ཆེན་འབྱུང་ལྡན་དང། །སྣང་བ་མཛའ་ཡས་དང། དོན་ཡོད་འགྲུབ་པ་རྣམས་སྐུ་མདོག་དཀར་པོ་དང། སྔོན་པོ་དང། སེར་པོ་དང། དམར་པོ་དང། ལྗང་གུ་རྣམས་ཕྱག་རྒྱ་བྱང་ཆུབ་མཆོག་དང། ས་གནོན་དང། མཆོག་སྦྱིན ་དང། ཏིང་ངེ་འཛིན་དང། སྐྱབས་སྦྱིན་རྣམས་དང་ལྡན་པས་གནས་གོ་རིམས་བཞིན་རྒྱན་ཐམས་ཅད་ཀྱིས་བརྒྱན་ཞིང་མཛེས་པ་ན་བཟའ་ཀླུབས་པར་བསམ་པར་བྱའོ། །སྔགས་ནི། ཨོཾ་ཧཱུཾ་ཨ་སྭཱཧཱ། དབང་བསྐུར་བའི་ཆོ་གའོ། །རྡོ་རྗེ་ཁུ་ཚུར ་དམ་བཅིངས་ཏེ། དཀར་པོ་གི་ཝང་བསྒྲེངས་ནས་སུ། །གཉིས་ཀ་བཟློས་ནས་རྩེར་སྦྱར་སྤྲད། །རྒྱབ་དང་སྙིང་གའི་གོ་ཆ་བསྲུང། །སྔགས་ནི། ཨོཾ་ཊུཾ་ཧཱུཾ་སྭཱཧཱ། ཨོཾ་ཧཱུཾ་སྭཱཧཱ། །སྔགས་དེ་གོ་རིམས་བཞིན་དུ་བཅིངས་པ་དང་ལན་གསུམ་དུ་བཅིང་བར ་བྱ་སྟེ། ཨོཾ་བཛྲ་ཏུ་ཥུ་ཧོ་ཞེས་བྱ་བའི་སྔགས་དེས་ཐལ་མོ་ལན་གསུམ་དུ་གདབས་ནས་དགའ་བར་བྱའོ། །དེ་ནི་བདག་བསུངས་པའི་ཆོ་གའོ། །དེ་ནས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་བཅས་ནས་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་དུ་འདུག་སྟེ་མིག་སྣ་རྩེ་ལ་བཞག ་ནས་དང་པོ་ལ་འོག་ནས་འབྱུང་བའི་མཚན་ཉིད་དང་ལྡན་པའི་ལྷའི་སྐུས་བརྒྱན་པའི་དཀྱིལ་འཁོར་དམིགས་ནས་དྲི་ལ་སོགས་པས་མཆོད་པར་བྱའོ། །དེ་ལ་སྔགས་དང་ཕྱག་རྒྱ་འདི་ཡིན་ཏེ། ཉི་མའི་ལག་པ་ཕྱེ་ནས་སུ། །དུང་པ་དྲི་མ་གསུམ ་བསྒྲེང་སྟེ། ཨོཾ་ཨརྒྷཾ་པྲ་ཏཱཙྪི་ཨརྒྷཾ་ཧཱུཾ་སྭཱཧཱ། ཉི་མའི་ལག་པ་བརྐྱང་ནས་སུ། །དཀར་པོ་ཡེ་ཤེས་སྦྱར་བར་བྱ། །སྔགས་ལ། ཨོཾ་པྲ་བ་ར་སཏཀཱ་ར་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཇི་ལྟར་འབྱུང་བའི་དཀྱིལ་འཁོར་བསམ་བྱས་ཏེ་རིམ་པ་ཇི་ལྟ་བ་བཞིན་དུ་མོཏག ་དང་སྤོས་དང་མར་མེ་དབུལ་བར་བྱའོ། །ཡང་ན་སྔགས་དང་ཕྱག་རྒྱས་དྲི་ཞིམ་པ་ལ་སོགས་པ་མཆོད་པར་བྱའོ། །དེ་ལྟར་སྔགས་དང་ཕྱག་རྒྱ་སྦྱར་བར་བྱའོ། །ཉི་མའི་ལག་པ་བརྐྱང་བསྒྲེངས་ནས། །དྲི་ཡི་ཕྱག་རྒྱ་དང་པོར་སྤྱར། །ོཾ་ཧཱུཾ་སྭཱཧཱ། ་དྲིའི་སྔགས་དང་ཕྱག་རྒྱའོ། །དཀར་པོ་ཡེ་ཤེས་ལེགས་སྦྱར་བ། །མེ་ཏོག་ཕྱག་རྒྱ་རྣམ་པར་བསྒོམ། །ོཾ་སུཾ་སྭཱཧཱ། མེ་ཏོག་གི་སྔགས་དང་ཕྱག་རྒྱའོ། །དུང་དང་པདྨ་བཀུག་ནས་སུ། །སྤོས་ཀྱི་ཕྱག་རྒྱར་རབ་ཏུ་སྤྱར། །ོཾ་ཨ་སྭཱཧཱ། སྤོས་ཀྱི ་སྔགས་དང་ཕྱག་རྒྱའོ། །ཉི་མ་རྡོ་རྗེ་ཁུ་ཚུར་ལ། །མཐེ་བོད་གྱེན་དུ་བསྒྲེང་བར་བྱ། །ོཾ་ཀུཾ་སྭཱཧཱ། མར་མེའི་སྔགས་དང་ཕྱག་རྒྱའོ། །ཉི་མའི་ལག་པ་ཕྱེ་ནས་སུ། །དབུས་ཀྱི་སོར་མོ་བསྒྲེང་བར་བྱ། །ོཾ་ཨི་སྭཱཧཱ། ལྷ་ཤོས་ཀྱི་སྔགས་དང ་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེ་བོད་བསྐྱོད་ཅིང། །ོཾ་གྷུ་སྭཱཧཱ། གཏོར་མའི་སྔགས་དང་ཕྱག་རྒྱའོ། །དེ་ནས་སྙིང་གར་ཐལ་མོ་བཞག་སྟེ། པདྨ་བསྐོར་ཞིང་བསྐོར་བས་དཀྱིལ་འཁོར་ལྔས་ཕྱག་འཚལ་ལོ། །སྔགས་ནི་ཨོཾ་ན་མ(རྒྱུད་འགྲེལ་ན་མ(རྒྱུད་འགྲེལ་ཡཱཏྨ་ཏ་ནི་རྱ་ཏཱ་ཡ་མི་ས་མ་ཡ་སྟཝཾ་ས་མ་ཡ་ཧོ(རྒྱུད་འགྲེལ་སྐྱབས་སུ་མཆི། །ཐམས་ཅད་ཐོག་པ་གསུམ་ལ་ཡང། །སྦྱོར་བ་གསང་བ་མཁའ་འགྲོ་དང། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་དགའ་ཆེན་དང། ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་ཏུ་སྐྱབས་སུ་བདག་མཆིའོ ་བདག་ལ་དགོངས་ཤིག་ཐམས་ཅད་ཀྱིས། །རྣམ་སྣང་མི་བསྐྱོད་རིན་ཆེན་མཆོག་།སྣང་མཛའ་ཡས་དང་དོན་ཡོང་སོགས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །ཆེ་གེ་མོ་ཞེས་བྱ་བ་དག་།དུས་འདི་ཉེ་བར་གཟུང་ནས་སུ། །སྙིང ་པོ་བྱང་ཆུབ་ཐོབ་པའི་བར། །བླ་ན་མེད་པའི་བྱང་ཆུབ་སེམས། །མཆོག་ཏུ་བདག་གིས་བསྐྱེད་པར་བགྱི། །ཇི་ལྟར་དུས་གསུམ་མགོན་པོ་ཡིས། །བྱང་ཆུབ་ཏུ་ནི་ངེས་བྱས་བཞིག་།ཚུལ་ཁྲིམས་རྣམ་གསུམ་བསླབ་པ་དང། །དགེ་བའི ་ཆོས་ནི་སྡུད་པ་དང། །སེམས་ཅན་དོན་བྱའི་ཚུལ་ཁྲིམས་ཀྱང། །སོ་སོར་བདག་གིས་བརྟན་པོ་གཟུང། །སངས་རྒྱས་ཆོས་དང་དགེ་འདུན་དང། །བླ་མེད་དཀོན་མཆོག་གསུམ་གྱི་མཆོག་།སྡོམ་པ་སངས་རྒྱས་འབྱོར་བསྐྱེད་པ། ་དང་པོར་དེ་རིང་གཟུང་བར་བགྱི། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང། །སོ་སོར་དེ་བཞིན་ཉིད་དུ་གཟུང། །རྡོ་རྗེ་ཆེན་པོའི་རིགས་མཆོག་ལ། །སློབ་དཔོན་ཉིད་དུ་གཟུང་བར་བགྱི། །དམ་ཚིག་ཡིད་དུ་འོང་བ་ལ། །རིན་ཆེན་འབྱུང་བའི ་རིགས་མཆོག་ལ། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་སྦྱིན་པར་བགྱི། །བྱང་ཆུབ་ཆེན་པོ་འབྱུང་བ་ཡི། །པདྨ་ཆེན་པོའི་རིགས་དག་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར ་བགྱི། །སྡོམ་པ་ཐམས་ཅད་དང་ལྡན་པ། །ཅི་ལྟར་ནུས་པ་མཆོད་པའི་ལས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །དེ་བཞིན་ཉིད་དུ་སོ་སོར་བཟུང། །བླ་ན་མེད་པའི་བྱང་ཆུབ་སེམས། །མཆོག་ཏུ་བསྐྱེད་པ་བྱས་ནས་སུ། །སེམས་ཅན་ཐམས་ཅད་དོན་བྱེད ་ཕྱིར། །སྡེམ་པ་མ་ལུས་གཟུང་བར་བགྱི། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་བྱིན་པར་དབུགས་དབྱུང་སྟེ། །མྱ་ངན་འདས་ལ་དགོང་པར་བགྱི་ཞེས་པའོ། །དེ་ནས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང ་ལྡན་པས་གནས་ཏེ་སྣའི་རྩེ་ལ་མིག་བཞག་ནས་རང་གི་སྙིང་གའི་འོད་ཟེར་གྱི་ཕྲེང་བ་དང་ལྡན་པའི་ཡི་གེ་ཀྵུཾ་རང་གི་ལུས་དང་འཇིག་རྟེན་གྱི་ཁམས་ཐམས་ཅད་བསྲེགས་ནས་བདག་གི་ས་བོན་ཙམ་ལུས་ལ་མི་སྣང་བར་བྱེད་པར་བསྒོམ་མོ། །ོཾ་སྤ་བཏཱ་བ་ཤུདྡྷ: ་སརྦ་དྷ་རྨཱ་སྭ་བྷཱ་བ་བི་ཤུདྡྷོ་ཧཱུཾ། ཞེས་བྱ་པའི་སྔགས་བཟླས་ཏེ་ཆོས་བདག་མེད་པར་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཆོས་ཀྱི་སྐུའི་རྒྱུ་མཐུན་པར་གྱུར་བའི་ལོངས་སྤྱོད་རྫོགས་པའི་སྐུ་བསྐྱེད་པར་བྱ་བའི་ཕྱིར་རྡོ་རྗེ་མཁའ་འགྲོ་ལ་སོགས་པའི་ལྷ་མོ་བཞིས་དབྱངས་ཀྱིས ་བསྐུལ་བར་བྱེད་པར་བསྒོམ་པར་བྱའོ། །ཛ་ཛ་ཛ་ཛ་རྡོ་རྗེ་སེམས་དཔའ་ཨི་དངོས་གྲུབ་བཞུགས་པའི་བདག་པོ་ཁྱོད། །ཧ་ཧ་ཧ་ཧ་ཧཱུཾ་ཡིག་མགོན་པོ་དམ་ཚིག་བདག་པོ་བདག་ཕྱག་འཚལ། །བ་བ་བ་བ་རྡོ་རྗེ་སྒྲོག་གི་བསད་པ་ལས་བྱུང་སྐུ་འཛིན་པ། ། ཨ་ཨ་ཨ ་ཧོ་མགུ་པའི་རྡོ་རྗེ་??་ལི་གཅིག་ཏུ་ཐིམ་པར་ཧཱུཾ། དེ་ནས་ཟླ་བའི་དཀྱིལ་འཁོར་གྱི་ཚུལ་དུ་བསྒོམས་ཏེ་ཛྙཱ་ན་ཨ་ཧཾ་ཞེས་བརྗོད་པར་བྱའོ། །ཡང་དེའི་སྟེང་དུ་སྒྲ་ཡིག་ལ་སོགས་པ་ཡོངས་སུ་རྫོགས་པ་གང་ལ་ཟླ་བའི་དཀྱིལ་འཁོར་བསྒོམས་ནས་དེའི་དབུས་སུ་ཡི་གེ ་ཧཱུཾ་དེ་ནས་ཧཱུཾ་ལན་རྡོ་རྗེ། རྡོ་རྗེའི་ལྷ་བ་ལས་ས་བོན་གྱིས་བརྒྱན་པར་བསམས་ཏེ་དམ་པའི་སྔགས་བརྗོད་ནས་ང་རྒྱལ་བྱའོ། །ོཾ་བཛྲ་ཤུདྡྷ་སརྦ་དྷརྨཱ་བཛྲ་ཤུདྡྷོ་བཛྲ་ཧཾ། དེ་ནས་རྡོ་རྗེའི་འོད་ཟེར་འཕྲོས་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་བྱུང་སྟེ། ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་གྱི་དོན་བྱས་ནས་སླར་ཡང་དེ་ཉིད་ལ་ཞུགས་ཏེ་སྔགས་ཀྱི་ང་རྒྱལ་བྱའོ། །ོཾ་བརྡཏ་མ་ནོ་ཡ་ཧ་ཧོ(རྒྱུད་འགྲེལ་བྱེད། །ཞལ་གསུམ་དེ་ཉིད་ཕྱག་དྲུག་པ། །དབྱར་གྱི་སྤྲིན་དང་འདྲ་བའི་འོད། །སྤྱན་གསུམ་བཞད་དང་ཁྲོ་བ་དང། །ལྡེམ་བག་ཚུལ་དང་ཡང་དག་ལྡན། །སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་བཞུགས། །ཐོད་པའི་དབུ་རྒྱན་འཇིགས་བྱེད་པ། །རྒྱལ་བའི་འོད་ཟེར ་སྤྲོས་པའི་སྐུ། །ཤེས་རབ་ལུས་ཐོགས་ལྡན་པ་སྟེ། །རྡོ་རྗེ་ནུ་མ་མདའ་དང་ནི། །དྲིལ་བུའི་སྣོད་དང་གཞུ་བསྣམས་ཏེ། །སངས་རྒྱས་རྣལ་འབྱོར་ནམ་མཁའ་ཨི་བདག་།མགོན་བོ་རྒྱས་པར་བསྒོམ་པར་བྱ། །དེ་ནས་རྣལ་འབྱོར་ནམ་མཁའ་ཨི་བདག་ཉིད་དུ་ང་རྒྱལ ་བསྐྱེད་པའི་སྔགས་འདི་བརྗོད་དོ། །ོཾ་སུཾ་བྷ་བོ་བཾ་ཨ་ཨ་ཨཱ་ཨཾ་ཧཱུཾ་སྭཱཧཱ། དེ་ནས་ཕྱག་རྒྱ་ཆེན་པོར་གསལ་བར་བསམས་ཏེ། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨཱ་ཡོག་ཤུདྡྷོ་ཧཾ། ཡང་རྡོ་རྗེ་གསོར་ནས་སྔགས་འདི་རྗེས་སུ་དྲན་པར་བྱའོ། །ོཾ་ཛྙཱ་ན་ཀཱ་ཡ་ཨ ་ཧཾ། དེ་ནས་དམ་ཚིག་གི་ཕྱག་རྒྱ་དང་སྔགས་སུ་ལྡན་ནས་སྙིང་ག་དང་དཔྲལ་བ་དང་སྤྱི་བོར་བྱིན་གྱིས་བརླབ་པར་བྱའོ། །ཡེ་ཤེས་པདྨ་ལ་སྦྱར་ཏེ། །སཾ་ཡི་གདུགས་དང་རྣམ་ཤེས་སྤྱར། །གཉིག་ལུ་གུ་རྒྱུད་བཅིངས་ཏེ། །ལྟག་མ་རྣམས་ནི་གྱེན་དུ་བསྒྲེང། ། ་དུད་བ་དྲི་མ་གསུམ་སྤྲད་དེ། །རྩེ་ལྔ་རྡོ་རྗེ་འཛིན་ཞེས་སོ། །ོཾ་སརྦ་ཡ་ཧཱུཾ་ཧཱུཾ་ས་མ་ཡ་ཏྲཾ་ཨ་དྷི་ཏིཥ?་ཞེས་སྡགས་བརྗོད་པར་བྱའོ། །དེ་ནས་དཀྱིལ་འཁོར་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་པར་བསམས་ནས་རྫོགས་པར་བྱའོ། །སྦྱོར་བ་དང་པོ་ཞེས་བྱ་བའི་ཏིང ་ངེ་འཛིན་ཏེ་དེ་ནས་ཡུཾ་ཀྵུཾ་སུཾ་ཧཱུཾ་རྣམས་ཀྱིས་རླུང་དང་མེ་དང་ཆུ་དང་ས་རྣམས་ཟླ་བ་ཕྱེད་པ། གྲུ་གསུམ་པ། ཟླུམ་པོ། གྲུ་བཞི་པའི་དཀྱིལ་འཁོར་མཆོག་རིམ་བཞིན་དུ་བསྒོམ་མོ། །དེའི་དབུས་སུ་ཧཱུཾ་སུཾ་ཧཱུཾ་གིས་རིན་པོ་ཆེ་སྣ་བདུན་གྱི་དངོས་པོའི་རི་རབ་ཆེན ་པོ་བསྒོམས་ཏེ། ཨོཾ་ཧཱུཾ་སྭཱཧཱ་ཞེས་བྱ་བའི་སྔགས་ཀྱིས་ལག་ཁ་སྡུབ་སྟེ་རྡོ་རྗེའི་དངོས་པོའི་ས་གཞིར་བྱིན་གྱིས་བརླབ་པར་བྱ་སྟེ། རི་རབ་རྩེ་མོར་སྔགས་དེ་ཁོ་ནས་རྣལ་འབྱོར་ནམ་མཁའ་ཨི་དཀྱིལ་འཁོར་རིན་པོ་ཆེ་སྣ་བདུན་གྱི་གཞལ་ཡས་ཁང་གི་ནང་ན་གྲུ་བཞི་དང་སྒོ་བཞི ་དང་ཏྭ་ར་ན་བཞིས་བརྒྱན་པ་སྟེ་དྲ་པ་དང་དྲ་ཕྱེད་དུ་བརྒྱན་པའོ། །དྲིལ་བུ་དང་དྲ་བས་ཀླུབས་པའི་སུམ་རིམ་ལ་སེང་གེ་དང་རྨ་བྱ་དང་དང་པའི་རྒྱལ་པོ་དང་ཆུ་སྲིན་རྣམས་ཀྱིས་བརྒྱན་པའི་རྒྱལ་མཚན་གྱིས་སྒོ་བཞི་བརྒྱན་ཏེ་གྲཝ་དང་མཚམས་ན་ཟླ་བ་རྡོ་རྗེས་བརྒྱན་པའོ། ་དེའི་ནང་ན་དབུས་ན་སེང་གེ་ཤར་ཕྱོགས་སུ་གླང་པོ་ཆེའི་གདན། བྱང་ཕྱོགས་སུ་རྨ་བྱའི་གདན། ནུབ་ཕྱོགས་སུ་བྱ་ཁྱུང་གི་གདན། ལྷོ་ཕྱོགས་སུ་གི་ཀ་ར། །དབང་ལྡན་མཚམས་སུ་སེང་གེ། མེའི་མཚམས་སུ་རྡོའི་གདོང། བདེན་བྲལ་གྱི་མཚམས་སུ་མ་ཧེ། རླུང་གི ་མཚམས་སུ་སྤྱང་ཀི་རྣམས་ཀྱི་གདན་ཏེ་དེ་ལྟར་རེ་མིག་དགུའི་གདན་བྱིན་གྱིས་བརླབ་པར་བྱའོ། །སྒོ་བཞི་ལ་རོའི་གདན་ནོ། །དེའི་ཕྱི་རོལ་རྡོ་རྗེའི་ཕྲེང་བས་བྱིན་གྱིས་བརླབ་པར་བྱའོ། །ཡང་དེའི་ཕྱི་རོལ་ཏུ་འཁོར་ལོ་ཟླུམ་པོ་དེ་ལ་ལྟ་ཀུན་གནས། །པདྨའི་སྟེང་ན་ཟླ་བའི ་གདན་དུ་བྱིན་གྱིས་བརླབ་པར་བྱའོ། །དེའི་ཕྱི་རོལ་ཏུ་དཀྱིལ་འཁོར་གྱི་སྣམ་བུ་ལ་ཡང་དེ་ཁོ་ན་བཞིན་དུ་པདྨའི་སྟེང་གི་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ་འཇིགས་པ་ཆེན་པོའི་ཏིང་ངེ་འཛིན་གྱིས་དམིགས་པར་བྱའོ། །དེ་ནས་ནམ་མཁའ་ལས་བབས་ཏེ་སེང ་གའི་གདན་ལ་གནས་ནས་གོང་མ་བཞིན་དུ་སྔགས་ཀྱིས་སངས་རྒྱས་རྣལ་འབྱོར་ནམ་མཁའ་བསྒོམ་པར་བྱའོ། །དེ་ནས་རྡོ་རྗེ་མཁའ་འགྲོ་མ་སུཾ་ཞེས་བྱ་བའི་སྙིང་པོས་ཕྱུང་སྟེ། སེམས་ཅན་ཐམས་ཅད་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། དཀོན་མཆོག ་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བསྐལ་པ་ཇི་ལྟ་བ་བཞིན་དུ་སྦྱར་ནས་བསྡུ་བའི་ཚུལ་གྱིས་སླར་བསྡུས་ཏེ། མདུན་དུ་གླང་པོ་ཆེའི་གདན་ལ་རྡོ་རྗེ་མཁའ་འགྲོ་མ་བསམས་ཏེ། སྐུ་མདོག་དཀར་པོ་ཕྱག་གཉིས་ན་ཁ་ཊཝཱཾ་ག་དང་རྣལ་འབྱོར་མའི ་ལྷུང་བཟེད་འཛིན་པ། སྤྱན་གསུམ་པ་སྐྲ་སིལ་བུར་བཏང་བ་སངས་རྒྱས་ཀྱི་དབུ་ལ་བརྒྱན་པ་གླང་པོ་ཆེའི་པགས་པས་སྨད་གཡོགས་ཤིང་ན་ར་ཙ་རྨས་སྟོད་གཡོགས་པ། གླང་པོ་ཆེའི་གདན་ལ་ཉི་མའི་དཀྱིལ་འཁོར་ལོ་རལ ་པའི་སྐྱིལ་མོ་ཀྲུང་དུ་བཞུགས་ལ། རྡོ་རྗེ་མཁའ་འགྲོ་མའི་བདག་ཉིད་བསྒོམ་པར་བྱའོ། །སུཾ་བཛྲ་ཌཱ་ཀི་ནི་ཨ་ཧཾ་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་ཀྵུ་ཞེས་བརྗོད་པས་དྲག་མོའི་མཁའ་འགྲོ་མ་སྤྲོས་ཏེ་སེམས་ཅན་ཀུན་ལ་མ་རིག་པའི་མུན་པའི་ཡེ་ཤེས་ཀྱི་མིག ་ཅན་དུ་བྱས་ཏེ། སླར་འདུས་ཕྲག་མོའི་མཁའ་འགྲོ་མ་གསེར་གྱི་མདོག་ཅན་སྒྲ་སྒྲོག་ནས་མཆེ་བ་བཙིགས་པ་སྐྱ་གྱེན་དུ་བསྒྲིལ་བ་དང་སངས་རྒྱས་དབུ་བརྒྱན་པ། རྨ་བྱའི་གདན་ལ་ཕྱད་ཀྱི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྤྲུལ་གྱིས་བརྒྱན་པ། ཁ་ཊཝཱཾ་ག་དང ་ལྷུང་བཟང་འཛིན་པ་མའི་དཀྱིལ་འཁོར་ལ་གནས་པ། རྡོ་རྗེ་མཁའ་འགྲོ་མ་བཞིན་དུ་སྟོང་གཡོགས་དང་སྨད་གཡགས་བསྣམས་པ། དྲག་མོའི་བདག་ཉིད་དུ་བསྒོམས་ཏེ། ཀྵུཾ་གྷོ་རི་ཌཱ་ཀི་ནི་ཨ་ཧཾ་ཞེས་བྱིན་གྱིས་བརླབ་པར་བྱའོ། །དེ་བཞིན་དུ་ཡུཾ་ཞེས་བརྗོད ་པག་རོ་ལངས་མའི་མཁའ་འགྲོ་མ་ཀུན་སྤྲོས་ཏེ། སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་ལམ་ལ་བཀོར་ནས་སླར་ལོག་སྟེ་གཅིག་ཏུ་གྱུར་ནས་བྱ་ཁྱུང་གི་གདན་ལ་སོགས་པའི་འདུག་སྟངས་ཀྱིས་འདུག་པ་ཕྱིར་དང་འདྲ་བའི་མདོག་གཞན་རྡོ་རྗེ་མཁའ་འགྲོ་མ ་?་འདྲ་བར་རོ་ལངས་མའི་གཟུགས་བསམས་ཏེ་ཡུཾ་བཏྟཱ་ལཱི་ཨ་ཧཾ་ཞེས་ང་རྒྱལ་བྱའོ། །དེ་ལོ་ན་བཞིན་དུ་ཧཱུཾ་ཞེས་བརྗོད་པས་སྙིང་ག་ནས་སྤྲོས་པའི་ཚུལ་གྱིས་གདོལ་པ་མོའི་མཁའ་འགྲོ་མ་སྤྲོས་ཏེ་སེམས་ཅན་ཐམས་ཅད་ཛི་ལྟར་འདོད་དོན་ཡོངས་སུ ་བསྐངས་ནས་སྨར་ལོག་སྟེ་གཅིག་ཏུ་གྱུར་ཏེ། གདོལ་པ་མའི་གཟུགས་ཇི་ལྟར་སྤྲུལ་པ་ལས་བསྐྱེད་པ་ལ་མཉམ་པར་གཞག་སྟེ། སྐུ་མདོག་ནག་མོ་དང། སྐྲ་དམར་པོ་སིལ་བུར་འདུག་པ། །པུས་མོའི་སྐྱིལ་ཀྲུང་དུ་འདུག་པ་ཐལ་མོ་སྦྱར་པ་སྤྱི་བོར ་བཞག་སྟེ། གཞན་ནི་དྲག་མོ་མཁའ་འགྲོ་མ་དང་འདྲ་བར་བསྒོམས་ཏེ། ཨོཾ་ཙཎྚ་ལི་ཌཱ་ཀི་ནཱི་ཨ་ཧཾ་ཞེས་ང་རྒྱལ་པྱའོ། །དེ་བཞིན་དུ་བྱང་ཤར་མཚམས་སུ་ནི་སྨྲཡུཾ་གིས་བསྐྱེད་བའི་སེང་གེའི་མདོག་ཅན་སྐུ་མདོག་དཀར་པོ་དང་སེར་པོ་དང་གོས་དམར་པོ། ཕྱག་གཉིས ་པའི་གཡས་པ་ཁ་ཊཝཱཾ་ག་གྱེན་དུ་སྒྲེང་བ། གཡོན་སྡིགས་མཛུབ་དང་ཞགས་པ་འཛིན་པ། བདུད་ཐམས་ཅད་སྐྲག་པར་བྱེད་པ། སེང་གེའི་མཁའ་འགྲོ་མ་དེ་ཡུ་སེང་གེའི་གདན་ལ་རོལ་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་བསྒོམ་པར་བྱའོ། །དེ་བཞིན་དུ་ཤར ་ལྷོའི་མཚམས་ན་ཧམྲཡུཾ་གིས་བསྐྱེད་པ་སྟག་མོ་སྐུ་མདོག་དཀར་བ་དང་ནག་མོ་གོས་དམར་པོ་གཡས་པ་ན་ལྕགས་ཀྱུ་གཡོན་པ་ན་ཞགས་པ་འཛིན་པ། གོང་ནས་གསུངས་པའི་གདན་ལ་ཟླུམ་པོའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་བསྒོམ་མོ། །དེ་བཞིན་དུ ་ལྷོ་ནུབ་མཚམས་སུ་ས་བོན་ཡམྲཡུཾ་གིས། བསྐྱེད་པའི་ལྕེ་སྤྱད་མ་སྤྱད་ཀིའི་མགོ་ཅན་མ་སྐུ་མདོག་དཀར་མོ་དང་ནག་མོ། །གོས་དཀར་པོ་དང་ཕྱག་གཉིས་ཀྱིས་ཞགས་པ་དང་དགྲ་སྟ་འཛིན་པ། གོང་དུ་གསུངས་པའི་གདན་ལ་ཕྱེད་ཀྱི་སྐྱིལ་མོ་ཀྲུང་གིས་བཞུགས ་པར་བསྒོམ་མོ། །ནུབ་བྱང་གི་གཡས་མཚམས་ན་ས་བོན་ཀྵཾ་གིས་བསྐྱེད་པའི་འུག་པ་མོ་སྐུ་མདོག་དམོར་མ་དང་སེར་མོ་གོས་དམར་པོ་ཕྱག་གཉིས་ལ་བེ་ཅོན་དང་ཞགས་པ། གོང་དུ་གསུངས་པའི་གདན་ལ་འཇོ་བའི་ཚུལ་དུ་བསྒོམ་པར་བྱའོ། །ཤར་ལ ་སོགས་པའི་སྒོ་བཞི་ལས་པོན་ལུ་ལས་མཁའ་འགྲོ་མ་ས་པོན་ཕེ་ལས་མར་མེ་མ། ཨ་བོན་ཕྲོཾ་ལས་འཇིགས་བྱེད་མ། ས་བོན་ཕྲེཾ་ལས་འཕྲོག་བྱེད་མ། བསྐེད་དེ་གོང་དུ་གསུངས་པའི་གདན་ལ་གོ་རིམས་བཞིན་དུ་གནས་པ་སྐུ་མདོག་དཀར་པོ་དང་སེར་པོ་དང ་དམར་པོ་དང་ནག་པོ་དང། ཕྱག་གཉིས་ཀར་བཅུག་པ་དང། སྤྲི་བོར་ཐལ་མོ་སྤྲར་བ་དང། །བ་དང་སྙིང་གར་ལག་པ་བཞག་པ་དང། གཏུན་ཤིང་འཛིན་པ་རྣམས་ཏེ་སྐྲ་སིལ་བུར་བཏང་བ་མཁའ་འགྲོ་མ་ལ་སོགས་པའི་སྒོ་གསུངས་སྙིང་གནས་སྤྲོས ་ཏེ་བཞག་པར་བྱའོ། །རྡོ་རྗེ་བའི་ཕྱི་རོལ་ན་ས་བོན་ཧ་ཧོ་ཧྲཱིས་བསྐྱེད་པ། །པུཀྐ་སཱི་དང། ཁྲོ་གཉེར་མ་དང། བཏུམ་མོ་བདུད་རྩིའི་སྣོད་ཕྱག་གིས་འཛིན་པ་རྣམས་ཤར་དུ་དགོད་དོ། །ས་བོན་གྷྲིཾ་གྷ་ལས་བསྐྱེད་པ་དྲག་མོ་དང། ། ་ཁྲག་འཐུང་མ་དང། ཤ་ཟ་མ་རྣམས་ལྕགས་ཀྱུ་རྣམ་པ་ལྔས་གང་བའི་པདྨའི་སྣོད་འཛིན་པ་བྱང་དུ་དགོད་དོ། །ས་བོན་ཀུ་རུ་ཀུ་རུ་ལས་བསྐྱེད་པའི་ཁྲོ་མོ་དང། འབར་མ་དང། འཇིགས་མ་རྣམ་གསུམ་གཏོར་མའི་སྣོད་ཕྱག་གིས་འཛིན་པ་ནུབ་ཏུ་དགོང ་དོ། ས་བོན་བཏྟ་ལི་ལས་བསྐྱེད་པའི་ཐོད་ཕྲེང་མ་དང། རྡོ་རྗེ་མ་དང། བུམ་པ་མ་དང་གསུམ་དམ་ཚིག་གི་ཟས་དང་བཏུང་བའི་སྣོད་ཕྱག་གིས་འཛིན་པ་ལྷོར་དགོང་ངོ། །དབང་ལྡན་མཚམས་ལ་སོགས་པའི་གྲཝ་བཞི་ལ་དབང་ལྡན་མཚམས་སུ་ས་བོན་ལཱ ་སྱེ་ཧཱུཾ་དང། སུ་འབྲི་ཡ་གནདྷེ་ཧཱུཾ་གིས་སྒེག་མོ་དང་དྲི་ཆབ་མ་བསྐྱེད། བཀུར་བརྟེན་པའི་ཕྱག་རྒྱ་དང་དྲི་ཆབ་ཀྱི་སྣོད་འཛིན་པའོ། །མེའི་མཚམས་སུ་ས་བོན་ཧཱུཾ་ཧོ(རྒྱུད་འགྲེལ་འཐོང་བའི་མཆོད་པའི་ཕྱག་རྒྱ་དང་བཅས་པའོ། །བདེན་བྲལ་མཚམས་སུ་ས་བོན་ཧཱུཾ་ཧཱུཾ་ཧཱུཾ་དང། སཾ་ལས་བསྐྱེད་པ་དབྱངས་ལེན་མ་དང་སྤོས་མ་བསྐྱེད་དེ་ཁའི་མདུན་དུ་དཀོར་པོ་བསྐུལ་བ་དང་སྤོས་པོར་འཇིན་པའི་ཕྱག་རྒྱ་དང་བཅས་པའོ། །རླུང་གི ་མཚམས་ཀྱི་ས་བོན་ནི་ཧཱུཾ་ནརི་ཏེ་ཧཱུཾ་དང་ཀྵུཾ་ལས་སྐྱེས་པའི་གར་པྱེད་མ་དང་མེ་མར་མ་སྟེ་གར་པྱེད་ཅིང་སྦྱི་བོར་ཐལ་མོ་སྦྱར་བ་དང་མར་མེ་ལག་པས་འཛིན་པའི་ཕྱག་རྒྱ་དང་བཅས་པའོ། །དེ་དག་ཀུན་ཀྱང་དྲི་ཞིམ་པའི་མེ་ཏོག་ཕྲེང་བས་བརྒན་པ། ་བར་གྱི་དཀྱིལ་འཁོར་ཟླུམ་པའི་འཁོར་ལོའི་སྔོན་དུ་དགོད་པར་བྱའོ། །དེའི་ཕྱི་རོལ་གྱི་དཀྱིལ་འཁོར་གྱི་ཤར་སྒོ་ནས་ས་བོན་ཁེ་ཞེས་པས་ནི་ཁྱབ་འཇུག་གོ་།བྱང་གི་ཕྱོགས་སུ་ཨོཾ་ཞེས་པས་སངས་པའོ། །ནུབ་སྒོ་ནས་ས་བོན་ཧཱུཾ་ཞེས་པོས་ལྷ ་ཆེན་པོའོ། །ལྷོ་ཕྱོགས་སུ་ས་བོན་མུ་མུ་ཞེས་པས་བརྒྱ་བྱིན་ནོ། །དབང་ལྡན་གྱི་མཚམས་སུ་ས་བོན་མུ་མུ་ཞེས་པས་དབང་ལྡན་ནོ། །མེའི་མཚམས་ན་ས་བོན་དྷ་ན་ཨ་གྲེ་ཞེས་པས་ནོར་ལྟ་ཀུ་བེ་རའོ། བདེན་བྲལ་མཚམས་ན་ས་བོན་ཁ་ནི་ཞེས་པས་འབྱུང་པོའི ་བདག་པོའོ། །རླུང་གི་མཚམས་ན་ས་བོན་ཕུ་ཕུ་ཞེས་པས་ཆུ་ལྷ་བ་རུ་ཎའོ། །ཤར་གྱི་སྣམ་བུ་ལ་ཨོཾ་གྲུཾ་ཨཱ་སྭཱཧཱ། ཀེང་རུས་འཇིགས་བྱེད་དོ། །ོཾ་གུཾ་ཨ་དྷེ་སྭཱཧཱ་ཁ་ཊཝཱཾ་སྲིན་པོའི་འོ། །ོཾ་གུཾ་ཨཾ་སྭཱཧཱ་ཚོགས་ཀྱི་དབང་ཕྱུག་གོ། །ོཾ་གུཾ་ཡི་སྭཱཧཱ་དྲི་ལ་སྣའོ། ། ་དེ་དག་ནི་མཁའ་འགྲོ་མའི་སྐུ་མདོག་དང་མཐུན་ནོ། །བྱང་གི་སྣམ་བུ་ལ་ཨོཾ་ཙུ་ཨུ་སྭཱཧཱ། གཏུམ་པའི་དབང་ཕྱུག་གོ་།ོཾ་ཙུ་ཨུ་སྭཱཧཱ་བདུན་པའི་ལྟའོ། ། ཛུ་རེ་ཨཱ་ཧཱ་ཚ་བའི་དབང་ཕྱུག་གོ། ཨོཾ་ཛུ་རེ་སྭཱཧཱ་འཇིགས་བྱེད་དོ། །དེ་དག་ནི་མར་མེ་སའི ་སྐུ་མདོག་དང་མཐུན་ནོ། །ནུབ་ཀྱི་སྣམ་བུ་ལ་ཨོཾ་ཏུཾ་ལེ་སྭཱཧཱ་འདོད་པའི་བདག་པོའོ། །ོཾ་ཐ་ལེ་སྭཱཧཱ་ཐ་ན་དེའི་དབང་ཕྱག་གོ། །ོཾ་དུཾ་ཡེ་སྭཱཧཱ། ཅང་ཏེའུའི་རྔ་བཞག་གོ། །ོཾ་ཏུཾ་ཨེ་སྭཱཧཱ་རྔ་ཆེན་འཇིགས་བྱེད་དོ། །དེ་དག་ནི་འཇིགས་བྱད་མའི་སྐུ ་མདོག་དང་མཐུན་ནོ། །ལྷའི་སྣམ་བུ་ལ་ཨོཾ་ཊུཾ་ཨོ་སྭཱཧཱ་པི་ཝང་དབང་ཕྱུག་གོ། ཨོཾ་?་ཨོཾ་སྭཱཧཱ་ད་རོ་ཆེན་པོའོ། །ོཾ་ཌུཾ་ཨོཾ་སྭཱཧཱ་མཆེབ་གཙིགས་པའོ། །ོཾ་ཌཧུཾ་ཨཾ་སྭཱཧཱ། གཞུ་འཛིན་པའོ། །དེ་དག་ནི་འཕྲོག་བྱེད་མའི་སྐུ་མདོག་དང་མཐུན་ནོ ་དེ་རྣམས་ཀྱང་ཕྱག་བཞི་བཞི་སྟེ་ཁ་ཊཝཱཾ་ག་དང་བནདྷ་དང་ལྷ་མོ་ལ་འཁྱུད་པ་དང་དྲིལ་བུ་འཛིན་པ་དང་སྤྱན་གསུམ་དང་ལྡན་པའོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཐོང་པའི་ཕྲེང་བ་བཅིངས་པ་སྟེ་དེ་དག་ནི་ཕྱི་རོལ་གྱི་དཀྱིལ་འཁོར་ལའོ། །དེ་ལྟར ་ལྷ་སོ་སོའི་སྔགས་རེ་རེས་རྫོགས་པའི་སྐད་ཅིག་གིས་ཏིང་ངེ་འཛིན་གྱི་མངོན་སུམ་དུ་དམ་ཚིག་གི་དཀྱིལ་འཁོར་གྱི་ལྷ་ཡོངས་སུ་གང་བར་བསྐྱེད་བར་བྱའོ། །དེ་ཡན་ཆད་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱའོ། །དེ་ནས་ནམ་མཁའ་ཨི་ཁམས ་ཀུན་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་རང་བཞིན་རྡུལ་ཕྲ་རབ་ཀྱི་གཟུགས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་ལ་སོགས་པ་ཐམས་ཅད་རྩོམ་པ་རྣམས་ཀྱི་སྔགས་དང་ཕྱག་རྒྱའི་རིམ་པ་འདིས་བྱའོ། །ཏིལ་དང ་ནས་དང་འབྲས་ཡོས་དང་མེ་ཏོག་དཀར་པོ་དང་དྲི་ཆུ་དང་བསྲེས་པའོ། །འོ་མས་གང་བ་འབྱོར་བ་གསེར་ལ་སོགས་པ་ཡོན་ཆབ་ཀྱི་སྣོད་རང་གི་ས་བོན་གྱི་གློར་བཞག་སྟེ་སྔགས་བཟླས་ཏེ་ས་བོན་ལ་གནས་པར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས ་ཏེ། ས་གདུགས་དང་ནི་དཀར་པོ་སྤྲེལ། །དཀར་པོ་ལྕགས་ཀྱུ་ཞེས་བྱ་བའི་དམ་ཚིག་གི་འགུགས་པའོ། །ོཾ་བཛྲ་ཨཾ་ཀུ་ཤ(རྒྱུད་འགྲེལ་དྲི་མ་གསུམ་བསྒྲང་ནས། །དྲི་མ་གསུམ་གྱི་ཚིགས་གསུམ་ལ་གི་ཝང་བསྐུག་ནས་གནས་པར་བྱའོ། །ོཾ་ཨཱ་ཀརཥ་ནི་ཧཱུཾ་ཕཊ་ཅེས་བྱ་བའི་ཕྱག་རྒྱ་དང་སྔགས་ཀྱི་འཇིག་རྟེན་པའི་ལྷ་ཐམས་ཅད་དགུག་པར་བྱའོ། །གོང་མ་བཞིན་དུ་མཆོད་ཡོན་དབུལ་བར་བྱའོ། ། ་དེ་ནས་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། དཀར་པོ་དང་གི་ཝང་སྤྲེལ་ལ། ཨོཾ་སྨྲཡུཾ། སྭཱཧཱ་སེང་གེ་མའི་སྔགས་དང་ཕྱག་རྒྱས་བགེགས་བསྐྲད་པར་བྱའོ། །དེ་ནས་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། རྒྱ་བ་དང་རྒྱབ་ཏུ་ཡང་སྦྱར་ནས། །བཛྲ་སཕོ་ཊ་བཾ་ཞེས་ལྕགས ་སྒྲོག་གི་ཕྱག་རྒྱ་དང་སྔགས་ཀྱིས་སྒོ་བཅིང་བར་བྱའོ། །དེ་ནས་ཡེ་ཤེས་མཁའ་འགྲོ་མའི་དམ་ཚིག་གི་ཕྱག་རྒྱ་ཟླ་བ་དང་ཉི་མ་ཁ་སྦྱར་ནས་པདྨ་ཁ་བྱེ་བའི་ཚུལ་དུ་བྱའོ། །ོཾ་ཏིཥྛ་ཨཱ་ས་ན་ཧཱུཾ་སྭཱཧཱ་སྔགས་དང་ལྡན་པས་ལྷ་ཐམས་ཅད་གདན་ལ་བཞུགས ་པར་བྱའོ། །དེ་ནས་རིམ་པ་འདིས་ཕྱག་རྒྱ་བཞི་བསྟན་པར་བྱ་སྟེ། རང་གི་སྙིང་གར་རྡོ་རྗེ་རྩེ་ལྔ་པ་བསམས་ཏེ། ཨོཾ་ཡོ་གྷཾ་པ་ར་དྲི་ཤྱ་ཛ(རྒྱུད་འགྲེལ་གཉིས་ཀ་ལུ་གུ་བརྒྱུད་དུ་ནི། །ལྷག་མ་བ་དན་ཚུལ་དུ་བྱ། །དྲི་མ་གསུམ་དང་དུང་པར་སྦྱར། །རྩེ་མོ་རྔ་པོ་རྡོ་རྗེ་འཛིན། །སྙིང་པོའི་སྔགས་དེ་རྣལ་འབྱོར་ནམ་མཁའ་བྱིན་གྱིས་བརླབ་པའི་སྔགས་དང་ཕྱག་རྒྱའོ། །ོཾ་ཧཱུཾ་ཨ་སྭཱཧཱ་རྣལ་འབྱོར་ནམ་མཁའ་ཨི་དམ་ཚིག་གི ་སྔགས་སོ། །ད་ནས་ཉི་མ་ཟླ་བའི་སྙིམ་པར་བྱས་ཏེ། པདྨའི་ཚུལ་གྱི་རྣམ་པར་ཕྱེ་བར་བྱ་སྟེ། ཨོཾ་ཨཱ(རྒྱུད་འགྲེལ་སྭཱཧཱ། རྡོ་རྗེ་མའི་སྔགས་དང་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་གཉིས་བཅིངས་ཏེ། །གཉིས་ཀ་རྒྱབ་གཉིས་སྤྱར་བར་བྱ། །ོཾ་ཀྵུཾ་སྭཱཧཱ་དྲག་མོའི་སྔགས་དང་ཕྱག་རྒྱའོ། །ཁུ་ཚུར་གཉིས་ནི་སྦྲེལ་ནས་སུ། །ཁ་ཡི་ཕྱོགས་སུ་དགྲོལ་བར་བྱ། །ོཾ་ཡུ་སྭཱཧཱ་རོ་ལངས་མའི ་སྔགས་དང་ཕྱག་རྒྱའོ། །ཁུ་ཚུར་དམ་པོར་གཉིས་བཅིངས་ཏེ། །དཀར་པོ་གི་ཝང་བསྒྲེངས་ནས་སུ། །རྩེ་དང་རྩེ་མོ་སྤྲད་བྱས་ཏེ། །རིན་ཆེན་ཚུལ་དུ་སྦྱར་བར་བྱ། །ོཾ་ཧཱུཾ་སྭཱཧཱ། གདོལ་པ་མོའི་སྔགས་དང་ཕྱག་རྒྱའོ། །མདུན་དུ་ལག་པ་གར་བྱས་ནས། ། ་ཕྱག་རྒྱ་ཐམས་ཅད་བཅིངས་པར་བྱ། །རྡོ་རྗེ་ཁུ་ཆུར་གཉིས་བཅིངས་ཏེ། །དཀར་པོ་གི་ཝང་སྦྲེལ་བར་བྱ། །ོཾ་སྨྲཡུཾ་སྭཱཧཱ་སེང་གེ་མའི་སྔགས་དང་ཕྱག་རྒྱའོ། །དེ་ཡི་ཕྱག་རྒྱ་དམ་བཅིངས་ཏེ། །དུད་པ་དྲི་མ་གསུམ་བསྒྲེང་ངོ། །ོཾ་ཧམྲཡུཾ་སྭཱཧཱ་སྟག་མོའི་སྔགས་དང ་ཕྱག་རྒྱའོ། །དེ་ཡིས་ཕྱག་རྒྱ་བརྟན་བཅིངས་ཏེ། །ས་གདུགས་དང་ནི་པདྨ་སྤྲེལ། །ོཾ་ཡམྲཡུཾ་སྭཱཧཱ་ཅེ་སྦྱང་མའི་སྔགས་དང་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །ཕན་ཚུན་ལན་གསུམ་གདབ་པར་བྱའོ། །ོཾ་ཀྵྨརྱུཾ་སྭཱཧཱ་འུག་པའི་སྔགས་དང་ཕྱག ་རྒྱའོ། །གང་གི་ལྷ་མོ་དགུ་རྣམས་ནི། །སྙིང་པོ་ཕྱག་རྒྱ་སྔགས་བཞིན་དུ། །རྡོ་རྗེ་ཕྲེང་བའི་ཕྱི་རོལ་ཏུ། །ལྷ་མོའི་ཕྱག་རྒྱ་དེ་བཞིན་ནོ། །ཟླ་བའི་ལག་པ་ཕྱེ་ནས་སུ། །རྣམ་ཤེས་འཇིགས་པ་སྦྱར་བར་བྱ། །གཉིས་པ་རྩེ་མོ་ཁ་སྤྲད་བ། །བདུད་རྩིའི་ཆུ ་ཡི་སྟེང་དུའོ། །ོཾ་ཧ་ཧོཾ་ཧྭཱི་སྭཱཧཱ། ཤར་གྱི་རྣལ་འབྱོར་མ་རྣམས་ཀྱི་སྔགས་དང་ཕྱག་རྒྱའོ། །ཟླ་བའི་ལག་པ་ཕྱེ་ནས་སུ། །སྟེང་དུ་ཉི་མ་བསྟིམ་པར་བྱ། །ོཾ་ཤྲཱི་གྷྲཾ་སྭཱཧཱ་བྱང་ཕྱོགས་ཀྱི་རྣལ་འབྱོར་མ་རྣམས་ཀྱི་སྔགས་དང་ཕྱག ་རྒྱའོ། །རྡོ་རྗེ་ཐལ་མོ་བསྟན་བཅིངས་ཏེ། །ཉི་མ་ཟླ་བ་རྣམ་པར་ཕྱེ། །ོཾ་ཀུ་རུ་ཀུ་རུ་སྭཱཧཱ། །ནུབ་ཕྱོགས་ཀྱི་རྣལ་འབྱོར་མ་རྣམས་ཀྱི་སྔགས་དང་ཕྱག་རྒྱའོ། །ཟླ་བ་ཉི་མ་ཕྱེ་ནས་སུ། །རྒྱབ་དང་རྒྱབ་ཏུ་སྤྲད་པར་བྱ། །རྩེ་མོ་གཉིས་ཀ་ཁ་སྤྲད་དེ། །ལྟ ་མོ་རྣལ་འབྱོར་མ་གསུམ་སྟེ། །ོཾ་བཏྟཱ་ལི་བཏྟཱ་ལི་ཧཱུཾ་སྭཱཧཱ་ལྷོའི་རྣལ་འབྱོར་མ་རྣམས་ཀྱི་སྔགས་དང་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །སྟ་ཟུར་གཉིས་སུ་བཞག་པར་བྱ། །ོཾ་ཧཱུཾ་སྭཱཧཱ་སྒེག་མོའི་འོ། །གཡོན་གྱི་ལག་པ་ཕྱེ་ནས་སུ། །འཇིགས ་པ་རྣམ་ཤེས་སྦྱང་བར་བྱ། །ཉི་མ་ཀུན་གྱིས་བཟུང་བ་ནི། །དུང་གི་ཕྱག་རྒྱ་ཇི་བཞིན་ནོ། །ོཾ་སུ་པྲི་ཡ་གནདྷE་སྭཱཧཱ་དྲི་ཆབ་ཀྱི་སྔགས་དང་ཕྱག་རྒྱའོ། །དབང་ལྡན་མཚམས་ནའོ། །པི་ཝང་ཚུལ་གྱིས་པི་ཝང་སྟེ། །ོཾ་ཧཱུཾ་ཧོ(རྒྱུད་འགྲེལ་ཕྱག་རྒྱའོ། །ལག་པ་གཉིས་ཀྱི་ཐལ་མོ་སྦྱར། །བསྐོར་ཞིང་གྱེན་དུ་གཏོར་བར་བྱ། །ོཾ་སྲཾ་སྭཱཧཱ་མེ་ཏོག་མའི་སྔགས་དང་ཕྱག་རྒྱའོ། །མེའི་མཚམས་ནའོ། །རྡོ་རྗེ་ཁུ་ཚུར་བཅིངས་ནས་སུ། །ཁུ་ཚུར་བཅིངས་པ་དཀར་པོ་ནི། །བསྒྲེངས་ནས་ཁ་ཡི་མདུན ་དུ་བསྐུལ། །ོཾ་ཧཱུཾ་ཧཱུཾ་ཧཱུཾ་སྭཱཧཱ་དབྱངས་མཁན་མའི་སྔགས་དང་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་དམ་བཅིངས་ཏེ། །མཁྲིག་མ་ཟླ་བས་གཟུང་བར་བྱ། །ོཾ་ཨི་སྭཱཧཱ་སྤོས་མའི་སྔགས་དང་ཕྱག་རྒྱའོ། །བདེན་བྲལ་མཚམས་ནའོ། །ཡེ་ཤེས་དཀར་པོ ་སྦྱར་ཏེ་སྤྱི་བོར་བརྐྱང། །རྣམ་ཤེས་གི་ནང?་སྦྱར་ཏེ་དཀུ་རུ་བརྐྱད། །ོཾ་སུ་ནི་དྱེ་སྭཱཧཱ། གར་མཁན་མའི་སྔགས་དང་ཕྱག་རྒྱའོ། །ཉི་མ་ཁུ་ཚུར་བཅིངས་ནས་སུ། །ཡེ་ཤེས་གྱེན་དུ་བསྒྲེང་བར་བྱ། །ོཾ་ཀྵུཾ་སྭཱཧཱ་མར་མེའི་སྔགས་དང་ཕྱག་རྒྱའོ། ། ་གཡས་ཀྱི་སྟ་ཟུང་མཚམས་སུ་ནི། །ཟླ་བའི་ལག་པ་བརྐྱང་པར་བྱ། །བསྒྲེང་ནས་གཡོན་གྱི་ཕྱག་ན་བསྣམས། །ོཾ་ནྱེ་དྷེ་སྭཱཧཱ་རླུང་མཚམས་སུའོ། །ཉི་མའི་ལག་པ་ཁར་བཅུག་སྟེ། །ཧཱ་ཧཱ་གད་སྒྲོགས་བཞད་བྱེད་པ། །ོཾ་ཕུཾ་ཕུ་སྭཱཧཱ་མཁའ་འགྲོ་མའི་སྔགས ་དང་ཕྱག་རྒྱའོ། །ཐལ་མོ་སྤྱི་བོར་བཞག་པ་ནི། །ོཾ་ཕེཾ་ཕུ་སྭཱཧཱ་བྱང་གི་འབར་བྱེད་མའི་སྔགས་དང་ཕྱག་རྒྱའོ། །ཡི་དགས་ཐལ་མོ་ཁར་བཅུག་སྟེ། །ོཾ་ཕྲོཾ་ཕུཾ་སྭཱཧཱ་ནུབ་ཀྱི་འཇིགས་བྱེད་མའིའོ། །ཟླ་བའི་ཁུ་ཚུར་དམ་བཅིངས་ཏེ། །རྣ་བའི་རྩལ་སྦྱར་བར ་བྱ། ཨོཾ་ཕེཾ་ཕུ་སྭཱཧཱ་ཏཱུ་ལྟོར་འཕྲོག་བྱེད་མའིའོ། །ཕྱག་རྒྱ་ཐམས་ཅད་སོ་སོ་རུ། །སྙིང་པོ་སྔགས་དང་སྦྱར་བར་བྱ། །ཐམས་ཅད་ལྷ་མོ་རྣལ་འབྱོར་མ། །རྡོ་རྗེ་སྒྲོག་གིས་བསྟན་པར་བྱ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །རྒྱབ་དང་རྒྱབ་ཏུ་སྦྱར་བར་བྱ། ། ་ཨོཾ་བཛྲ་སཕོ་ཊ་བཾ་རྡོ་རྗེ་ལྕགས་སྒྲོག་གི་སྔགས་དང་ཕྱག་རྒྱའོ། །མདའ་བཀང་པ་ཡི་ཚུལ་དུ་ནི། །རྣ་བར་མདའའདྲེན་ཐུགས་བསྐུལ་ལོ། །ོཾ་ཁྲུཾ་སྭཱཧཱ་མདྲེན་པའི་སྔགས་དང་ཕྱག་རྒྱའོ། །འཁྱུད་དང་ནུ་མ་འཛིན་པ་ནི། །དབག་གི་ལག་པ ་གཉིས་ཀྱིས་གཟུང། །ོཾ་སུ་པྲི་ཡ་ཏེ་མེ་ཧཱུཾ་སྭཱཧཱ་ནུ་མ་འཛིན་པའི་སྔགས་དང་ཕྱག་རྒྱའོ། །ཉི་མའི་ལག་པ་ཕྱེ་བས་ཏེ། །དཀར་པོ་ཡེ་ཤེས་སྦྱར་བར་བྱ། །དེ་ཡི་དུད་པ་ལ་སོགས་བསྒྲེང། །རྡོ་རྗེ་ཕྱག་རྒྱ་བསྟན་པར་བྱ། །ོཾ་ཧཱུཾ་སྭཱཧཱ་རྡོ་རྗེའི ་སྔགས་དང་ཕྱག་རྒྱའོ། །དེ་ཉིད་ཟླ་བ་སྦྱར་བྱས་ནས། །དྲིལ་བུའི་ཕྱག་རྒྱར་རབ་ཏུ་གྲགས། །ོཾ་ཨཾ་སྭཱཧཱ་དྲིལ་བུའི་སྔགས་དང་ཕྱག་རྒྱའོ། །སྙིང་གར་ཉི་མ་ཟླ་བ་སྦྱར། །པད་མ་ས་གདུགས་བསྐྱོང་བྱས་ནས། །གསང་བའི་གནས་སུ་སྦྱང་བར་བྱ། །ཱ ་ལིའི་ཕྱག་རྒྱད་གྲགས་པ་ཡིན། །ོཾ་ཨ་སྭཱཧཱ། ཨཱ་ལིའི་སྔགས་དང་ཕྱག་རྒྱའོ། །ཁུ་ཚུར་བྱས་ནས་ཨོཾ་བསྒྲེང་ནས། །ོཾ་ཁེ་སྭཱཧཱ་ཤར་གྱི་ཁྱབ་འཇུག་གིའི་འོ། །ཁུ་ཚུར་སྙིང་གར་བསྐུལ་བྱེད་ཅིང། །ོཾ་ཨཾ་སྭཱཧཱ་བྱང་གི་ཚངས་པའིའོ། །བ་དན ་གསུམ་ནི་གྱེན་བསྒྲེང་ན། །ོཾ་ཧཱུཾ་སྭཱཧཱ་ནུབ་ཀྱི་དྲག་པོའིའོ། །ཟླ་བའི་གི་ཝང་བསྒྲེང་པ་ལ། །ཉི་མའི་ལག་པ་ཕྱེད་ནས་སུ། །ོཾ་མུ་མུ་སྭཱཧཱ་ལྷོའི་གདུགས་འཛིན་པའི་འོ། །ཁུ་ཚུར་བཅིངས་ནས་དཔྲལ་བ་ནས། །དུད་པ་དཀར་པོ་བཤིབས ་ནས་ཀྱང། །ོཾ་མུ་མུ་ཧཱུཾ་སྭཱཧཱ་དབང་ལྡན་མཚམས་ནས་དབང་ལྡན་གྱིའོ། །ཁུ་ཚུར་གཉིས་ནི་གཤིབས་ནས་སུ། །དཀར་བོའི་གི་ཝང་བསྒྲེང་བྱས་ནས། །རྩེ་དང་རྩེ་རུ་ཁ་སྤྲད་དེ། །རིན་ཆེན་ཚུལ་དུ་སྦྱར་བར་བྱ། །ོཾ་ནཱ་དཱ་གྲེ་ཧཱུཾ་སྭཱཧཱ་མེའི་མཚམས ་ན་ཀུ་བེ་རའོ། །ཁུ་ཚུར་བྱས་ནས་དཀར་པོ་བསྒྲང། །ོཾ་ཁ་དེ་ནི་ཧཱུཾ་ཕཊ་བདེན་བྲལ་གྱི་མཚམས་ན་འབྱུང་པོའི་བདག་པོའི་འོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །དུད་པ་དཀར་པོ་བསྒྲེང་བར་བྱ། །ོཾ་བྷུར་བྷུ་བ་སྭཱཧཱ། རླུང་གི་མཚམས་ན་བ་རུ ་ཎ་འོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །དུང་པ་དྲི་མ་གསུམ་བསྒྲེང་ནས། །རྩེ་དང་རྩེ་མོ་ཁ་སྤྲད་དེ། །སེམས་མ་རྡོ་རྗེར་རབ་ཏུ་གྲགས། །ཕྱག་རྒྱ་དེ་ནི་ཀེང་རུས་འཇིགས་བྱེད་ལ་སོགས་པ་རྣམས་ཀྱི་ཐུན་མོང་དུ་བསྟན་པའོ། །སྔགས་ནི་རང་རང ་གི་སྔགས་བརྗོད་དེ་ཤེས་པར་བྱའོ། །ོཾ་ཀུཾ་ཨ་སྭཱཧཱ་ཀེང་རུས་འཇིགས་བྱེད་ཀྱིའོ། །ོཾ་ཁུཾ་ཨ་སྭཱཧཱ་ཁ་དང་སྲིན་པོའི་འོ། །ོཾ་གུཾ་ཨི་སྭཱཧཱ་ཆོགས་ཀྱི་དབང་ཕྱུག་གིའོ། །ོཾ་གཾ་ཨི་སྭཱཧཱ་དྲིལ་བུའི་རྣ་མའི་འོ། །ོཾ་ཙུཾ་ཨུ་སྭཱཧཱ་གཏུམ་མོ་དབང ་ཕྱུག་གིའོ། །ོཾ་ཅུཾ་ཨུ་སྭཱཧཱ། བདུན་པའི་ལྷའིའོ། །ོཾ་ཛུ་རི་སྭཱཧཱ་ཆེ་བའི་དབང་ཕྱུག་གོ་།ོཾ་ཛུ་རཱི་སྭཱཧཱ་ཧཱུཾ་སྒྲ་འབྱིན་བྱེད་དོ། །ོཾ་ཏུཾ་ལི་སྭཱཧཱ་འདོད་པ་དྲག་པོའི་འོ། །ོཾ་ཐུཾ་ལཱི་སྭཱཧཱ་ཐན་ལེ་དབང་ཕྱུག་གིའོ། །ོཾ་དུཾ་ཨེ་སྭཱཧཱ་ཅང་ཏེའུའི་ཕྱི་བཞག ་གིའོ། །ོཾ་ཐུཾ་ཡཻ་སྭཱཧཱ་རྔ་ཆེན་འཇིགས་བྱེད་ཀྱིའོ། །ོཾ་ཏུཾ་ཨོཾ་སྭཱཧཱ་པི་ཝང་དབང་ཕྱུག་གིའོ། །ོཾ་ཐུཾ་ཨོཾ་སྭཱཧཱ་ང་རོ་ཆེན་པོའི་འོ། །ོཾ་དུཾ་ཨོཾ་སྭཱཧཱ་མཆེ་བ་རྣམ་པར་གཙིགས་པའི་འོ། །ོཾ་དུཾ་ཨ(རྒྱུད་འགྲེལ་གི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ། །ཆོས་ཀྱི་ཕྱག་རྒྱ་ནི་ལྷ་དང་རང་གི་ལྕེའི་པད་མའི་འདབ་མ་ལ་དེའི་དབུས་སུ་རང་གི་སྔགས་ཀྱི་ཡི་གེ་རྣམ་པར་བསྒོམ་པར་བྱའོ། །དེ་ནི་ཆོས་ཀྱི་ཕྱག་རྒྱའོ། །ལས་ཀྱི་ཕྱག་རྒྱ་ནི་སྔོན་བཞིན་དུ་བཅིང་བ་གོང་མ་དང་འདྲ་སྟེ། ལྷ་དང ་རང་གི་ཐུགས་ཁར་ཡི་གེ་ཨ་ལས་རྡོ་རྗེ་རྒྱ་གྲམ་བསམས་ཏེ་ཕྱག་མཚན་མེད་པར་འཆིང་བ་ནི་ལས་ཀྱི་ཕྱག་རྒྱའོ། །ཕྱག་མཆེན་དེ་ཁོ་ན་ཕྱག་མཚན་དང་ལྡན་པར་བྱ་སྟེ། །རྣལ་འབྱོར་ནམ་མཁའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ཡིན་ནོ། །དེ་ནས་རྣལ་འབྱོར་ནམ་མཁའ་ཨི ་དཀྱིལ་འཁོར་གྱི་ལྷ་རྣམས་ལ་སྒེག་མོ་ལ་སོགས་པ་མཆོད་པ་བརྒྱད་ཀྱིས་རིམ་པ་བཞིན་དུ་མཆོད་དེ་ཟླ་བ་ཉི་མའི་ལག་པ་ཕྱོ་སྟེ། །དུད་པ་དྲི་མ་གསུམ་བསྒྲེང་སྟེ། །ཕྱག་རྒྱ་དེས་ནི་ཡོན་ཆབ་དབུལ་ལོ། །ོཾ་ཨརྒཾ་པྲ་ཏཱིཙྪ་ཨརྒ་ཧཱུཾ་སྭཱཧཱ་ཡང་མེ་ཏོག་ལ ་སོགས་པས་མཆོད་དོ། །པྲ་བ་ར་ས་ཏཀཱ་ར་པཀྲ་ཏཱིཙྪ་སྭཱཧཱ་དེ་ནས་གོང་མ་བཞིན་དུ་དྲིལ་སོགས་བས་མཆོད་དེ་མཆོད་པ་ཉི་ཤུ་བས་ཀྱང་རིམ་པ་འདིས་མཆོད་པར་བྱའོ། །དེ་ལ་ཉི་ཤུ་འདི་ལྟ་སྟེ། །སོ་སོ་རེ་རེ་གར་བྱས་ནས། །སྔོན་དུ་སྒེག་པ་ལ་སོགས་པ ་བཅིང་ངོ། །དེ་ནས་པི་ཝང་གི་ཚུལ་དང་གླིང་བུའི་ཚུལ་དང། དུང་གྱི་ཚུལ་དང། ཕྱག་འཚལ་བའི་ཚུལ་དང། རྒྱལ་མཚན་གྱི་ཚུལ་དང། བླ་བྲེའི་ཚུལ་དང། འཕན་གྱི་ཚུལ་དང། གདུགས་གྱི་ཚུལ་དང། རྡ་བརྡུང་བའི་ཚུལ་དང། རྡ་པ་ཊ་ཧ་བརྡུང་བའི ་ཚུལ་དང། གར་བྱེད་པའི་ཚུལ་དང། རྒོད་པའི་ཚུལ་དང། འགྱིང་པའི་ཚུལ་དང། ཁྲོ་བའི་ཚུལ་དང། མདའའཕང་བའི་ཚུལ་དང། རྡོ་རྗེ་གསོར་བའི་ཚུལ་དང། ནུ་མ་འཚིར་བའི་ཚུལ་དང། ཐལ་མོ་སྦྱོར་བའི་ཚུལ་ལོ། །སྔགས་ནི་ཀུན་ལ་ཧཱུཾ་སྦྱར་བར ་བྱའོ། །རྡོར་དྲའི་ཆོས་སུ་གཟུང་བར་བྱའོ། །ོཾ་གྷཎྜ་ར་ཎི་ཏ་སཾ་པྲ་ར་ཎི་ཏ་སརྦབ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏེ་པྲཛྙཱ་པཱ་ར་མི་ཏཱ་ནཱ་ད་སྭཱ་བྷཱ་ཧཱུཾ་ཧཱུཾ་ཧཱུཾ་ཧོ(རྒྱུད་འགྲེལ་གྲོལ་བའི་ཞལ་གསུམ་པ། །འགྱིད་བག་ཁྲོ་བོ་རྒོད་པ་དེ་བཞིན་སྤྱན་ཡང་གསུམ། །ཀླུ་དབང་ནོར་བུའི་འོད་མདོག་ཤིན་ཏུ་མཛེས་པའི་སྐུ། །ཕྱག་མཚན་དྲུག་གིས་མཆེན་པའི་ཕྱག་མཆོག་དྲུག་།ཁ་ཊཝཱཾ་ལྷུང་བཟེད་རལ་གྲི་དགྲ ་སྟ་རྡོ་རྗེ་དྲིལ་བུ་འཛིན། །ཧ་ཧ་ལ་སོགས་གད་སྒྲོགས་དམྱལ་བའི་ལང་ལིང་གཅོད་བྱོད་པ། །ཐར་པར་ཕྱིན་པའི་སྲིད་པའི་རང་བཞིན་སྐྱེ་བའི་མཆོག་།ཡེ་ཤེས་མཁའ་འགྲོ་མ་ཁྱོད་ཞབས་གཉིས་ཕྱག་འཚལ་བསྟོད། །དཔལ་ལྡན་སངས ་རྒྱས་མི་གཟུགས་མཛེས་པའི་སྐུ་མདོག་དཀར་བའི་སྐུ། །བྱང་ཆུབ་སེམས་ཀྱི་བདུད་རྩི་དམ་པས་གང་བའི་སྣོད་འཛིན་པ། །མགོན་མེད་སེམས་ཅན་ཀུན་དོན་དཀོན་མཆོག་གསུམ་སྐྱབས་མཛད། །རྡོ་རྗེ་མཁའ་འགྲོ་མ་ཁྱོད་ཞབས་ལ་བདག་ཕྱག་འཚལ། ། ་དཔལ་ལྡན་རིན་ཆེན་སྤྱི་གཟུགས་ཤིན་ཏུ་གསེར་མདོག་སྐུ། །ཁ་ཊཝཱཾ་བདུད་རྩི་དམ་པས་བཀང་བའི་ལྷུང་བཟེད་འཛིན། །སྡུག་བསྔལ་སེམས་ཅན་མང་པོ་ཚིམ་པར་བྱེད་པའི་སྐུ། །དྲག་མོ་མཁའ་འགྲོ་མ་ཁྱོད་ཞབས་གཉིས་ལ་ཕྱག་འཚལ། །དཔལ་ལྡན ་ཆོས་ཀྱི་སྤྱི་གཟུགས་པད་མ་རཱ་གའི་མདོག་།ཁ་ཊཝཱཾ་ཡར་བསྒྲེང་དྲག་མོའི་རོ་ཅན་འཛིན་པ་པོ། །ཀུན་འགྲོ་ལ་སོགས་སྲིད་པའི་འཆིང་བ་བཅོད་བྱེད་མ། །རོ་ལངས་མཁའ་འགྲོ་མ་ཁྱོད་ཞབས་གཉིས་ལ་ཕྱག་འཚལ། །དཔལ་ལྡན་ལས་ཀྱི་སྤྱི་གཟུགས་མདོག ་ལྗང་དོན་ཡོད་གཟུགས། །ཁ་ཊཝཱཾ་དྲག་པོ་མི་ཡི་ཐོད་པ་སར་པ་འཛིན། །འདོད་པའི་ཉོན་མོངས་སྲིད་པའི་འཆིང་བྱེད་གཅོད་བྱེད་མ། །གདོལ་བའི་མཁའ་འགྲོ་མ་ཁྱོད་ཞབས་གཉིས་ལ་ཕྱག་འཚལ། །དཔལ་ལྡན་སེང་གེ་མ་དང་སྟག་མོ་ཅེ་སྤྱད་འུག་མགོ ་མ། །སྡིགས་མཛུབ་ཞགས་པ་དང་ནི་དགེ་བའི་ལྕགས་ཀྱུ་དགྲ་སྟ་ཅན། །དམྱལ་བའི་སྡུག་བསྔལ་མང་པོ་ཐམས་ཅད་གཅོད་མཛད་མ། །སྤྲུལ་པའི་སྐུ་རྣམས་ཁྱེད་ཀྱི་ཞབས་གཉིས་ལ་ཕྱག་འཚལ། །མཁའ་འགྲོ་མར་མེ་འཇིབ་བྱེད་འཕྲོག་བྱེད ་ཁྱེད་རྣམས་ནི། །མཆོག་ཏུ་ས་རྣམས་སྲུང་བར་བྱེད་པོ་དྲག་པོ་རྣམས། །སྡང་བ་གདུལ་དཀའ་གཞན་གྱི་རིག་པ་གཅོད་པ། །ལྷ་ཡི་མཁའ་འགྲོ་མ་ཀུན་ཞབས་གཉིས་ལ་ཕྱག་འཚལ། །སྒེག་མོ་ཡིད་དགའ་ཡིད་འོང་ཕྲེང་བ་དབྱངས་ལེན་མ། །གར་སོགས ་དབྱངས་སྒྲར་གར་གྱི་ཡན་ལག་དགུ། སྣ་ཚོགས་རྣམ་བཀོད་མེ་ཏོག་མཆོག་གི་སྤོས་རྣོ་པ། །ཡེ་ཤེས་སྣང་བ་མར་མེ་དྲི་ཞིམ་ཞིང། །དབང་པོ་དབང་མཆོག་རྣལ་འབྱོར་མ་ཡི་འཁོར་ལོ་ནི། །སྦྱོར་བཤིན་ཏུ་སྦྱོར་བ་ཆེན་པོ་ལ། །ལུས་ངག་ཡིད ་ཀྱིས་ཆགས་པས་ནན་ཏན་དྲག་ཏུ་ནི། །དཔལ་ལྡན་གསང་བའི་གདན་མཆོག་མཆོད་ནས་ཕྱག་འཚལ་ལོ། །དཔལ་ལྡན་དེ་ཉིད་རྒྱལ་པོ་དམ་པ་དབང་ཕྱུག་གི་གཟུགས་ཀྱི། །དཔལ་ལྡན་གསང་བའི་གདན་མཆོག་འོད་ཟེར་རབ་འབར་བ། །དཔལ་ལྡན་རྡོ་རྗེ ་དྲིལ་བུ་དཀྲོལ་སྤྱོད་དེ་བཞིན་ཉིད། །དཔལ་ལྡན་ཡེ་ཤེས་བརྟེན་པའི་དབང་ཕྱུག་ལོངས་སྤྱོད་འདུད། དེ་ལྟར་བསྟོད་པ་བྱས་ནས་དྲིལ་བུ་དཀྲོལ་བར་བྱའོ། །ོཾ་ཤུདྡྷོ་མ་མ་ཧཱུཾ་ཨ་ཨ་ཨ་ཨོཾ་སྭཱཧཱ། དེ་ནས་ཐམས་ཅད་སྦྱོར་བ་བཞི་ལ་སོགས་པའི་སྦྱོར་བ་ཆེན ་པོའི་བར་དུ་ཆོས་ཐམས་ཅད་བདག་མེད་པའི་རང་བཞིན་དུ་བསྒོམ་པར་བྱའོ། །ཇི་སྲིད་མི་སྐྱོའི་བར་དུའོ། །སྐྱོ་བར་གྱུར་ན་གོང་མ་བཞིན་དུ་མཆོད་པ་ཐམས་ཅད་ཀྱིས་མཆོད་ནས་རིམ་པ་འདིས་གཏོར་མ་ཡང་དབུལ་བར་བྱའོ། །དང་པོར་དཀྱིལ་འཁོར ་མདུན་དུ་བྱས་ནས་ཕྱག་རྒྱ་འདིས་དགུག་པར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །རྒྱབ་དང་རྒྱབ་ཏུ་སྦྱར་བར་བྱ། །ས་གདུགས་པད་མས་དཀྲིས་ནས་སུ། །དཀར་པོ་གི་ཝང་བསྒྲེང་བར་བྱ། །དཀར་པོ་དགུག་ནས་འདྲེན ་པ་ནི། །ལྷ་རྣམས་འགུགས་པའི་དམ་པའོ། །དགུགས་པ་དམ་ཚིག་གི་ཕྱག་རྒྱ་དམ་པའོ། །ོཾ་པཏྟཱ་ལི་མཧཱ་བཏྟཱ་ལ་ཧཱུཾ་ཧཱུཾ་ཧཱུཾ་སྭཱཧཱ། དགུག་པའི་དམ་ཚིག་གི་སྔགས་སོ། །དེ་ནས་ཡོན་ཆབ་དང་ཁྲུས་ཆབ་དབུལ་ལོ། །དྲི་དང་མེ་ཏོག་དང་སྤོས་དང་འབྱོར ་པ་ཇི་བཞིན་དུ་བརྟེན་པ་ཟས་ལྕགས་ཀྱུ་ལྔ་ལ་སོགས་པ་དང། །ཟན་དང་སྲན་མ་ལ་སོགས་པ་དང་ཉ་སྐམ་པོ་དང་བྱིས་ཀྱུ་དང་ལྡན་པའི་གཏོར་མའི་སྣོང་ལ་ལག་རེག་པས་སྔགས་འདི་བཟླས་པས་གཏོར་མ་སྦྱིན་ནོ། །ོཾ་ཤིང་གཅིག་དང ་ནི་དུར་ཁྲོད་དང། །རི་བྲག་དང་ནི་ཕྱུགས་ཀྱི་ས། །ཡུལ་གྱི་མདོ་དང་ལམ་གྱི་གཞི། །ཁྱད་པར་དུ་ནི་ཁྱིམ་སྟོང་དང། །སྣོད་དང་ཐང་དང་ས་སྟེང་དང། །ཁྱད་པར་གདོལ་བའི་ཁྱིམ་གནས་དང། །ནག་པོ་དྲག་པོ་དྲག་ཆེན་པོ། །ལྷ་མིན་མཉམ་དུ་བརྟེན ་པ་དང། །ནག་པོ་གཅིགས་བྱེད་འཇིགས་བྱེད་པ། །དགའ་ལས་འདས་དང་བགེགས་རྒྱལ་པོ། །དགའ་བྱེད་མ་དང་དྲག་མོ་དང། །འཛིན་བྱེད་མ་དང་ཨུ་མས་བསྟོད། །རྒྱལ་མོ་རྣམ་པར་རྒྱལ་དབང་མོ། །ཐུབ་མེད་གཞན་གྱི་མི་ཐུབ་མ། །ནག་མོ ་བཟང་མོ་ནག་ཆེན་མོ། །ནག་སྦོམ་མ་དང་རྣལ་འབྱོར་མ། །དབང་བྱེད་མ་དང་ཟླ་བ་མོ། །ནག་མ་སྡད་པའི་ལམ་པ་ཀི། འཕྲོག་བྱེད་མ་དང་མེ་མར་མ། །འཇིགས་བྱེད་ཡུལ་གནས་རྣལ་འབྱོར་མ། །དྲག་མོའི་གཟུགས་དང་གཟུགས་ཆེན་མོ། །མཆེ ་ཁ་གཅིག་དང་ཐོད་ཆེན་མ། །ཐོད་ཕྲེང་ཐོད་པའི་ཕྲེད་ཆེན་མ། །ཁ་ཊཝཱཾ་རྫུ་འཕྲུལ་ཆེན་མོ་དང། །རལ་གྲི་དགྲ་སྟའི་ལག་པ་གང། །རྡོ་རྗེ་དེ་བཞིན་ཆུ་ལག་དང། །མཁའ་འགྲོ་ལ་ཡི་དེ་ཉིད་ཆེ། །ལས་ཀུན་རྗེས་སུ་སྒྲུབ་པ་ཡི། །སྦྱོར་བའི་དཀྱིལ ་འཁོར་རྒྱ་ཆེན་པོ། །རྡོ་རྗེ་དབང་ཕྱུག་དེ་བཞིན་གཙོ། །དེ་བཞིན་གཤེགས་པའི་སྐུ་ཆེན་པོ། །གོས་མེད་སྦྱོར་བ་སྐྱེད་མེད་མ། །རྡོ་རྗེ་དབང་ཕྱུག་མ་ཡི་བཀས། །ཐམས་ཅད་ཐམས་ཅད་འགུགས་པའོ། །ོཾ་ཀཀྐ་བྷ་ན་བབབ་ནདྷ་ན་སྤྱན་དྲང་བའི ་སྔགས་དང་ཕྱག་རྒྱའོ། །ཁ་ཁྑཾ་ཏཱ་ན་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་རཾ་སྭཱཧཱ། སྤྱན་དྲངས་པའི་ཕྱག་རྒྱ་དེ་ཉིད་ལས་དཀར་པོ་དང་གི་ཝང་བསྒྲེང་བའོ། །ོཾ་བཏྟཱ་ལི་བཊཏཱ་ལི་ཧཱུཾ་ཧཱུཾ་ཧཱུཾ་ཧོ(རྒྱུད་འགྲེལ་བཞག་སྟེ་རྡོ་རྗེ་བཅིངས་ཏེ་རལ་གྲི་དབྱུག་པའི་ཚུལ་དུ་བྱས་ཏེ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦཐ་དྷརྨཱ་ཎཱཾ་ཨཱདྱ་ནུཏཔནྣ་ཏྭཱ་ཏ་ཨོཾ་གུཾ་སྭཱཧཱ། སྒེག་མོ་ལ་སོགས་པའི་མཆོད་པས་ཀྱང་མཆོད་དེ་སྟོད་པ་བྱ་ཞིང་དྲིལ་བུ་དཀྲོལ་བར་བྱའོ། །སེམས་དཔའ་ཆེན ་པོ་དང་པོ་མཆོག་།དགའ་བ་ཆེན་པོ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་གྱི་བདག་།རྡོ་རྗེ་སྙིང་པོ་གཙོ་བོའི་གཙོ། །ཐུགས་ཀྱི་སེམས་དཔའ་ཏིང་འཛིན་མཆོག་།རྡོ་རྗེ་རྡོ་རྗེ་ཆེན་པོའི་སྟོབས། །ཀུན་ཏུ་བཟང་པོའི་སྤྱོད་པའི་མཆོག་།བདུད་དང་བདུད་ནི་རབ ་འཇོམས་པ། །ཀུན་གྱི་ཁྲོ་བོ་ཁྲོ་ཆེན་པོ། །སངས་རྒྱས་སངས་རྒྱས་ཆོས་སྐྱེས་མཆོག་།རྡོ་རྗེ་ཧཱུཾ་བྱེད་ཧཱུཾ་བྱེད་པ། །འཇིག་རྟེན་དབང་ཕྱུག་ནོར་བུ་སྤྱིན། །ཆགས་པ་ཆེན་པོ་བདེ་བ་ཆེ། །འདོང་པ་ཐར་པ་ནོར་ཆེན་པོ། །སྲིད་གསུམ་འཇིག་རྟེན་གསུམ ་གྱི་མཆོག་།འཇིག་རྟེན་གསུམ་མཆོག་ཁམས་གསུམ་ལ། །མི་གཡོ་རབ་མཆོག་མི་གསལ་བ། །ཤིན་ཏུ་ཕྲ་བ་རབ་འདུས་པ། །གཡོ་དང་རབ་མཆོག་ཐོབ་པ་ཡི། །སྲིད་དང་འཁོར་བ་བདག་བྱེད་པ། །ཐོག་མ་མེད་པ་ཐ་མེད་པ། །འདོད་ཆགས་དག ་པ་ཏིང་འཛིན་མཆོག་།སྣ་ཚོགས་འདོད་ཆགས་དབང་ཕྱུག་ཆེ། །ནམ་མཁའ་ཨི་མཛའ་ལས་རྟག་པའི་དོན། །འབྱུང་བ་ཆེན་པོ་ཀུན་གྱི་གཞི། །ལོངས་སྤྱོད་དཔལ་གྱི་རྒྱལ་པོ་གཅོ། །འདོད་པ་ཐམས་ཅད་རྫོགས་བྱེད་པ། །ཕྱག་འཚལ་བསྟོད་དེ་ཕྱག་འཚལ་བསྟོད ་གུས་པ་ཁྱོད་ལ་ཕྱག་འཚལ་ལོ། །རྡོ་རྗེ་སེམས་དཔའ་རབ་འགྲུབ་བསྟོད། །བདག་གིས་ཆོ་ག་མ་ཚང་བ་རྣམས་ནི་བཅོམ་ལྡན་འདས་ལ་བཟོད་པར་གསོལ། །ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛོད། །དངོས་གྲུབ་གསོལ་ནས་ཅི་བདེར་གཤེགས། ། ་སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང། །སླར་ཡང་འདིར་ནི་གཤེགས་སུ་གསོལ། །ཕྱི་རོལ་ལྷ་རྣམས་ཀྱང་སེ་གོལ་གསུམ་དང་སྔགས་འདིས་བཏང་བར་བྱའོ། །ོཾ་གཙྪ་གཙྪ་ཧཱུཾ་སྭཱཧཱ། ཇི་ལྟར་ནསྤྲུལ་པའི་དཀྱིལ་འཁོར་རྣམས་རང་གི་དབུགས ་ཀྱིས་དྲངས་ནས། །རང་གིས་ལུས་ལ་ཞུགས་ཏེ། རང་གི་གནས་ལ་དགོད་པར་བྱའོ། །འདི་ལྟ་སྟེ་སྤྱི་བོ་དང་མིག་དང་རྣ་བ་དང་ལྕེ་ལ་གོ་རིམས་བཞིན་དུ་དྲག་མོའི་མཁའ་འགྲོ་མ་དང། གདོལ་བའི་མཁའ་འགྲོ་མ་དང། །རོ་ལངས ་མའི་མཁའ་འགྲོ་མ་དང། །རྡོ་རྗེ་མཁའ་འགྲོ་མ་རྣམས་དགོད་དོ། །སེང་གེ་མ་དང་སྟག་མོ་དང། ཅེ་སྤྱང་མ་དང། འུག་པ་མོ་རྣམས་གོ་རིམས་བཞིན་དུ་མགྲིན་པ་དང། དཔུང་པ་གཉིས་དང་སྙིང་ག་དང། ལྟེ་བ་རྣམས་ལ་དགོད་དོ། །སྒོ་བ་བཞི་ནི ་བརླ་གཡས་གཡོན་དང་རྗེ་དར་ལའོ། །པུཀྐ་སི་ལ་སོགས་པ་གོ་རིམས་བཞིན་དུ་ལྕེའི་ཐིག་ལེའི་སྟེང་དུ་པུཀྐ་སཱི་ལ་སོགས་པ་བསྟིམ་པར་བྱའོ། །བྲང་ལ་སོགས་པའི་ཡན་ལག་ལྔ་ལ་ནི་དྲག་མོ་ལ་སོགས་པ་བསྟིམ་པར་བྱའོ། །ཁའི ་གནས་སུ་བྱིན་གྱིས་བརླབ་ནས་གཏུམ་མོ་ལ་སོགས་པ་བསྟིམ་པར་བྱའོ། །སོའི་ཕྲེང་བ་དང་ལྕེ་ལ་ཡང་ཐོད་ཕྲེང་མ་ལ་སོགས་པ་བསྟིམ་པར་བྱའོ། །དེ་དག་གི་བདུད་རྩི་ལ་སོགས་པའི་སྣོད་ནི་ལུས་ལ་བྱིན་གྱིས་བརླབ་པར་བྱའོ། །འཇིག ་རྟེན་གྱི་ལྷ་ཚངས་པ་དང་ཁྱབ་འཇུག་ལ་སོགས་པ་ནི་པ་སྤུའི་བུ་ག་དང་རྐང་པ་ལ་སོགས་པ་ལ་གོ་རིམས་བཞིན་དུ་ཐིམ་ཀེང་རུས་འཇིགས་བྱེད་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བཅུ་དྲུག་ནི་རྣལ་འབྱོར་ནམ་མཁའ་ཨི་དབུགས་དང་འོད་ཟེར་ལ་ཐིམ་པར ་བྱའོ། །སྙིང་གར་སྒེག་མོ། །ནུ་མའི་བར་དུ་དྲི་ཆབ་མའོ། །མགྲིན་པ་ལ་དྲི་པི་ཝང་མའོ། །མགོ་བོ་ལ་མེ་ཏོག་མའོ། །སོའི་ཕྲེང་བ་གཉིས་ལ་དབྱངས་མའོ། །གསང་བར་སྤོས་མེ་མའོ། །དཔུང་པ་གཉིས་པོར་གར་བྱེད་མའོ། །མིག ་གཉིས་ལ་མར་མེ་མའོ། །གཟུགས་ཀྱི་རྣམ་པ་འམ་ངོ་བོ་ཉིད་དུ་རྣམ་པར་བསམ། དངོས་པོ་ཐམས་ཅད་ཀྱི་ངོ་བོ་རྣལ་འབྱོར་ནམ་མཁའ་བདག་གོ་།ཞེས་ང་རྒྱལ་གཟུང་བར་བྱའོ། །བསྲུང་བ་དགོད་པ་དང། །དབང་བསྐུར་བ་དང། གོ་ཆ ་གོ་བ་བྱས་ནས་རྡོ་རྗེ་ར་བ་ལ་སོགས་པ་བསམས་ནས་བཞག་པར་བྱའོ། །ཉལ་བ་དང། འདུག་པ་དང། འགྲོ་བ་དང། འགྲེང་བ་དང་རྟག་ཏུ་ཤིན་ཏུ་མཉམ་པར་བཞག་ནས་ལྷ་དང་བདག་གི་སྦྱོར་བ་བསྒོམ། དེ་དག་ནི་ཤིན་ཏུ་སྦྱོར་བ་ཞེས་བྱའོ། །དེ་ནས ་ལོངས་སྦྱོད་རྣལ་འབྱོར་པ་བཞིན་དུ་ཇི་སྙེང་དམ་ཚིག་གི་རྫས་དེ་དག་གིས་ཚོགས་ཀྱི་འཁོར་ལོའི་ཟས་རིམ་པ་མཆོད་པ་འདིས་བྱའོ། །ཡི་གེ་ཀྵུཾ་གིས་དགའ་བར་བྱ་བ་དང། ཡི་གེ་ཡུཾ་གྱིས་དག་པར་བྱ་བ་དང། ཡི་གེ་ཧཱུཾ་གིས་མཁྲེགས་པར་བྱ་བ ་དང། ཡི་གེ་སུཾ་གྱིས་བདུད་རྩིར་བྱ། །ཡི་གེ་ཧཱུཾ་གིས་རོ་མཉམ་པོར་བྱ་བ་དང། པདྨའི་སྣོད་ལ་བཞག་ལ་ཉི་མའི་ལག་པ་བདུད་རྩིའི་སྣོད་བཞག་ནས། ཟླ་བའི་ལག་པའི་མཐེ་བོ་དང་སྲིན་ལག་ས་དང་རི་རབ་ཏུ་བསྒོམ། །ོཾ་ཧ་ཧ་ཧྲཱི(རྒྱུད་འགྲེལ་དང་དྲི་དང་རོ་དང་དཔའ་བོ་ལྷ་གསུམ་གྱི་བདག་ཉིད་བཟུང་འཛིན་སྤངས་པའི་རང་བཞིན་དཀྱིལ་འཁོར་གྱི་ལྷ་རེ་རེའི་འཁོར་ལོ་ལ་མཐེ་བོང་དང་སྲིན་ལག་གིས་འཐོར་འཐུང་གིས་སྦྱིན་པར་བྱའོ། །དེ་ནས་མཆོད་ནས་ཕྱག་བྱས་ཏེ་དེ་ནས་རང་གིས་ལུས ་ལ་གནས་པའི་ལྷ་དང་འཁོར་ལོའི་ལྷ་ཇི་ལྟར་དགའ་བར་ཚིམ་པར་བྱའོ། །དེ་ཁོ་ན་བཞིན་དུ་ཚོགས་ཀྱི་འཁོར་ལོའི་ཆོ་ག་ལ་ཡང་སྦྱོར་བ་ལ་གནས་ནས་ཚོགས་ཀྱི་འཁོར་ལོ་ལ་མཆོད་པར་བྱའོ། །འདི་ལྟ་སྟེ་དཔྲལ་བ་དང་སྤྱི་བོ་དང་ལྕེའི་རྩེ་མོ ་ལ་ཐིག་ལེ་གསུམ་བྱིན་ནས་ཇི་ལྟར་བདེ་བར་བྱའོ། །དེ་ལྟར་མངོན་སུམ་དུ་དགའ་བ་ཡུལ་གྱི་མཆོད་པ་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམས་ལ་མཆོད་ནས། ཡོངས་སུ་རྫོགས་པ་ལ་གོང་མ་བཞིན་དུ་མེ་ཏོག་ལ་སོགས་པས ་རྫོགས་པར་བྱའོ། །དེའི་འོག་ཏུ་ལྷག་མའི་གཏོར་མ་སྦྱིན་པར་བྱའོ། །ཚིགས་བཅད་བཟླས་ནས་གཏང་བར་བྱའོ། །ཚིགས་བཅད་ནི་འདི་ལྟ་སྟེ། ཨོཾ་བ་བ་བཏྟཱ་ལི་བཏྟཱ་ལི་ཆེ། ཨོཾ་ཀུ་རུ་ཀུ་རུ་བཏྟཝ་ལི་མ་ཧཱ་བཏྟཱ་ལི་སྭཱཧཱ། དུར་ཁྲོད་གནས ་མོ་དངོས་གྲུབ་ཞལ། །གཏུམ་མོ་འཇིགས་བྱེད་ཡི་དགས་ཁ། །དམ་ཚིག་སྲིང་མོ་ཁྲག་དགའ་མ། །ཀི་ལི་ཀི་ལི་སྒྲ་སྒྲོགས་མ། །དུར་ཁྲོད་རོ་ཡི་ཚལ་དབུས་སུ། །ཚོགས་དང་པོ་ཉ་བཅས་པ་རུ། །འཇིག་རྟེན་གཏུམ ་མོ་དུང་སོལ་མ། །གསོལ་ཞིག་བཞེངས་ཤིག་དམ་ཚིག་མ། །གནས་ནས་དབང་དུ་མཛད་དུ་གསོལ། །ཏིཥྛ་སིདྡྷི་ཀུ་རུ་ཧུ་ཧུ་ཨོཾ་ཕྲོཾ་ཧ་གྲི་ས་སརྦ་དུ་ཥྚི་བྷ་ཀྵ་ཕུཾ་ཕེ་ཕྲིཾ་ཕྲི་ཕཊ་སྭཱཧཱ། རྡོ་རྗེ་དམ་པ་བཅིངས་ནས་སུ། །དཀར་པོ་གི་ཝང་བསྒྲེང་ནས་སུ། ། ་གཉིས་ཀ་རྩེ་མོ་བཀུག་ནས་ནི། །ཁ་ཡི་འགྲམ་དུ་བཞག་པར་བྱ། །ལྷག་མ་གཏོར་མ་བྱིན་གྱིས་བརླབ། །དུད་པ་སོལ་བ་ཞེས་བྱ་བའི་སྔགས་དང་ཕྱག་རྒྱའོ། །བཅོམ་ལྡན་འདས་རྣལ་འབྱོར་ནམ་མཁའ་དང་ཡེ་ཤེས་མཁའ་འགྲོ་མའི་སྒྲུབ་ཐབས། སློབ ་དཔོན་ཆེན་པོ་རྣམ་པར་རྒྱལ་བའི་དབང་པོའི་སྡེས་མཛད་པ་རྫོགས་སོ།། །།འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ནམ་མཁའ་ཨི་བཙུན་མོ་དང་འདུས་ལས། །དཔལ་ལྡན་དགའ་བ་བཞི་སྟོན་པ། ། ་