CLOSE WINDOW

N1283: dpal gdan bzhi'i chu'i sbyin sreg
Wyliee-texts based on the ACIP/ALL Input

རྫོགས་སོ?།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་ག་ཡ་དྷ་ར་དང་བོད་ཀྱི་ལོ་ཙ་བ་ཆེན་པོ་འགོས་ལྷས་བཅས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་བའོ།། །།དཔལ་གདན་བཞིའི་ཆུའི་སྦྱིན་སྲེག་བཞུགས། ། ་བཅོམ་ལྡན་འདས་ཡེ་ཤེས་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །ཆུ་ཡི་སྦྱིན་སྲེག་རིམ་པ་ཞིག། འགྲོ་བ་སེམས་ཅན་དོན་དུ་ནི། །ཅུང་ཞིག་བསྟན་པར་བྱ་བ་ཡང། །ཁྱད་པར་བསྒྲུབ་པའི་དོན་དུ་བཤད། །ཆུ་ཡིས་སྦྱིན་སྲེག་ཇི་ལྟར་འགྱུར ་སྒྲུབ་པ་པོ་ནི་ཐེ་ཚོམ་སྐྱེ། །མེས་ཀྱང་སྡིག་སྲེག་སྡིག་པ་སྦྱོང། །ཆུས་ཀྱང་དེ་བཞིན་འདྲ་བས་ན། །ངེས་ན་སྦྱིན་སྲེག་ཅེས་བྱའོ། །ས་གཞི་ལ་སོགས་མཚན་ལྡན་པར། །ཤིན་ཏུ་ཡངས་ཤིང་གྲུ་བཞི་ལ། །ཀུན་ཏུ་དྲིས་བྱུག་མཎྜལ་སྟེང། ། ་བླ་རེ་ལ་སོགས་རྒྱན་རྣམས་བྲེ། །དབུས་སུ་ཆུ་ཡི་སྣོད་སོགས་ལ། །དྲི་ནི་དཀར་པོས་བྱུགས་ནས་ནི། །བུཾ་པ་སྐྱོན་བྲལ་ཡོན་ཏན་ལྡན། །དབྱིབས་ནི་གྲུ་བཞི་འམ་ཟླུམ་པོ་ལ། །ཐབས་ཁུང་ལྟ་བུའི་དབྱིབས་ཅན་དེ། །བཅུ་བཞི་ཁ་ཚང་སུམ ་གཉིས་ཟབས། །ཆུ་དང་འོ་མར་བསྲེས་པ་ཡིས། །དྲི་ཞིམ་ཆུ་ཡིས་དགང་བར་བྱ། །ཁ་ནི་ཤིང་ལོ་སར་བས་བརྒྱན། །ཡང་ན་བུམ་པ་བརྒྱད་སོགས་ཀྱི། །གཞུང་གི་དོན་དུ་འདོད་པར་ཤེས། །འདིར་ནི་བློ་དམན་དོན་གྲུབ་གཅིག་།བདག་ཉིད ་ཡེ་ཤེས་མཁའ་འགྲོ་རུ། །སྐད་ཅིག་གིས་ནི་བསྐྱེད་ནས་ཀྱང། །མཆོད་པ་ལ་སོགས་བྱ་བའོ། །དེ་ནས་སྟོང་པའི་དང་ལས་ཀྱང། །མཆོད་གསུམ་འམ་སྐད་ཅིག་མས། །ཡེ་ཤེས་མཁའ་འགྲོ་ཞལ་གསུམ་ནི། །བཞད་དང་ཁྲོ་བསྒེག་དང་བཅས ་ཕྱག་གཉིས་རྡོ་རྗེ་དབྱུག་པས་མཚན། །སེམས་དཔའ་ཨི་སྐྱིལ་ཀྲུང་རྒྱན་གྱིས་ཀླུབས། །ཁ་དོག་དཀར་པོའི་ནི་བཟའ་གསོལ། །བྱིན་བརླབས་ལ་སོགས་རྫོགས་བྱས་ལ། །ཆུ་སྐྱོན་ལ་སོགས་མེད་པ་ཡི། །ལག་གཉིས་ཐལ་མོ་སྦྱར་ནས ་པདྨའི་ཚུལ་དུ་ཅུང་ཟད་དབྱེ། །ོཾ་ཀ་མ་ལ་བེ་ཧ་སྭཱཧཱ། །པདྨའི་སྔགས་དང་ཕྱག་རྒྱའོ། །ཟླ་བའི་དཀྱིལ་འཁོར་བརྒྱན་པ་ཡི། །པདྨ་ཆུ་ཡི་ནང་བཀོད་ལ། །གདུགས་དཀར་པོ་ཡིས་གཡོགས་པ་ཡི། །ས་བོན་དབུས་སུ་བསྒོམ་པར་བྱ། །རང་གིས ་དབུགས་ལས་བྱུང་བ་ཡི། །ས་བོན་ལས་ནི་གཟུགས་སུ་བསྐྱེད། །སྐུ་མདོག་ལ་སོགས་གོང་དང་མཐུན། །སྔགས་དང་ཕྱག་རྒྱས་སྤྱན་དྲངས་བསྟིམ། །ལག་གཉིས་ཕན་ཚུན་ཁུ་ཚུར་བཅིངས། །མཛུབ་མོ་གཉིས་ནི་བརྐྱང་ནས་སུ། །མཛུབ་མོ། ་གཉིས་ནི་མདུད་པར་བྱ། །དམ་ཚིག་ཕྱག་རྒྱ་རབ་ཏུ་གྲགས། །ོཾ་ས་མ་ཡ་ཏིཥྛ?་ཧཱུཾ་ཕཊ། དམ་ཚིག་སྔགས་དང་ཕྱག་རྒྱའོ། །མེ་ཏོག་བདུག་སྤོས་དྲི་ལ་སོགས། །མཁས་པ་ཡིས་ནི་མཆོད་པར་བྱ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །གཡོན་པ་སྙིང ་གར་བཞག་གནས་སུ། །གཡས་པ་སྟེང་ནས་དབུབ་པར་བྱ། །རྩ་བའི་ཕྱག་རྒྱར་རབ་ཏུ་གྲགས། །ོཾ་ཛུཾ་ཧཱུཾ་སྭཱཧཱ། རྩ་བའི་སྔགས་དང་ཕྱག་རྒྱའོ། །ཀུན་ད་ལ་སོགས་རྩ་མདོག་དཀར། །རྩེ་མོར་དུང་པ་བཙུགས་ནས་སུ། །ལྷ་མོའི་དབུ་སྟེང་རྡོ་རྗེ ་ཡི། ཅོད་པན་ལ་ནི་གཏོར་བར་བྱ། །གསང་སྔགས་ལན་རེ་བཟླས་ནས་སུ། །ལན་རེ་སྐྱོར་བས་དབུལ་བར་བྱ། །ལན་གྲངས་ཁྲི་ཡི་ལས་ཀྱིས་ནི། །ཐམས་ཅད་རིག་ཅིང་ཆོ་འཕེལ་འགྱུར། །ཀ་རི་བ་རའི་མེ་ཏོག་དམར། །དུརྦ་དང་ནི་ལྡན་པ་ཡི ་ལས་ནི་ཁྲི་ཕྲག་བྱས་པས་ནི། །ཁྱིམ་རྣམས་ཞི་བར་རབ་ཏུ་གྲགས། །ན་ག་པུཥབའི་ཡམ་ཤིང་ནི། །འོ་མས་སྤངས་ཏེ་དབུལ་བར་བྱ། །ལས་འདི་ཁྲི་ཕྲག་བྱས་པ་ཡིས། །གྲོང་ནི་ཞི་བར་བྱེད་པར་འགྱུར། །པདྨ་ཡི་ནི་ཡམ་ཤིང་རྣམས། །ཁྲི ་ཕྲག་ཏུ་ནི་བཟླས་ནས་སུ། །ལས་རྣམས་ཀུན་ལ་སྦྱར་བྱས་ནས། །ཡུལ་ཕྱོགས་ཞི་བར་བྱེད་པར་འགྱུར། །པྲི་ཡང་ཀུ་དང་པི་ཝ་དང། །དེ་བཞིན་ཨུཏཔལ་ཀུ་མུ་ད། །རྒྱལ་པོ་ལས་ལ་སོགས་སྦྱར་ན། །ཕ་རོལ་ཡུལ་འཁོར་འཇོམས་བར་འགྱུར། ། ་སྔགས་པས་རྟག་ཏུ་སྐྱོར་ཆུ་གཏོར། །བརྒྱ་རྩ་བརྒྱད་དུ་གཏོར་བྱས་པས། །བྱེ་བྲག་ཏུ་ནི་རྒྱས་པར་འགྱུར། །བཅོམ་ལྡན་ཡེ་ཤེས་མཁའ་འགྲོ་མ། །སེམས་དཔའ་ཨི་སྐྱིལ་ཀྲུང་ཕྱག་གཉིས་ལྡན། །རྒྱན་རྣམས་ཀུན་གྱིས ་རྣམ་པར་ཀླུབས། །ཕྱག་གཉིས་རྡོ་རྗེ་དབྱུག་ཏོ་བསྣམས། །ཁ་དོག་དཀར་བོའི་ཤིན་ཏུ་མཛེས། །བཞད་ཅིང་ཁྲོ་ལ་སྒེག་དང་བཅས། །ཤིན་ཏུ་མཛེས་བའི་ན་བཟའ་གསོལ། །ཡེ་ཤེས་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །འཕྲིན་ལས་བཅོལ ་འབྱས་ནས་ནི། །ཡི་གེ་བརྒྱ་པས་བཤགས་པ་བྱ། །བཛྲ་མུཾ(རྒྱུད་འགྲེལ་ཟེར་གྱིས། །བདག་དང་སློབ་མ་གཉིས་ཀ་ཡི། །ལུས་ངག་ཡིང་གསུམ་སྒྲིབ་པ་སྦྱོང། །མེ་དང་འདྲ་བར་ཆུ་ཡིས་ཀྱང། །སྡིག་པ་འདག་པ་ཁོ་ནར་གསུངས། །བདག་གིས་འདི་བྱས་དགེ་བ་ཡིས། །སེམས་ཅན་མ་ལུས་ཐམས་ཅད་ཀྱང། །སྡུག ་བསྡལ?་མ་སུམ་བྱང་ནས་ཀྱང། །ཐམས་ཅད་མ་ལུས་བྱང་ཆུབ་ཐོབ་པར་ཤོག། །སློབ་དཔོན་བྷ་བའི་མན་ངག་རྫོགས་ཤོ།། །།ལོ་ཙ་བ་ཚུལ་ཁྲིམས་གཞོན་ནུས་བསྒྱུར་ཅིང་གཏན་ལ་ཕབ་པ་སྟེ།། །། ་