| Wylie | e-texts based on the ACIP/ALL Input |
ཐམས་ཅད་བླ་མེད་ཤོག་།རྡོ་རྗེ་དྲིལ་ཐབས་ཀྱི་མཆོད་པའི་རིམ་པ་སློབ་དཔོན་འཕགས་པ་ལྷས་མཛད་པ་རྫོགས་ཤོ།། །།དཔལ་གདན་བཞི་པའི་བསྒྲུབ་པའི་ཐབས་བཞུགས་སོ། །*། །རྒྱ་གར་སྐད་དུ། །ཤྲཱི་ཙ་ཏུ་རྭི་ཐི་སཱ་དྷ་ནི་ནོ་མིག་།བློས་སྐད ་དུ། དཔལ་གདན་བཞི་པའི་བསྒྲུབ་པའི་ཐབས། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །དངོས་དང་དངོས་མེད་དང་ལས་དཔེ་མཚན་ལྡན། །དེ་ལས་འགྲོ་བའི་དོན་མཛད་ལ་བཏུང་དེ། །བཅུ་དང་གསུམ་བོ་?? ་དུ་བྱ་བའི་ཐབས། །རྒྱུད་ན་མི་གསལ་བསྡུས་ཏེ་བྲི་བར་བྱ། །དེ་ལ་རེ་ཞིག་སློབ་དཔོན་བུམ་པ་དང་གསང་བའི་དབང་ཐོབ་ཅིང། །རིགས་ངེས་པ་དེས། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་འཇུག་པར་བྱའོ། །ཡིད་དུ་འོང་བའི་??? ་ཀྱི། གནས་དག་ཏུ་ནི་རྟེན་ནས་སུ། །བླ་རེ་དག་ནི་བྲི་བར་བྱ། །སྣ་ཚོགས་གོས་ནི་དབྱངས་ནས་སུ། །བ་དན་རྒྱལ་མཚན་བསྒྲེང་བར་བྱ། །གཡེར་ཁའི་དྲ་བས་མཛེས་པར་བྱ། །གནས་བཅུ་དག་ནི་ཀུན་ཏུ་ཡང། །དེ་བཞིན་དྲི་ཡིས ་དཀྱིལ་འཁོར་བྱ། །མཉམ་མེད་སེམས་ཀྱི་དྲི་ཡིས་ནི། །གྲུ་བཞི་པར་ནི་བྱུག་པར་བྱཾ། ལུས་ལ་སྟེའུ་འཇོག་ཙནདན་བྱུག་།སེམས་ནི་མཉམ་པར་གནས་པ་སྟེ། །བཟོད་པའི་མེ་ཏོག་རྣལ་འབྱོར་པས། །འབད་དང་ལྡན་པས་འགྲམ་པར་བྱ། །མཉམ་ཉིད ་བསྒོམས་པའི་དུག་པ་ཡིས། །རང་བཞིན་དག་པས་བདུག་པར་བྱ། །ཤེས་རབ་མང་མེའི་སྣང་བ་སྟེ། །ཁམས་གསུམ་གྱི་ནི་མུན་པ་རྣམས། །མར་མེ་འདི་ཡིས་བཅོམ་ནས་སུ། །ཅི་ལྟར་འདོད་བཞིན་སྣང་བར་བྱ། །མཆོད་པ་དགྲམ་པར་བྱས་ནས་ཀྱང ་བདེ་བའི་སྟན་ལ་འདུག་ནས་སུ། །ོཾ་བཛྲ་པྲཱ་ཀ་ར་ཧཱུཾ་ཕཊ། །ལག་གཡོན་ཐལ་མོ་ཕར་བསྟན་ཏེ། །གཡས་པ་ཁུ་ཚུར་རྒྱུབ་སྦྱར་ནས། །དབང་ལྡན་ཕྱོགས་ཚོགས་བསྐོར་བར་བྱ། །ར་བའི་སྔགས་དང་ཕྱག་རྒྱའོ། །ལག་པ་གཉིས་ནི་བརྐྱང་ནས་སུ། ། ་ཕན་ཚུན་རྩེ་མོ་རེག་པར་བྱ། །ོཾ་ཛུཾ་སྭཱཧཱ། དྲ་བའི་སྔགས་དང་ཕྱག་རྒྱའོ། །གཡོན་པ་ཁུ་ཚུར་བཅིངས་ནས་སུ། །མཐེ་བོང་འོག་ཏུ་བརྐྱང་བར་བྱ། །ོཾ་བྲུཾ་སྭཱཧཱ། ཕུར་པའི་སྔགས་དང་ཕྱག་རྒྱའོ། །རྣམ་པར་དག་པ་དང་ཕན་ཡོན་ནི་རྒྱུད་ལས ་ཤེས་པར་བྱའོ། །རང་གི་སྙིང་གའི་ཟླ་དབུས་སུ། །ས་བོན་ཧཱུཾ་གི་འོད་ཟེར་གྱིས། །བླ་མ་སངས་རྒྱས་སྣང་བྱས་ལ། །ཚིགས་བཅད་འདི་ནི་བརྗོད་པར་བྱ། །བདག་མིང་འདི་ཞེས་བགྱི་བ་ནི། །བླ་མའི་ཞབས་ལྷམ་ལ་ཕྱག་འཚལ། །མཁའ་འགྲོ་མ ་རྣམས་ལ་ཡང་འདུད། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །འོད་ཟེར་དེ་ལས་བྱུང་བ་ཡི། །ལྷ་མོ་ལག་ན་སྤོས་ལ་སོགས། །ཐོགས་པས་མཆོད་པ་བྱས་པར་བསམ། །སྡིག་པ་བགྱིས་དང་བགྱིད་དུ་སྩལ། །རྗེས་ཡི་རང་བ་སོ་སོར ་བཤགས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །ཉན་ཐོས་རང་རྒྱལ་མ་ལུས་དང། །འཇིག་རྟེན་དགེ་བའི་རྩ་བ་ལ། །ཀུན་ནས་བདག་ནི་ཡི་རང་ནོ། །ཆོས་ཀྱི་འཁོར་ལོ་བསྐོར་བར་འཚལ། །མྱ་ངན་མི་འདའ་ཞུགས་སུ་གསོལ། །དུས་འདི་ནས་ནི ་སངས་མ་རྒྱས། །བར་དུ་ལས་ནི་བསྙེན་པར་བགྱི། །བདག་གི་ལུས་ཀྱང་དབུལ་བར་བགྱི། །བདག་མིང་འདི་ཞེས་བགྱི་བ་ནི། །དུས་འདི་ནས་གཟུང་ཇི་སྲིད་དུ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཡང་དག ་བྱང་ཆུབ་ངེས་མཛད་པ། །དེ་བཞིན་བླ་མེད་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱིད། །སངས་རྒྱས་རྣལ་འབྱོར་སྐྱེས་སྡོམ་པ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེ་ནས་བརྩམས་ཏེ། ་མཆོག་དུ་གསུངས། །བསླབ་པ་ཡི་ནི་ཚུལ་ཁྲིམས་དང། །དགེ་བའི་ཆོས་ནི་བསྡུ་བ་དང། །སེམས་ཅན་དོན་ནི་ཚུལ་ཁྲིམས་གསུམ། །བདག་གིས་སོ་སོར་བརྟན་པར་གསུང། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང། །ཡང་དག ་ཉིད་དུ་གཟུང་བགྱི་ཞིང། །སློབ་དཔོན་དག་ཀྱང་བདག་གིས་གཟུང། །རིན་ཆེན་རིགས་མཆོག་རྣལ་འབྱོར་གྱིས། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་དུ། །སྦྱིན་པ་རྣམ་བཞི་སྩལ་བར་བགྱི། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི ་རིགས་མཆོག་དག་པ་ལ། །ཕྱི་དང་གསང་བའི་ཐེག་པ་གསུམ། །དམ་ཚེས་རབ་ཏུ་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་མཐོན་པོ་ལ། །མཆོད་པ་ཅི་ནུས་བགྱི་བ་དང། །སྡོམ་པ་ཐམས་ཅད་ལྡན་པར་བགྱི། །བླ་ན་མེད་པའི་བྱང་ཆུབ་སེམས། ། ་དམ་པ་དེ་ནཾ་བསྐྱེད་བགྱི་ཞིང། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སྡོམ་པ་མ་ལུས་བཟུང་བར་བགྱི། །མ་བསྒྲལ་བ་རྣམས་བསྒྲལ་བ་དང། །མ་གྲོལ་བ་རྣམས་བདག་གི་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང། །འགྲོ་ཀུན་མྱ་ངན་ ་འདས་ལ་དགོད། །བྱམས་དང་སྙིང་རྗེ་དགའ་བ་དང། །བཏང་སྙོམས་བཞི་པོ་བསམ་པར་བྱ། །དེ་ནས་ཧཱུཾ་གི་མེ་ལྕེ་ཡིས། །སྣོད་བཅུད་ཐམས་ཅད་སྟོང་པར་བསྒོམ། །ོཾ་སྭ་བྷཱ་བ་ཤུདྡྷ(རྒྱུད་འགྲེལ་ཧཾ། མཉམ་ཉིད་སྟོང་པར་བསམས་ནས་སུ། །དེ་ཡི་དབུས་སུ་བལྟས་ནས་ཀྱང། །དེར་ནི་མཚན་མ་བརྟག་པར་བྱ། །མར་མེའི་འོད་ཀྱི་ཞི་བ་སྟེ། །དམར་པོ་བརྡུལ་གྱིས་རྒྱས་པའོ། །ཉི་མའི་དཀྱིལ་འཁོར་ལྟར་སྣང་བ། །ཆགས་པ་ལ་སོགས ་འགྲུབ་པར་འགྱུར། །མཐར་ནི་དུ་བ་ནག་མཐོང་ན། །མངོན་སྤྱོད་དུ་ནི་རབ་ཏུ་གྲགས། །རླུང་གི་མདོག་ལྟར་འཁྲུགས་པ་ཡི། །དེ་ཡི་མོད་ལས་སྐྲག་བར་འགྱུར། །ཟླ་བ་དཀར་པོའི་འོད་ཟེར་ལྟར། །ཐམས་ཅད་དུ་ནི་དཀར་མཐོང་ན། ། ་རྣལ་འབྱོར་འགྲུབ་པར་ཤེས་པར་བྱ། །བློ་ལྡན་འགྲོ་བའི་ཡང་དག་གནས། །དེ་ཡི་ནང་དུ་བསམ་པ་ནི། །ཡུཾ་ལས་རླུང་གི་དཀྱིལ་འཁོར་བསྐྱེད། །ཀྵུཾ་ལས་མེ་ཡི་དཀྱིལ་འཁོར་བསམ། །དེ་སྟེང་སུཾ་ལས་ཆུ་རང་བཞིན། །ཧཱུཾ་ལས ་གསེར་གྱིས་གཞི་དང། །རི་རབ་ཆེན་པོ་བསམ་པར་བྱ། །དེ་སྟེང་ཧཱུཾ་ལས་གཞལ་ཡས་ནི། །ཁང་པ་བརྩེགས་པ་བསམ་པ་སྟེ། །གསེར་ལས་བྱུང་བའི་གྲོང་ཁྱེར་མཆོག་།རིན་ཆེན་བདུན་པོ་རྣམས་ཀྱིས་སྤྲས། །གཡེར་ཁའི་དྲ་བའི ་ཕྲེང་བ་དང། །དྲ་བ་དྲ་ཕྱེད་སོགས་པས་བརྒྱན། །དབུས་དང་ཕྱོགས་བཞིར་སེང་གེའི་གདན། །ཉི་མའི་དཀྱིལ་འཁོར་གྱིས་བརྒྱན་པར། །འབྱུང་པོ་གླང་པོ་མེ་མཚམས་སུ། །རིན་ཆེན་བུམ་པ་གང་བའོ། །བདེན་བྲལ་དུ་ནི་མ ་ཧེའི་གདན། །སྔལ་གྱི་གདན་ནི་རླུང་མཚམས་སུ། །སྒོ་བཞིར་ཡི་དགས་གདན་དགོད་བྱ། །དབུས་ཀྱི་ཉི་མའི་གདན་སྟེངས་སུ། །རང་གི་དབུགས་ལས་བྱུང་བ་ཡི། །ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པའི། །ོཾ་བཛྲ་ཤུདྡྷ་སརྦ་དྷ་རྨཱ་བཛྲ ་ཤུདྡྷོ་ཧཾ། དེ་ལས་ཡེ་ཤེས་མཁའ་འགྲོ་བསྐྱེད། །སེམས་དཔའ་ཡི་ནི་སྐྱིལ་ཀྲུང་ཅན། །སྐྲ་གྲོལ་བས་ནི་གཡོགས་པ་སྟེ། །སངས་རྒྱས་ལྔ་ཡིས་མཛེས་པར་བྱ། །ཁ་དོག་སྔོན་པོ་དྲག་ཆེན་མོ། །སྤྲུལ་གྱི་རྒྱན་གྱིས་རྣམ་པར་ཀླུབས། །བཞད་དང་ཁྲོད་དང་སྒེག ་པ་ཡི། །ཞལ་གསུམ་པོ་ནི་སྤྱན་གསུམ་མོ། །ཧ་ཧར་བཞད་ཅིང་འཚིག་པ་སྟེ། །ན་བཟའ་དམར་པོས་ཤིན་ཏུ་མཛེས། །ཁ་ཊཝཱཾ་གྱེན་དུ་བསྒྲེང་བ་དང། །གཉིས་པ་ན་ནི་དགྲ་སྟ་ཉིད། །གསུམ་པ་ན་ནི་རྡོ་རྗེ་ཐོགས། །གཡོན་པ་དྲིལ་བུ་སྒྲ་སྒྲོགས་ཤིང། ། ་གཉིས་པ་ན་ནི་སྣོད་ཉིད་དེ། །གསུམ་པ་དེ་བཞིན་རལ་གྲི་འཕྱར། །འོད་ཟེར་སྣ་ཚོགས་འབར་བ་རུ། །དབུས་སུ་མཁའ་འགྲོ་མ་བསྒོམ་བྱ། །ོཾ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ་ཧཾ། ཡེ་ཤེས་ཀྱི་ནི་ཤར་ཕྱོགས་སུ། །བདག་གི་ཆུ་ལས་བྱུང་བ་ཡི། ། ་སུམ་ལས་རྡོ་རྗེ་མཁའ་འགྲོ་བསྒོམ། །ཁ་དོག་དཀར་པོ་ཤིན་ཏུ་མཛོས། །སྐྲ་གྲོལ་བས་ནི་རྣམ་པར་ཀླུབས། །ཕྱག་གཉིས་སེམས་དཔའ་ཨི་སྐྱིལ་ཀྲུང་ཅན། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ། །ཕྱག་ན་ཁ་ཊཝཱཾ་རྣལ་འབྱོར་སྣོད། །ཤིན་ཏུ་མཛེས་པའི་ན ་བཟས་གླུབས། །འོད་ཟེར་སྣ་ཚོགས་འབར་བའོ། །ཡེ་ཤེས་ཀྱི་ནི་བྱང་གི་ཆར། །བདག་གི་མེ་ལས་བྱུང་བ་ཡི། །ཀྵུཾ་ལས་བྱུང་བའི་དྲག་མོར་བསྐྱེད། །ཁ་དོག་སེར་མོ་ཤིན་ཏུ་མཛེས། །སེམས་དཔའ་ཡི་ནི་སྐྱིལ་ཀྲུང་བཅས། །སྐྲ་གྲོལ་བས་ནི་བརྒྱན ་པ་སྟེ། །སྤྲུལ་གྱི་རྒྱན་གྱིས་རྣམ་པར་ཀླུབས། །སྐུ་ལ་ན་བཟའ་མཛེས་པ་མན་བས། །ཕྱག་གཉིས་ཁ་ཊཝཱཾ་རྣལ་འབྱོར་སྣོད། །ཡེ་ཤེས་གྱི་ནི་ནུབ་ཕྱོགས་ཆར། །བདག་གི་རླུང་ལས་བྱུང་བ་ཡི། །ཡུཾ་ལས་མཁའ་འགྲོ་རོ་ལངས་མ། །ཕྱག་གཉིས ་སེམས་དཔའ་ཨི་སྐྱིལ་ཀྲུང་ཅན། །ཁ་དོག་དམར་པོ་ཀུན་ཏུ་འོད། །ཁ་ཊཝཱཾ་རྣལ་འབྱོར་སྣོད་བསྣམས་ཞིང། །སྒྲ་སྒྲོལ་བས་ནི་མཛེས་པ་སྟེ། །ལུས་ཀུན་སྤྲུལ་གྱི་རྒྱན་གྱིས་བརྒྱན། །ཤིན་ཏུ་མཛེས་པའི་ན་བཟའ་གསོལ། །འོད་ཟེར་སྣ་ཚོགས་འབར ་བར་བསམ། །ཡེ་ཤེས་ཀྱི་ནི་ལྷ་ཡི་ཆར། །ས་ཡི་ཡེ་ཤེས་ལས་བྱུང་བའི། །ཧཱུཾ་ལས་མཁའ་འགྲོ་གཏུམ་མོ་བསྒོམ། །སེམས་དཔའ་ཡི་ནི་སྐྱིལ་ཀྲུང་ཅན། །ཁ་དོག་སྔོན་པོ་ཤིན་ཏུ་མཛེས། །ཁ་ཊཝཱཾ་རྣལ་འབྱོར་སྣོད་བསྣམས ་ཤིང། །རྒྱན་རྣམས་ཀུན་གྱིས་ཀླུབས་པ་སྟེ། །སྐྲ་གྲོལ་བས་ནི་ཤིན་ཏུ་མཛེས། །ཧ་ཧར་རྒོད་པས་འཇིགས་པར་མཛད། །འོད་ཟེར་སྣ་ཚོགས་འབར་བའོ། །དབང་ལྡན་གྱི་ནི་ཕྱོགས་ཀྱི་ཆར། །སེང་གེའི་གདོད་ནི་བསམ་བྱ་བ། །ཁ་དོག ་དམར་ཞིང་སེར་བ་སྟེ། །གླང་པོ་ཡི་ནི་སྟན་ལ་བཞུགས། །རྡོ་རྗེ་ལྕགས་ཀྱུ་སྡིགས་མཛུབས་ཅན། །ཤིན་ཏུ་མཛེས་པའི་ན་བཟའ་གསོལ། །འོད་ཟེར་སྣ་ཚོགས་འབར་བ་ཡི། །འབར་བའི་ལུས་ཅན་བསྒོམ་པར་བྱ། །མེ་མཚམས་སྟག ་མོ་ཞེས་བྱ་བ། །རིན་ཆེན་བདུན་གྱི་སྟན་ལ་བཞུགས། །ཕྱག་གཉིས་ཁ་དོག་དཀར་ཞིང་སྔོ། །ཤིན་ཏུ་མཛེས་པའི་ན་བཟའ་གསོལ། །ཕྱག་ན་ལྕགས་ཀྱུ་བརྒྱན་པ་སྟེ། །གཡོན་པ་སྡིགས་མཛུབ་ཞགས་པ་ཅན། །འོད་ཟེར་སྣ་ཚོགས ་འབར་བ་ཡི། །འབར་བའི་ལུས་ཅན་བསྒོམ་པར་བྱ། །བདེན་བྲལ་ལྟ་མེ་ཅེ་སྦྱང་མོ། །ཧ་ཧ་བཞད་པས་འཇིགས་པར་མཛད། །མ་ཧེ་ཡི་ནི་སྟེན་ལ་བཞུགས། །མདོག་ནི་དམར་ཞིང་སྔོ་བ་སྟེ། །སྐུ་ལ་ན་བཟའ་མཛེས་པ་གསོལ། །ཕྱག ་གཉིས་ལྕགས་ཀྱུ་ཞགས་པ་དང། །སྡིགས་མཛུབ་ཀྱིས་ནི་ཤིན་ཏུ་མཛེས། །སྤྲུལ་གྱིས་བརྒྱན་ཞིང་རྣམ་པར་ཀླུབས། །འོད་ཟེར་སྣ་ཚོགས་འབར་བ་ཡི། །འབར་བའི་ལུས་ཅན་བསྒོམ་པར་བྱ། །རླུང་མཚམས་ལྷ་མོ་འུག་པ་མོ། ་ཁ་དོགས་སེར་ཞིང་དམར་བ་སྟ། །ཀླུ་ཡི་སྟན་ལ་ཡང་དག་བཞུགས། །རྒྱན་ཡང་དེ་ཉིད་སྦྱར་བར་བྱ། །ཕྱག་གཉིས་སེམས་དཔའ་ཨི་སྐྱིལ་ཀྲུང་ཅན། །སྡིག་མཛུབ་ལྕགས་ཀྱུ་ཞགས་པ་བསྣམས། །འོད་ཟེར་སྣ་ཚོགས་འབར་བ་ཡི། ། ་འབར་བའི་ལུས་ཅན་བསྒོམ་པར་བྱ། །དབུས་ཀྱི་མཁའ་འགྲོ་མ་བརྒྱད་ཀྱི། །ཕྱི་རོལ་དག་ནི་རྣམ་བཞི་ལ། །ཤར་དུ་མཁའ་འགྲོ་ཕུ་ལས་བསྐྱེད། །ཕྱག་གཉིས་ཁ་དོག་དཀར་པོ་སྟེ། །ཡི་དགས་ཀྱི་ནི་སྟན་ལ་བཞུགས། །སྤྲུལ་གྱི་རྒྱན་གྱི་ཀླུབས་པ་སྟེ། ་ཤིན་ཏུ་དྲག་ཅིང་སྐྲ་གྲོལ་བ། །འོད་ཟེར་སྣ་ཚོགས་ཡང་དག་པར། །ལག་གཉིས་ཁ་རུ་བཅུག་ནས་ནི། །ཧ་ཧར་བཤད་པས་ཤིན་ཏུ་འབར། །བྱང་དུ་འབར་མ་ཕེཾ་ལས་བསྐྱེད། །ཁ་དོག་སེར་པོ་ཤིན་ཏུ་དྲག་།སྤྱི་བོའི་སྟེང་དུ་ལག་པ་གཉིས། ། ་ཐལ་སྦྱར་མར་མེ་ལྟ་བུར་འབར། །དྲག་པོའི་གཟུགས་ཅན་འཚིག་པ་སྟེ། །ཤིན་ཏུ་མཛེས་པའི་ན་བཟས་བརྒྱན། །ཡི་དགས་ཀྱི་ནི་སྟན་ལ་བཞུགས། །འོད་ཟེར་མེ་ལྟར་འབར་བ་བསྒོམ། །ནུབ་ཏུ་འཇིགས་བྱེད་ཕྲོཾ་ལས་བསྐྱེད། །ཁ་དོག་དམར ་མོ་འཇིགས་སུ་རུང། །ཡི་དགས་ཀྱི་ནི་སྟན་ལ་བཞུགས། །ཤིན་ཏུ་མཛེས་པའི་ན་བཟའ་རྒྱན། །ལག་གཉིས་སྙིམ་པར་སྦྱར་བྱས་ནས། །ཁྲག་གི་རྒྱུན་ནི་འཐུར་བང་མཛད། །མེ་ལྟར་འབར་ཞིང་ཤིན་ཏུ་གསལ། །འཇིགས་བྱེད་དྲག་མོ་བསྒོམ་པར ་བྱ། ལྷོ་རུ་འཕྲོག་བྱེད་ཕྲི་ལས་བྱུང། །ཁ་དོག་སྔོན་པོ་ཀུན་ཏུ་འོད། །ཡི་དགས་ཀྱི་ནི་སྟན་ལ་བཞུགས། །སྐྲ་གྲོལ་བསིན་བརྒྱན་པ་སྟེ། །ཤིན་ཏུ་འབར་བའི་ནི་བཟའ་བརྒྱན། །སྤྲུལ་གྱི་རྒྱན་གྱིས་ཀླུབས་པ་སྟེ། །སྡིགས་མཛུབ་དང་ནི་བཏུན་ཤིང ་ཐོགས། །སེམས་ཅན་སེམས་ནི་རྨོངས་པར་བྱེད། །འོད་ཟེར་མེ་ལྟར་འབར་ཞིང་དྲག་།ཀུན་རིགས་པས་ནི་ཐམས་ཅད་བསྒོམ། །དེ་ནས་བ་དན་གསུམ་པའི་ཕྱག་རྒྱས། །བསྲུང་བར་བྱ་སྟེ། མགོ་བར་ནི་ཀྵུཾ་ངོ། །མིག་ཏུ་ནི་ཧཱུཾ་ངོ། །སྣ་དང་རྣ་བ ་གཉིས་ལ་ཡུཾ་ངོ། །ཁར་སུཾ་མོ། །མགྲིན་པར་སྨྲཡུཾ་ངོ། །ནམ་ཚོར་རུ་ཡམྲུཾ་ངོ། །སྙིང་གར་ཧམྲཡུཾ་ངེ། །ལྟེ་བར་ཀྵྨརྱུཾ་ངོ། །དེ་ནས་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས། །སངས་རྒྱས་ལ་བསྐུལ་བས་ལྷ་མོ་མང་པོ་བྱུང་སྟེ། །དབུ་རྒྱན་དང་བུམ་པའི། ་སོགས་པས་དབང་བསྐུར་བར་བསམ་མོ། །བདག་གིས་དབུགས་ཀྱི་འོད་ཟེར་གྱིས། །མཁའ་འགྲོ་མ་རྣམས་སྤྱན་དྲངས་སྟེ། །དེ་དག་གི་ནི་གཟུགས་མདུན་ནོ། །དམ་ཚིག་རྣམས་ནི་བསྟན་པར་བྱ། །ཁུ་ཚུར་གཉིས་ནི་བཅིངས ་ནས་སུ། །དབུ་མ་གཉིས་ནི་བརྐྱང་ནས་སུ། །རྩེ་མོ་ཕན་ཚུན་སྤྲད་ནས་ནི། །ཡེ་ཤེས་ལྷ་མོ་བསྟན་པར་བྱ། །ལག་གཉིས་ཕན་ཚུན་སྦྱང་ནས་ནི། །དབུ་མ་དང་ནི་མཐེ་བོང་སྤྲད། །ཅུང་ཟད་ཅིག་ནི་བསྐྱོད་པར་བྱ། །ཤར་ཕྱོགས་རྡོ་རྗེ་མ་ལ ་བསྟན། །ཁུ་ཚུར་མཉམ་པར་བཅིངས་ནས་སུ། །མཐེ་བོ་གཉིས་ནི་བརྐྱང་བྱས་ལ། །བྱང་གི་ཕྱོགས་ནས་བརྩམས་ནས་སུ། །རྒྱ་འདི་དྲག་མོ་ལ་བསྟན་བྱ། །ཕྱག་རྒྱ་དེ་ཉིད་བཅིངས་ནས་སུ། །མཐེའུ་ཆུང་གཉིས་ནི་བརྐྱང་པར་བྱ། །ནུབ་ཏུ ་གནས་པའི་རོ་ལངས་མའི། །ཕྱག་རྒྱ་དུ་ནི་སྦྱར་བར་བྱ། །ཕྱག་རྒྱ་དེ་ཉིད་བཅིངས་ནས་སུ། །གུང་མོ་གཉིས་ནི་བརྐྱང་བར་བྱ། །ལྷོ་ཕྱོགས་ཕྱག་རྒྱར་བཤད་པ་སྟེ། །དེ་ནི་ཕྱག་རྒྱ་བཞི་པའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །ཁྲོ་བོ་གཉིས ་ནི་བརྐྱང་ནས་སུ། །རྩེ་མོ་སྤྲད་དེ་གནས་པ་ནི། །མཚམས་བཞི་ཡི་ནི་ཕྱག་རྒྱ་ཡིན། །ལག་གཉིས་ཐལ་མོ་ཁར་བཅུག་ནས། །ཕུཾ་ཞེས་བྱ་བ་སྦྱར་བར་བྱ། །ཤར་ཕྱོགས་མཁའ་འགྲོའི་ཕྱག་རྒྱ་ཡིན། །ལག་གཡོན་ཐལ་མོ་ཁ་སྦྱར་ནས། །སྤྱི ་བོ་ཅུ་ནི་བཞག་པར་བྱ། །བྱང་དུ་གནས་པའི་འབར་མ་ལ། །ཕྱག་རྒྱ་འདི་ནི་བརྟན་པར་བྱ། །ཕྱག་འཚལ་ཐལ་མོ་སྦྱར་ནས་སུ། །ཁ་རུ་བཅུག་སྟེ་ཧཱུཾ་ཞེས་བྱ། །ནུབ་ཕྱོགས་ལྷ་མོ་འཇིགས་བྱེད་མེ། །ཕྱག་རྒྱ་རུ་ནི་སྦྱར་བར་བྱ། །ལག་གཉིས ་ཀུན་ཏུ་བསྐོར་ནས་སུ། །སོར་མོ་རྣམས་ཀྱི་རྩེ་མོ་རུ། །གསང་བའི་གནས་སུ་བཞག་ནས་ཀྱང། །ལྷོ་ཕྱོགས་འཕྲོག་བྱེད་མ་ལ་བརྟན། །བསྐྱེད་པའི་དུས་སུ་བརྐྱང་མ་སྟེ། །ཕྱག་རྒྱའི་དུས་སུ་ཨོཾ་དང་ནི། །སྭཱཧཱའི་བར་དུ་སྤེལ་སྟེ་བཟླས། ་དམ་ཚིག་ལྷ་མོ་རྣམས་ལ་ནི། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །གཡོན་པ་སྙིང་ཁར་གཞག་ནས་སུ། །གཡས་པ་མཆན་ཁུང་གཞུག་བྱ་བ། །དམ་ཚིག་སེམས་མ་རྣམས་ལ་བསྟན། །སྔགས་ནི་ཨོཾ་ཧཱུཾ་སྭཱཧཱ་ཞེས་སོ། །དེ་ལྟར་ཡེ་ཤེས་སེམས ་མ་དང། །དམ་ཚིག་སེམས་མ་རྣམས་ལ་ནི། །དམ་ཚིག་སོ་སོར་བསྟན་ནས་ཀྱང། །གཉིས་སུ་མེད་པར་བསམ་པར་བྱ། །ད་ནི་མཆོད་པ་འབྱུང་སྟེ། །ཁྲོ་བོ་དང་མཐེ་བོང་སྦྱར་ལ། །ལྷག་མ་བརྐྱང་སྟེ། ཨོཾ་པུཥཔེ་མཱལེ་ཧཱུཾ་སྭཱཧཱ། མ་ཏོག་གི་སྔགས་དང་ཕྱག ་རྒྱའོ། །མེ་ཏོག་གི་ཕྱག་རྒྱ་ལས་དགུམ་བསྒྲེང་བ་དང། ཨོཾ་དྷཱུ་པེ་ཤྲ་རི་ཧཱུཾ་སྭཱཧཱ་ཞེས་པ་ནི་བདུག་པའོ། །ཁུ་ཚུར་ལས་མཐེ་བོ་བརྐྱང་བ་དང། ཨོཾ་བཛྲ་ཏཱི་ཀྵྞ་དཱི་པེ་ཧཱུཾ་སྭཱཧཱ། ཞེས་པ་མར་མེའི་འོ། །ལག་པ་གཡས་བརྐྱང་བ་དང། ཨོཾ་ཧཱུཾ་སྭཱཧཱ་ཞེས་པ་ནི་སྔགས ་དང་ཕྱག་རྒྱའོ། །ལག་པ་གཉིས་བརྐྱང་སྟེ། །གུང་མོའི་རྩར་ར་མཐེབ་མོ་བསྐྱོད་པ་དང། །ོཾ་ཀུ་རུ་ཀུ་དུ་མ་ཧཱ་བ་ལི་ཧཱུཾ་སྭཱཧཱ། ཞེས་བྱ་བ་ནི་གཏོར་མའི་སྔགས་དང་ཕྱག་རྒྱའོ། །ཕྱི་ནས་མཆོད་པ་ཉི་ཤུ་ཡིན། །ཡེ་ཤེས་ཅན་གྱིས་མཆོད་པར་བྱ། །ཧཱུཾ་ཞེས ་བྱ་བའི་གླུ་བླང་ཞིང། །རྣལ་འབྱོར་མཾ་ཀུན་མཉེས་པར་བྱ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །རྐེད་པའི་མཚམས་སུ་བཞག་ནས་ནི། །ཡན་ལག་གསུམ་དུ་ཧཱུཾ་གིས་བསྐྱོད། །པི་ཝང་ཚུལ་དུ་བསྒྲེང་བ་དང། །གླིང་བུའི་ཚུལ་དུ་འབུད་པ་དང། །ཟད ་དུད་ཚུལ་དུལ་བུད་པ་དང། །དཀྲོལ་བའི་ཚུལ་དུ་དཀྲོལ་བ་དང། པ་ཊ་ཏ་ལྟར་བརྡུང་བ་དང། །གར་གྱི་ཚུལ་དུ་བསྐྱོད་པ་དང། །བསིལ་ཡབ་ཚུལ་དུ་གཡོ་བ་དང། །རྒྱལ་མཚན་ཚུལ་དུ་བསྐྱེད་པ་དང། །བླ་རེའི་ཚུལ་དུ་བྲེ་བ་དང། །བ་དན་ཚུལ ་དུ་འཕྱར་བ་དང། །གདུགས་ཀྱི་ཚུལ་དུ་དགའ་པ་དང། །རྫ་རྔའི་ཚུལ་དུ་བརྡུང་བ་དང། །རྔ་ཟླུམ་ཚུལ་དུ་བརྡུང་བ་དང། །འཛུམ་པའི་ཚུལ་དུ་བཞད་པ་དང། །ཁྲོ་བོའི་ཚུལ་དུ་ཁྲོ་བ་དང། །སྒེག་པའི་ཚུལ་དུ་སྒེག་པ་དང། །བགྱིང་བའི་ཚུལ་གྱིས་རོལ ་པ་དང། །ཕྱག་འཚལ་ཚུལ་དུ་འདུད་པ་སྟེ། །མདའའདྲེན་ནུ་མ་འཁྱུད་པ་དང། །ཉི་ཤུའོ། །རྣལ་འབྱོར་མ་བརྒྱད་དེ་ཉིད་ཀྱིས། །དངོས་པོ་ཀུན་གྱིས་མཆོད་པར་བྱ། །ཧཱུཾ་ཞེས་བྱ་བར་བདག་སྤྲུལ་ནས། །ཧཱུཾ་གིས་གླུ་ནི་བླང་བར ་བྱ། རྒྱུད་ལས་བྱུང་བ་བཞིན་དུ་ནི། །བདུད་རྩི་མྱང་བའི་བར་དུ་བྱ།། །རྡོ་རྗེའི་དེ་ཉིད་དང་ལྡན་པས། །ཚིགས་བཅད་འདི་ཡིས་བླང་བར་བྱ། །རྡོ་རྗེ་གསོར་བ་མཛེས་པ་ཡིས། །སེམས་ཅན་རྣམ་ཐར་བསྒྲལ་བར་བྱའོ། །རྣམ ་པར་ཆོ་སུ་བྱ་བ་སྟེ། །རྡོ་རྗེ་ཤིན་ཏུ་སྙིང་པོ་མཆོག། དེ་ཁོ་ན་ཉིད་དང་ལྡན་པའི་དྲིལ་བུ་འདིས་བླང་ངོ། །ོཾ་བཛྲ་གྷཎྜེ་ཧཱུཾ་ཧོ། ཨོཾ་བཛྲ་གྷ་ཎྜེ་ར་ཎི་ཏ་པྲ་ར་ཎི་ཏ་སཾ་པྲ་ར་ཎི་ཏ་སརྦ་བུདྡྷ་ཀྵེ་པྲ་ཙ་ལི་ཏེ། པྲ་ཛྙཱ་པཱ་ར་མི་ཏ་ནཱ་ཐ་སྭ་བྷཱ་བེ་ན་བཛྲ་དྷ་ར་ཧྲི་ད་ཡ། ། ་བ་མམཏོ་ཡ་ནི་ཧཱུཾ་ཧཱུཾ་ཧཱུཾ། ཧོ་ཧོ་ཧོ། ཨ་ཨ་ཨ་སྭཱཧཱ། གནས་བརྒྱད་དྲིལ་བུའི་སྒྲ་སྒྲེགས་ཤིང། །རྡོ་རྗེ་གསོར་དེ་རང་ལས་བྱུང་བའི་ལྷ་མོས་བསྟོད་པ་ནི། །ལུས་ཅན་དོན་ཕྱིར་ཤེས་རབ་གསོལ་བཏབ་པ། །ཀུན་འཁྱུད་ལ་སོཌ་གཉིས་ཀྱིས་གཉིས་སྤྲོད་ཅིང། ། ་སྒྱུ་མ་ལྟ་བུ་སྦྱོར་པས་ཤིན་ཏུ་བརྒྱན། །སྲིད་པ་ལས་སྒྲོལ་ཁྱོད་ལ་ཕྱག་འཚལ་ལོ། །རྡོ་རྗེ་དགའ་བའི་མཐུ་དང་སྤྱན་གྱིས་གཟིགས། །ཡི་གེའི་དངོས་པོ་རང་བཞིན་སྟོང་པར་རོལ། །དངོས་དང་དངོས་མེད་ལས་སྒྲོལ་དབུ་མས་མཁྱེན། །མེ་འགྱུར ་ཀུན་བཅོམ་ལྷག་མ་སེམས་པའོ། །གཉིས་སྤྲོད་ཀུན་ཁྱུད་ཆུ་ཡི་བྱ་བ་ཅན། །གཉིས་མེད་ཆོས་བརྙེས་པར་པ་མཉེས་པའོ། །བདེ་བའི་འཁོར་མནན་ཐར་པ་བཏང་བའོ། །ཐམས་ཅད་དངོས་ཀྱི་རྣལ་འབྱོར་མ་སྔགས་རོལ། །རྣལ་འབྱོར་མ་ལྔ ་སངས་རྒྱས་དེ་ཉིད་མཁྱེན། །གཟུགས་མ་སྒྱུ་མ་སེམས་ཅན་སྨིན་མཛད་པ། །རྡོ་རྗེ་ཀུན་རྟོག་ཆོས་ཀྱི་རྨོངས་པ་གཅོད། །རྣལ་མ་མ་རྨོང་སྙིང་ཆོས་ཚོཌ་ལ་འདུད། སེམས་ཅན་སྒྲོལ་མཛད་རྣལ་འབྱོར་བདག་ལ་བསྟོད་ཕྱག་འཚལ། །ཐམས་ཅད་བདག་སྐྱེས་ངོ་བོ ་གཅིག་ལ་བསྟོད་ཕྱག་འཚལ། །འཁོར་བའི་རྒྱ་མཚོའི་རྨོངས་པ་གཅོད་ལ་བསྟོད་ཕྱག་འཚལ། །དེ་ཉིད་གཅིག་ལ་རྟག་ཏུ་བདག་འདུད་བསྟོད་ཕྱག་འཚལ། །རང་དགར་སེམས་ཅན་དགྲོལ་བ་ཡི། །རྒྱུ་མེད་དངོས་ལ་འདུད་པར་བགྱི། །ཏེ་ན་ཧཱུཾ་ཏེ་ན ་ཏེ་ཏེ་ཧཱུཾ། སྟོན་ཀའི་ཟླ་ལྟར་རབ་མཛེས་ཤིང། །དུད་ལྟར་དཀར་བའི་སྐུ་འཛིན་པ། །ཏེ་ན་ཧཱུཾ་ཏེ་ན་ཏེ་ཏེ་ཧཱུཾ། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཅན། །གཉིས་འཁྱུད་སྦྱོར་བ་འཛིན་པའོ། །ཏེ་ན་ཧཱུཾ་ཏེ་ན་ཏེ་ཏེ་ཧཱུཾ། སྒྱུ་མའི་ལུས་སུ་ཐིམ་པ་ཡི། །འགྲོ་བ་འཛིན་པ་རྒྱུ ་མེད་དངོས། །ཏེ་ན་ཧཱུཾ་ཏེ་ན་ཏེ་ཏེ་ཧཱུཾ། སྲིད་པ་གསུམ་འབར་སྐུ་ནི་རྗེས་ཆགས་འདུལ་བར་ལྡན། །འོད་ཟེར་རྣོན་པོ་སྟོང་ལྡན་ཉི་མ་སྟོང་འདྲར་ལྡན། །རྣམ་མད་སྐུ་དང་ཆ་བྱད་རྗེས་ཆགས་སེམས་དང་ལྡན། །རྡོ་རྗེ་སེམས་དཔའ་དབང་ཕྱུག་མཆོག ་རོལ་གར་མཛད་པ་ཞེས་བྱ་བས་ཁྱད་པར་དུ་བསྟོད་ཅིང། །གླུ་དང་བསྟོད་པས་མཆོད་པས་མཉེས་པར་བྱ། །ཁར་བར་དུ་ཧཱུཾ་གི་སྒྲ་དང་དྲིལ་བུ་བསྒྲགས་ལ་སྨོན་ལམ་རྣམ་པ་གསུམ་གདབ་པར་བྱའོ། །རྡོ་རྗེ་ཐལ་མོ་དམ་བཅིངས་ནས། །སྙིང་གའི ་ཕྱོགས་སུ་བཅིར་པར་བྱ། །ོཾ་སྭ་བྷ་བ་ཤུདྡྷ། སརྦ་དྷརྨཱ་སྭ་བྷ་བ་བཛྲ་ཤུདྡྷོ་ཧཾ། ཨོཾ་བཛྲ་ཤུདྡྷ། སརྦ་དྷརྨཱ་བཛྲ་ཤུདྡྷོ་ཧཾ། ཨོཾ་ཡེ་ག་ཤུདྡྷ། སརྦ་དྷརྨཱ་ཡོ་ག་ཤུདྡྷོ་ཧཾ། ཞེས་བརྗོད་ལ་ལྷའི་རྣལ་འབྱོར་ལ་གནས་པར་བྱའོ། །ཏིང་ངེ་འཛིན་གྱི་སྐྱོན་སྔགས ་བཟླ་སྟེ། ཕྲེ??་བ་དེ་ཉིད་??ལྡན་པས་སྔགས་འདིས་སྦྱར་རོ། །ོཾ་བ་ཏེ་མ་ཧཱ་ཛྙཱ་ན་སརྦ་བུད་དྷཱ་མ་ཧཱ་བ་བེ་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཨ་སྭཱཧཱ། ཨོཾ་ཛུ་སྭཱཧཱ། རྩ་བའི་སྔག་སོ། །ོཾ་ཧཱུཾ་སྭཱཧཱ། ཡེ་ཤེས་མཁའ་འགྲོ་མའི་འོ། །ོཾ་སུཾ་སྭཱཧཱ། ཨོཾ་ཀྵུཾ་སྭཱཧཱ། ཨོཾ་ཡུཾ་སྭཱཧཱ། ཨོཾ ་ཧཱུཾ་སྭཱཧཱ། ཨོཾ་སྨྲཡུཾ་སྭཱཧཱ། ཨོཾ་ཧམྲཡུཾ་སྭཱཧཱ། ཨོཾ་ཀྵྨརྱུཾ་སྭཱཧཱ། ཨོཾ་པུཾ་སྭཱཧཱ། ཨོཾ་ཕེཾ་སྭཱཧཱ། ཨོཾ་ཕྲོཾ་སྭཱཧཱ། ཨོཾ་ཕྲིཾ་སྭཱཧཱ། ཞེས་འབུམ་ཕྲག་གསུམ་བཟླས་པས་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །ཕྱི་ནས་ལས་ལ་སྦྱར་རོ། །དེ་ནས་ལངས་པར ་མདོད་ན་སྨོན་ལམ་གདབ་སྟེ། མ་ལུས་སེམས་ཅན་ཀུན་གྱིས་ཕྱིར། །སྨོན་ལམ་དག་ནི་གདབ་པར་བྱ། །སེམས་ཅན་ཐམས་ཅད་ནད་མེད་ཅིང། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག་།གང་གིས་ལམ་ལ་འགྲོ་བ་ཡི། །སངས་རྒྱས ་ཉིད་དང་ཕྲད་པར་ཤོག་།མ་བརྒལ་བ་རྣམས་བསྒྲལ་བྱ་ཞིང། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དེ་ལྟར་ཉིད་དུ་རྔེས་བརྩེ་བས། །རྣལ་འབྱོར་བསྟན་ཆོས་ལ་གནས་ཤོག་།གཏོར་མ་གཏང་བ་ནི། །དམར་བ་ཡི་ནི་རྫས་རྣམས་ཀྱིས། །མཎྜལ ་གྲུ་གསུམ་བྱུག་པར་བྱ། །མེ་ཏོག་དམར་པོ་བདུག་པ་དང། །དྲི་དང་མར་མེ་ལ་སོགས་དབུལ། །ཉེ་བར་ལོངས་སྤྱོད་གཏོར་མར་ལྡན། །ཤ་རློན་དང་ནི་ཉ་ཤ་སོགས། །བཟའ་བའི་རྫས་རྣམས་ཐམས་ཅད་ལ། །བདུད་རྩི་ལྔ་དང་བཅས་པར་དགོད། ། ་གཡོན་གྱི་ཆ་རུ་སྣོད་བཞག་ལ། །གཡས་ཀྱི་ཁྲོ་བོ་བསྟན་པར་བྱ། །ཧ་ཞེས་པ་ཡིས་ཁ་དོག་དབྲོག་།ཏོ་ཞེས་པ་ཡི་དྲི་ཞེས་སྟེ། །ཧྲཱི་ཞེས་པ་ཡིས་ནུས་པ་གཞོམ། །གོ་རིམས་དེ་དེ་ལྟར་མངོན་པར་བརྗོད། །རྣམ་གསུམ་ལན་གསུམ་བརྗོད་ནས་སུ། ། ་ལྷ་རྣམས་གསུམ་ནི་གསལ་བར་བྱ། །གཡས་པ་པདྨ་བསམས་ནས་སུ། །གཡོན་པ་རྡོ་རྗེ་བསྒྲེངས་ནས་ཀྱང། །པདྨའི་བསྐོར་བ་བསྐོར་ནས་ནི། །ཕྱག་རྒྱ་ཆེན་པོ་བསྟན་པར་བྱ། །ོཾ་ཧ་ཧོ་ཧྲཱི(རྒྱུད་འགྲེལ་སྔགས་དང་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །རྒྱབ་དང་རྒྱབ་ཏུ་སྦྱར་བར་བྱ། །མཐེའུ་ཆུང་གཉིས་ནི་བསྒྲེང་ནས་སུ། །མཛུབ་མོ་གཉིས་ནི་བསྒྲེང་བར་བྱ། །གཡས་པ་ཅུང་ཟད་བསྐུམ་ནས་སུ། །སྦྱར་བས་ལྟ་རྣམས་སྤྱན་དྲང་ངོ། ། ་ཨོཾ་ཀུ་རུ་ཀུ་རུ་ས་མ་ཡ་ཨ་བྷི་བ་ཏི་ཧཱུཾ(རྒྱུད་འགྲེལ་བསྒོམས་ཏེ། །ལས་རྣམས་ཐམས་ཅད་སྒྲུབ་བྱེད་ཅིང། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །རྒྱབ་དང་རྒྱབ་དུ་སྦྱར་བར་བྱ། །མཐེའུ་ཆུང་གཉིས་ནི་དཀྲིས་ནས་སུ། །ཁྲོ་བོ་དག་ནི་སྒྲོག་ཏུ་སྒྲེལ། །ོཾ་ཏི་ཥྛ་ཏི་ཥྛ་ཧཱུཾ། བྷ་ཀྵ་བྷ་ཀྵ་ཛ(རྒྱུད་འགྲེལ་སོགས་སྦྱར་བྱས་ནས། །གཏོར་མ་ལ་སོགས་སྦྱར་བར་བྱ། །ཞི་རྒྱས་དབང་དང་དགུག་པ་དང། །གསང་སྔགས་དབྱེ་དང་བཅིང་བ་དང། །ཕྱི་རོལ་གཏོར་མའི་དེ་ཉིད་ཀྱིས། །གཏོར་མའི་ལས་ལ་སོགས་པས་བློ་སྒྲུབ། །མཆོག་གི་དངོས་གྲུབ་འདོད་རྣམས ་ཀྱིས། །གསང་བའི་གསང་བར་བསྒོམ་བྱ་བ། །ལྷ་ཡི་རྣལ་འབྱོར་ལ་གནས་ཏེ། །ལྟེ་བསྙིང་ག་མགྲིན་པ་དང། །མགོ་བོ་དང་ནི་རྣམ་པ་བཞི། །འདབ་མ་དྲུག་ཅུ་རྩ་བཞི་དང། །བརྒྱད་དང་བཅུ་དྲུག་རིམ་པ་སྟེ། །སུམ་ཅུ་རྩ་གཉིས ་བསྒོམས་པར་བྱ། །བདེ་ཆེན་དང་ནི་ཆོས་འཁོར་ལོ། །ཐབས་ཀྱི་ཆ་རུ་ཤེས་པར་བྱ། །སྤྲུལ་པ་དང་ནི་ལོངས་སྤྱོད་གཉིས། །ཤེས་རབ་ཆ་རུ་ཤེས་པར་བྱ། །ོཾ་དང་ཧཱུཾ་དང་ཧཱུཾ་དང་ཨ་དང་ཧཾ། །ལྟེ་བ་བཞི་ལ་དགོད་པར་བྱ། །འདབ་མའི་ཡི་གེ་ཐམ་ཅད ་ལ་གཏུཾ་མོ་མེའི་སྦར་ཐབས་དང། །བདེ་བའི་བསྐྱེད་པའི་རི་པཾ་ནི། །བླ་མའི་ཁ་ལས་རྟོགས་པར་བྱ། །ཏིང་འཛིན་དེ་ལས་ལངས་པའི་ཚེ། །གཞན་ནི་ཅི་ཡང་མི་བསམ་པར། །རྫོགས་པའི་རིམ་པའི་མན་ངག་ནི། །མཆོག་འདོད་དོན་ལ་མོས་པར་བྱ། །ཡང་ན ་ལྷའི་ཚུལ་གནས་ཏེ། །སྒྱུ་མའི་རྣམ་པའི་བཞི་རུ་བརྟག་།མདོར་ན་མཆོག་འདོད་རྣལ་འབྱོར་པས། །མན་ངག་རིམ་པ་འདི་ཉིད་ལ། །ཟས་ལ་བྱ་བ་ཇི་བཞིན་དུ། །མ་ཡེངས་ནན་ཏན་བསྐྱེད་པར་བྱ། །བདག་འདྲས་རྩོམ་པར་ནུས་པ་མ་ཡིན་ཡང། ། ་སེམས་ཅན་དམན་པ་རྣམས་ལ་པན་གདགས་ཕྱིར། །འདི་བྱས་བདུད་རྩི་ལྟ་བུའི་བསོད་ནམས་ཀྱིས། །ཐམས་ཅད་ཀུན་གྱིས་བདེན་པ་མཐོང་བར་ཤོག་།དཔལ་གདན་བཞིའི་སྒྲུབ་པའི་ཐབས། །སློབ་དཔོན་ཆེན་པོ་བྷ་བ་བྷ་ཊས་མཛད་པ ་རྫོགས་སོ?།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་ག་ཡ་དྷ་ར་དང་བོད་ཀྱི་ལོ་ཙ་བ་ཆེན་པོ་འགོས་ལྷས་བཅས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་བའོ།། །།དཔལ་གདན་བཞིའི་ཆུའི་སྦྱིན་སྲེག་བཞུགས། ། ་