CLOSE WINDOW

N1281: rdo rje dril thabs kyi mchod pa'i thabs kyi rim pa
Wyliee-texts based on the ACIP/ALL Input

འཕགས་པའི་ལྷའི་ཞལ་སྔ་ནས་མཛད་པ་རྫོགས་སྟོ།། །།རྡོ་རྗེ་དྲིལ་ཐབས་ཀྱི་མཆོད་པའི་ཐབས་ཀྱི་རིམ་པ་བཞུགས་སོ། །རྒྱ་གར་སྐད་དུ། །བཛྲ་གྷཎྜ་པཱུ་ཛ་ཀ་མ་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་དྲིལ་ཐབས་ཀྱི་མཆོད་པའི་ཐབས་ཀྱི ་རིམ་པ། དཔལ་རྡོ་རྗེ་ཅན་ལ་ཕྱག་འཚལ་ལོ། །སྒྲིབ་གཉིས་སྤོང་ཞིང་ཚོགས་གཉིས་བསྒྲུབ། །མཆོད་པ་དག་ལ་རྟག་དགའ་ཕྱིར། །རྡོ་རྗེ་དྲིལ་བུའི་བསྒྲུབ་པ་ནི། །བདེ་མཆོག་གསང་ལ་བདུད་དེ་བཤད། །ཡིད་དང་མཐུན་མོང་དབེན་གནས་སུ། །ཡང་དག་དོན ་ལྡན་རྣལ་འབྱོར་གྱིས། །རྡོ་རྗེ་དྲིལ་བུ་བྱིན་གྱིས་བརླབ། །མཛེས་པའི་མཎྜལ་སྟེང་དག་ཏུ། །མེ་ཏོག་ཚོམ་བུ་གཉིས་བཞག་སྟེ། །རྡོ་རྗེ་དྲིལ་བུ་སྟེང་དུ་གཞག་།དང་པོར་དག་པའི་ཁྲུས་པ་སྟེ། །མོས་པ་ཙམ་གྱིས་ལྷར་བསྐྱེད་ནས། །འོད་ཀྱིས་རྟགས་གཉིས ་སྟང་བྱ་སྟེ། །སྟོད་པའི་ངང་ལས་ཨཱ(རྒྱུད་འགྲེལ་འོད་ཞུ་ལས་རྡོར་དྲིལ་འགྱུར། །བཟླས་པ་བྱས་ནས་བླང་བར་བྱ། །གཡོན་གྱི་སྟེང་འོག་ཚུལ་དུ་བླང། །དེ་ནས་གཡས་སུ་རྡོ་གླང། སྙིང་གདག་ཏུ་གཟུང་ནས་ནི། །དྲིལ་བུ་གཡོན་གྱི་དཀུ་རུ་བསྟེན། །དེ་ནས་གཡོན་དུ་གར་བཅས་ཏེ། །གཡས་ལ་ཐུག་པ་དགུ་རུ་བསྐོར། །དེ་ནས་གོང ་བཞིན་གཟུང་བར་བྱ། །དང་པོ་ཐུན་མོང་བཤད་བྱ་སྟེ། །གར་སྐོར་རྡོ་རྗེ་དྲིལ་བུ་གཉིས། །གོང་བཞིན་འཛིན་པ་བཅའ་བ་སྟེ། །དེ་ནས་དྲིལ་བུ་ལན་གསུམ་དཀྲོལ། །དེ་ནས་གཉིས་ཀས་ལན་གསུམ་སྟེ། །ཐམས་སྟེང་དུ་བསྐོར་ནས་ནི། །གང་བསྐོར་གོང་བཞིན ་འཛིན་པ་ནི། །ཀུན་གྱི་སྔོན་དུ་འགྲོ་བ་ཡིན། །འདན་ཕྱིར་པའི་རྣམ་པ་ལ། །དང་པོར་འཛིན་དང་དྲིལ་བུ་འཁྲོལ། །རྡོར་དྲིལ་གསོར་གསིལ་བཅས་པ་ལ། །གཉིས་པ་འཛིན་པ་སྦྱོར་མོན་ཏེ། །དཀྲོལ་བ་བདན་གཡོབ་པ་ལ། །དང་པོ་ལ་སོགས་དུག ་བཞིན་ནོ། །བ་དན་མི་གཡོབ་གཏིང་བ་ལ། །མི་དཀྲོད་མི་གསོར་མོ་བུ་བཞག་བ་དན་འགུགས་པའི་དུས་དག་ཏུ། །དྲན་པ་ཆུ་བུར་བཞིན་དུ་དཀྲོལ། །སེམས་ཅན་དོན་བརྩོན་གྱུར་བ་ན། །མདུད་ཐབས་ཤེས་ནི་བྱ་བ་སྟེ། །ཉོན་མོངས་ཐ་བར་འཐིབ ་པའི་ཚུལ། །དང་པོ་དྲིལ་བུ་གསུམ་ཡིན་ཏེ། །གཡས་སུ་འཕང་བའི་འབིགས་བཞིན་ཏེ། །གཡོན་དུ་གཉིགས་བྱེད་པ་ཡིན། །སྒྲིབ་པ་གཉིས་ནི་འཇོམས་པ་སྟེ། །ལན་གསུམ་བསྐོར་བ་དངོས་གྲུབ་ལེན། །སྟེང་དུ་བསྐོར་བ་བསྟན ་པར་བྱེད། །སྙིང་གར་གཟུང་བས་བཀྲག་མདངས་བསྐྱེད། །དོན་འགྲུབ་སྦྱོར་བ་བཤང་བྱ་སྟེ། །གཡས་ཀྱིས་རྒྱ་གྲམ་སྦྱོར་བ་དང། །གཡོན་དང་དབུས་ཀྱི་སྦྱོར་བ་ནི། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་སྟེ། །སྙིང་ག་ལ་ནི་བསྟེན་པར་བྱེད། །དྲིལ་བུའི་ཆ ་ལ་རབ་བརྟགས་ནས། །སྤྱི་བོ་མགྲིན་པ་སྙིང་ག་ཡི། །ཐང་ཀར་འཛིན་ཅིང་བསྐོར་བ་ནི། །ས་འོག་ས་བླ་ས་སྟེང་གི། སྲིད་གསུམ་སྤྲུལ་པས་འགྲུབ་པའོ། །རྡོ་རྗེ་སེམས་འགུགས་སྦྱོར་བ་ལ། །དང་པོར་ཕར་ལ་སྤོས་པ་ནི། །རང་གི་མཆོད་པ ་བྱེད་པ་སྟེ། །སྙིང་ལར་འགུགས་པ་དངོས་གྲུབ་ལེན། །རྡོ་རྗེ་བསྣོལ་བརྟན་ཞེས་བྱ་བ། །གཉི་གའི་དབང་དུ་བྱས་པ་སྟེ། །དཀར་འཛིན་གཉིས་ཀྱི་ཐད་ཀ་རུ། །གཟུང་བ་སྟེང་འོག་བྱེད་པའོ། །གཡས་བསྟན་པ་ནི་ཤེས་རབ་ཡིན། །གཉིས ་བསྟན་པ་ནི་སྦྱོར་བའོ། །གང་དུ་སྦྱོར་བའི་བྱང་ཆུབ་སེམས། །གཉིས་བསྟན་པས་ནི་འབུལ་བར་བྱེད། །དེ་ཡིས་རྒྱལ་བ་ཐམས་ཅད་མཉེས། །རོལ་པའི་ཆོ་ག་བྱེད་པ་ནི། །ལག་པ་བསྣོལ་མར་བྱེད་པ་སྟེ། །ཤེས་རབ་ཡེ་ཤེས་གནས ་སྐབས་དང། །གསང་བ་ཡི་ནི་སྤྱོད་པ་དང། །གསང་བའི་སྤྱོད་པའི་སྐབས་སུ་ཤེས། །གཞན་ཡང་ཡོན་ཏན་བརྗོད་ལས་འདས། །བླ་མེད་གསང་བའི་བླ་ན་མེད། །གཙོ་བོ་མཆོག་གི་ལས་སྦྱོར་བ། །ཁྱད་པར་གྱི་ནི་བཤད་བྱ་སྟེ། །དང་པོའི ་ལས་དང་ཐ་མའི་ལས། །གོང་མ་བཞིན་ཏེ་ཐུན་མོང་ངོ། །འཁོར་ལོ་འཛིན་སོགས་ལྔ་པོ་དང། །སྙིང་གར་འཛིན་པས་ཤེས་པར་བྱ། །མདུན་དུ་སྤོས་ཕོར་འཛིན་པ་དང། །གྱེན་དུ་མེ་ཏོག་འཐོང་བ་དང། །སོར་མོ་མར་མེའི་ཚུལ་དུ་བསྒྲེང། །གེངས ་པས་བྱུག་པའི་ཚུལ་དུ་གྱུག་།མཉེས་པ་ཡི་ནི་ཐབས་སུ་བཤད། །ཞི་བ་ཡི་ནི་སྦྱོར་བ་སྟེ། །རྡོ་རྗེ་དྲིལ་བུའི་ཐད་གཟུང་ནས། །གང་ལ་ཕོག་བས་རྡ་བྱེད་བསམ། །རྒྱས་བ་སྟོང་དུ་འཕྱར་བ་སྟེ། །ཡེ་ཤེས་ཁམས་གསུམ་བཅུད་ལེན་བྱེད། །དབང་ནི་གྱེས ་ལ་ཕྱོགས་ནས་སུ། །ལག་པའི་འོག་ཏུ་འཇུག་ཚུལ་ལོ། །དྲག་པ་གསད་པའི་ཚོ་ག་ནི། །གདུལ་བྱ་མདུན་དུ་གནས་པ་ལ། །སྟེང་དུ་འཕྱར་ཞིང་ཐུང་དུ་འབུགས། །རེངས་པ་ཡི་ནི་སྦྱོར་བ་སྟེ། །གདུལ་བྱ་མདུན་དུ་བསམ་བྱ་སྟེ། །གྱེན་ཐུར་ཐད་ཀར ་ཕྱར་བ་ཡིས། །སྤྱི་བོར་རྐང་པའི་བར་ངག་ཏུ། །རྡོ་རྗེའི་རིང་བོ་བསྒྲེང་བར་བྱེད། །བསྟབ་པའི་ཆོ་གའི་ལས་བྱེད་པ། །རྡོ་རྗེ་གདེང་པོའི་སྦྱོར་བ་ཡིས། །ཐུར་བསགས་ལ་ནི་ལེན་བ་སྟེ། །གྱེན་དུ་ཕྱར་ནས་བཏེག་བྱས་ནས། །དེ་ནས་མདུན་དུ་བསྟབ་པའོ། ་དེ་ལ་སོགས་པའི་སྦྱོར་བ་མཆོག་།གསང་བ་དེ་ཉིད་རྗེས་འབྲངས་ནས། །བློ་དམན་དོན་དུ་བཤད་པ་ཡིན། །འདི་ལ་ཉེས་པར་གྱུར་པ་ཀུན། །འཕགས་དང་མཁས་ལ་བཟོད་པར་གསོལ། །བདག་གིས་འདི་བརྩམས་བསོད་ནམས་ཀྱིས། །ཁམས་གསུམ ་ཐམས་ཅད་བླ་མེད་ཤོག་།རྡོ་རྗེ་དྲིལ་ཐབས་ཀྱི་མཆོད་པའི་རིམ་པ་སློབ་དཔོན་འཕགས་པ་ལྷས་མཛད་པ་རྫོགས་ཤོ།། །།དཔལ་གདན་བཞི་པའི་བསྒྲུབ་པའི་ཐབས་བཞུགས་སོ། །*། །རྒྱ་གར་སྐད་དུ། །ཤྲཱི་ཙ་ཏུ་རྭི་ཐི་སཱ་དྷ་ནི་ནོ་མིག་།བློས་སྐད ་