| Wylie | e-texts based on the ACIP/ALL Input |
དྲིན་གྱིས་བསྐྱངས་པའི་ལོ་ཙ་བའི་མིང་ཙམ་འཛིན་པ་དཔལ་ལྡན་སྨྲ་བའི་སེང་གེས་ཚིག་དང་དོན་གྱི་ཆ་ལ་ལེགས་པར་དཔྱད་ནས། དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་ལེགས་པར་བསྒྱུར་པའོ།། །།ཡེ་ཤེས་དབང་ཕྱུག་མི་བསྒྲུབ་ཐབས་བཞུགས་སོ། ། ་རྒྱ་གར་སྐད་དུ། ཛྙ་ནེ་ཤྭ་རི་སཱ་དྷ་ནཱཾ། བོད་སྐད་དུ། །ཡེ་ཤེས་དབང་ཕྱུག་མའི་སྒྲུབ་ཐབས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཐབས་དང་ཤེས་རབ་བདག་ཉིད་མཆོག་།ཡེ་ཤེས་དབང་ཕྱུག་ཕྱག་འཚལ་ནས། །རྩ་བའི་རྒྱུད་ཀྱི་རྗེས ་འདྲངས་ཏེ། །བདག་གིས་དེའི་སྒྲུབས་ཐབས་བཤད། དེ་ལ་ཐོག་མར་གནང་བ་ཐོབ་པའི་རྣལ་འབྱོར་པས། གཡས་པའི་ལག་མཐིལ་ལ་ཨ་རྣམ་པར་བསྒོམ་པར་བྱའོ། །སྡིགས་འཛུབ་ལ་སོགས་པའི་སོར་མོ་རྣམས་ལ། །སུཾ་ཀྵུཾ་ཡུཾ་ཧཱུཾ་ཨ། རིམ་པ ་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱས་ལ་རྡོ་རྗེ་རྩེ་ལྔ་པ་བསམ་པར་བྱའོ། །དེ་བཞིན་དུ་གཡོན་པའི་ལག་མཐིལ་དུ་སའི་རྣམ་པ། །སྡིགས་མཛུབ་ལ་སོགས་པའི་སོར་མོ་ལ། །སྨྲཡུཾ་ཧམྲཡུཾ་ཡམྲཡཾ་ཀྵྨརྱུཾ་སཾ། ཞེས་པ་རིམ་པ་ཇི་ལྟ་བ་བཞིན་དུ་བསྒོམས་ལ་པདྨ་བསམ་པར་བྱའོ། །འདི ་ནི་ལག་བ་སྦྱང་བར་བྱའོ། །དེ་ནས་མགྲིན་པར་ཧྲི(རྒྱུད་འགྲེལ་སྣོད་ལ་ཕྱག་རྒྱ་དང་བཅས་པས་ལན་བདུན་མདོན་པར་སྔགས་ཏེ། གཡོན་ཕྱོགས་སུ་བཞག་ལ། དེའི་ཆུས་ཐམས་ཅད་ཀུན་ལ་གསང་གཏོར་བྱའོ། །ལག་པ་གཉིས་རྡོ་རྗེ་ཁུ་ཚུར་བཅིངས་ཏེ་དབུ་མ་གཉིས་བརྐྱང་བ་སྟེ། ཁབ་ལྟར་བྱས་ལ་ཨོཾ་ཧཱུཾ་ཕཊ། ཞེས ་པས་གནས་སྲུང་བར་བྱའོ། །ལག་པ་གཉིས་བརྐྱང་སྟེ། མཐེ་བོང་གཉིས་བཅིངས་ལ། །གཤོག་པ་བཞིན་དུ་བྱས་ལ་བསྐོར་ནས་སྙིང་གར་བཟློག་ཏེ་བཀོད་པ་ནི་བདག་བསྲུང་བའོ། །ོཾ་ཧཱུཾ་སྭཱཧཱ། ཞེས་པས་སོ། །རྡོ་རྗེ་བཅིངས་ནས་དབུ་མ་བརྐྱང་བ་ནི ་ཁབ་ཀྱི་ཕྱག་རྒྱ་བཞིན་དུ་བཅས་ནས་བསྐོར་བ་བྱས་ལ་དྲ་བ་དང་ར་བ་ལ་སོགས་པར་བྱའོ། །ོཾ་ཌ་ཊུ་སྭཱཧཱ། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་སྡིགས་མཛུབ་གཉིས་བཟློག་སྟེ། སྙིད་ག་དང་རྒྱབ་དང་མགོ་བོ་རྣམས་ཀྱི་གོ་ཆ་སྟེ་ལན་གསུམ་བྱའོ། །ོཾ་བཛྲ་ཏུ་ཥྱ་ཧོ། ཞེས ་པས་མཉམ་པའི་ཐལ་མོ་དགྱེས་པར་བྱས་ལ། དེའི་མདུན་དུ་འོག་ནས་འབྱུང་བའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་སྟེ་མཆོད་པར་བྱའོ། །ོཾ་ཤྲིཾ་སྭཱཧཱ། ལག་པ་བརྐྱང་སྟེ་མཐེ་བོད་དང་མཛུབ་མོ་སྦྱར་བར་བྱས་པ་ནི་མེ་ཏོག་གིའོ། །ོཾ་ཧཱུཾ་སྭཱཧཱ། ་ལག་པ་བརྐྱང་བ་ནི་དྲིའི་འོ། །ོཾ་ཀཾ་སྭཱཧཱ། ལག་པ་བརྐྱང་ཏེ་དབུ་མ་བསྒྲེང་བ་འདུག་པའི་འོ། །ོཾ་ཀྵུཾ་སྭཱཧཱ། །བུ་ཚུར་བཅིངས་ཏེ་མཐེ་བོང་བསྒྲེང་བ་ནི་མར་མེའི་འོ། །ོཾ་གྷུཾ་སྭཱཧཱ། ལག་པ་གཉིས་བརྐྱང་སྟེ། དབུས་སུ་མཐེ་བོང་རབ་ཏུ་བསྐྱོད་པ་ནི ་གཏོར་མ་དབུལ་བའོ། །དེ་ནས་པདྨ་བསྒྱུར་བ་སྡོན་དུ་འགྲོ་བ་ཐལ་མོ་སྙིང་གར་བཞག་སྟེ། ཨོཾ་ན་མ(རྒྱུད་འགྲེལ་ཎཱཾ་ནི་རྱཱ་ཏ་ཡཱ་མི། ཨོཾ་ས་ཀ་ལ་སཏྭ་བ་རི་ཏྲཱ་ཎཱ་ཡ་ཨཱཏྨ་ཎཱཾ་ནིརྱ་ཏེ་ཡཱ་མི། ས་མ་ཡ་སྟཝཾ། ས་མ་ཡ་ཧོ་ཧོ་ཧོ་ཞེས་སོ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཐམས་ཅད་ཐེག་པ་གསུམ་ལ་ཡང། །སྦྱོར་བ་གསང་བ ་མཁའ་འགྲོ་དང། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཆེན་དང། །ཁྱད་པར་དུ་ནི་སློབ་དཔོན་ལ། །རྟག་ཏུ་སྐྱབས་སུ་བདག་མཆིའོ། །བདག་ལ་དགོངས་ཤིག་ཐམས་ཅད་ཀྱིས། །རྣམ་སྣང་མི་བསྐྱོད་པ་རིན་ཆེན་མཆོག་། ་སྣང་མཛའ་དང་དོན་ཡོད་གྱི། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །ཆེ་གེ་མོ་ཞེས་བྱ་བ་བདག་།དུས་འདི་ཉེ་བར་བཟུང་ནས་སུ། །བྱང་ཆུབ་ཆེན་པོ་ཐོབ་པའི་བར། །བླ་ན་མེད་པའི་བྱང་ཆུབ་སེམས། །མཆོག་ཏུ་བདག་གི་བསྐྱེད་པར་བགྱི། །ཇི་ལྟར ་དུས་གསུམ་མགོན་པོ་ཡིས། །བྱང་ཆུབ་ཉིད་དུ་ངེས་བྱས་བཞིན། །ཚུལ་ཁྲིམས་རྣམ་གསུམ་བསླབ་པ་དང། །དགེ་བའི་ཆོས་ནི་བསྡུ་བ་དང། །སེམས་ཅན་དོན་བྱ་ཚུལ་ཁྲིམས་གསུམ། །སོ་སོར་བདག་གིས་བརྟན་པོར་བཟུང། །སངས་རྒྱས་ཆོས ་དང་དགེ་འདུན་དང། །བླ་མེད་དཀོན་མཆོག་གསུམ་གྱི་མཆོག་།སྡོམ་པ་སངས་རྒྱས་རྣལ་འབྱོར་སྐྱེས། །དང་པོ་དེ་རིང་གཟུང་བར་བགྱི། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དག་།སོ་སོར་དེ་བཞིན་ཉིད་དུ་གཟུང། །རྡོ་རྗེ་ཆེན་པོའི་རིགས་མཆོག་ལ། །སློབ་དཔོན ་ཉིད་དུ་གཟུར་བར་བགྱི། །དམ་ཚིག་ཡིད་དུ་འོང་བ་ཡི། །རིན་ཆེན་འབྱུང་བའི་རིག་མཆོག་ལ། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་སྦྱིན་པར་བགྱི། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨ་ཆེན་པོའི་རིགས་དག་ལ། ཕྱི་ནང་གསང ་པའི་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །སྡོམ་པ་ཐམས་ཅད་ལྡན་པ་ལ། །ཇི་ལྟར་ནུས་པ་མཆོད་པའི་ལས། །ལས་གྱི་རིགས་མཆོག་ཆེན་པོ་ལ། །དེ་བཞིན་ཉིད་དུ་སོ་སོར་བཟུང། །བླ་ན་མེད་པའི་བྱང་ཆུབ་སེམས། །མཆོག་ཏུ་བསྐྱེད་པ་བྱས་ནས ་སུ། སེམས་ཅན་ཐམས་ཅད་དོན་བྱེད་ཕྱིར། །སྡོམ་པ་མ་ལུས་བཟུང་བར་བགྱི། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་བྱིན་པ་དབུགས་བྱུང་སྟེ། །སེམས་ཅན་མྱ་ངན་འདས་ལ་མགོད། །དེ་ནས ་རང་གི་སྙིང་ཁར་ཀྵུཾ་གི་རྣམ་པའི་འོད་ཟེར་གྱི་ཕྲེང་བ་བསྒྲོམས་པས། །རང་གི་ལུས་ལ་སོགས་པ་འཇིག་རྟེན་སྟོངས་པར་བསྒོམ་པར་བྱས་ལ། །ཆོས་རྣམས་ཐམས་ཅད་རང་བཞིན་མེད་པར་བྱའོ། །ོཾ་སྭ་བྷཱ་བ་ཤུདྡྷ། སརྦ་དྷ་རྨ་སྭ་བྷཱ་བ་ཤུདྡྷོ་ཧཾ། ཞེས་བརྗོད་དོ། །དེའི ་རྗེས་ལ་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པའི་ལྷ་མོ་བཞིས་བསྐུལ་བའི་བདག་ཉིད་དུ་བལྟ་བར་བྱའོ། །ཛ་ཛ་ཛ་ཛ་རྡོ་རྗེ་སེམས་དཔས་གཤེགས་པས་བདག་པོ་ལ་ཁྱོད་ཀྱིས་དངོས་གྲུབ་སྟེར་བ། ཧ་ཧ་ཧ་ཧ་ཧཱུཾ་ཡིག་མགོན་པོ་དམ་ཚིག་བདག་པོ་བདག་ཕྱག་འཚལ། །བ་བ་བ ་བ་རྡོ་རྗེ་གཤེགས་པའི་གསང་བ་ལས། བྱུང་སྐུ་འཛིན་པ། ཨ་ཨ་ཨ་ཨ་ཧོ་གུ་ཧཡའི་རྡོ་རྗེ་ཨཱ་ལི་གཅིག་ཏུ་ཐིམ་པའི་ཧཱུཾ། དེ་ནས་ཟླ་བའི་དཀྱིལ་འཁོར་བསྒོམས་ཏེ། ཨོཾ་ཛྙ་ན་ཨ་ཧཾ་ཞེས་བརྗོད་པར་བྱ་སྟེ། དེའི་སྟེང་དུ་ཨ་ལ་སོགས་པའི་ཡི་གེ་ལས་བྱུང་བའི་ཟླ་བའི ་དཀྱིལ་འཁོར་ཡང་མདུན་དུ་བལྟ་བར་བྱའོ། །དེའི་དབུས་སུ་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་ལྟ་བ་ལ་ས་བོན་དེ་ཉིང་གནས་པ་བསྒོམ་མོ། །ོཾ་བཛྲ་ཤུདྡྷ། སརྦ་དྷ་རྨ་བཛྲ་ཤུདྡྷོ་ཧཾ། ཞེས་བརྗོད་པར་བྱའོ། །དེ་ནས་རྡོ་རྗེའི་འོད་ཟེར་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་ལྡན ་པ་བྱུང་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ཏེ་སླར་ཡང་ཞུགས་ཏེ་སྔགས་ཀྱི་ང་རྒྱལ་བྱའོ། །ོཾ་ཝ་རྟ་མ་ནོ་ཨ་ཧཾ་ཧོ། ཞེས་པས་ཡེ་ཤེས་མཁའ་འགྲོ་མ་བསྒོམ་པར་བྱའོ། །རྒྱན་ཐམས་ཅད་དང་ལྡན་པ། །ཞལ་གསུམ་པ་དང། ཕྱག་དྲུག་པ་དང། སྤྱན་གསུམ ་པ། སེང་གེའི་གདན་གྱི་སྟེང་ན། སྣ་ཚོགས་པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་ན། སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྐུ་མདོག་སྔོན་པོ། སྦྲུལ་གྱིས་བརྒྱན་གྱིས་བརྒྱན་པ། །འཇིགས་པར་བྱེད་པ། སྐྲ་གྲོལ་བ། སྤྱི་བོར་ཐོད་པས ་བརྒྱན་པ། དབུ་ལ་སངས་རྒྱས་ལྔ་ཡིས་བརྒྱན་པ། བཞད་པ་དང། ཁྲོ་བ་དང། སྒེག་པའི་ཞལ་ཅན། ན་བཟའ་དམར་པོ་བསྣམས་པ། གཙིགས་ཤིང་བཞད་པ། གཡས་པའི་ཕྱག་ན། ཁ་ཊཝཱཾ་ག་དང་དགྲ་སྟ་དང། རྡོ་རྗེ་འཛིན་པ། གཡོན་པ་དང་དྲིལ་བུ་དང ་ལྷུང་བཟེད་དང། རལ་གྲི་འཛིན་པ། འོད་ཟེར་འབར་བའི་ཕྲེང་བ་ཅན། རང་བཞིན་གྱི་རྡོ་རྗེ་སེམས་དཔའ་ལ་འཁྱུད་པར་བསྒོམ་མོ། །དེ་ནས་ཨོཾ་ཨུད་བྷ་བོ་ཨ་ཧཾ་ཨཱ་ཨཱ་ཨཾ་ཧཱུཾ་སྲཱ་ཧཱ། ཞེས་བརྗོད་དོ། །ོཾ་ཡོ་ག་ཤུད་དྷ་སརྦ་བྷརྨ་ཡོ་ག་ཤུདྡྷོ་ཧོཾ། རྡོ ་རྗེ་གསོར་ལ། ཨོཾ་ཛྙཱ་ན་ཀ་ཡོ་ཧཾ་ཞེས་རྒྱ་ལ་བྱའོ། །དེ་ནས་ལག་པ་གཡོན་པའི་མཐེའུ་ཆུང་དང། མཐེ་བོང་སྦྱར་ཏེ། ལྷག་མ་བརྐྱང་ལ་བ་དན་གསུམ་པའི་ཕྱག་རྒྱས། སུཾ་ཀྵུཾ་ཡུཾ་ཧཱུཾ་ལྕེ་དང་སྤྱི་བོ་དང། རྣ་བ་དང། སྣ་དང། མིག་ཏུའོ། སྨྲཡུཾ་ཧམྲཡུཾ་ཡམྲཡུཾ་ཀྵྨརྱུཾ་མགྲིན ་པ་དང། དཔུང་པ་དང། སྙིང་ག་དང། ལྟེ་བ་རུ་ཡི་གེ་བརྗོད་ཅིང་བྱིན་གྱིས་བརླབས་པར་བྱའོ། །ོཾ་བཛྲ་ཀ་ཡ་ཧོ། །ོཾ་བཛྲ་བྷ་ཀྵེ་ཨ(རྒྱུད་འགྲེལ་ཡ་སྟཝཾ། ཨ་དྷི་ཏི་ཥྛ་མཾ། ཞེས་པ་ལག་པ་གཉིས་ཀའི་མཐེ་བོད་དང། མཐེའུ་ཆུང་སྦྱར་ལ་ལྕགས་སྒྲོག་ལྟར་བྱས་ལ། ལྷག་མ་གསུམ་བརྐྱང་སྟེ་གུང་མོ་ཁབ་ལྟར་བྱས་ལ། སྙིང་ག་དང། མཛོད་སྤུ་དང་སྤྱི་བོ་དང། མགྲིན་པ་རུ་བྱིན ་གྱིས་བརླབ་པོ། །ོཾ་ཧཱུཾ་ཨཱ(རྒྱུད་འགྲེལ་དང། མི་བསྐྱོད་པ་དང། རིན་ཆེན་འབྱུང་གནས་དང། འོད་དཔག་མེད་དང། ལས་ཀྱི་མགོན་པོ་རྣམས། དཀར་པོ་དང། སྔོན་པོ་དང། སེར་པོ་དང། ལྗང་གུའི་སྐུ་མདོག་གོ། བྱང་ཆུབ་མཆོག་དང། ས་གནོན་དང། མཆོག་སྦྱིན་དང། ཏིང་ངེ་འཛིན་དང། ་སྐྱབས་སྦྱིན་གྱི་ཚུལ་གྱིས་མངོན་དུ་བཞུགས་པ་ཇི་ལྟ་བུ་བཞིན་དུ་བསྒོམ་པར་བྱས་ལ། །ོཾ་ཧཱུཾ་སྭཱཧཱ། ཞེས་པས་རྡོ་རྗེ་དང། ཨོཾ་ཧྲཱི་སྭཱཧཱ། ཞེས་པས་དྲིལ་བུ་བཟུང་བས་ང་རྒྱལ་དང་བཅས་པས་དཀྲོལ་བར་བྱའོ། །ཚངས་པའི་གཙུག་གི་ནོར་བུའི་འོད ་ཀྱིས་ཞབས་གཉིས་སྣང་བར་མཛད། སྐུ་ལ་ཤིན་ཏུ་དམ་དུ་འཁྱུད་པའི་དྲིལ་བུ་ལས་བྱུང་སྐུ་འཛིན་ལ། གཡོ་ཞིང་འཕྲོས་པས་གསང་བའི་གསང་བ་ལས་བྱུང་པདྨ་གཉིས། །དེ་འདི་རྡོ་རྗེ་སེམས་དཔའ་མཆོག་གི་དབང་ཕྱུག་དཾ་པའི་ཆོག་གི་གནས། ཞེས་བརྗོད ་ལ། མཆོད་པ་ཐམས་ཅད་ཀྱི་བདག་ཉིད་ཀྱིས་མདོན་པར་མཆོད་པར་བྱའོ། །དེའི་རྗེས་ལ། ཡུཾ་ཀྵུཾ་སུཾ་ཧཱུཾ་གི་ས་བོན་ལས་རླུང་དང། མེ་དང། ཆུ་དང། སའི་དཀྱིལ་འཁོར་ཟླ་བ་ཕྱེད་པ་དང། གྲུ་གསུམ་པ་དང། ཟླུམ་པོ་དང། གྲུ་བཞིའི་རྣམ་པ་རིམ་བཞིན ་དུ་བསྒོམ་པར་བྱའོ། །དེའི་སྟེང་དུ། ཧཱུཾ་སུཾ་ཧཱུཾ་ཞེས་པས་རི་རབ་བསམ་པར་བྱས་ལ། །ོཾ་ཧཱུཾ་སྭཱཧཱ། ཞེས་པས་རྡོ་རྗེ་ལག་པར་བརྐྱང་སྟེ། གནས་ལྔར་བརྡབས་རིན་ཆེན་བདུན་གྱི་རང་བཞིན་གྱི་གཞལ་ཡས་ཁང་བསྒོམ་པར་བྱའོ། །དེའི་དབུས་སུ་ཟླ་བའི ་དཀྱིལ་འཁོར་སེང་གེའི་གདན་ལྔས་ཉེ་བར་སྤྲས་པ། གདུགས་དཀར་པོ་དང་ཡང་དག་པར་ལྡན་པར་བལྟའོ། །དབུས་ཀྱི་སེང་གེའི་གདན་ལ་པདྨ་བྱིན་གྱིས་བརླབས་པ་ལག་།ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་གི་རྣམ་པ། དེ་ལས་རྡོ་རྗེ་དེ་ལ་ཡང་ཧཱུཾ་གི་རྣམ་པ། ་......དེ་ལས་གོང་དུ་གསུངས་པའི་ཡེ་ཤེས་མཁའ་འགྲོ་མའི་གཟུགས་བསམ་པར་བྱའོ། །དེ་ནས་རང་གི་ཟླ་བའི་དཀྱིལ་འཁོར་ལ་འོག་ནས་འབྱུང་བའི་འཁོར་ལོ་རིམ་པར་བསམ་པར་བྱས་ལ། སོ་སོར་དབུགས་ལས་བྱུང་པར་བསཾ ་མོ། ཧཱུཾ་ཞེས་པས་ཡེ་ཤེས་མཁའ་འགྲོ་མ་བྱུང་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ནས་སླར་འོང་སྟེ། དབུས་སུ་གནས་པ་བསམ་པར་བྱའོ། །སུཾ་གྱི་རྡོ་རྗེ་མཁའ་འགྲོ་མ། ཀྵུཾ་གིས་དྲག་མོ་མཁའ་འགྲོ་མ། །ཡུཾ་གིས་རོ་ལངས ་མཁའ་འགྲོ་མ། །ཧཱུཾ་གིས་གསུམ་མོའི་མཁའ་འགྲོ་མ། །དེ་རྣམས་དབུགས་ཕྱུང་སྟེ། སེམས་ཅན་གྱི་དོན་བྱས་ནས། །ཡེ་ཤེས་དབང་ཕྱུག་མའི་མདུན་དང། གཡོན་དང། རྒྱབ་དང། གཡས་ཕྱོགས་སུ་རིམ་པ་བཞིན་དུ་དགོད་པར་བྱའོ། །དཀར་པོ་དང། སེར ་པོ་དང། དམར་པོ་དང། ནག་པོའི་དང་སྐུ་མདོག་གོ་།ཁ་ཊཝཱཾ་ག་དང་རྣལ་འབྱོར་གྱི་སྣོད་འཛིན་པ། ཉི་མའི་དཀྱིལ་འཁོར་དང་པདྨའི་གདན་ལ་སེམས་དཔའ་ཨི་སྐྱིལ་ཀྲུང་གིས་ཉེ་བར་བཞུགས་པའོ། །སྤྱན་གསུམ་པ། སྐྲ་གྲོལ་པ། ན་བཟའ་དམར་པོ་བསྣམས ་པ། སྤྲུལ་གྱི་རྒྱན་གྱིས་བརྒྱན་པར་བྱའོ། །སྨྲཡུཾ་གིས་སེང་གེ་མའོ། །ཧམྲཡུཾ་གིས་སྟག་མོ་མའོ། །ཡམྲཡུཾ་གིས་ལྕེ་སྦྱང་མའོ། །ཀྵྨརྱུཾ་ཞེས་པས་འུག་པ་མའོ། །རིམ་པ་བཞིན་དུ་དབང་ལྡན་དང། མེ་དང། བདེན་བྲལ་དང། རླུང་དུ་གླང་པོ་ཆེའི་གདན་དང། མ་ཧེའི ་གདན་དང། ཀླུའི་གང་ན་ལ་དཀར་ཞིང་སེར་པ་དང། དཀར་ཞིང་སྔོ་བ་དང། སྔོ་ཞིད་དམ་བ་དང། དམར་ཞིང་སེར་པའི་སྐུ་མདོག་དང། གཡོན་སྡིབ་མཛུབ་དང། ཞགས་པ་གཡས་པའི་ཕྱག་ན་རྡོ་རྗེ་དང་ལྕགས་ཀྱུ། སེམས་དཔའ་ཨི་སྐྱིལ ་མོ་ཀྲུང་གིས་བཞུགས་པའོ། །མཁའ་འགྲོ་མ་ཕུཾ། འབར་བྱེད་མ་ཕེཾ། འཇིགས་བྱེད་མ་ཕྲོཾ། ཕྲོག་བྱེད་མ་ཕྲི་ཞེས་པ་ཤར་དང། བྱང་དང། ནུབ་དང། ལྟོ་ཕྱོགས་ཀྱི་སྒོ་བཞིར་རོའི་གདན་ལ་བཞུགས་སོ། །ལག་པ་གཉིས་ཁར་བཅུག་ནས་རབ་ཏུ་རྒོད་པ ་དང། ཐལ་མོ་སྤྱི་བོར་འཛིན་པ་དང། སྐུད་པ་དམར་པོ་ལྟར་སྙིམ་པས་ཁྲག་འཐུང་བ་དང། སྙིང་གར་གནས་པའི་སྡིགས་མཛུབ་དང་གཏུན་ཤིན་འཛིན་པའོ། །ཐམས་ཅད་ཀྱང་སྤྱན་གསུམ་པ། འབར་བའི་ཕྲེང་བ་ཅན་དབུ་སྐྲ་གྲོལ་བ། དཀར་པོ ་དང། སེར་པོ་དང། དམར་པོ་དང། ལྗང་གུའི་མདོག་ཏུ་འདུག་པའོ། །དེ་ལྟར་དཀྱིལ་འཁོར་གྱི་འཁོར་ལོ་རྣམས་བསྒོམས་ལ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། གཡོན་པ་སྙིང་ཁར་བཞག་སྟེ། གཡས་པ་ལག་པ་གཡོན་པའི་མཆན་ཁུང་དུ་བཅུག་སྟེ། ་ཨོཾ་ཧཱུཾ་སྭཱཧཱ། ཞེས་དམ་ཚིག་གི་ཕྱག་རྒྱ་བསྟན་པར་བྱའོ། །ོཾ་ཨ་སྭཱཧཱ། ཨོཾ་ཨཱ་སྭཱཧཱ། ཨོཾ་ཨཱ་སྭཱཧཱ། ཨོཾ་ཨཾ་སྭཱཧཱ། འདི་ནི་རྩ་བའི་སྔགས་སོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། དབུ་མ་བརྐྱང་ནས་རྩེ་སྤྲད་པར་བྱས་པ་ནི། ཡཻས་ལྷ་མོ་རྩ་བའི་ཕྱག་རྒྱའོ། །རྡོ་རྗེ་བཅིངས་ནས་སྤྲད་པ་ནི་རྡོ་ལྷ་མོའི ་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་རོལ་ཏུ་བརྐྱང་པར་བྱས་པ་ནི། དྲག་མོ་ལྷ་མོའི་རྩ་བའི་ཕྱག་རྒྱའོ། །དེ་ཉིད་ལས་མཐེ་ཆུང་གཉིས་བརྐྱང་པ་ནི་རོ་ལངས་མའི་རྩ་བའི་ཕྱག་རྒྱའོ། །དེ་ཉིད་ལས་དབུ་མ་བརྐྱང་བ་ནི་གཏུམ་མོའི་ཕྱག་རྒྱའོ། །དེ་རྣམས་ཀྱི་སྔགས་ནི་རིམ་པ ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱའོ། །ོཾ་རི་སྭཱཧཱ། ཨོཾ་རཱི་སྭཱཧཱ། ཨོཾ་ལི་སྭཱཧཱ། ཨོཾ་ལཱི་སྭཱཧཱ། དབང་ལྡན་གྱི་སེང་གེ་མ་ལ་སོགས་པའི་རྩ་བའི་སྔགས་སོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། སྡིགས་མཛུབ་བརྐྱང་བ་ནི་རྩེ་མོ་སྤྲད་པར་བྱས་པ་ནི། མཚམས་ཀྱི ་ལྷ་མོ་བཞིའི་ཕྱག་རྒྱའོ། །ོཾ་ཕུཾ་སྭཱཧཱ། ཨོཾ་ཕེཾ་སྭཱཧཱ། ཨོཾ་ཕྲཾ་སྭཱཧཱ། སྒོ་སྐྱོང་རྣམས་ཀྱི་རྩ་བའི་སྔགས་སོ། །རིམ་པ་དེ་བཞིན་དུ་རྩ་བའི་སྔགས་ཀྱི་ཕྱག་རྒྱ་ནི། ལག་པ་གཉིས་ཁར་བཅུག་ནས་ཧ་ཧ་ཞེས་རྒོད་པ་དང། སྤྱི་བོར་ཐལ་མོ་སྦྱོར ་བ་དང། ལག་པ་སྦྱར་ཏེ་ཁ་དབྱེ་བར་བྱས་པ་གསང་བའི་གནས་སུ་བཞག་པ་སྟེ། ཧཱུཾ་ཧཱུཾ་ཞེས་བརྗོད་པ་དང། ལག་པ་བསྐོར་ཞིང་སོར་མོ་སྤྲད་ལ་གསང་བའི་གནས་སུ་བཞག་ལ། སྔོན་དུ་གསུངས་པའི་མཆོད་པ་རྣམ་པ་ལྔའི་སྔགས་དང། ཕྱག་རྒྱས ་ཕྱི་རོལ་ཏུ་མཆོད་པ་རྒྱས་པར་མཆོད་པར་བྱ་སྟེ། གོང་ནས་གསུངས་པའི་སྔགས་དང། ཕྱག་རྒྱ་རྡོ་རྗེ་དྲིལ་བུ་བླངས་ལ། རྡོ་རྗེ་གསོར་ཞིང་ཚིགས་བཅད་འདི་བརྗོད་པར་བྱའོ། །རྡོ་རྗེ་གསོར་བའི་གཟི་བརྗིད་ཀྱི། །སེམས་ཅན་ཐམས་ཅད་རྣམ་ཐར་བྱེད། ། ་ཆོས་ཀྱི་བྱེ་བྲག་གྲོལ་བ་ཡིས། །རྡོ་རྗེ་སྙིང་པོ་གཟུང་བའོ། །ཞེས་པས་རྡོ་རྗེ་བླངས་ཏེ། མཐེ་ཆུང་ལྕགས་སྒྲོགས་ཏུ་བྱས་ཏེ། རྒྱབ་དང་རྒྱབ་ཏུ་སྦྱར་ལ་སྡིགས་མཛུབ་གཉིས་བསྒྲེང་སྟེ། ཨོཾ་བཛྲ་གྷཎྜ་ར་ཎི་ཏ་དྲར་ཎི་ཏ་སརྦ་བུདྡྷ ་པྲ་ཙ་ལི་ཏེ་པྲ་ཛྙཱ་པ་ར་མ་ཧཱ་ནཱ་ང་སྭ་བྷ་བེ་ན། སརྦ་བུད་དྷ་ཧྲི་ད་ཡཱ་ཨ་ཝ་ཏོ་ཥ་ནི་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་སྭཱཧཱ། ཞེས་པས་དྲིལ་བུ་བླངས་ཏེ། དེ་ནས་དྲིལ་བུ་བསིལ་ལ། ཧཱུཾ་གི་གླུ་ཡི་རྣམ་པ་ཡི། །བདེ་བའི་ཐུགས་ལྡན་རྡོ་རྗེ་ཅན། །བདག་གིས་མིག་གིས་དེ་མཐོང་ངོ ་ཡི་གེ་དངོས་པོའི་རང་བཞིན་ནི། །སྟོང་པས་རྒྱས་པ་དེ་བཞིན་ནོ། །དངོས་དང་དངོས་མེད་ལས་གྲོལ་བའི། །དབུས་ནི་རྣམ་པར་ཤེས་བྱས་ཏེ། །ཡི་གེ་ཐམས་ཅད་འཇོམས་བྱས་ནས། །འདིས་ནི་ཤིན་ཏུ་བསམ་པ་ནི། །ཕན་ཚུན་འཁྱུང་ནས་སྦྱོར ་བ་ལས། །བགྱིང་བག་ཏུ་ནི་འདི་བྱའོ། །གཉིས་མེད་ཆོས་ནི་རྙེད་གྱུར་ན། །མྱ་ངན་ལས་འདས་འདི་ཐོབ་པོ། །འཁོར་བའི་བདེ་བ་མ་རྨོངས་ན། །དེ་ནི་མྱ་ངན་ལས་འདས་པ། །རང་བཞིན་ཀུན་གྱི་རྣལ་འབྱོར་མ། །གར་བྱེད་སྨྱོ་བ་བཞིན་དུ་འདི། ། ་རྣལ་འབྱོར་མ་ལྔ་སངས་རྒྱས་ཏེ། །དེ་ནི་དེ་བཞིན་ཉིད་དུ་བརྟག་།སྣ་ཚོགས་མང་དུ་གཟུགས་སྤྲུལ་པ། །སེམས་ཅན་རྣམ་པར་སྨིན་བྱེད་དེས། །འཁོར་བ་བདེ་བའི་དོན་བྱེད་དེ། །ཆོས་ཉིད་འདི་ལ་མ་རྨོངས་ན། །རྣལ་འབྱོར་མ ་ཡི་ཐར་པ་འདི། །ཆོས་ཀྱི་སྙིང་པོ་ཕྱག་འཚལ་ལོ། །སེམས་ཅན་གྲོལ་མཛད་རྣལ་འབྱོར་བདག་ལ་བསྟོད་ཕྱག་འཚལ། །ཀུན་ཏུ་བདག་ཉིད་ངོ་བོར་གཅིག་ལ་བསྟོད་ཕྱག་འཚལ། །འཁོར་བའི་རྒྱ་མཚོ་རྨོངས་པ་གཅོད་ལ་བསྟོང་ཕྱག་འཚལ། ། ་བདག་གི་རྟག་ཏུ་དེ་བཞིན་ཉིད་གཅིག་བསྟོང་ཕྱག་འཚལ། །དེའི་རྗེས་ལ་གཏོར་མའི་སྣོད་བཟའ་བ་མཛའ་དག་གིས་ལྡན་པར་བྱས་ཏེ། ཉ་ཤ་རློན་པ་དང། ཤ་ཡང་དག་པར་ལྡན་པའི་བདུད་རྩི་ལྔ་དང་ལྕགས་ཀྱུ་ལྔ་ལྷན་ཅིག་པ་མདུན་དུ་བཞག་སྟེ། རྡོ་རྗེ་ལག ་པས་རེག་ལ། །ལྷ་མོ་ཀུན་གྱི་རྩ་བའི་སྔགས་ཀྱིས་སོ་སོར་ཞི་བའི་ལས་ལ་སོགས་པ་ལ་བརྒྱ་ཕྲག་གཅིག་ལྷག་པའི་གྲངས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཇི་ལྟར་འབྱོར་བའི་མཆོད་པས་མཆོད་པར་བྱ་སྟེ། ཨོཾ་གྷུ་སྭཱཧཱ། ཞེས་པས་རྩ་བའི་སྔགས ་དང་ལྡན་པས་གཏོར་མའི་ཕྱག་རྒྱས་གཏོར་མ་དབུལ་བར་བྱའོ། །དེ་ནས་ཨཱ་ལི་དབུལ་བར་བྱས་ཏེ། དེ་ལས་རིམ་པ་ནི་འདིའོ། །པདྨའི་ལག་སྐོར་སྔོན་དུ་འགྲོ་བས་གཡས་པར་པདྨ་ལ་གནས་པའི་སྣོད་བསམ་པར་བྱའོ། །གཡོན་པ་རྡོ་རྗེ་ཕྱར་བ། སྟེང ་དུ་བཟུང་ལ། ཨོཾ་ཧ་ཧོ་??(རྒྱུད་འགྲེལ་སུ་བསྐོར་བ་བསམ་ལ། །སྣོད་ལ་དགབ་པར་བྱས་ལ་བདུད་རྩིའི་རང་བཞིན་དུ། ཨཱ་ལི་བལྟ་བར་བྱའོ། །ཧཱུཾ་གིས་རྣམ་པས་མཐེ་བོང་ས་གཞིར་བྱས་ལ། སྲིན་ལག་ལ་སུཾ་གི་རྣམ་པར་ལྡན་པས་རི་རབ་དུ་བསམས་ལ། བསྲུབ་པར་བྱའོ། །མགྲིན ་པར་མཆོད་རྟེན་རྣམ་པར་བསྒོམས་ལ། ཐིགས་གཏོར་གསུམ་དབུལ་ལོ། །སྐུ་དང་གསུང་དང་ཐུགས་ལ་གསུམ་གསུམ་དབུལ་ལོ། །རྣལ་འབྱོར་མ་རྣམས་ཐམས་ཅད་ལ། ཐིགས་གཏོར་གསུམ་དབུལ་ལོ། །པི་ཙི་ཨ་སོ་ཧི་ཨི། དྷརྨ་མུ་ན་ཧི་སཾ ་བྷ་བ་ན་མེ་སུ། བཧམ་ན་ཀུཀྐ་ར་ཙིཎཥ་ཁུ་ཨེ་ཀྐུ་སྭཱཧཱ། བེཧྑ་ངཆུ་ཞེས་བརྗོད་ནས། ཨོཾ་ཧ་ཧོ་ཧྲཱི(རྒྱུད་འགྲེལ་སྲིན་ལག་གཉིས་དང་ཁྲོ་བོ་གཉིས། །ལྕགས་སྒྲོགས་དག་གིས་རྣམ་པར་བྱ། །གཏོར་མ་དང། ཨཱ་ལིའི་མཆོད་པ་གཟུང་བར་བྱའོ། །ཇི་ལྟར་བདེ་བཞེས་བརྗོད་པར་བྱའོ། །མཆོད་པ་རབ་འབྱམ་ཐམས་ཅད་ཀྱིས་མཆོད་ལ། བསྟོད་པ་ཡང་བྱ་སྟེ། ་ཨོཾ་སྭ་བྷཱ་བ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་བ་ཤུདྡྷོ་ཧཾ། བཛྲ་ཤུདྡྷ་སརྦ་དྷརྨཱ་བཛྲ་ཤུདྡྷོ་ཧཾ། ཡོ་ག་ཤུདྡྷ། སརྦ་དྷརྨཱ་ཡོ་ག་ཤུདྡྷོ་ཧཾ། ཞེས་ཐལ་མོ་སྙིང་གར་བཞག་སྟེ། བཟླས་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་གྲུ་གསུམ་དཀྱིལ ་འཁོར་དམར་པོའི་མཐར། ལྔ་པ་ལྔའི་ཕྱི་རོལ་གྱི་ལྷ་ཉིད་ཕྱོགས་བརྒྱད་དུ་བསྒོམ་པར་བྱའོ། །རོའི་གདན་ལ་གནས་པ་མཁའ་འགྲོ་དང། གཏུམ་མོ་ལྔ་རྩེགས་གསུམ་དང། ཐོད་པ་འཛིན་པ་ནག་པོ་དྲག་པོ་དྲག་ཆེན་པོ་ལ་སོགས་པ་ཡང་གཡས་ཀྱི་ཕྱག་ན ་ཐོད་པ་བསྒོམས་པར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །རྒྱབ་དང་རྒྱབ་དུ་སྦྱར་བར་བྱ། །མཐེ་ཆུང་གཉིས་ནི་དཀྲི་བར་བྱ། །སྡིགས་མཛུབ་གཉིས་ནི་བསྒྲེང་བར་བྱ། །སྡིགས་མཛུབ་གཡས་པར་སྤྱན་དྲང་ངོ། ཨོཾ་ཀུ་རུ་ཀུ་རུ་ས་མ་ཡ། ཨ་དྷི་པ་ཏི ་ཧཱུཾ་ཛ(རྒྱུད་འགྲེལ་འབུད་པའི་ཚུལ་དང། པ་ཊ་ཧའི་ཚུལ་དང། རྫ་རྔའི་ཚུལ་དང། སྦྲང་ཡབ་ཀྱི་ཚུལ་དང་གེར་གྱི་ཚུལ་དང། རྒྱལ་མཚན་གྱི་ཚུལ་དང། བླ་རེའི་ཚུལ་དང་བ་དན་གྱི་ཚུལ་དང། གདུགས་ཀྱི་ཚུལ་དང། ཁྲོ་བ་དང། འགྱུར་བ་དང། འཁྱུད་པ་དང། ་ཕྱག་འཚལ་བ་དང། དེ་རྣམས་ཀྱི་རྣམ་པའི་ཚུལ་གྱིས་མཆོད་པར་བྱའོ། །རྡོ་རྗེ་དྲིལ་བུ་བླངས་ལ་བསྟོད་པ་ཡང་བྱའོ། །རྣལ་འབྱོར་མ་ཐམས་ཅད་མཚམས་ཅི་རིགས་པར་ཀུན་ལ་བསྟན་པར་བྱའོ། །ཡོན་གྱིས་གློར་གཏོར་མའི་སྣོད་བཞག་སྟེ། ་གཡས་པས་སྡིགས་མཛུབ་བསྒྲེངས་ལ། གཡོན་པ་བ་དན་གསུམ་པའི་ཕྱག་རྒྱས་གཏོར་མའི་ཚིགས་བཅད་ལན་གསུམ་བརྗོད་ལ་བརྟན་པར་བསྔོ་བར་བྱའོ། །ོཾ་ཤིང་གཅིག་དང་ནི་དུར་ཁྲོད་དང། རི་དང་བྲག་དང་ཕྱུག་གིས། ཡུལ་གྱི་འཇབ ་དང་ལམ་དང་ཞིང། །ཁྱད་པར་དུ་ནི་ཁྲིམ་སྟོང་ལ། །སྣོད་དང་ཐང་དང་ས་སྟོང་ལ། །ཁྱད་པར་གདོལ་བའི་ཁྱིམ་གནས་པ། །ནག་པོ་དྲག་པོ་དྲག་ཆེན་པོ། །ལྷས་བྱིན་མཉམ་དུ་བསྟེན་པ་དང། །ནག་པོ་ཙིགས་བྱེད་འཇིགས་བྱེད་པ། །དགའ་བ་འདས་པ་བགེགས ་རྒྱལ་པོ། །རྒན་བྱད་མ་དང་དྲག་མོ་དང། །འཇིགས་བྱེད་མ་དང་དབུ་མས་བསྟོད། །རྒྱལ་མོ་རྣམ་པ་རྒྱལ་མོ་དང། །ཐུབ་ཆེན་གཞན་གྱི་མི་ཐུབ་མ། །ནག་མོ་བཟད་མོ་ནག་ཆེན་མོ། །ནག་སྤོམ་མ་དང་རྣལ་འབྱོར་མ། །དབང་མོ་དང་ནི་ཟླ་བ་མོ། །ནག་མོ ་སྡང་པ་ལཾ་བ་ཀི། །འཕྲོག་བྱེད་མ་དང་མར་མེ་མ། །འཇིབ་བྱེད་ཡུལ་གནས་རྣལ་འབྱོར་མ། །དྲག་མོའི་གཟུགས་དང་གཟུགས་ཆེན་མ། །མཆེ་བ་གཙིགས་མ་ཐོད་ཅན་མ། །ཐོད་ཕྲེང་ཕྲེང་བ་ཁ་ཊཝཱཾ་མ། །སྤྲུལ་གྱི་རལ་གྲི་དགྲ་སྟ་ཅན། །རྡོ་རྗེ་དེ་བཞིན་གཞུ ་ལག་དང། །ལྷ་ཡི་དབང་ཕྱུག་མ་རྣམས་ནི། །མཁའ་འགྲོ་ལྔ་ཡི་དེ་ཉིད་དང། །ལས་ཀུན་རྗེས་སུ་སྒྲུབ་བྱེད་པའི། །སྦྱོར་བའི་དཀྱིལ་འཁོར་རྒྱལ་ཆེན་མོ། །དེ་བཞིན་རྡོ་རྗེ་དབང་ཕྱུག་གཙོ། །དེ་བཞིན་གཤེགས་པའི་སྐུ་ཆེན་མོ། །གོས་མེད་སྦྱོར་བ་སྐྱེད་བྱེད ་མ། རྡོ་རྗེ་དབང་ཕུཡུག་མ་བཀའ་ཡི། །ཐམས་ཅད་ཐམས་ཅད་འདིར་སྤྱོན་ཅིག། ཨོཾ་ཀཀྐ་ཌཧ་ན། བ་བབནདྡྷ་ན། ཁ་ཁྑཱ་ད་ན། སརྦ་དུཥྚ་ན་ཧ་ན་ཧ་ན་གྷཱ་ཏ་ཡ་གྷཱ་ཏ་ཡ། ཨ་མུ་ཀ་ས། ཨི་དཾ་ཀ་ར་ཡ། སཱ་དྷ་ཡ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་ཛ(རྒྱུད་འགྲེལ་ཇི་ལྟར་ལས་ཀྱིས་རྗེས་སུ་འབྲངས་ན་བསྐུལ་བར་བྱའོ། །དེའི་རྗེས་ལ་བདུད་རྩིས་ཁ་བཀང་སྟེ། འབར་བའི་ཕྱག་རྒྱ་བཅིངས་ལ། །མངོན་པར་འདོད་པའི་དངོས་པོ་ཡིད་ལ་བྱ་སྟེ། ཁྱེད་ཀྱིས་ངེས་པར་སྔོན་དུ་དགོས་པར་གྱིས་ཤིག་།ཅེས་སྦྱར་བར་བྱའོ། ་ཁའི་ཆུའི་རྣམ་པས་རྣལ་འབྱོར་མ་དེ་རྣམས་ཀྱི་ཁ་བཀང་བར་བསྒོམ་པར་བྱའོ། །གོང་དུ་གསུངས་པའི་སྔགས་དང་ཕྱག་རྒྱས་གཟུང་བར་བྱ་སྟེ། ཨོཾ་སྭ་བྷཱ་བ་བཞེས་པ་ལ་སོགས་པ་བརྗོད་དོ། །མགོན་པོ་སངས་རྒྱས་ཐམས་ཅད་རྗེས་སུ་ཆགས་པའི། ་ཨ་ལི་ཀཱ་ལིའི་སྦྱོར་བ་བྱས་ཏེ། བདེ་བ་ཆེན་པོའི་གནས་སྐབས་སུ་གྱུར་པའི་བདུད་རྩི་ལྔས་བདག་ཉིད་མཆོད་པར་བྱའོ། །ཕན་ཚུན་འཁྱུད་པའི་སྦྱོར་ལྡན་པའི། རྫུ་འཕྲུལ་གྱིས་ནི་བརྒྱན་པ་འདི། །མགོན་པོའི་ལུས་ལ་མཛེས ་པའི་སྐུ། །དངོས་ལས་གྲོལ་ལ་བདག་ཕྱག་འཚལ། །ཧཱུཾ་ཧཱུཾ་ཧཱུཾ་དེ་ནི་དབྱངས་སོ། །དེ་ནས་རྡོ་རྗེ་དྲིལ་བུ་བླངས་ཏེ་གསིལ་ལ་བསྟོད་པ་བྱའོ། །དཔལ་ལྡན་སྐལ་བཟང་ཀུན་ཏུ་བཟང་པོ་ཆེན་པོ་དང། །མཉམ་མེད་ཡེ་ཤེས་ཀྱི་གནས་དེ་བཞིན་གཤེགས ་མགོན་པོ། །ཕྱག་མཚན་དྲུག་གི་བརྒྱན་པའི་ཕྱག་ན་དྲི་མེད་སེམས་ཅན་དག། དཔལ་ལྡན་རྡོ་རྗེ་སེམས་དཔའ་ཁྱོད་ཀྱི་ཞབས་ཀྱི་པདྨར་འདུད། །དེ་ཡི་ཡན་ལག་དང་འབྲེལ་བདེ་པ་ཆེན་པོའི་བྱང་ཆུབ་བརྙེས། །སྒེག་དང་ཁྲོ་དང་བཞད་པའི་དེ་ཁོ ་མཉིད་སྐུ། །ིནྡྲ་ནཱི་ལ་དང་མཚུངས་འབར་བའི་མཛེས་པའི་སྐུ། །དཔལ་ལྡན་ཡེ་ཤེས་མཁའ་འགྲོ་ཁྱོད་ཀྱི་ཞབས་ཀྱི་པདྨར་འདུད། །སངས་རྒྱས་ཀུན་གྱི་རིགས་ཉིད་ཆུ་ལས་བྱུང་བ་དག་པའི་སྐུ། །སྤྱན་དཀྱུས་རི་རབ་གསལ་ཞིགན་སྙིང་རྗེ་རྒྱན ་གྱིས་བརྒྱན། །ཁ་ཊཝཱ་ག་དང་བདུད་རྩིས་བཀང་བའི་ཐོད་པ་བསྣམས། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་ཁྱོད་ཞབས་ཀྱི་པདྨར་འདུད། །འོད་ཀྱི་རང་བཞིན་ས་བོན་ནོར་བུའི་རིགས་ལས་བྱུང་བའི་དྲི་མེད་ལུས། །ཕྱག་གིས་ཁུ་ཚུར་གྱིས་མི་ཁ་ཊཝཱཾ་ག་དང ་པདྨའི་སྣོད། །དྲག་པོའི་ཆར་གྱི་རྒྱུན་དང་བྲལ་བས་ས་སྟེང་ཚིམ་མཛད་པའི། །དཔལ་ལྡན་དྲག་མོའི་མཁའ་འགྲོ་མ་ཁྱོད་ཞབས་ཀྱི་པདྨར་འདུད། །ཆུ་ལས་སྐྱེས་པའི་བཞིན་དུ་དེ་ནི་དབུགས་ཀྱིས་ཐིག་ལེའི་ངོ་བོ་ཉིད། །ཕྱག་མཚན་ཁ་ཊཝཱཾ་གིས་མཚན ་པདྨའི་འདབ་མ་འཛིན་ཅིང། །སྐྱེ་བོ་རྨོངས་པའི་ཐེ་ཚོམ་ཇེས་པར་སེལ་མཛད་པའི། །རོ་ལངས་མཁའ་འགྲོ་མ་ཁྱོད་ཞབས་ཀྱི་པདྨར་འདུད། །ལས་ཀྱི་རྗེས་སུ་བྱེད་པའི་མེའི་རང་བཞིན་རྣམ་པར་དག་པའི་ལུས། །ཁ་ཊཝཱཾ་གས་མཚན་བདེ་སྣོད ་ཕྱག་གཉིས་མཚན། །ཤ་ཟ་གཏུམ་པོའི་ཚོགས་ཀུན་ཕྱེ་མར་རབ་ཏུ་རློགས། །གཏུམ་མོའི་མཁའ་འགྲོ་མ་ཁྱོད་ཞབས་ཀྱི་པདྨར་འདུད། །དཔལ་ཆེན་སེང་གེ་འུག་པ་མོ་ནི་མང་པོའི་ཧཱིུ་སྒྲོགས་ང་རོ་ཅན། །དཔལ་ལྡན་སྟག་མོ་ཅེ་སྦྱང་མོ་ཡང་སྐྱེ་བའི་རིམ ་ནི་འདུག་པ་འཇོམས། །ཞགས་པ་ལྕགས་ཀྱུ་སྡིགས་མཛུབ་བསྣམས་པའི་ཕྱག་།ཁྱེད་ཀྱིས་པདྨའི་ཞབས་ལ་བདག་ནི་སྐྱབས་སུ་མཆི། །དཔལ་ལྡན་མཁའ་འགྲོ་རབ་མཆོག་འབར་བྱེད་འཇིབ་བྱེད་མ། །འཕྲོག་བྱེད་མ་ནི་རྟག་ཏུ་མཉམ་མེད་དངོས ་གྲུབ་མ་ལ་སྟེར་།གདུལ་དཀར་འདུལ་བར་མཛད་པའི་སེམས་ཀྱིས་བདག་ཉིད་རྒྱལ། །ཁྱེད་གྱི་པདྨའི་ཞབས་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཞེས་སོ། །དེའི་རྗེས་ལ་སྙིང་གར་ཐལ་མོ་བཞག་སྟེ། །སྨོན་ལམ་གདབ་པར་བྱ་སྟེ། །སེམས་ཅན་ཐམས ་ཅད་སྐྱོན་མེད་ཅིང། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག་།གང་གིས་ལམ་ལ་འགྲོ་བ་ཡི། །སངས་རྒྱས་ཉིད་དུ་འགྲུབ་གྱུར་ཅིག་།མ་བརྒལ་བ་རྣམས་བསྒྲལ་བ་དང། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དེ་ལྟར་རྗེས་སུ་བརྩེ་བའི་ཕྱིར། །རྣལ ་འབྱོར་གཙུག་ལག་བདག་གིས་བགྱི། །ོཾ་ཞེས་བརྗོད་ལ། ཨོཾ་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས། །སེམས་ཅན་ཕན་པར་མཛད་པ་ལྟར། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང། །སླར་ཡང་ཡུལ་དུ་གཤེགས་སུ་གསོལ། །ཞེས་བརྗོད་ཅིང ་གཡོན་པའི་རྡོ་རྗེ་ཁུ་ཚུར་བཅིངས་ཏེ། སྙིང་གར་བཞག་ལ་གཡས་པའི་ལག་པ་བརྐྱང་ལས་ལ་བཞག་སྟེ། ཨོཾ་ཨཱ་ཏྨ་ཏིཥྛ་སྭཱཧཱ། ཞེས་པ་གཤེགས་སུ་གསོལ། །རང་གི་དབུས་ཀྱིས་རང་གི་ལུས་ལ་ཐིམ་པར་བྱའོ། །ཡེ་ཤེས་མཁའ་འགྲོ་མ་ལ་སོགས ་པའི་ལྷ་མོ་ནི། །སྙིང་ག་དང། ལྕེ་དང་སྤྱི་བོ་དང། རྣ་བ་དང། མིག་ཏུ་རིམ་པ་ཇི་ལྟ་པ་བཞིན་དུ་ཞུགས་པར་བྱའོ། །སེང་གེ་མ་ལ་སོགས་པ་ནི་མགྲིན་པ་དང། དཔུང་པ་དང། སྙིང་ག་དང། ལྟེ་བར་རོ། །སྒོ་བསྲུངས་བཞི་ནི་གཡས་དང་གཡོན་གྱི ་བླ་དང་རྗེ་ངར་གཉིས་སུ་རིམ་པ་བཞིན་དུ། ཡི་གེའི་གཟུགས་སུ་བ་དན་གསུམ་པའི་ཕྱག་རྒྱ་དགོད་པར་བྱའོ། །ོཾ་སརྦ་དུཥྚ་གྲི་ཧྞ?་གྲིཧྣ་གཙྪ་ཧཱུཾ་ཕཊ། ཞེས་པས་སེ་གོལ་གསུམ་གྱིས་ཕྱིའི་ལྷ་གཤེགས་སུ་གསོལ། །དེ་ནས་ཕྱི་དང ་ནང་གི་མཆོད་པའི་བདག་ཉིད་མཆོད་པ་རྒྱས་པས་བདག་ཉིད་མཆོད་པར་བྱ་སྟེ། ལྷག་མའི་གཏོར་མ་ཉིད་དབུལ་བར་བྱའོ། །ོཾ་ཀུ་རུ་ཀུ་རུ་བཏྟ་ལི་མཧཱ་བཏྟ་ལི། དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །གཏུམ་མོ་གཙིགས་བྱེད་ཡི་དགས་ལ། །དམ ་ཚིག་དམ་ཚིག་བསྲུང་མ་ཁྲག་དགའ་མོ། །ཀཱ་ལིའི་སྒྲ་སྒྲོགས་སྦྱོར་ཟིན་མ། །དུར་ཁྲོད་རོ་ཡི་ཚལ་དབུས་ན། །ཚོགས་དང་ཕོ་ཉར་བཅས་པ་རུ། །གཙིགས་བྱེད་གཏུམ་མོ་དུང་སེལ་མ། །གསོལ་ཅིག་བཞེས་ཅིག་དམ་ཚིག་ལྷ། །གནས་ནས་གནས་སུ ་མཛད་དུ་གསོལ། །བདག་གི་སེམས་ལ་ཅི་འདོད་པ། །དེ་ནི་ཁྱོད་ཀྱིས་གྲུབ་པར་གྱིས། །ཧཱུཾ་གྲིཧྞ་གྲིཧྞ་སརྦ་དུཥྚ་ནཱཾ་གྷཀྵ་ཕྲོཾ་ཕྲོཾ་ཕྲིཾ་ཕཊ་སྭཱ་ཧཱ། ཞེས་པས་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་གཉིས་མཆེ་བའི་ཚུལ་གྱིས་ཁའི་གྲཝར་བཞག་ལ་གཤེགས་སུ ་གསོལ་ལོ། །སྲང་ཀའི་དབུས་སུ་ཁས་བླུགས་པར་བྱའོ། །རྩ་བའི་གཏོར་མ་ལྷོ་ཕྱོགས་སུ་བཞི་མདོར་བླུགས་པར་བྱའོ། །ལྷའི་ང་རྒྱལ་གྱི་གཟུགས་ཀྱིས་གནས་པར་བྱའོ། །གཏོར་མའི་ཆོ་གའོ། །གོང་དུ་གསུངས་པའི་རིམ་པས་བདག་ཉིད་སྦྱོར་བ ་ཐམས་ཅད་རྫོགས་པར་བྱ་སྟེ། བདག་ཉིད་མཆོད་པར་བྱས་ལ། །དང་པོ་བུམ་པའི་ལྷ་གོན་དུ་གནས་པའི་རིམ་པ་བཞིན་དུ་བྱའོ། །བླ་སེར་ལ་སོགས་པའི་བུམ་པར་རིམ་པོ་ཆེ་ལྔ་དང། སྨན་དང་འོ་མ་དང་ལྷ་རྟེན་གྱི་ཆུས་བཀང་བ་ལ། །བ་ལཀྵས ་ལྡན་པར་བྱའོ། །ལས་ཀྱི་རྗེས་སུ་འབྲངས་ཏེ་གཅིག་གམ་གསུམ་འམ་ལྔའམ། དགུའི་རིམ་པས་གྲངས་བཞིན་དུ་ཀུ་ཤིའི་ཆུན་པོ་ལ་འཁོར་བཞིན་དུ་བྱས་པའི་སྟེང། མདུན་དུ་བཞག་པར་བྱའོ། །ཡེ་ཤེས་ཀྱི་ལྷ་མོ་ལ་སོགས་པའི་མིང ་ལ་སོགས་པ་བསྒོམ་པར་བྱའོ། །ཇི་ལྟར་རིང་གི་ཕྱག་རྒྱ་དང་སྔགས་ཀྱི་མཆོད་པ་ལྔས་ཉེ་བར་མཆོད་དེ། །ཕྱག་བྱས་ལ་ཨོཾ་དཱུཾ་སྭཱ་ཧཱ། ཞེས་པ་ལ་སོགས་པས་བྱིན་གྱིས་བརླབ་པར་བྱའོ། །ཇི་ལྟར་གནས་པར་མདུན་དུ་གཞག་པར་བྱའོ། །དེ་ནས་ཨོཾ་ཧི་ལི་ཧི ་ལི་ཀི་ལ་བེཏྟཱ་ལི་ཧཱུཾ་ཕཊ། ཞེས་པའི་ཆུས་ཀུན་ནས་བསར་གཏེར་བྱའོ། །ོཾ་ཤྲཱི་སྭཱ་ཧཱ་མར་སྦྱང་བར་བྱའོ། །ོཾ་ཨོཾ་སྭཱ་ཧཱ། །སྣའི་ལ་སྣགས་མ་སྤྱད་པར་བྱའོ། །ོཾ་ཛྲི་སྭཱཧཱ། འབྲུ་སྦྱང་བའོ། །ོཾ་ཀུ་རུ་ཀུ་རུ་སྭཱཧཱ། འབྲུ་ལ་སོགས་པ་སྦྱངས་པའོ། །ོཾ་ཨ ་སྭཱ་ཧཱ་ཡཾ་ཤིང་སྦྱང་བའོ། །སོ་སོར་བརྒྱད་བརྒྱད་བཟླས་པར་བྱའོ། །རྡོ་རྗེ་ཁུ་ཚུར་བཅིངས་ཏེ། དབུ་མ་ཁབ་ལྟར་བྱས་པའི་ཕྱག་རྒྱས་ཨོཾ་ཧཱུཾ་སྭཱཧཱ། ཞེས་པས་མེ་ཏོག་བླངས་ཏེ་དབུལ་བར་བྱའོ། །དེ་ནས་སྣོད་རྣམས་སུ་རྫས་བླུགས་ཏེ། གཡས་ཕྱོགས་སུ ་བསྲེག་རྫས། །གཡོན་དུ་རྡོ་རྗེ་དང་དྲིལ་བུ་སྔོན་བཞིན་དུ་བསྔགས་ཏེ། གཏོར་མའི་སྣོད་དང་ཨནྟའི་སྣོད་བཞག་པར་བྱའོ། །ཀུ་ཤིའི་བདུད་པ་དང་ལྷན་ཅིག་པ་ཡིས། །བགེགས་ཉེ་བར་ཞི་བར་བྱེད་པའི་ཆུ་ཡིས། །ོཾ་བཛྲ་ཡཀྵ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ ་བཟླས་ལ་བཞག་པར་བྱའོ། །དེ་ནས་མདུན་དུ་ཉི་མའི་དཀྱིལ་འཁོར་དང། སྣ་ཚོགས་པདྨ་ལ་གདུགས་དཀར་པོས་བརྒྱན་པ་དེར་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་འབར་བའི་ཧཱུཾ་དེ་ཉིད་བལྟའོ། །དེ་ནས་ལས་དཔལ་ཡེ་ཤེས་མཁའ་འགྲོ་མ་བསྒོམ་པར་བྱའོ། །སེང་གེའི ་གདན་ལ་པདྨའི་སྟེང་ན་ཉི་མའི་དཀྱིལ་འཁོར་ལ། སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཉིས་པ་ལས་དང་རྗེས་སུ་མཐུན་པར་ཁ་དོག་རྒྱན་གྱིས་བརྒྱན་པ་གཡས་པ་རྡོ་རྗེ་གཡོན་པར་དྲིལ་བུ་བལྟ་བར་བྱའོ། །རང་གི་སྙིང་གར་ཧཱུཾ་བསམས ་ལ་རང་གི་དབུགས་ལས་ཛྙཱ་ན་ཌཱ་ཀི་ཧཱུཾ་ཞེས་པས་བྱུང་སྟེ་གཅིག་ཏུ་གྱུར་ནས། ཨོཾ་ཧཱུཾ་སྭཱཧཱ་ཅེས་པས་གཡས་ན་བྱུག་པ་གཡོན་ན་ཐོང་པ་བསྡཾས་བརྩ་བའི་ཕྱག་རྒྱ་བསྟན་པར་བྱའོ། །ོཾ་བཛྲ་པྲཱ་ཀ་ར་ཧཱུཾ་ཕཊ་ཞེས་པས་ལག་པ་གཡོན་པ་ཁ་ཕྱིར་བསྟན། གཡས་པ་ཁ་ནང ་དུ་བསྟན་ཏེ། བརྐྱང་ལ་དབང་ལྡན་ནས་བསྐོར་བ་ནི། ར་བའི་སྔགས་དང་ཕྱག་རྒྱའོ། །ོཾ་ཛུཾ་སྭཱཧཱ། ལག་པ་གཉིས་བརྐྱང་སྟེ་ཕན་ཚུན་བསྣོལ་བ་ནི་དྲ་བའི་སྔགས་དང་ཕྱག་རྒྱའོ། །ོཾ་བྲུཾ་སྭཱ་ཧཱ། ཞེས་གཡོན་པ་ཁུ་ཚུར་བཅས་ཏེ་མཐེ ་བོང་བརྐྱང་ནས་ས་ལ་བཙུགས་པ་ནི་ཕུར་བུའི་སྔགས་དང་ཕྱག་རྒྱའོ། །དེ་ནས་རིམ་འདིས་མཆོད་པར་བྱ་སྟེ། ཨོཾ་བཛྲ་གནདྷེ་སྭཱཧཱ། །དྲིའི་འོ། ཨོཾ་པུཤཔེ་མ་ལེ་ཧཱུཾ་སྭཱཧཱ། མེ་ཏོག་གིའོ། ཨོཾ་ཏྲཱི་ཀྵ་ཎ་དཱི་པེ་ཧཱུཾ་སྭཱ་ཧཱ། མར་མེའོ། །ོཾ་དྷུ་པེ་ཤྭ་རི་ཧཱུཾ་སྭཱ་ཧཱ། བདུག ་པ་དབུལ་བར་བྱའོ། །ཕྱག་རྒྱ་ནི་ལག་པ་གཡས་པ་ཕྱེད་བརྐྱང་བ་ནི་དྲིའི་ཕྱག་རྒྱའོ། །མཐེ་བོང་དང་མཛུབ་མོ་མ་སྦྱར་བ་ནི་མེ་ཏོག་གི་ཕྱག་རྒྱའོ། །ཁུ་ཚུར་བཅིངས་ལ་མཐེ་བོང་བསྒྲེང་བ་ནི་མར་མེའི་འོ། །དེ་ཉིད་ལ་གུང་མོ་བསྒྲེང་བ་འདུག་པའི་འོ། །དེ ་ནས་བགེགས་བསྐྲད་པར་བྱའོ། །རྒྱས་པའི་གཏོར་མའི་མདུན་དུ་འབར་བའི་སྣོད་ཀྱི་མེ་བཞག་ལ། བདུད་རྩི་ཐབ་སྦྱོར་གྱི་སྔགས་ཁྲོ་བོ་དང་བཅས་པས་བཟླས་པར་བྱའོ། །གཡས་པས་སྡིགས་མཛུབ་བྱས་གཡོན་པས་ཚ་བའི་མར་ཁུ་བྱུགས་པའི ་ཡུངས་ཀར་སྔས་ལག་པ་གཡས་བསྡིགས་མཛུབ་བཅས་གཡོན་པས་སྦྱིན་བསྲེག་བྱའོ། །ོཾ་གྱིས་དབྱུང་ཞིང་བསྐྲད་པར་བྱའོ། །དེ་ནས་རྡོ་རྗེ་གནོད་སྦྱིན་བཟླས་པས་བགེགས་ཉེ་བར་ཞི་བར་བྱེད་པའི་ཆུས་བསང་གཏོར་བྱའོ། །སྔོན་བཞིན་དུ ་རྡོ་རྗེ་ར་བ་ལ་སོགས་པ་ཡང་བྱས་ལ། །དེའི་རྗེས་ལ་ཁྲུས་བརྩམས་པ་ནི་ལྷའི་ལུས་ལ་དྲི་ཞིམ་པོའི་བྱེ་བྲག་གིས་ཁྲུས་ཀྱི་ཆོ་ག་བཞིན་དུ་དྲི་ཞིམ་པོ་དབུལ་བར་བྱའོ། །ོཾ་ཧཱུཾ་སུཾ་ཀྵུཾ་ཡུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་བས་ལན་བདུན་དུ་བ་དན་གསུམ་པའི་ཕྱག ་རྒྱ་མ་རེག་པར་བྱའོ། །དུང་དང་རྔའི་སྒྲ་དང་བཀྲ་ཤིས་ཀྱིས་གླུ་སྣ་ཚོགས་པའི་དབྱངས་བླང་ཞིང་དྲིལ་བུ་གསིལ་བར་བྱའོ། །བཀྲ་ཤིས་ཀྱི་ཚིགས་བཅང་བརྗོད་ཅིང་ཆུའི་རྒྱུན་སྒྲང་པར་བྱའོ། །དྲི་ཞིམ་པོའི་མར་ཁུ་དང་དྲི་མ་མེད་པའི་ཆུ་དྲི་ཞིམ ་པོ། སྦྲང་རྩི་དང་འོ་མ་དང་མེ་ཏོག་གི་ཆུས་རིམ་པས་ཁྲུས་བྱའོ། །ཁྲུས་བྱས་ནས་ཁྲུས་རབ་བསལ་ལ་ལས་དང་རྗེས་སུ་མཐུན་པའི་རས་ཟུང་ཞིག་དབུལ་བར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །བཟུང་བ་ནི་ཆོས་གོས་ཀྱི་ཕྱག་རྒྱའོ། །སྔགས་ནི་ཨོཾ་ཧཱུཾ་སྭཱཧཱ། ་གོས་ཉེ་བར་དབུལ་བ་དང། རྒྱན་ལ་སོགས་པ་དང། མཆོད་པའི་ཚོགས་དང་སྒྲ་ཡང་རྣམ་པར་དབུལ་ལོ། །དེ་ནས་ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུཾ་ཕཊ། ལག་པ་གཡས་པ་བརྐྱང་སྟེ་ས་ལ་རེག་ནས་བརྟབས་པས། ས་སྦྱར་བར་བྱའོ། །ཐབ་ཁུད་གི་བྱང་དང་ཤར་དུ་རྩེ་མོ ་བསྟན་ཏེ་བུད་ཤིང་བརྩིག་པར་བྱའོ། །ོཾ་བཛྲ་ས་ཏྭ་ཨ(རྒྱུད་འགྲེལ་གཏོར་དང་མཚོན་པ་བྱས་ཏེ། ཐབ་ཁུང་དུ་གཟུགས་པར་བྱའོ། །ོཾ་བཛྲ་ཡཀྵ་ཧཱུཾ་ཞེས་པས་ལན་བདུན་བཟླས་པའི་མར་གྱིས་སྦར་བར་བྱའོ། །ལྷག་མ་ཀུ་ཤའི་ཆུན་པོས་དགའ་བར་བྱའོ། །དེ་ནས་ཧཱུཾ་གིས་ཐབ་ཁུང་བསྐྱེད་ལ། ཨོཾ་གྱིས་པདྨ་དེའི་སྟེང་དུ ་རཾ་གྱིས་རྣམ་པ་ལས་མེའི་ལྷ་སྒོམ་པ་ནི་པདྨ་ལ་གནས་པ་མདོག་སེར་སྐྱ། རལ་པ་དང་བཅས་པ་ཕྱག་གཉིས་ནས་བགྲང་ཕྲེང་དང་གུནདྷེ་བསྣམས་པ་འབར་བའི་ཕྲེང་བ་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེ་ནས་མེའི་མཚམས་ནས་དེ་བཞིན་དུ་ཡེ ་ཤེས་སེམས། དཔའ་རྣམ་པར་བསྒོམ་པར་བྱའོ། །ོཾ་ཨཱ་གཙྪ་ཨཱ་གཙྪ་ཨཱགཉེ་ཛ(རྒྱུད་འགྲེལ་དམ་ཚིག་སེམས་དཔའ་ལ་ཡེ་ཤེས་སེམས་དཔའ་གཞུག་པར་བྱའོ། །ོཾ་ཛུཾ་ཧུ་ཛཱུ་ཧུ་སྭཱཧཱ། ཞེས་པས་དབུ་མའི་རྩེ་མོར་འབྲེལ་བར་བྱས། །པདྨའི་ཕྱག་རྒྱ་ནི་དམ་ཚིག་གི་ཕྱག་རྒྱའོ། །ོཾ་པྲ་བར་སཏྟཀ་ར་སྭཱ་ཧཱ། ཨོཾ་ཞེས་པས་ཞབས་བསལ་དང་ཞལ་བསལ ་ཕུལ་བས། འདོད་པའི་དངོས་པོ་མཛའ་དག་གིས་ལ་སོགས་པས་ཡང་དག་པར་མཆོད་དེ། དྲིལ་བུ་དཀྲོལ་ཞིང་བསྟོད་པར་བྱའོ། །དེ་ནས་ཨོཾ་ཨིནྡྲཱ་ཡ་སྭཱཧཱ། ཨོཾ་ཡ་མཱ་ཡཻ་སྭཱཧཱ། ཨོཾ་བ་རུ་ཎཱ་ཡ་སྭཱཧཱ། ཨོཾ་ཨགཅཱ་ཡེ་སྭཱཧཱ། ཨོཾ ་ནརཻ་ཏེ་ཡེ་སྭཱཧཱ། ཨོཾ་བཱ་ཡ་བེ་སྭཱཧཱ། ཨོཾ་ཨའི་ཤ་ནཱ་ཡ་སྭཱཧཱ། ཨོཾ་ཙ་ནྡྲ་ཨ་ཏི་ཏཱ་བྷཡ(རྒྱུད་འགྲེལ་ལ་མེ་ལྷའི་ལྕེ་དང། དགང་གཟར་གྱི་ཁར་ཧཱུཾ་རྣམ་པར་བསམས་ལ། རང་གི་རྡོ་རྗེ་དང་དྲིལ་བུ་བླངས་ཏེ་ཇི་ལྟར་འདོད་པ་བཞིན་དུ་ཆུ་བྱིན་ལ། ཨོཾ་ཛུ་ཧུ་ཛུ་ཧུ་ས་སྭཱཧཱ། ཞེས་པའི་རིམ་པ་འདིས་བསྲེག་པར་བྱས་ཏེ། ཡམས་ཤིང་གིས་ནི་རྒྱབ་རྟེན་གྱི ་ཚུལ་དུའོ། །མར་ནི་ཞལ་དུའོ། །འབྲུ་ནི་ཕྱག་ཕྱག་ཏུའོ། །འབྲས་ནི་ཞལ་དུའོ། །ཞོ་ཞལ་དུའོ། །དུར་བ་དང། མེ་ཏོག་གི་སྤྱི་བོར་རོ། །ཞབས་བསིལ་ཕུལ་ཏེ་མཆོད་པ་ལ་སོགས་པ་བར་དུ་བྱས་ཏེ། ལན་གསུམ་དུ་གསུམ་དུ་བསྲེག་པར་བྱའོ། ། ་དགང་བླུགས་ཀྱང་འབུལ་ལོ། །དེ་ནས་ཀུ་ཤའི་ཆུས་ལན་གསུམ་བསང་གཏོར་བྱ་སྟེ། འབར་བར་ཐིམ་པར་བྱའོ། །ོཾ་ཧཱུཾ་ཊ་ཊི་ཊ་ཏ་ཞེས་པས་བགེགས་ཉེ་བར་ཞི་བར་བྱེད་པའི་ཆུས་རྡོ་རྗེའི་ལག་པ་དང་བཅས་པས་མེའི་ཐབ་ཁུང་ཀུན་ནས་བསམ་པར ་བྱའོ། དེ་ནས་གོང་དུ་གསུངས་པའི་མདུན་དུ་བསྒོམས་ལ། །ཡེ་ཤེས་མཁའ་འགྲོ་མ་མེའི་དབུས་སུ་བསྒོམ་པར་བྱའོ། །སྟོན་མོ་བྱ་སྟེ། སྒེག་མོ་ལ་སོགས་པས་ཀྱང་མངོན་པར་མཆོད་དེ། ཞལ་བསིལ་བ་དང། ཞབས་བསིལ་ཕུལ་ཏེ་ཨོཾ་ཧཱུཾ ་སྭཱཧཱ། ཞེས་པ་གོང་དུ་གསུངས་པའི་རིམ་པས་སྦྱིན་སྲེག་བྱའོ། །གོང་དུ་གསུངས་པའི་རིམ་པས་སྦྱིན་སྲེག་ཏུ་དབུལ་ལོ། །དགང་གཟར་མར་གྱིས་བཀང་སྟེ་རྩ་བའི་སྔགས་ཀྱིས་ལན་བརྒྱ་རྩ་བརྒྱད་དུ་མངོན་པར་བསྔགས་ཤིང་རྡོ་རྗེ་དྲིལ་བུའི་ལག་པར ་བླུགས་གཟར་ལ་ཧཱུཾ་བསམས་ལ། མངོན་པར་འདོད་པའི་དོན་སེམས་པར་བྱ་སྟེ། དགང་བླུགས་དབུལ་བར་བྱའོ། །སྔོན་དུ་ཞལ་བསིལ་ཕུལ་ནས། ཀུ་ཤའི་ཆུས་མེ་ལ་བསང་གཏོར་བྱའོ། །ཡེ་ཤེས་ཀྱི་ལྷ་མོ་བྲིས་སྐུ་ལ་སོཌ་པས་ཤུཌ་པས་བྱ་སྟེ། སླར་ཡར་མེའི ་ལྷ་གོང་དུ་གསུངས་པའི་རིམ་པས་བསམས་ལ། མཆོད་པ་སྣ་ཚོགས་པས་མངོན་པར་མཆོད་ནས། མངོན་པར་འདོད་པའི་དངོས་གྲུབ་རྣམ་པར་རིག་པར་བྱས་ལ། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅི་ལྟའི་རྗེས་སུ་དངོས་གྲུབ་གསོལ། །སངས ་རྒྱས་ཡུལ་དུ་གཤེགས་པར་མཛོད། །སླར་ཡང་བྱོན་པར་མཛད་དུ་གསོལ། །ོཾ་གཙྪ་གཙྪ་ཨ་གནེ་སྭཱཧཱ། ཞེས་སྤྱན་དྲུང་བའི་ཕྱག་རྒྱ་ལས་མཛུབ་མོ་རྒྱབ་ཏུ་སྦྱར་བ་ནི། གཤེགས་སུ་གསོལ་བའོ། །དེ་ནས་སྔོན་དུ་གསུངས་པའི་གཏོར་མའི་ཆོགས་དཀྱིལ ་འཁོར་གྱི་འཁོར་ལོ་བྱ་སྟེ། ཇི་སྐད་གསུངས་པའི་སྔགས་དང་ཕྱག་རྒྱ་མཛའ་དག་གིས་གཏོར་མས་དབུལ་བར་བྱའོ། །ོཾ་ཀུ་རུ་ཀུ་རུ་མཧཱ་བཏྟན་ལའི་ཧཱུཾ་སྭཱཧཱ། ཞེས་པས་ལག་པ་གཉིས་བརྐྱང་སྟེ་སོར་མོ་དབུ་མ་གཉིས་སྦྱར་བ་ནི་སྦྱིན་སྲེག་གི་དུས་སུ་གཏོར ་མའི་སྔགས་དང་ཕྱག་རྒྱའོ། །མེའི་བདག་ཉིད་སྦྱིན་སྲེག་གི་དུས་སུ་མེ་བརྟགས་ལ་གལ་ཏེ་མཚན་མ་དན་པ་མཐོང་ན། དེ་ནས་ཨོཾ་བཛྲ་ཡཀྵ་ཧཱུཾ་སྭཱཧཱ། ཞེས་པ་གང་དུ་མཚན་མ་ངན་པ་མཐོང་བའི་ཕྱོགས་དེར་མར་བརྒྱ་རྩ་བརྒྱད་དུ་སྦྱིན་སྲེག་དབུལ་ལོ། ། ་བགེགས་ཉེ་གར་ཞི་བར་བྱེད་པའི་ཆུས་ལན་གསུམ་དུ་བསང་གཏོར་བྱས་ལ། སྔོན་བཞིན་དུ་སྦྱིན་སྲེག་བྱའོ། །རྩ་བའི་སྦྱིན་སྲེག་གིས་མཆོད་ནས། གོང་དུ་གསུངས་བའི་རྣམ་པས་རང་གི་དབུགས་ཀྱི་བཀུགས་ཏེ། རང་གི་ལུས་ལ་བཞག་པར་བྱའོ། ་ཕྱིའི་ལྟ་གཤེགས་སུ་གསོལ་ལ་ལངས་པར་བྱའོ། །སྦྱིན་སྲེག་གི་ཆོ་གའོ། །དེ་ནས་མཆོད་སྦྱིན་གྱི་ཆོ་ག་བརྗོད་པར་བྱའོ། །བླ་རེ་བྲེ་བ་དང། ན་བཟའ་སྣ་ཚོགས་འཕྱང་བ་དང། དྲི་དཀར་ལ་ཞིམ་པས་དཀྱིལ་འཁོར་གྲུ་བཞི་པར་བྱས། དཀར་པོས ་བུམ་པ་པང?་དབུས་ཀྱི་སྣོད་བྱུག་པར་བྱའོ། །འོ་མ་དང་དྲི་བཟང་པོའི་ཆུས་དབང་བར་བྱས་ལ་ཤིང་ལོ་ལ་སོགས་པས་བརྒྱན་པར་བྱའོ། །གོས་དཀར་པོས་དཀྲིས་ལ་འདབ་མ་ལ་མིག་གི་གཟུགས། །སེན་རྩི་དང་ཀུ་ཤལ ་སོགས་པ་དབུལ་བར་བྱའོ། །སུཾ་ཀཱཾ་ཡུཾ་ཧཱུཾ། སྨྲཡུཾ་ཧམྲཡུཾ་ཨམྲཡུཾ་ཀྵྲཡུཾ། ཞེས་པས་དང་པོར་ཨཾ་དང་མཐར་སྭཱཧཱ། རེ་རེ་ལ་ཡང་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ཏེ། གནས་ཇི་ལྟ་བར་བུམ་པ་བརྒྱད་བཞག་པར་བྱའོ། །དབུས་སུ་ཡང་སྣོད་ཆེན་པོ་བཞག ་པར་བྱའོ། །གོང་དུ་གསུངས་པའི་རིམ་པས་བདག་ཉིད་རྣལ་འབྱོར་མཛའ་དག་རྫོགས་པར་བྱ་སྟེ། བདག་ཉིད་མཆོག་ལ་དེ་ནས་སྦྱིན་སྲེག་བརྩམ་པར་བྱའོ། །ོཾ་ཀ་མ་ལ་གརྦྷེ་སྭཱཧཱ། ཞེས་པས་པདྨའི་རྣམ་པ་ལ་ལག་པའི ་ཐལ་མོ་དབྱེ་བས་བྱས་ལ་དེ་ནས་སྣོད་ཀྱི་དབུས་སུ་པདྨ་དགོད་པར་བྱའོ། །དེ་ནས་ཟླ་བའི་དཀྱིལ་འཁོར་ལ་གདུགས་དཀར་པོས་གཡོགས་ལ། །དེ་ནས་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་བྱིན་གྱིས་བརླབས་པའོ། །དེ་ནས་ཡེ་ཤེས་མཁའ་འགྲོ་མ་བསྒོམ་པར ་བྱའོ། །སྐུ་མདོག་དཀར་པོ་ཕྱག་གཉིས་པ། སེམས་དཔའ་ཨི་སྐྱིལ་ཀྲུང་གིས་བཞུགས་པ། རྡོ་རྗེ་དང་དབྱིག་པ་དེ་གཡོན་པ་དང་གཡས་པར་བསམ་པར་བྱའོ། །དེའི་ཤར་དུ་རྡོ་རྗེ་མ། བྱང་དུ་དྲག་མོ། ནུབ་དུ་རོ་ལངས་མ། ལྷོར་གཏུམ་མོ། ། ་དབང་ལྡན་དུ་སེར་གེ་མ། མེར་སྟག་མོ། བདེན་བྲལ་དུ་ཅེ་སྦྱང་མ། རླུང་དུ་འུག་པ་མ། གོང་དུ་གསུངས་པའི་མཚན་མ་དང་རྒྱན་དང་ལྡན་པའི་སྐུ་མདོག་དཀར་མོ་བསམ་པར་བྱའོ། །ཇི་ལྟར་རང་རང་གི་སྔགས་དང་ཕྱག་རྒྱས་དམ་ཚིག ་དབུལ་བར་བྱའོ། །ོཾ་ས་མ་ཡ་ཏིཥྛ་ཧཱུཾ་ཕཊ། རྡོ་རྗེ་བཅིངས་པ་བྱས་ནས་མཛུབ་མོ་གཉིས་བརྐྱང་སྟེ། རྩེ་མོ་བཀུག་པ་བྱས་ལ་དི་ཚིག་གི་ཕྱག་རྒྱ་བསྟན་པར་བྱའོ། །སྔོན་ལྟར་མཆོད་པ་ཧཱུཾ་སྭཱཧཱ། རྡོ་རྗེ་ཁུ་ཚུར་གཉིས་བྱས་ནས་གཡོན་པ་སྙིང་གར་བཞ་གཡས ་པ་སྤྱི་བོར་བཞག་པ་ནི། རྩ་བའི་སྔགས་དང་ཕྱག་རྒྱའོ། །རྩ་བའི་སྔགས་ཀྱིས་ཇི་ལྟར་འདོད་པར་ཆུ་དབུལ་བར་བྱས་ནས། དུ་རྦ་འམ་ཀུ་ཤ་དང་སྦྱར་ཞིང་ཀུན་ད་ལ་སོགས་པའི་མེ་ཏོག་དང། སྒོམ་པ་དང་ལྡན་པས་སྔགས་ལན་རེ་རེ་བཟླས་པས་རྡོ་རྗེ་ལྷ་མོའི ་ཅོད་པན་དུ་དབུལ་བར་བྱའོ། །ཁྲི?་ཕྲག་གཅིག་ཏུ་སྤྱི་པོར་དབུལ་བར་བྱས་ལ་ཡིད་ལ་ཇི་ལྟར་འདོད་པའི་དངོས་གྲུབ་འཕེལ་ཞིང་ནད་མེད་པར་འགྱུར་རོ། །སྦྱིན་སྲེག་གི་སྔགས་གོང་དུ་ཇི་ལྟར་གསུངས་པའི་རྗེས་སུ་འབྲེངས་ནས། གཏོར་མ་དབུལ་བར ་བྱའོ། །ཞི་བ་བྱ་བ་ལ་ནི་དཀར་པོའི་མཆོད་པ་དང། ཁ་ཤར་ཕྱོགས་སུ་མངོན་པར་བལྟས་པས་མཆོད་པར་བྱའོ། །ཚིགས་བཅད་ཀྱི་བར་དུ་མིང་སྦྱར་ཞིང་བསྐུལ་བར་བྱའོ། །ཕྲེང་བའི་གྲངས་བརྒྱ་ཕྲག་གཅིག་གི་མཛུབ་མོས་བགྲང་ཞིང་ཞི་བའི་ཡིད ་ཀྱིས་ཞི་བར་བྱའོ། །རྒྱས་པ་ལ་ཡང་མཆོད་རྫས་ཐམས་ཅད་སེར་བོ་དང་ཁ་བྱང་དུ་བལྟ་བར་བྱའོ། །ཕུན་སུམ་ཚོགས་པ་ཐམས་ཅད་དགུགས་པའོ། །བརྒྱ་རྩ་བརྒྱད་ཀྱིས་ལྷག་པའི་ཕྲེང་བ་དབུས་ནས་གྲང་ཞིང་དགའ་བའི་ང་རྒྱལ་གྱིས་རྒྱས་པའོ། །དབང ་ལ་ནི་མཆོད་རྫས་ཐམས་ཅད་དམར་པོ་དང་ནུབ་ཏུ་བལྟས་པས་བྱའོ། །དབང་གི་ཡིད་ཕྱོགས་ནས་འགུགས་པ་ལ་སོགས་པས་བསྐུལ་བར་བྱིན་སྲེག་སོགས། །དཀྱིལ་འཁོར་མཚན་ཉིད་ ་ཨས་སྲིན་ལག་ལ་གན་ག་པར་བྱས་ལ་དབང་གི་ཡིད་ཀྱི་དབན། མངོན ་སྦྱོར་ལ་མཆོད་རྫས་ཐམས་ཅད་ནག་པོ་རྫས་ཁ་ལྷོར་བལྟས་པས་བགྲོང་ཅིག་ཅེས་བསྐུལ་ཞིང་བགྲང་ཕྲེང་དྲུག་ཅུའི་གྲངས་ཀྱིས་མཐེའུ་ཆུང་ལ་གནས་པའི་ཁྲོ་བོའི་ཆ་བྱང་ཀྱི་པདམོའི་གང་ན་ལ་བཞུགས་པའི་མངོན་པར་སྤྱོད་པར་བྱའོ།། །། ་གཏོར་མ་དང་སྦྱིན་སྲེག་དང་མཆོད་སྦྱིན་མདོར་བསྡུས་པའི་གའོ། །དབལ་རྡོ་རྗེ་གདན་བཞི་པའི་མན་ངག་མདོར་བསྡུས་པ། དཔལ་ཡེ་ཤེས་དབང་ཕྱུག་མའི་སྒྲུབ་པའི་ཐབས་འཕགས་པ་ལྷ་ཡིས་མཛད་པ་རྫོགས་ཤོ།། །།????? ་ཛྙཱ་ན་ཀྵྲཉིས་སྒྱུར་བའོ།། །།དཔལ་གདན་བཞི་བའི་དཀྱིལ་ཆོག་བཞུགས་སོ། །རྒྱ་གར་སྐད་དུ། ཤྲཱི་ཙ་ཏུརྦི་ཐཱི་ཏནྟྲ་རཱ་ཛསྱ་མཎྜ་ལོ་བ་ཡི་ཀ་བིདྡྷི་བཞིན་དྷ་ས་ར་མུ་ཙྪ་ཡ་ན་མ། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་དཔལ་གདན་བཞི ་