| Wylie | e-texts based on the ACIP/ALL Input |
རྣལ་འབྱོར་གྱི་རྒྱུད་དཔལ་གདན་བཞི་པའི་སྒྲུབ་ཐབས་བཞུགས། །རྒྱ་གར་སྐད་དུ། ཤྲཱི་ཙ་ཏུརྤི་ཐཱི་ཡོ་ག་ཏནྟྲ་སཱ་དྷ་ནོ་ཕི་ཀ། བོད་སྐད་དུ། རྣལ་འབྱོར་གྱི་རྒྱུད་དཔལ་གདན་བཞི་པོའི་སྒྲུབ་ཐབས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཡི་གེ་བཞི་དང་ཕྱག་རྒྱ་ནི། ། ་བཞི་ལ་སོགས་པས་རྣམ་བརྒྱན་དང། །སློབ་མ་མན་ངག་འགྱེད་པའི་ཟླ། །ཀླུ་སྒྲུབ་ལ་ཡང་ཕྱག་འཚལ་ཏེ། །ཆོ་ག་རྫོགས་ཤིར་རྣམ་གསལ་བ། །སྔགས་དང་ཕྱག་རྒྱ་སོགས་པས་བརྒྱན། །སེམས་ཅན་ཀུན་ལ་ཕན་བསྐྱེད་པ། རྣལ་འབྱོར་གྲུབ་པ་བཤད་པར་བྱ། ། ་སྡེབ་སྦྱོར་དང་ནི་ཚིག་དྲང་མེད། །སྒྲ་ཡི་མཚན་ཉིད་རྣམ་སྤངས་ལ། །རྣལ་འབྱོར་ཚིག་གི་རྣལ་འབྱོར་པའི། །རྣལ་འབྱོར་བསྟན་བཅོས་ཡིན་པར་བཤད། །འདི་ལ་དང་པོར་དཔལ་གདན་བཞི་པ་ཞེས་བྱ་བའི། །རྣལ་འབྱོར་མའི་རྒྱུད་ཆེན་པོའི་ལྷ་རྣམས་མཉེས་པར་བྱེད ་འདོད་པའི། །འདོད་པ་ཞི་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་རྣལ་འབྱོར་པས་ཡིད་དང་རྗེས་སུ་མཐུན་པའི་གནས་གང་ཡང་རུང་བར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་བའི་ཕྱིར་དཔལ་རྣལ་འབྱོར་ནམ་མཁར་བདག་ཉིད་གྱུར་ཅིག་སྙམ་པའི་བསམ་ ་པས་ནང་ཚངས་ཅན་གྱི་སྟན་འཇམ་པོ་ལ་སོགས་པ་ལ་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་འདུག་སྟེ། དྲིའི་དཀྱིལ་འཁོར་ཁྲུ་གང་བ། གྲུབ་བཞི་པར་མཉམ་ཞིང་རྣམ་པར་དག་པར་བྱས་ལ། མེ་ཏོག་ཡིད་དུ་འོང་བའི་སིལ་མ་ས་གཏོར་བར་བྱའོ། །དེ་སྐད་དུ་ཡང། དྲི ་ལ་སོགས་པ་གཡས་སུ་བཞག་།བསང་གཏོར་གཡོན་དུ་བཞག་བྱ་ཞིང། མདུན་དུ་མཆོད་ཡོན་ལ་སོགས་དང། ཡུངས་ཀར་མེ་ཏོག་ཙན་དན་བཞག་།ཅེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཏིང་ངེ་འཛིན་དང་པོ་ལ་དམིགས་ནས་ལྐོག་མ་ལ་སོགས་པ་སྦྱར་བར་བྱ ་སྟེ། ལག་པ་གཡས་པར་ཉི་མའི་དཀྱིལ་འཁོར་དམིགས་ལ། ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་མོ་ལྔ་པ་ལ། ཨོཾ་ཧཱུཾ་སུཾ་ཀྵུཾ་ཡུཾ་ཡོངས་སུ་གྱུར་པ་ལས། ལྷ་མོ་རྣམས་རྩེ་མོ་རྣམས་ལ་བསྒོམ་པར་བྱའོ། །ལག་པ་གཡོན་པར་ཟླ་བ་རྣམ་པར་བཀོད་ལ། ཧྲཱི(རྒྱུད་འགྲེལ་བརྐྱེད་པར་ཧམྲཡུཾ་སྨྲཡུཾ་ཀྵྨརྱུཾ་ཡམྲཡུཾ་ཡོངས་སུ་གྱུར་པ་ལས། བྱུང་བའི་ལྷ་མོ་རྣམས་བསམ་པར་བྱའོ། །དཀར་པོ་དང་དུང་ཁ་དང་དུང་དང་པདྨ་ལ་སོགས་པ་ནི་གཡས་པའི་སོར་མོ་དགོད་དོ། །གི་ཐཾ་དང་དྲི་མ་གསུམ་དང་འཇིགས་པ་དང་སའི་བདུགས་ནི་གཡོན་པ་ལ་དགོད་དོ། ། ་ཡེ་ཤེས་དང་རྣམ་པར་ཤེས་པ་གཉིས་ནི་མཐེ་བོང་གཉིས་པ་སྟེ། ལག་པ་ལ་སོགས་པའི་ལས་ཅན་མ་རྣམས་སོ། །ལྐོག་མར་ཟླ་བ་ལེགས་པར་བསམ་པ་ལ་གནས་པའི་པདྨའི་འདབ་མ་གཅིག་ལ། རྡོ་རྗེ་བཟང་པོ་ནས་འབྲུ་ཙམ་དབུས་སུ་ཡི་གེ་ཨོཾ ་དང་ལྡན་པར་ལྕེ་ལ་བསམས་ཏེ་སྦྱང་ངོ། །སྙིང་གའི་ཉི་མའི་དཀྱིལ་འཁོར་གྱི་རྡོ་རྗེའི་ལྟེ་བ་ལ་གནས་པའི་ཡི་གེ་ཧཱུཾ་གི་འོད་ཟེར་གྱི་སྤྲིན་གྱི་ཚོགས་ཀྱིས་སེམས་ཅན་རྣམས་འབད་པས་ཡང་དག་པར་སྦྱངས་ནས་བོད་ཟེར་གྱི་ཕྲེང་བ་རྣམས་སྐད་ཅིག་ཙམ་གྱིས ་ཡོངས་སུ་གྱུར་པ་ལས། རིན་པོ་ཆེས་བརྒྱན་པའི་གནས་སུ་པདྨ་དང་ཟླ་བའི་གདན་ལ་བཞུགས་པ། དུང་དང། ཀུན་ད་ལྟར་དཀར་ཞིང་འོད་བཟང་བ། ཕྱག་གཉིས་པ་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་དུ་ཞུགས་པ། སངས་རྒྱས་ལྔས་དབང་བསྐུར་བའི་ཅོད་པན་མངའ་བ། ་ཕྱག་གཡས་པ་རྡོ་རྗེ་ཇུགས་ཀར་གདེངས་ཤིང་འཇོག་པ། གཡོན་པ་དཀུར་བསྟེན་པས་དྲིལ་བུ་བསྣམས་པ། སྐུལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ན་བཟའ་ཤིན་ཏུ་མཛེས་པས་བརྒྱན་པ། འོད་ཟེར་གྱི་ཕྲེང་པ་དཔག་ཏུ་མེད་པ་འཕྲོ་བར་བསམས་ལ། བཛྲ ་ས་ཧྭ་ཧི་ཞེས་བརྗོད་དེ། གཡས་པས་རྡོ་རྗེ་གསོར་ནས་འོད་ཟེར་ལྔའི་ཚོགས་ཀྱིས་ས་འོག་རིམ་པ་བདུན་དང། བགེགས་རྣམས་ཚིག་པར་གྱུར་པར་བསམ་མོ། །དེ་སྐད་དུ། གཞི་དང་རྣམ་གཞི་ཉིད་དང་ནི། །གཞི་ཉིད་གཞི་མེད་རོ་ཡི་གཞི། །གཞི་བཟངས་དང་ནི་ངེས ་པའི་གཞི། །ས་འོག་བདུན་དུ་བསྒྲགས་པ་ཡིན། །ཞེས་བས་བཤད་པས་སོ། །དེ་ལྟར་ཡོངས་སུ་སྤྱངས་ནས་གཟུང་བ་དང་འཛིན་པ་ལས་རྣམ་པར་གྲོལ་ཞིང། སྦྱིན་པ་རྣམ་པར་དག་པའི་རྡོ་རྗེའི་ར་བ་རིམ་པ་གསུམ་བྱའོ། །སྟེང་དུ་ཚུལ ་ཁྲིམས་རྣམ་པར་ངག་པའི་རྡོ་རྗེའི་ར་པ་རྣམ་པ་གསུམ་བྱའོ། །འོག་ཏུ་བཟོད་པ་རྣམ་པར་དག་པའི་ཕུར་བུའི་ར་བ་ལ། གནོད་པར་བྱེད་པ་འགོག་པར་བྱེད་པ། གཞོམ་པའི་ཕྱིར་ཕུར་བུས་གདབ་པོ། །དེ་ལྟར་བསྲུང་བའི་འཁོར་ལ་བསམས་ནས། ལྕགས་ཀྱུས་ཡེ་ཤེས ་ཀྱི་མཁའ་འགྲོ་མ་དང་ལྷན་ཅིག་སྦྱོར་བས་བཀུག་ལ། དམ་ཚིག་གི་ཕྱག་རྒྱ་བསྟན་པར་བྱ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། གཡོན་པ་སྙིང་གར་བཞག་ནས། གཡས་པ་བཀུག་ནས་བསྟོད་དེ། འཇོག་པའི་དམ་ཚིག་གི་ཕྱག་རྒྱ་བསྟན་པར་བྱའོ། །དེ་ནས་གདན ་དབུལ་བར་བྱ་སྟེ། རིན་པོ་ཆེའི་སེང་གེའི་གདན་གྱི་སྟེང་དུ་པདྨ་དང། ཟླ་བའི་སྟེང་དུ་བཞུགས་ནས། གདུགས་དཀར་པོས་བརྒྱན་པར་བྱས་ལ། མཆོད་ཡོན་དང། ཞབས་སིལ་དང། མཆོད་པ་རྣམ་ལྔས་ཡང་དག་པར་མཆོད་དེ། རྡོ་རྗེ་དྲིལ་བུ་བླངས་ལ། ཨོཾ་ཀཱ་ཡ ་ཏུ་ཥྲ་ཧོ། བཱཀྟུ་ཥྱ་ཧ། ཙིཏྟ་ཏུ་ཥྱ་ཧོ། ཞེས་དྲིལ་བུ་དཀྱིལ་ཞིང་བསྟོད་པའི་མཆོད་པས་བསྟོད་པར་བྱའོ། །དེ་ནས་ཐ་མལ་པའི་སྤྱོར་བས་དམིགས་ལ། ལྷ་དེ་ཉིད་ཀྱི་སྤྱན་སྔར་བདག་ཉིད་དབུལ་བར་བྱའོ། །ོཾ་བཉྩ་ཌཱ་ཀི་ནཱཾ་པུ་ཛོ་པསྤཱ་ནཱ་ཡཱཏྨ་ནཱཾ་ནི་རྱཱ་ཏ་ཡཱ་མི། ཨོཾ་ཨ་ཅེ་རྱ ་བུ་ཅོ་བསྠཱ་ན་ཡཱ་ཧམ་ནཱཾ་ནི་རྱ་ཏ་ཡཱ་མི། ཨོཾ་སཏྭ་རྠཱ་ཏྟཱ་རཱ་ཡཱ་ཏྨ་ནཱཾ་ནི་རྱཱ་ཏ་ཡཱ་མི། ཁྲོ་དང་ང་རྒྱལ་ལས་ལྡོག་ཅིང། །བརྫུན་དང་ཞེ་གཅོད་ཚིག་རྣམས་དང། །སྡིག་པའི་གྲོགས་དང་འཚེ་བའི་གཞི། །མ་བྱིན་ལེན་པས་ལྡོག་པར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ལ། ་རྟག་པར་བདག་ཉིད་སྐྱབས་སུ་མཆི། །ཐེག་པ་གསུམ་ནི་ཐམས་ཅད་དང། །རྣལ་འབྱོར་གསང་སོགས་མཁའ་འགྲོ་མ། །དཔའ་བོ་དཔའ་མོ་དབང་ཕྱུག་མ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །བདག་ནི་རྟག་པར་སྐྱབས་སུ་མཆི། ། ་རང་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཚིགས་སུ་བཅད་པ་ཡང་བརྗོད་པར་བྱ་སྟེ། ཕ་དང་མ་ན་གསད་པ་དང། །རྒྱལ་པོ་གཙང་སྦྲར་སྤྱེད་གཉིས་དང། །ཕོ་བྲང་འཁོར་བཅས་བཅོམ་པ་ནི། །དག་པའི་ལུས་ཞེས་བྱ་བར་བཤད། །དེ་ནས་སྙིང་གའི་པདྨ་དཀར་པོ་ལ་ཀྵུཾ་བསམས་ལ། དེ་ལས་བྱུང ་པའི་འོད་ཟེར་གྱི་ཚོགས་ཀྱིས་སེམས་ཅན་ཐམས་ཅད་དང། བདག་ཉིད་ཀྱང་མི་སྣང་བར་བྱ་སྟེ། སྒྲ་མ་འགགས་པར་བསམས་ལ། ཨོཾ་སྭ་བྷཱ་བ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་བ་ཤུདྡྷ་ཧཾ། ཞེས་བརྗོད་དོ། །ཡུཾ་ཀྵུཾ་སུཾ་ཧཱུཾ་ལས་རླུང་དང་མེ་དང་ཆུ་དང་སའི་དཀྱིལ་འཁོར་བསམ་ལ། ཀྵུཾ ་ལས་འོ་མ་ཅན་གྱི་རྒྱ་མཚོ། སུཾ་ལས་རི་རབ་བསམ་པའི་སྟེང་དུ་རྡོ་རྗེ་བུཾ་གི་འོད་ཟེར་གྱི་ཚོགས་ཀྱིས་བགེགས་ཐམས་ཅད་བསྲེགས་ནས། འོད་ཟེར་དེ་རྣམས་ཡོངས་སུ་གྱུར་པ་ལས། །རིན་པོ་ཆེ་སྣ་ཚོགས་བཀོད་པའི་ཁང་པ་བརྩེགས་པ་བསམས་པར་བྱ་སྟེ། ཟུར་བཞི་པ་ལ ་སྒོ་བཞི་པ། །རྟ་བབས་བཞིས་ནི་རྣམ་པར་བརྒྱན། །རྡོ་རྗེའི་ཀ་བས་བརྒྱན་པར་ཡང། །སྣ་ཚོགས་མཚན་མར་རྣམ་པར་དགོད། །དྲིལ་བུ་དྲ་བའི་ཕྲེང་བ་དང། །དྲ་བ་དྲ་ཕྱེད་བསྐོར་བ་ལ། །ཟུར་བཞི་དག་ཏུ་རྡོ་རྗེ་དང། །རིན་ཆེན་ཟླ་བ་ཕྱེད་པས་བརྒྱན། །སྒོ་རྣམས་སུ་ནི་བུམ་པ་ལ། ། ་གནས་པའི་རྒྱལ་མཚན་བསྒྲེབ་བར་བྱ། །ཤར་གྱི་སྐོར་ནི་པདྨ་ལ། །སེང་གེས་མཚན་མ་བསྒྲེང་བྱ་སྟེ། །བྱང་སྒོར་པདྨ་རྨ་བྱ་ཡིས། །མཚན་མ་དག་ནི་བསྒྲེང་བར་བྱ། །པདྨ་དད་པས་མཚན་པ་ཡི། །རྒྱལ་མཚན་ནུབ་ཏུ་བཞག་པར་བྱ། །པདྨ་ཆུ་སྲིན་གྱིས་མཚན་པ། །དེ་བཞིན ་ལྷོ་ཡི་ཕྱོགས་སུ་བཞག་།དང་པོའི་དཀྱིལ་འཁོར་ཕྱོགས་ཀྱི་མདོག་།གཉིས་པ་ཁྲག་ལྟར་དམར་པའོ། །གསུམ་པ་མཁའ་ལྟར་སྔོ་བསངས་ཏེ། །སྣམ་བུ་གསེར་གྱི་མདོག་ཅན་ནོ། །རྣལ་འབྱོར་དབང་ཕྱུག་ཆེ་རྣམས་ཀྱང། །རྟག་ཏུ་ཚུལ་ནི་འདི་བཞིན་རྟག་།དབུས་སུ་སེང་གེ ་ཡི་ནི་གདན། །ཤར་དུ་གླང་པོ་ཆེའི་གདན། །བྱང་ཕྱོགས་སུ་ནི་རྨ་བྱའི་གདན། །ནུབ་དུ་ནམ་མཁའ་ལྡིང་གི་གདན། །ལྷོ་རུ་ཅི་བགྱི་ཞེས་བྱའི་གདན། །དབང་ལྡན་ཕྱོགས་སུ་སེང་གེའི་གདན། །མེ་ཕྱོགས་རྡོ་རྗེ་གདོང་གི་གདན། །བདེན་བྲལ་ཕྱོགས་སུ་མ་ཧེའི་གདན། །རླུང་གི་ཕྱོགས་སུ ་ལྕེ་སྦྱང་གདན། །སྒོ་བཞི་དག་ཏུ་རོ་ཡི་གདན། །གཉིས་པའི་འཁོར་ལོ་ཟླུམ་པོ་ལ། །པདྨ་དང་ནི་ཟླ་བའི་གདན། །རིམ་པ་གསུམ་པ་ཉིད་ལ་ནི། །འཇིག་རྟེན་པ་ཡི་རབ་གྲགས་གདན། །དེ་ལྟར་གདན་ཡོངས་སུ་བརྟགས་ནས་དེ་བསྲུང་བར་བྱའི་ཕྱིར། རྡོ་རྗེ་ར ་བ་ལ་སོགས་པ་དང། དྲ་བ་དང་ཕུར་བུ་ལ་སོགས་པ་བྱས་ལ། གཙོ་བོའི་གདན་པདྨ་དཀར་པོ་ལ་ཨཱ་ལི་ཡོངས་སུ་གྱུར་པ་ལས། ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཀཱ་ལི་ཡོངས་སུ་གྱུར་པ་ལས། ཉི་མའི་དཀྱིལ་འཁོར་ཏེ། གཉིས་པ་དེའི་སྟེང་དུ་ཡི་གེ་ཧཱུཾ་ལ་ཕྱོགས་ཀྱི ་འདབ་མ་ལ་གནས་པའི་ལྷ་མོ་བཞིས་བསྐུལ་བར་བསམ་པར་བྱ་སྟེ། ཛ་ཛ་ཛ་ཛ་བཛྲ་སཏྭ་བ་ཏཱ་ན་ར་སིདྡྷི། མཧཱ་མཧཱ་ཧ་ཧ་ཧ་ཧ་ཧཱུཾ་ཀར་ནཱ་ཐ། ས་མ་ཡོ་ཧཾ་ན་མ་ཏི་མི་ཏེ། བ་བ་བ་བ་བཛྲ་སཕོཊ་གུ་དྱ་དག་ཏེ་དེ་ཧ་དྷརྨཱ། ཨ་ཨ་ཨ་ཨ་ཨཱ་ཧོ་ཏོ་ཥཊ། བཛྲ་ལི་མ་ཀ་ཤུ་ལོ་ཡ ་ན་ཧཱུཾ?་བཞི་པོ་དེས་དེ་ལྟར་བསྐུལ་ནས། ཡི་གེ་ཧཱུཾ་དེར་ཐིམ་པར་གྱུར་པར་བསམས་ལ། དེའི་འོད་ཟེར་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པ་བསམ་པར་བྱ་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས། །ོཾ་བཛྲ་ཤུདྡྷ(རྒྱུད་འགྲེལ་ཟེར་གྱི་ཚོགས་ཀྱིས་སེམས་ཅན་ཐམས་ཅད་ཡོངས་སུ་སྦྱངས་ནས། བྱ་བ་སྒྲུབ་པ་ལ་རོ་གཅིག་པར་གྱུར་པ་དང། སེང་གེའི་གང་ན་གྱི་སྟེང་དུ་རང་གི་གནས་སུ་སྦྱང་ཞིང། ཉི་མའི་དཀྱིལ་འཁོར་ཡང་བསམས་ལ། གདུགས་དཀར་པོས་བརྒྱན་ཏེ། དེ་ནས་ཞལ་གསུམ་པ ་དང། ཕྱག་དྲུག་པ་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྐྲ་ནི་གྲོལ་ཞིར་རྣམ་པར་འཕྲོ། ཐོད་པའི་ཕྲེང་བས་རྣམ་པར་བཅིངས། །རྡོ་རྗེ་བརྒྱན་པའི་རྩེ་བྲན་ཡང། །སངས་རྒྱས་ལྔས་ནི་རྣམ་པར་བརྒྱན། །སྐུ་མདོག་སྔོ་ཞིང་ཤས་ཆེར་གྲགས། །སྒྲུལ་ཀྱི ་རྒྱན་གྱིས་རྣམ་པར་བརྒྱན། །ཁྲོ་བོ་སྒེག་བ་རྣམ་པར་བཞད། །ཞལ་གསུམ་སྤྱན་ནི་རྣམ་པ་གསུམ། །གང་རྒྱངས་ཧ་ཧས་ཞལ་དགངས་པ། །ན་བཟའ་དམར་པོས་ཉེ་བར་མཛེས། །ཁ་ཊཝཾ་ག་ནི་གྱེན་དུ་བསྒྲེང། །གཉིས་པ་ལ་ནི་དགྲ་སྟ་ཉིད། །གསུམ་པ་རྟག་ཏུ་རྡོ་རྗེ ་ཅན། གཡོན་གྱི་དྲིལ་བུ་ངེས་དཀྲོལ་ཞིང། །གཉིས་པས་རྣལ་འབྱོར་པ་ཡི་སྣོད། །དེ་བཞིན་གསུམ་པས་རལ་གྲི་བསྣམས། །འོད་ཟེར་དཔག་མེད་ལྡན་པར་ནི། །མཁས་པས་དབུས་སུ་བསྒོམ་པར་བྱ། །སྐུ་མདོག་དཀར་ཞིང་རབ་མཛེས་པའི། །ཕྱག་གཉིས་མགྲིན ་པར་འཁྱུང་ནས་སུ། །མ་མཆུ་ཚེམས་ཀྱིས་འདེབས་པར་མཛད། །ཞབས་ཀྱི་ཚིགས་ཀྱིས་དཀྲིས་ནས་སུ། །རྡོ་རྗེ་པདྨར་ཐིམ་པར་མཛད། །ཡན་ལག་རྒྱན་ཀུན་གྱིས་བརྒྱན་ཅིང། །ཤིན་ཏུ་མཛེས་པའི་གོས་གསོལ་ནས། །ཤེས་རབ་དང་ནི་འདུས་ནས་བཞུགས། །དེ་ནས་བ ་ངན་གསུམ་པའི་ཕྱག་རྒྱས་ཡི་གེ་བརྒྱད་དགོད་པར་བྱ་སྟེ། ཀྵུཾ་ནི་སྤྱི་བོར་རྣམ་པར་བསམ། །ཡི་གེ་ཧཱུཾ་ནི་མིག་གཉིས་སུ། །ཡུཾ་ནི་རྣ་བ་སྣ་གཉིས་སུ། །སུཾ་ནི་ལྕེ་ལ་ཡང་དགའ་བར། །ལྐོག་མར་སྨྲཡུཾ་བསམ་པར་བྱ། །ནང་འཚོང་དེ་བཞིན་ཧམྲཡུཾ་བསམ། སྙིང་གའི་ཕྱོགས་སུ ་ཡམྲཡུཾ་པོ། །ལྟེ་བར་ཀྵྨརྱུཾ་དགོད་པར་བྱ། །དེ་ལྟར་བསམས་ནས་ལྕགས་ཀྱུ་དཀར་པོས་ཡེ་ཤེས་ཀྱི་མཁའ་འགྲོ་མ་བཀུག་ལ། དམ་ཚིག་གི་ཕྱེད་རྒྱ་བསྟན་ཅིང། མཆོད་ཡོན་དང། ཞལ་བསིལ་དར་གདན་བསྟབས་ལ་ཡང་དག་པར་མཆོད་དོ། །ོཾ་བཛྲ་ཨཾ་ཀུ ་ཤ་ཛ(རྒྱུད་འགྲེལ་བསྐུར་བ་བརྟག་པར་བྱའོ། །སྔགས་འདིས་རྒྱན་གྱི་ཕྱག་རྒྱ་དབུལ་བར་བྱའོ། །བཤད་མ་ཐག་པའི་རིམ་པས་གསང་སྔགས་ཀྱིས་བསྐྱེད་པའི་ལྷའི་སྐུ་ལ་མངོན་པར་ཞེས་པ་བསལ་བར་བྱ་བའི་ཕྱིར་སྔགས་འདིས་བརྗོད་བར་བྱ་སྟེ། ཨོཾ་ཡོ་ག་ཤུདྡྷ(རྒྱུད་འགྲེལ་ཧཾ། དེ་ནས་ཐ་ཐངས་དང་ཤེས་རབ་ཤིན་ཏུ་ཐིམ་ཞིང། །སྒྱུ་མ་ལྟ་བུར་ལྷག་པར་མོས་པས། བདག་དང་གཞན་གྱི་དོན་རྫོག་པར་བྱེད་པའི་དཀྱིལ་འཁོར་དབྱུང་བར་བྱ་སྟེ། སུཾ་བཟླས་པ་ལས་ཡང་དག་འབྱུང། །དུང་དང་ཀུན་ད་ཟླ་འོད་བཅས། །ཕྱག་གཉིས་སྐྲ་ནི ་རྣམ་པར་གྲོལ། །སངས་རྒྱས་ཕྲེང་བས་རྣམ་པར་བརྒྱན། །ཡན་ལག་རྒྱན་རྣམས་རྣམ་པར་བརྒྱན། །རིགས་གསུམ་ཁྲོ་བོ་ཧཱུཾ་མཛད་པ། །ཁ་ཊཝཱཾ་ག་དང་རྣལ་འབྱོར་སྣོད། །འོད་ཟེར་དཔག་ཏུ་མེད་པ་འབར། །ཤམ་ཐབས་གླང་པོའི་པགས་པ ་སྟེ། ན་རའི་པགས་པ་གོས་སུ་མནབས། །མེ་ཡི་དཀྱིལ་འཁོར་འོད་འཁོར་ལོ། །གླང་ཆེན་རོལ་པའི་སྟབས་ཀྱིས་བཞུགས། །རྡོ་རྗེ་ལྕགས་ཀྱུས་བཀུག་ནས་ནི། །རྡོ་རྗེ་མཁའ་འགྲོ་མ་ཤར་དུ། །ོཾ་ཨཱ(རྒྱུད་འགྲེལ་བཟང་མཁའ་འགྲོ་མ། །སྐུ་མདོག་སེར་མོ་ཤིན་ཏུ་མཛེས། །རྣམ་པར་གཅིགས་པ་ཧ་ཧར་བཞད། །དབུ་སྐྲ་གྱེན་དུ་རྣམ་པར་འབར། །སངས་རྒྱས་ལྔའི་དབུ་རྒྱན་ཅན། །རྨ་བྱའི་གདན་ནི་རྣམ་མནན་ནས། །སྐྱིལ་ཀྲུང་དག་ནི་ཕྱེད་པས་བཞུགས། །རྒྱན་རྣམས ་ཀུན་གྱིས་སྐུ་ལ་བརྒྱན། །ཕྱག་གཉིས་རྣམ་པར་མཛེས་པས་ན། །ཁ་ཊཝཱཾ་རྣལ་འབྱོར་སྣོད་དག་བསྣམས། །མེ་ཡི་དཀྱིལ་འཁོར་ལ་བཞུགས་པས། །ཤམ་ཐབས་གླང་པོའི་པགས་པ་སྟེ། །ན་རའི་ཐགས་པ་གོས་སུ་མནབས། །ལྷ་མོ་དེ་དེ་ལྟར་བསྒོམ་བྱ་བ། ། ་རྟག་ཏུ་བྱང་གི་ཕྱོགས་སུ་བཞུགས། །ོཾ་ཨཱ་སྭཱཧཱ། ཨཱ་སྐྱེས་མེ་ཡི་དབུགས་ལས་བྱུང། །རོ་ལངས་མ་ནི་ནུབ་ཏུ་དགོང། །མཁའ་ལྡིང་གདན་ལ་བཞུགས་ནས་ནི། །ཅོག་བུའི་འདུག་སྟངས་དག་གིས་བཞུགས། །ཁ་དོག་དམར་ཞིང་ཤིན་ཏུ་མཛེས། །ཕྱག་གཉིས ་འཇིགས་པའི་ཧཱུཾ་མཛད་པ། །སྐྲ་ནི་འབར་ཞིང་རྣམ་པར་དགྱེས། །སངས་རྒྱས་ལྔ་ཡིས་རྣམ་པར་བརྒྱན། །ཁ་ཊཝཱཾ་རྣལ་འབྱོར་སྣོད་བསྣམས་ཤིང། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ཤམ་ཐབས་གླང་པོའི་པགས་པ་སྟེ། །ན་རའི་པགས་པ་གོས་སུ ་མནབས། །མི་གཡོ་འཆི་བ་མེད་པ་ཡི། །བསམ་པས་ཀུན་ནས་བསྒོམ་པར་བྱ། །ོཾ་ཨཱ་སྭཱ་ཧཱ། ཨཱ་སྐྱེས་རླུང་གིས་དབུགས་འབྱིན་འབྱུང། །གཏུམ་མོ་ལྷ་ཡི་དབང་ཕྱུག་མ། །མདོག་སྔོན་མི་བཟད་ཆེན་མོ་སྟེ། །ཧ་ཧའི་གང་རྒྱངས་འཇིགས་པ་སྒྲོགས། ། ་ཟིབ?་གྱིའི་གདན་ལ་གནས་ནས་ནི། །བུས་མོའི་སྐྱིལ་ཀྲུང་དག་གིས་བཞུགས། །དབུ་སྐྲ་དམར་པོ་རྣམ་པར་འཐོར། །སངས་རྒྱས་ལྔ་ཡིས་རྣམ་པར་བརྒྱན། །ཕྱག་གཉིས་རྣལ་འབྱོར་སྣོད་དང་ནི། །ཁ་ཊཝཱཾ་ག་ནི་རབ་ཏུ་བསྣམས། །སྐུ་ལ་རྒྱན་རྣམས་ཀུན་གྱིས་བརྒྱན། ། ་ཤམ་ཐབས་གླང་པོའི་པགས་པ་སྟེ། །ན་རའི་པགས་པ་གོས་སུ་མནབས། །ལྷོ་རུ་རྟག་ཏུ་བསྒོམས་པར་བྱ། །ོཾ་ཨ་ཨ་ཨཾ་སྭཱཧཱ། རི་ཡི་ས་བོན་ལས་བྱུང་བ། །ལྷ་མོའི་མིང་ནི་སེང་གེ་ཅན། །སེང་གེའི་གདན་ལ་རྣམ་པར་བཞུགས། །རོལ་པའི་སྟངས་སྟབས་དག ་དང་ལྡན། །དཀར་དང་སེར་ལ་སོགས་མདོག་ཅན། །འབར་བའི་འོད་དང་འདྲ་བའི་འོད། །ཕྱག་གཉིས་ན་བཟའ་དམར་པོ་བསྣམས། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ལག་པ་གྱེན་གདེངས་རལ་གྲི་དང། །གཡོན་པ་སྡིགས་མཛུབ་ཞགས་པའོ། །བདུད་རྣམས ་ཐམས་ཅད་སྐྲག་བྱེད་པ། །དབང་ལྡན་ཕྱོགས་སུ་རྣམ་པར་དགོད། །ོཾ་རི་སྭཱཧཱ། རཱི་ཡི་ས་བོན་ལས་བྱུང་པ། རྡོ་རྗེ་མཆུ་ཅན་ཟླ་བས་བརྒྱན། །དཀར་དང་གནག་ལ་སོགས་མདོག་ལྡན། །དཀྱིལ་འཁོར་ཚམ་དམ་གནས་པས་བཞུགས། །ཕྱག་གཉིས་ཁྲོ་བོའི་བཞད ་པར་ལྡན། །ན་བཟའ་དམར་པོས་རྣམ་པར་བརྒྱན། །ལྕགས་ཀྱུ་ཞགས་པ་སྡིགས་མཛུབ་ལྡན། །སྟག་མོ་མི་ཡི་ཕྱོགས་སུ་བཀོད། །ོཾ་རཱི་སྭཱཧཱ། ལི་ཡི་ས་བོན་ལས་བྱུང་བ། །ཝ་མོ་ནག་མོ་རྣམ་པར་མཛེས། །མ་ཧའི་གདན་ལ་རྣམ་གནས་ཤིང། །སྐྱིལ་ཀྲུང ་ཕྱེད་པར་ཡང་དག་ལྡན། །ཕྱག་གཉིས་དགྲ་སྟ་ཞགས་པ་བསྣམས། །མེ་ཡི་དཀྱིལ་འཁོར་དག་གིས་བརྒྱན། །མཆེ་བའི་གཟུགས་ནི་གཙིགས་པ་དང། །ཧ་ཧ་བཞད་ཅིང་ཤིན་ཏུ་འཇིགས། །ན་བཟའ་དག་ནི་དམར་པོར་མན་བས། །བདེན་བྲལ་ཕྱོགས་ཀྱི་ལྷ་མོ ་ཡིན། ཨོཾ་བཾ་སྭཱཧཱ། ལཱི་ཡི་ས་བོན་ལས་བྱུང་བའི། །ལྷ་མོ་འུག་པ་མོ་ནི་དབྱུང། །སྐུ་མདོག་དམར་དང་སེར་བར་སྣང། །ལྕེ་སྦྱང་གི་ནི་གདན་ལ་བཞུགས། །ཅོག་པུའི་འདུག་སྟངས་ཡང་དག་ལྡན། །ཕྱག་གཉིས་དབྱིག་པ་སྣོད་བསྣམས་ཤིང། །རྒྱན་རྣམས ་ཀུན་གྱི་རྣམ་པར་བརྒྱན། །ན་བཟའ་དག་ནི་དམར་པོ་གསོལ། འབར་བའི་མེ་དང་མཉམ་པའི་འོང། །ལྷ་མོ་དེ་ལྟར་བསྒོམ་བྱ་བ། །ཤེན་པ་རླུང་གིས་ཕྱོགས་སུ་གནས། །ོཾ་ལཱི་སྭཱཧཱ། ནང་གི་དཀྱིལ་འཁོར་སྒོ་རྣམས་སུ། །སྒོ་སྲུངས་རྣམ་པ ་བཞི་དག་ནི། །ལྷ་འགུགས་ལ་སོགས་རྣམ་པར་འབྲེལ། །བསྒོམ་པ་དེ་ཉིད་བདག་གིས་བསྒོམ། །རང་སྔགས་ལས་བྱུང་མཁའ་འགྲོ་མ། །རྒྱལ་པའི་དབང་མོ་ཞེས་བྱ་བ། །མདོག་དཀར་ཕྱག་ནི་གཉིས་དང་ལྡན། །རྒྱན་རྣམས་ཀུན་གྱིས་སྐུ་ལ་བརྒྱན། །གཏུམ་མོ ་སྐྲ་ནི་རྣམ་པར་འཐོར། །དེ་ཡི་ཞལ་དུ་ཕྱག་མཛུང་ཅིང། །ཧ་ཧ་ཞེས་བཞད་རབ་འཇིགས་མ། །ཡི་དགས་ཀྱི་ནི་གདན་ལ་བཞུགས། །འགུགས་པ་ལ་ནི་རབ་བརྩོན་པའི། །ལྷ་མོ་ཤར་གྱི་སྒོ་རུ་དགོང། །ོཾ་ཨཾ་སྭཱ་ཧཱ། རང་སྔགས་ལས་བྱུང་ལྷ་མོ་ནི། །གླང ་པོའི་དབང་མོ་ཞེས་བྱ་བ། །དྲག་པོ་ཆེན་མོ་སྐུ་མདོག་སེར། །ཡི་དགས་གདན་ལ་རྣམ་པར་བཞུགས། །ཕྱག་གཉིས་ཐལ་མོ་སྦྱར་བ་དང། །དབུ་སྐྲ་གྱེན་དུ་མེ་ལྟར་འབར། །མི་བཟང་གཟུགས་ཀྱིས་བཞད་བྱ་ཞིང། །ཤིན་ཏུ་མཛེས་པའི་འོད་ཀྱིས་བརྒྱན། ། ་འོད་ཟེར་འབར་བས་འཁྲུགས་ཤིང་གསལ། །བྱང་གི་ཕྱོགས་སུ་རྣམ་པར་དགོད། །ོཾ་ཨིཾ་སྭཱཧཱ། རང་སྔགས་ལས་བྱུང་འཇིབ་མ་ནི། །རྒྱལ་བའི་དབང་མོ་ཞེས་བྱ་བ། །མདོག་དམར་འཇིགས་པའི་སྒྲ་སྒྲོགས་པ། །ཡི་དགས་ཀྱི་ནི་གདན་ལ་བཞུགས། །རབ ་མཛེས་གོས་ནི་རྣམ་པར་མནབས། །ཕྱག་མཐིལ་གཉིས་ན་སྲང་བུ་དམར། །ཐལ་མོ་ཁྱེར་བས་ཁྲག་གསོལ་བ། །མེ་འབར་བ་ཡི་འོད་མདའ་བ། །དྲག་པོ་འཆིང་བར་བྱེད་པ་ཡི། །འཇིབ་མ་ནུབ་དུ་བསྒོམ་པར་བྱ། །ོཾ་ཧྲི་ཧཾ་སྭཱཧཱ། རང་སྔགས་ལས་བྱུང ་ལྷ་མོ་ནི། །ཀཾ་བུ་ཛི་ནི་ཞེས་བྱ་བ། །མདོག་གནག་རོ་ཡི་གདན་ལ་བཞུགས། །ཕྱག་གཉིས་སྐྲ་ནི་རྣམ་པར་འཐོར། །རབ་མཛེས་ན་བཟའ་དམར་པོ་མནབས། །སངས་རྒྱས་ཀུན་གྱིས་རྣམ་པར་བརྒྱན། །ཕྱག་ན་ཐོ་བ་སྡིགས་མཛུབ་ལྡན། །འགྲོ་བའི ་སེམས་ནི་རྨོངས་པར་བྱེད། །དྲག་ཅིང་མེ་འབར་འདྲ་བའི་འོད། །ལྷོ་ཕྱོགས་སུ་ནི་བསྒོམ་པར་བྱ། །ོཾ་ཕྲི་སྭཱཧཱ། རིམ་པ་དག་ནི་གཉིས་པ་ལ། །རྣལ་འབྱོར་མ་རྣམས་མཁས་པས་དགོད། །སྤོས་བྱེད་འཛུ་བྱེད་གཏུམ་མོ་ནི། །ཤར་གྱི་ཕྱོགས་ཀྱི་ལྷ་མོ་ཡིན། །བདུད ་རྩིས་གང་བའི་ཐོད་པ་ལ། །སྒེག་པའི་ཕྱག་ནི་རྣམ་པར་མཛེས། །དྲག་མོ་ཁྲག་འཐུང་ཤ་ཐ་མ། །བྱང་གི་ཕྱོགས་ཀྱི་ལྷ་མོ་ཡིན། །ལྕགས་ཀྱུ་ལ་སོགས་ལྔ་རྣམས་ཀྱིས། །བཀང་པའི་ཐོང་པ་ཕྱག་ན་བསྣམས། །གཏུམ་འབར་འཇིགས་སུ་རུང་བ་ནི། །ནུབ་ཀྱི་ཕྱོགས་ཀྱི ་ལྷ་མོ་ཡིན། །ལག་པ་གཉིས་ཀྱིས་པདྨའི་སྣོད། །ཐོགས་པ་རུ་ནི་རྣམ་པར་བགོད། །ཐོང་ཅན་རྡོ་རྗེ་ཅན་གུན་ཌི། །ལྷོ་ཡི་ཕྱོགས་ཀྱི་ལྷ་མོ་ཡིན། །ཐོད་པ་བཟའ་བཏུང་གིས་ཁེངས་དང། །རྡོ་རྗེ་དག་ནི་ཕྱག་ན་བསྣམས། །སྒེག་མོ་དྲི་ནི་དབང་ལྡན་དུ། །པི་ཝང་མེ་ཏོག ་མོ་ཡི་ཕྱོགས། །གླུ་མ་བདུག་སྤོས་བདེན་བྲལ་དུ། །གར་མ་མར་མེ་རླུང་གི་ཕྱོགས། །སྡུག་པའི་ལྷ་མོ་ཉི་ཤུ་ཡང། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །འདི་དག་རྒྱན་སོགས་ཕྱོགས་དང་མཚུངས། །པདྨ་ཟླ་བའི་སྟེང་ན་གནས། །གསུམ་པ་གཞན་གྱི་གདན ་ལ་ནི། ཤར་སྒོར་ཁྱབ་འཇུག་གསོལ་བཀའ་ཨི་ཚུལ། །ཚངས་པ་ལག་ན་རྡ་ཡབ་བསྣམས། །བྱང་གི་སྒོར་ནི་རྣམ་པར་གནས། །དྲག་པོ་ལ་སོགས་བསྟོད་སྒྲར་ལྡན། །ནུབ་ཀྱི་སྒོར་ནི་གཞག་པར་བྱ། །བརྒྱ་བྱིན་རིན་ཆེན་གདུགས་ཐོགས་ལ། །ལྷོ་ཡི་ཕྱོགས་སུ་བཞག ་པར་བྱ། །རྔ་དག་བརྡུངས་ཞིང་རྡ་ཡབ་ཐོགས། །གར་དང་གླུ་ཡིས་བརྒྱན་པ་དང། །སྡེར་བཅས་ཆུང་མར་བཅས་པ་ཡི། །བརྒྱ་བྱིན་བྱང་ཤར་མཚམས་སུ་གཞག་།ལག་ན་རིན་ཆེན་མྱུ་གུ་ཐོགས། །མུ་ཏིག་དོ་ཤལ་དག་གིས་བརྒྱན། །སྡེ་དང་བཅས་ཤིང་ཆུང་མར ་བཅས། །ཀུ་བེ་ར་ནི་ཤར་ལྷོར་བཞག་།རྒྱལ་མཚན་གདུགས་དང་བླ་བྲེར་བཅས། །སྡེ་དང་བཅས་ཤིང་ཆུང་མར་བཅས། །འབྱུང་པོའི་ཚོགས་ཀྱི་རྒྱལ་དབང་པོ། །ལྷོ་ནུབ་ཕྱོགས་སུ་བཞག་པར་བྱ། །པི་།ཝང་གླིང་བུ་དུ་མ་ཡིས། །གླུ་དང་གར་ལ་སོགས་པ་མཁས། ། ་ཆུང་མར་བཅས་པའི་ཀླུ་དབང་ནི། །ནུབ་བྱང་མཚམས་སུ་བཞག་པར་བྱ། །དེ་ལྟར་དཀྱིལ་འཁོར་པའི་ལྷའི་འཁོར་ལོའི་གནས་ཇི་ལྟ་བ་བཞིན་དུ་བཞག་ལ། །ཡང་ལྕགས་ཀྱུ་དཀར་པོས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ནས ་དམ་ཚིག་གི་དཀྱིལ་འཁོར་ལ་བཞག་སྟེ། །སྔར་བཤད་པའི་སྔགས་དང་ཕྱག་རྒྱ་དང་བཅས་པས་དམ་ཚིག་གི་ཕྱག་རྒྱ་བསྟན་ལ། རང་གི་གཟུགས་རྣམས་ལ་ཡེ་ཤེས་སེམས་དཔའ་གཞུག་པར་བྱའོ། །དེ་རྣམས་ཀྱི་ཐུགས་ཀར་སྔགས་ཀྱིས་ཕྲེང་བ་རབ ་ཏུ་འབར་བ་ནི་ཆོས་ཀྱི་ཕྱག་རྒྱའོ། །སྤྲོ་བ་དང་བསྡུ་བ་ནི་ལས་ཀྱི་ཕྱག་རྒྱའོ། །ད་ལྟར་ཕྱག་རྒྱ་བཞི་དང་སྦྱར་ནས་ཐམས་ཅད་ཀྱི་ཅོད་པན་ལ་རྣལ་འབྱོར་ནམ་མཁའ་ཨི་དབང་བསྐུར་བ་ཉིད་དུ་བསམ་པར་བྱའོ།། །།དེ་ནས ་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར་གསུངས་པ། དེ་རྣམས་མིང་གི་གསང་སྔགས་ནི། ཨོཾ་དང་བསྲེག་པའི་མཛའ་མའོ། །དྲི་མ་གསུམ་གྱི་ཚིགས་གསུམ་ལ། །རོ་ཙ་ན་ནི་ལྕགས་ཀྱུར་སྦྱར། །ོཾ་ཨཱ་ཀརཥ་ཎི་ཧཱུཾ་ཕཊ་སྭཱཧཱ། འཇིག་རྟེན་པ་ལ་སོགས་པ་དགུང ་པའི་སྔགས་དང་ཕྱག་རྒྱའོ། །ཁུ་ཆུར་གཉིས་སྦྱར་བརྟན་བཅིངས་ནས། །དྲི་མ་གསུམ་གྱིས་བདུག་སྤོས་གཏང། །གཉིས་པོ་རེག་པའི་སྦྱོར་བ་ཡིས། །རྡོ་རྗེ་མདུང་ཐུང་བསྟན་པར་བྱ། །ོཾ་ཏིཥྛ་ཨཱ་ས་ན་སྭཱཧཱ། གདན་གྱི་སྔགས་དང་ཕྱག་རྒྱའོ། །པདྨ་ཡེ་ཤེས ་དཀྲིས་པ་ཡིས། །ས་ཡི་གདུགས་དང་རྣམ་ཤེས་མནན། །གཉིས་པོ་ལྕགས་སྐྲོགས་དཀྲིས་ནས་ནི། །ལྷག་མ་བདན་གསུམ་པར་བསྒྲེབ། །དྲི་མ་གསུམ་ནི་བདུག་སྤོས་རེག་།རྡོ་རྗེ་རྩེ་ནི་ལྔ་བ་ཡིན། །ོཾ་ཧཱུཾ་ཧ(རྒྱུད་འགྲེལ་རྒྱལ། ཁུ་ཚུར་གཉིས་ནི་བརྟན་བཅིངས་ལ་།གུང་མོ་གཉིས་ནི་བརྐྱང་བར་བྱ། །མཛབ་མོ་བདུན་དུ་ཁ་སྤྲད་ལ། །ཡེ་ཤེས་ལྷ་མོ་དག་ལ་བསྟན། །ོཾ་ཨོཾ་ཨ་སྭཱཧཱ། ཡེ་ཤེས་མཁའ་འགྲོ་མའི་སྔགས་དང་ཕྱག་རྒྱའོ། །ལག་པ་དང་ནི་ལག་པར་སྦྱར། མཐེ ་བོང་དབུས་སུ་གཞུག་པར་བྱ། །ཡང་དང་ཡང་དུ་བསྐྱོད་བྱས་ལ། །ཤར་གྱི་རྡོ་རྗེ་ཅན་ལ་བསྟན། །ོཾ་སུཾ་ས་སྭཱཧཱ། རྡོ་རྗེ་ཅན་མའི་སྔགས་དང་ཕྱག་རྒྱའོ། །ཁུ་ཚུར་མཉམ་པར་བརྟན་བཅིངས་ལ། །མཐེ་བོང་གཉིས་ནི་རྣམ་པར་བརྐྱང། །དྲག་མོ་ལ་ནི་ཕྱག་རྒྱ་བསྟན། །བྱང་གི ་ཕྱོགས་སུ་བརྩམ་པར་བྱ། །ོཾ་ཀྵུཾ་ཀྵ་སྭཱཧཱ། དྲག་མའི་སྔགས་དང་ཕྱག་རྒྱའོ། །འདི་ཡི་ཕྱག་རྒྱ་བརྟན་བཅིངས་ལ། །གུང་མོ་གཉིས་ནི་རྣམ་པར་བརྐྱང། །ནུབ་ཀྱི་ཕྱོགས་སུ་རོ་ལངས་མ། །ཕྱག་རྒྱ་དེ་ལ་སྦྱར་བར་བྱ། །ོཾ་ཡུཾ་ཡ་སྭཱཧཱ། །རོ་ལངས་མའི་སྔགས་དང་ཕྱག་རྒྱའོ། །ཕྱག ་རྒྱ་དེ་ཉིད་བརྟན་བཅིངས་ལ། །མཐེའུ་ཆུང་གཉིས་ནི་རྣམ་པར་བརྐྱང། །ལྷོ་ཡི་ཕྱོགས་སུ་གཏུམ་མོ་ལ། །ཕྱག་རྒྱ་དེ་ནི་རྣམ་པར་བརྐྱང། །ོཾ་ཧཱུཾ་སྭཱཧཱ། གཏུམ་མོའི་སྔགས་དང་ཕྱག་རྒྱའོ། །ཕྱག་རྒྱ་ཀུན་གྱི་དང་པོ་རུ། །པདྨའི་སྐོར་བ་སྔོན་དུ་བྱ། །རྡོ་རྗེ་བསྡམས་པ་གཉིས་བྱས ་ལ། རོ་རྩན་དཀར་པོའི་ལྕགས་སྒྲོགས་ཡིན། །ོཾ་སྨྲཡུཾ་སྭཱཧཱ། སེང་གེ་མའི་སྔགས་དང་ཕྱག་རྒྱའོ། །དེ་ཡི་ཕྱག་རྒྱ་བསྟན་བཅིངས་ལ། །དྲི་མ་གསུམ་དང་བདུག་སྤོས་བཏང། །ོཾ་ཧམྲཡུཾ་སྭཱཧཱ། །སྟག་མོའི་སྔགས་དང་ཕྱག་རྒྱའོ། །དེ་ཡི་ཕྱག་རྒྱ་བསྟན་བཅིངས་ལ། །ས་ཡི་གདུགས ་དང་པར་ལྕགས་སྒྲོག་།ོཾ་ཡམྲཡུཾ་སྭཱཧཱ། ཝ་མོའི་སྔ་གས་དང་ཕྱག་རྒྱའོ། །རྡོ་རྗེ་བཅིངས་པ་གཉིས་ལས་ནི། །ཕན་ཚུན་དུ་ནི་མངོན་པར་བསྐྱོད། །ོཾ་ཕཊ་ཧཱུཾ་སྭཱཧཱ། །འུག་པ་མོའི་སྔགས་དང་ཕྱག་རྒྱའོ། །ལག་པ་གཉིས་ཀ་ཁར་བཅུག་སྟེ། །རྒོད་པ་བླ་ན་མེད་པ་བྱད ་ཨོཾ་ཧཱུཾ་ཧུ་སྭཱཧཱ། མཁའ་འགྲོ་རྒྱལ་པོའི་དབང་མོའི་སྔགས་དང་ཕྱག་རྒྱའོ། །ཐལ་མོ་སྤྱི་བོར་སྦྱར་ནས་བཞག་།ོཾ་ཕཊ་ཧཱུཾ་སྭཱཧཱ། སྒྲོན་མའི་སྔགས་དང་ཕྱག་རྒྱའོ། །ཡི་དགས་ཐལ་མོ་ཁར་བཅུག་ནས། ཧཱུཾ་ཞེས་བྱ་བ་རབ་ཏུ་སྒྲོགས། །ོཾ་ཕེཾ་ཧཱུཾ་སྭཱཧཱ། འཛིབ་མའི་སྔགས? ་དང་ཕྱག་རྒྱའོ། །ཟླ་བའི་ཁུ་ཚུར་བརྟན་བཅིངས་ལ། །རྣ་བའི་རྩ་རུ་སྦྱར་བར་བྱ། །ོཾ་ཧྲཱི་ཧཱུཾ་སྭཱཧཱ། ཀི་པོ་ཇིའི་སྔགས་དང་ཕྱག་རྒྱའོ། །དཀྱིལ་འཁོར་ནང་གི་ལྷ་མོ་བཅུ་གསུམ་གྱི་སྔགས་དང་ཕྱག་རྒྱའོ། །ཟླ་བའི་ལག་པ་བརྐྱང་ནས་སུ། །རྣམ་ཤེས་དག་ནི་དགུག་པར་བྱ། ། ་མདུན་གྱི་གཉིས་ནི་སྦྱར་བར་བྱ། །བདུད་རྩིའི་ཆུ་ནི་སྔོན་འགྲོ་བའི། །ོཾ་ཧ་ཧོ་ཧྲི(རྒྱུད་འགྲེལ་རྣལ་འབྱོར་མ་གསུམ་གྱི་སྔགས་དང་ཕྱག་རྒྱའོ། །རྡོ་རྗེ་ཐལ་མོ་བརྟན་བཅིངས་ནས། །ཉི་མ་དང་ནི་ཟླ་བ་སྤྲོ། །ོཾ་ཀུ་རུ་ཀུ་རུ་ཀུ་རུ་སྭཱཧཱ། ནུབ་ཀྱི་ཕྱོགས་ཀྱི་རྣལ་འབྱོར་མ་གསུམ་གྱི་སྔགས་དང་ཕྱག་རྒྱའོ། །ཟླ་བ་ཉི་མ་གཉིས་བརྐྱང་ནས་།རྒྱབ་ཀྱི་རྒྱབ་ཏུ་སྦྱར་བར་བྱ། ། ་སོར་མོའི་རྩེ་མོའི་སྤྲད་པ་ནི། །ལྷོའི་རྣལ་འབྱོར་མ་གསུམ་རྒྱ། །ོཾ་བཏྟཱ་ལཱི་ཧཱུཾ་སྭཱཧཱ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །རྐེང་པ་གཉིས་ཀྱི་མཚམས་སུ་བཞག་།ོཾ་ཧཱུཾ་ཧོ་སྭཱཧཱ། སྒེག་མོའི་སྔགས་དང་ཕྱག་རྒྱའོ། །ཟླ་བའི་ཁུ་ཆུར་བརྐྱང་ནས་སུ། །མཐེ་བོང་བསྒྲེང་བར ་ཤེས་བྱས་ལ། བཟུང་ནས་ཉི་མའི་ལག་པ་ནི། །དུང་ལྟར་སྦྱར་བ་དྲི་ཡི་རྒྱ། །ོཾ་སུ་པྲི་ཡ་གན་དྷེ་ཧཱུཾ་སྭཱཧཱ། དྲིའི་སྔགས་དང་ཕྱག་རྒྱའོ། །པི་ཝཾ་འདྲ་བའི་པི་ཝཾ་གིས། ཨོཾ་ཧཱུཾ་ཧོ་སྭཱཧཱ། པི་ཝཾ་གི་སྔགས་དང་ཕྱག་རྒྱའོ། །ཐལ་མོ་གཉིས་ཀ་སྦྱར་ནས་ནི། །སྤྱི་བོར་བསྐོར ་ནས་དབྱེ་བར་བྱ། །ོཾ་ཤྲཱཾ་སྭཱཧཱ། མེ་ཏོག་གི་སྔགས་དང་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། །དཀར་པོ་བཏེག་ནས་མདུན་དུ་སྦྱར། །གླུ་ལེན་པ་ལྟར་བྱ་བ་ནི། །གླུ་ཡི་ཕྱག་རྒྱ་ཡིན་པར་བཤད། །ོཾ་ཧཱུཾ་ཨཾ་སྭཱཧཱ། གླུའི་སྔགས་དང་ཕྱག་རྒྱའོ། །རྡོ་རྗེ ་ཁུ་ཚུར་བརྟན་བཅིངས་ཏེ། །ཟླ་བས་མཚན་ནི་གཟུང་བར་བྱ། །ོཾ་ཨི་སྭཱཧཱ། བདུག་པའི་སྔགས་དང་ཕྱག་རྒྱའོ། །ཟླ་བའི་ལག་པ་གཡས་པ་ཡིས། །ཕྲག་པ་དག་ཏུ་རྣམ་པར་བཞག་།ོཾ་སུ་དྷི་ཏྱེ་སྭཱཧཱ། གར་གི་སྟགས་དང་ཕྱག་རྒྱའོ། །ཐལ་མོ་བཅིངས ་ནས་སྤྱི་བོར་བཞག། ཨོཾ་ཀྵུཾ་སྭཱཧཱ། མར་མེའི་སྔགས་དང་ཕྱག་རྒྱའོ། །རིམ་པ་གཉིས་པའི་ལྷ་མོ་ཉི་ཤུའི་སྔགས་དང་ཕྱག་རྒྱ་བཤད་ཟིན་ཏོ། །ཉི་མའི་ཁུ་ཚུར་བཅིངས་ནས་སུ། །གྱེན་དུ་རྣམ་པར་གྲོལ་བར་བྱ། ཨོཾ་ཀྵུཾ་སྭཱཧཱ། ཁྱབ་འཇུག་གི་སྔགས་དང་ཕྱག ་རྒྱའོ། །རྡོ་རྗེ་ཁུ་ཆུར་བཅིངས་ནས་ནི། སྙིང་དག་ཏུ་ནི་རྣམ་པར་བསྐྱོད། །ོཾ་ས་སྭཱཧཱ། ཚངས་པའི་སྔགས་དང་ཕྱག་རྒྱའོ། །བ་དན་གསུམ་པ་གྱེན་དུ་འགྲེང། །ོཾ་ཧཱུཾ་སྭཱཧཱ། དྲག་པོའི་སྔགས་དང་ཕྱག་རྒྱའོ། །ཟླ་བའི་ཁུ་ཚུར་བརྟན་བཅིངས་ལ། །དེ་ནས་ཉི་མའི་ལག་པ་བརྐྱང ་རོ་ཙན་ནི་གཞུག་པར་བྱ། ཨོཾ་མཾ་མུ་ཧཱུཾ་སྭཱཧཱ། བརྒྱ་བྱིན་གྱི་སྔགས་དང་ཕྱག་རྒྱའོ། །ཉི་མའི་ཁུ་ཚུར་བརྟན་བཅིངས་ལ། །དཀར་པོ་དུད་པ་བསྒྲེང་བར་བྱ། །དཔྲལ་བའི་སྟེང་གི་ཐད་སོར་བྱུག་།དབང་པོ་ཡི་ནི་དམ་ཚིག་འདོད། །ོཾ་མུ་མུ་སྭཱཧཱ། །དབང་པོའི་སྔགས་དང་ཕྱག ་རྒྱའོ། །རྡོ་རྗེ་ཁུ་ཚུར་བརྟན་བཅིངས་ལ། །རོ་ཙ་ན་ནི་དཀར་པོ་བརྐྱང། །སྔོན་མ་གཉིས་ནི་ཁ་སྤྲད་ལ། །རིན་ཆེན་ལྟ་བུར་སྦྱར་བར་བྱ། །ོཾ་དྷ་ནཱ་གྲེ་ཧཱུཾ་སྭཱཧཱ། ཀུ་བེ་རའི་སྔགས་དང་ཕྱག་རྒྱའོ། །ཁུ་ཚུར་བྱས་ནས་དཀར་པོ་བསྒྲེང། །ོཾ་དྷཱ་ཏ་ནི་ཧཱུཾ་ཕཊ་སྭཱཧཱ། འབྱུང ་པོའི་སྔགས་དང་ཕྱག་རྒྱའོ། །ཁུ་ཚུར་བྱས་ནས་དཀར་པོ་བསྒྲེང། །ོཾ་བྷུ་ར་བྷུ་བ་སྭཱཧཱ། ཀླུའི་བདག་པོའི་སྔགས་དང་ཕྱག་རྒྱའོ། །ལག་པ་གཡོན་པ་རྒྱབ་བསྟན་ཅིང། །ལག་པ་གཡོན་པ་མདུན་བསྟན་ལ། །དབང་ལྡན་གྱིས་ནི་ཕྱོགས་དག་ཏུ། །ལན་གསུམ ་བར་དུ་བསྐྱོད་པར་བྱ་།ོཾ་བཛྲ་པྲཱ་ཀ་ར་ཧཱུཾ་ཕཊ། རྡོ་རྗེ་ར་བའི་སྔགས་དང་ཕྱག་རྒྱའོ། །ལག་པ་གཉིས་ནི་བརྐྱང་ནས་སུ། །རྩེ་མོ་དག་ཏུ་རེག་པར་བྱ། །ོཾ་ཛུཾ་སྭཱཧཱ། རྡོ་རྗེ་ར་བའི་སྔགས་དང་ཕྱག་རྒྱའོ། །ལག་གཡོན་ཁུ་ཚུར་བྱས་ནས་ནི། །མཐེ་བོང་བརྐྱང་ནས་སྨད ་པར་བྱ། །ོཾ་བྲུཾ་སྭཱཧཱ། ཕུར་བུའི་སྔགས་དང་ཕྱག་རྒྱའོ། ཉི་མའི་ལག་པ་བརྐྱང་ནས་ནི། །རྣལ་འབྱོར་མ་རྣམས་ཀུན་ལ་བསྟན། ཨོཾ་པྲ་ཏཱི་ཚཙ་སུ་གནདྷེ་ཧཱུཾ་སྭཱཧཱ། དྲིའི་སྔགས་དང་ཕྱག་རྒྱའོ། །དེ་ཉིད་ལེགས་པར་བཅིངས་ནས་ནི། །རྐེད་བའི་འོག་ཏུ་སྦྱར་པར་བྱ། ། ་ཨོཾ་པུཥཔེ་སྭཱཧཱ། མེ་ཏོག་གིའོ། དེ་ཉིད་བཅིངས་ལ་བདུག་སྤོས་དབུལ། །ོཾ་དྷཱུ་པེ་མ་ལི་ནི་ཧཱུཾ་སྭཱཧཱ། བདུག་པའི་འོ། ཉི་མའི་ཁུ་ཚུར་མཐེ་བོང་བརྐྱང། །ོཾ་ན་དི་ཏཱི་ཀྵྞ་དཱཾ་པེ་ཧཱུཾ་སྭཱཧཱ། མར་མེའི་འོ། ལག་པ་གཉིས་ནི་བརྐྱང་ནས་ཀྱང། །དབུས་སུ་མཐེ་བོང ་བསྐྱོད་པར་བྱ། །ོཾ་ཀུ་རུ་ཀུ་རུ་མཧཱ་བྷཀྵ་ཤྲི་ཤྲི་ཧཱུཾ་སྭཱཧཱ། ལྷ་བ་ཤོས་ཀྱིའོ། །དེ་ལྟར་སྔགས་དང་ཕྱག་རྒྱ་དང་བཅས་པའི་མཆོད་པ་རྣཾ་པ་ཉི་ཤུ་ཧཱུཾ་དང་སྦྱར་བས། ལྷ་མོ་རྣམས་ཀྱིས་མཆོད་ཅིང་བསྟོད་བཞིན་པའི་བདག་ཉིད་ཡེ་ཤེས་མཁའ་འགྲོ་མའི་གཟུགས ་སུ་བསམ་པར་བྱའོ། །དེ་ནས་བདག་དང་གཞན་མཆོད་པར་བྱ་བའི་ཕྱིར། །བདུད་རྩིས་བཀང་བའི་དུང་ཆོས་བླངས་ལ། །རྣལ་འབྱོར་མ་ཐམས་ཅད་ཀྱི་མདུན་དུ། །སྔགས་འདིས་སེ་གོལ་གསུམ་གཏོག་པར་བྱའོ། །ོཾ་ཧ་ཧོ་ཧྲཱི་སྭཱཧཱ། བདུད་རྩི་ལྔ་སྦྱིན་པའི་སྔགས་དང ་ཕྱག་རྒྱའོ། །སྔར་བཤད་པའི་རྣམ་པར་དག་པའི་རྡོ་རྗེ་དང་དྲིལ་བུ་བླངས་ལ། ཡི་གེ་ཧཱུཾ་གི་དབྱངས་དང་བཅས་པའི་སྔགས་འདི་གདོན་པར་བྱའོ། །ོཾ་ཧཱུཾ་ཧཱུཾ། ཨོཾ་པྲ་ཛྙཱ་ཧཱུཾ་ཧཱུཾ་ཧཱུཾ། ཨོཾ་ཕཻཾ་གྷེ། ཕཻཾ་གྷེ། ཨོཾ་ཕཻཾ། ཨོཾ་གྷྲཾ་གྷྲཾ་གྷྲཾ་ཧཱུཾ་སྭཱཧཱ། མཉེས་པ་ཆེན་པོར་བྱ་བའི་སྔགས་སོ། ། ་དེ་ནས་རྡོ་རྗེ་དྲིལ་བུ་དཀྲོལ། །འབད་པ་ཡིས་ནི་གསང་སྔགས་གངོན། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །རྒྱབ་ཀྱི་རྒྱབ་ཏུ་སྦྱར་བར་བྱ། །ས་གདུགས་པདྨ་བཅིངས་པ་དང། །ོཾ་བཛྲ་གྷཎྜ་ཧོ། ཨོཾ་བཛྲ་གྷཎྜ་ར་ཎི་ཏ་པྲ་ར་ཎི་ཏ། སརྦ་བུད་དྷ་ཀྵེ་ཏྲ་པྲ་ཙཱ་ལི་ཏི། བཛྙཱ་པ་ར ་མི་ཏཱ་ནཱ་ད་སྭ་བྷཱ་བེ་བཛྲ་དྷརྨཱ་ཧྲི་ད་ཡ་སཾ་ཏོ་ཥ་ནི་ཧཱུཾ་ཧཱུཾ་ཧཱུཾ་སྭཱཧཱ། རྡོ་རྗེ་དྲིལ་བུའི་སྔགས་སོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །རྐེད་པའི་མཚམས་སུ་བཞག་པར་བྱ། །ཁྲོ་བོའི་སྒེག་དང་བཞད་པ་དང། །ལུས་ནི་དགུགས་གསུམ་ལྟར་བཞག་སྟེ། །སྒེག་མའི་ཚུལ་གྱིས ་སྒེག་པ་དང། །པི་ཝཾ་ཚུལ་གྱིས་པི་ཝཾ་དང། །གླིང་བུའི་ཚུལ་གྱིས་འབུད་པ་དང། སིལ་སྙན་ཚུལ་གྱིས་དཀྲོལ་བ་དང། །བརྡེབ་པའི་ཚུལ་གྱིས་བརྡེབས་པ་དང། །གར་གྱི་ཚུལ་གྱིས་ཡན་ལག་བསྐྱོད། །རླུང་ཡང་ཚུལ་གྱིས་གཡོ་བ་དང། །གྱལ?་མཚན་ཚུལ ་གྱིས་བསྒྲེང་བ་དང། །བླ་བྲེའི་ཚུལ་གྱིས་བྲེ་བ་དང། །བ་དན་ཚུལ་གྱིས་འཕྱར་བ་དང། །གདུགས་ཀྱི་ཚུལ་གྱིས་དགབ་པ་དང། །ཅང་ཏེའུ་ཚུལ་གྱིས་བརྡེག?་པ་དང། །རྔ་ཡི་ཚུལ་གྱིས་བརྡུང་བ་དང། །བཞད་པའི་ཚུལ་དུ་འཛུམ་པ་དང། །གར་གྱིས་ཚུལ་གྱིས་གར ་བྱེད་པ་།ཁྲོ་པོའི་ཚུལ་གྱིས་ཁྲོ་བ་དང། །སྒེག་པའི་ཚུལ་གྱིས་སྒེག་པ་དང། །འགྱིང་པའི་ཚུལ་གྱིས་བསྒྱིངས་པ་དང། །མདའའདྲེན་ནུམ་འཁྱུད་པ་དང། །རྡོ་རྗེ་གསོར་ཞིང་ཕྱག་འཆལ་པའི་ཚུལ་གྱིས་འདུད་པར་བྱེད་པ་སྟེ། མཆོད་པ་ཉི་ཤུ་དེ་ཉིད་ཀྱིས། །ཧཱུཾ་གིས་གླུ་དང་སྦྱར ་བར་བྱ། །དེ་ནས་བསྟོད་པས་མཆོད་བྱ་སྟེ། །སེམས་དཔའ་ཆེན་པོ་དང་པོའི་མཆོག་།དགྱེས་ཆེན་རྣམས་ཀྱི་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་གཟིགས་པའི། །རྡོ་རྗེ་བསྙེམས་པ་བདག་པོའི་བདག་།ཐུགས་ཀྱི་སེམས་དཔའ་ཏིང་འཛིན་མཆོག་།རྡོ་རྗེ་ཆེན་པོ་སྟོབས ་པོ་ཆེ། །ཀུན་ཏུ་བཟང་པོ་སྤྱོད་པའི་མཆོག་།སྙིང་པོར་གྱུར་ཅིང་བདུད་འཇོམས་པ། སངས་རྒྱས་ཀུན་གྱི་བྱང་ཆུབ་ཆེ། །སངས་རྒྱས་བྱང་ཆུབ་རྫོགས་པའི་མཆོག་།ཧཱུཾ་མཛད་ཧཱུཾ་དེ་འཇིག་རྟེན་གྱི། །བདག་པོ་ཐུགས་ཀྱི་གཙོ་བོ་ཉིད། །འདོད་ཆགས་ཆེན་པོ་བདེ་བ་ཆེ། ། ་འདོད་དང་ཐར་པའི་ནོར་ཆེ་བ། །དུས་གསུམ་སྲིད་གསུམ་མཆོག་གསུམ་སྟེ། །འཇིག་རྟེན་གསུམ་མཆོག་ཁམས་གསུམ་པ། །མི་རྒྱུ་བ་ན་མཆོག་ཏུ་གསལ། །ཤིན་ཏུ་ཕྲ་དང་སྦོམ་པའི་ཚོགས། །རྒྱུ་བ་རྣམས་ཀྱི་རབ་མཆོག་བརྙེས། །སྲིད་པའི་འཁོར་ལོ་སྦྱོད ་མཛད་པ། །ཐོག་མཛའ་མེད་ཅིང་གསལ་བ་མིན། །སྔོན་དུ་སྔག་པ་རྣམ་པར་གནས། །ཐུགས་ཀྱི་ཕྱག་རྒྱ་སྦྱོར་བ་ཆེ། །དམ་ཚིག་དེ་ཉིད་བློ་གྲོས་ཆེ། །རྡོ་རྗེ་ཁྲོ་བོ་ཁྲོ་བོ་ཆེ། །འབར་ཞིང་འཇིགས་པ་འདུལ་བ་པོ། །གདུག་པ་མཆོག་ནི་གདུག་པ་ཆེ། །དྲག་ཅིང་ཁྲོ་ལ ་འཇིག་པར་བྱེད། །དེ་བཞིན་གཤེགས་པའི་དངོས་གྲུབ་ཆེ། །མཆོག་གི་ལས་ཅན་ལས་ཆེན་པོ། །དམ་ཚིག་ལས་ནི་བཟང་པོའི་ལམ། །བྱང་ཆུབ་སེམས་ནི་རྟོགས་མཛད་པ། །ཐམས་ཅད་དག་བྱས་པདྨ་ཆེ། །ཤེས་རབ་ཐབས་ཀྱི་ནོར་ཆེ་བ། །འདོད་ཆགས་དག ་པའི་ཏིང་འཛིན་མཆོག་།སྣ་ཚོགས་ཆགས་པའི་དབང་ཕྱུག་ཆེ། །ནམ་མཁའ་མཛའ་ཡས་རྟག་པའི་དོན། །སེམས་ཅན་ཀུན་གྱི་གནས་ཆེན་པོ། །དཔལ་གྱི་འབྱོར་པ་འབྱོར་བའི་རྒྱལ། །བསམ་པ་ཐམས་ཅད་རྫོགས་མཛད་པ། །ཕྱག་འཚལ་འདུད་ཅིང་ཕྱག་འཚལ ་འདུད། །དད་པས་ཁྱོད་ལ་འཇུག་བགྱིད་པས། །དེང་བདག་རྡོ་རྗེ་སེམས་གྲུབ་མཛོད། །རྡོ་རྗེ་དྲིལ་བུའི་སྒྲ་དང་ནི། །བསྟོད་པ་འདི་ཡིས་བསྟོད་པར་བྱ། །དེ་ནས་རྡོ་རྗེ་གླུ་ལ་སོགས་པ་བླང་བར་བྱ་སྟེ། ཧཱུཾ་ཧཱུཾ་ཧཱུཾ། དེ་པའུ་པའུ་ན་ར་ས། པ་རུ་དོ་ན་ད་ལིངྒ། ་ན་ཛོ་ཡ་བ་ཡུ། ཧ་བཏཛ་ཧཱུཾ་ཏེ་ཎ་ཎ་ཧཱུཾ། ཏེ་ཏེ་ཧཱུཾ། བྷ་བཱ་བྷ་བཱ། བི་མུ་ད་དེ་བི་སེ་སུ་བྷུ་ཛ་ན། ཀུ་ཏི་མ་ར་ར་ཧོ། བུ་ཛི་ནི་བོ་ཏི་ཀཛཛ་ཏི་ཏི། དེ་ན་ཎ་ཧཱུཾ་ཧཱུཾ། ཏེ་ན་ན་ཏེ་ཏེ་ཧཱུཾ། ཨ་མ་ཏི། ཨ་ན་ག་གྷ། ཨ་སཏྟི། བི་མུཏྟི། སུནྣ་བི་སུནྣ། ནཾ་ས་ན་ས་ར། བཱི་ད་བཱི། ་ཏེ་ན་ན། ཧཱུཾ་ཧཱུཾ་ཏེ་ན་ན་ཧཱུཾ། ཏེ་ཏེ་ཧཱུཾ་མ་ར་པ་པཉྩཱ་བ་ཧཱུཾ་བ་ཧ་དེ་ཧཱུཾ། སུ་ན་སནས་རེ་ཀཛཛུ་ཏུ་ཧཱུཾ་ཧའུ་ཛ་ན་པ་ཏེ་ཏེ་ན་ན་ཧཱུཾ། དེ་ནས་ཕྱི་རོལ་གྱི་རྣལ་འབྱོར་མ་དཔག་ཏུ་མེད་པས་ཀྱང། བ་འུ་ན་གོནད་མ་ཧཱུཾ་ལི་ནི་ཥིནྣ་མ། །དྷ་པ་ལ་སཾ་ས་ག། ཀ་མ་ནི་ཏི་ན་མ། ཨ་མོ ་ཏ་བི་བི་ཤུདྷཱ་སི་དྷི་ནུ་ཀཉྩ་ཀཉྩ། ན་བ་ར་ཏ་དྷ་ཎུ་ཀ་ཎ་ཏི་མ་ཧཱུཾ། ཨ་ཏི་པ་ས་གྷོ་རེ་མཎ་རུ་ཌི་ན་ཡི། སཛཛ་ཀ་པ་ལེ་སོ་ནི་བཀྵ་ཁེ། ཛཱ་ཡ་ཛཱ་ཡ། ཨུད་དྷ་རི་ཏ་བྷ་བ་ཧཱུམ། མར་ག་ཡ་ར་ཡ། སོ་སུ་ཧི་ཧཱུཾ། ཀིནདུ་བར་བྷི་ས་ན་གྷོ་རུ་དཎྜ། ས་ཛ་བ་ཀ་ལམ། ་བ་སྱ་མི་ལྟོས་ན་མི་པ་ཧཱུཾ། སོ་ཧི་ལི་ལུ་ཎི་ཚ་བཛཛ་ལུ། ཧ་རི་ཧ་ར་མུ་ཏྲ་ཏྲི་པ་ད་པ་ཧཱུཾ། མཱ་ར་བི་དྷ་ར་ན་ཀི་ཏ་ཡོཾ་ན་མ་ཧཱ་མཧཱ་ཧཱུཾ། རྔ་ཡི་ནི་བ་ཧཱུཾ། རྡོ་རྗེའི་གྲུ་ནི་དེ་ཉིད་དང། རྡོ་རྗེ་དྲིལ་བུར་རབ་མཆོད་ཅིང། །པཉྩ་མ་དང་ཀོ་ཤི་ཀི། བསྲེས་པའི་མཚན་ཉིད ་བཟང་པོས་ཟླར། །དེ་ནས་རིམ་པ་གསུམ་པ་འཇིག་རྟེན་པ་ལ་སོགས་པ་བསྟོད་པར་བྱེད་པ། དཔལ་ལྡན་དེ་ཉིད་རྒྱལ་པོའི་དབང་ཕྱུག་དམ་པ་ཅོད་པན་མཛེས། །གསང་བའི་གདན་ལ་སྐུ་མཆོག་འོང་འབར་དང་ལྡན་ཞིང། །དཔལ་ལྡན་རྡོ་རྗེ་དྲིལ་བུ་བསྐྱད་སྒྲས ་རྣལ་འབྱོར་མཉེས། །དཔལ་གྱི་ཡེ་ཤེས་དམ་པའི་དབང་ཕྱུག་ལོངས་སྤྱོད་རྣམས་ལ་སྤྱོད། །དེ་ལ་སོགས་པའི་བསྟོང་པ་རྣམ་པ་སྣ་ཚོགས་པས་བསྟོང་པར་བྱའོ། །རྡོ་རྗེ་ཐལ་མོ་སྦྱར་ནས་ནི། །སྙིང་གའི་ཕྱོགས་སུ་གཞག་པར་བྱ། །ོཾ་ཤུདྡྷ་དྷརྨཱ་ཧཱུཾ། ཨ་ཨ་ཨོཾ ་ཨ་སྭཱཧཱ། དེ་ལྟར་མཉེས་པར་བྱས་ནས། །ཇི་སྐད་བཤད་པའི་ལྷའི་འཁོར་ལོ་ཐུན་བཞིའི་རིམ་གྱིས། །རིམ་པ་ཇི་ལྟ་བ་བཞིན་དུ་བསྒྲོམ་པར་བྱའོ། །བསྒོམ་པས་སྐྱོ་ན་གསང་སྔགས་བཟླས་བྱ་སྟེ། །ཧ་ཅང་མྱུར་མིན་དལ་བ་མིན། །གསལ་བ་མ་ཡིན་གསང་སགས་ནི། ། ་མཚངས་པ་ཡང་མ་ཡིན་པ། །ཀུན་རྟོག་ཐམས་ཅད་སྤངས་ཏེ་བཟླ། །དེ་ནས་ཀྱང་ནི་སྐྱོ་གྱུར་ན། །བསྟོད་དེ་རྡོ་རྗེ་གཟུང་ནས་ནི། །རྡོ་རྗེ་དྲིལ་བུས་རབ་བསྐུལ་ལ། །འཁོར་ལོ་ཅན་རྣམས་གླུ་ཡིས་བསྟོད། །གུས་པས་ལེགས་པར་མཆོད་ནས་ནི། །དགེ་བ་རྣམས་ནི་ཡོངས་སུ་བསྔོ། ། ་མཉེས་པར་བྱས་ནས་གཤེགས་སུ་གསོལ། །སླར་ཡང་གཤེགས་པ་མཛད་པར་གསོལ། །གཤེགས་སུ་གསོལ་བའི་སྦྱོར་བ་ཡི། །རྡོ་རྗེ་ཐལ་མོ་སྙིང་གར་བསྡམ། །ོཾ་ན་མ་སྟེ་ཧཱུཾ། ན་མ་མི་ཧཱུཾ། ན་མོ་ན་མོ་སྭཱཧཱ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །སྙིང་ག་རུ་ནི་ལ་བ ་བསྡམས། །ཉི་མ་ས་ལ་བཞག་ནས་ནི། །གསང་སྔགས་འབད་དེ་བརྗོད་པར་བྱ། །ོཾ་གཙྪ་གཙྪ་སྭ་བྷ་བ་ནི་ཧཱུཾ་སྭཱཧཱ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ལྷ་རྣམས་གཤེགས་སུ་གསོལ་བའོ། །ོཾ་གཙྪ་གཙྪ་པུ་ན་རཱ་ག་མ་ན་ཡ་ཧཱུཾ་ཕཊ་སྭཱཧཱ། སེ་གོལ་ལན་གསུམ་བརྡབ ་པ་དང་བཅས་པ་ནི་འཇིག་རྟེན་པའི་ལྷ་རྣམས་གཏང་བའི་སྔགས། །དེ་ལྟར་དཀྱིལ་འཁོར་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་གཤེགས་སུ་གསོལ་ནས། དམ་ཚིག་གི་ལྟ་རྣམས་སྙིང་གའི་པདྨ་དཀར་པོ་ལ་ཐིམ་པར་གྱུར་པར་བསམས་ལ། གོ་ཆ་ཆེན་པོ་དང། དང ་པའི་གཤོག་པ་ལ་སོགས་པ་བྱས་ལ། ཡི་གེ་བརྒྱ་པས་བརྟན་པ་ཉིད་དུ་བྱའོ། །དེ་ལ་ཡི་གེ་བརྒྱ་པ་ནི་འདི་ཡིན་ཏེ། ཨོཾ་ཛྙཱ་ན་ཌཱུ་ཀི་ནཱི་ས་མ་ཡ། མ་ནུ་པཱ་ལ་ཡ། ཛྙཱ་ནཱ་ཌཱ་ཀི་ནཱི་ཏྭེ་ནོ་པ་ཏིཥྛ། དྲི་ཌཧོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་བོ་ཥྱོ་མེ་བྷ་བ། ་སརྦ་སིདྡྷི་མམེ་པྲ་ཡ་ཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡེ(རྒྱུད་འགྲེལ་རྒྱ་ཉིད་ཀྱི་གོ་ཆ་བཅིངས་ནས་ཕྱོགས་བཅུ་ན་ཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་བཅོམ་ལྡན་འདས་ཇི་ལྟར་བདེ་བར་མཛོད་ཅིག་།ཅེས་གསོལ་བ་བཏབ་སྟེ་ལྡང་བར་བྱའོ། །རིམ་པ་འདིས་ལྷའི་ཡིད་ལ་བྱ་པ་ཉིད་ཀྱིས། །ཇི ་སྲིད་མཆོག་དམ་པ་མ་ཐོབ་པའི་པར་དུ་རྟག་ཏུ་གནས་པར་བྱའོ། །དེ་ནས་རྒྱུད་ལས་གསུངས་པ་ཡི། །སྒྲུབ་པའི་ཆོ་གའི་མན་ངག་གིས། །ངེས་པར་བདག་གིས་བསྒྲུབ་པར་བྱ། །ོཾ་ཧཱུཾ་ཧཱུཾ་གཏི། ཛྲཱིཾ་མིཾ་གཱིཾ་ཧཱུཾ། ཁྲུཾ་ཧཾ་ཧོ། དམ་ཚིག་བཅུ་པའི་ས་བོན་ནི་དེ་དག་གོ་། ་སྤྱང་ཞིང་རྟོགས་དང་དེ་བཞིན་སྦར། །མི་རྟོགས་པ་ཡི་སེམས་ཀྱིས་ནི། །དགའ་བའི་སེམས་དང་བཟའ་བྱ་ཞིང། །དེ་བཞིན་གཤེགས་ཀུན་ཚིམ་པར་བྱ། །དཔལ་གང་ན་བཞི་པ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་སྒྲུབ་པའི་ཐབས་སློབ་དཔོན་རྗེ ་བརྩུན་ཨཱརྱ་དེ་བའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀཱ་མ་ལ་གུ་པཏ་དང། ཞུ་ཆེན་གྱི་འོ་ཙ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།དཔལ་རྡོ་རྗེ་གང་ན་བཞིའི་སྒྲུབ་ཐབས་བཞུགས་སོ། ་