| Wylie | e-texts based on the ACIP/ALL Input |
དེ་ཁོ་ན་ཉིད་བཞི་ལ་ཕྱེ་ན། རྟོགས་འདོད་པ་ཕྱག་ན་རྡོ་རྗེ། གཞན་ཡང་མཚན་ཉིད་བསྟན་པ་ནི་ཞེས་པ་ལ་སོགས་པས་སྦྱོར་བའི་གདན་བརྩམས་སོ། །དང་པོར་རྡོ་རྗེ་དེ་ཁོ་ན་ཞེས་པ་ལ་སོགས་པས་ནི་ཁོ་ན་ཉིད་བཞི་སོ་སོར་ཕྱེ་ནས་གོ་བར་བྱས་པའོ། །དེ་ལ་རྡོ་རྗེའི ་དེ་ཁོ་ན་ཉིད་ཅེས་པ་ནི་དོན་དམ་པའི་རང་བཞིན་ཉིད་དེ། ཡེ་ཤེས་ལྔའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དྲིལ་བུའི་དེ་ཁོ་ན་ཉིད་ཅེས་པ་ནི་སྒྲའི་རྗེས་སུ་འགྲོ་བ་ཉིད་ཀྱི་ཕྱིར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནོ་ཞེས་པའི་ཇི་སྙེད་པའོ། །བགྲང་ཕྲེང་གི་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གྱིས་བསྒོམ་པར་བྱས་པ་ཉིད་ཀྱི་ཕྱིར་ཞེས་པའི་དོན་ཏོ། །ཡེ་ཤེས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟར་ཆེར་གནས་པའི་ཚིག་གི་དོན་ངོ་བོ་ཉིད་ཀྱི་རྒྱས་པ་མཐར་ཕྱིན་པའོ། །དེ་ཁོ་ན་ཉིད་དེ་དག་གིས་ཤེས་ན་།དེས་ནི་བླ་ན་མེད་པའི ་མྱ་ངན་ལས་འདས་པ་ཤེས་བྱའི་ཕ་རོལ་ཏུ་ཕྱིན་པ་ཐོབ་བོ་ཞེས་གསུངས་པ། དེ་བཞིན་ཉིད་ཀྱི་ཡན་ལག་བཞིས། །འདོད་པའི་ཕྱི་རོལ་ཞེས་གསུངས་པ། དེ་ལ་རེ་ཞིག་རྡོ་རྗེའི་དེ་ཁོ་ན་ཉིད་གོ་བར་བྱས་ནས་གསུངས་པ། དབུས་སུ་རྣམ་སྣང་མཛད་པའི་ལྷ་ཞས ་པ་ལ་སོགས་པ་དེ་ལ་དབུས་སུ་བཅུ་གསུམ་སྒོ་ང་རུ། ཡེ་ཤེས་ལྷ་ཉིད་ཐིམ་པར་བྱ་ཞེས་པ་ནི། དེ་ལ་ཡང་བཅུ་གསུམ་ཞེས་པ་ནི་དེ་ལྷ་རྣམས་ཀྱི་རིས་ཤེས་པའོ། །དེ་རྣམས་ཀྱི་བསྐྱེད་པའི་གནས་ནི་སྒོ་ང་སྟེ། ཚངས་པའི་སྒོ་ང་ཞེས་ཇི་སྙེད་པའོ། །ཡེ ་ཤེས་ལྷ་ཉིད་ཅེས་པ་ནི། རྣམ་པར་སྣང་མཛད་ཆེན་པོའམ། རྡོ་རྗེ་འཛིན་པའམ། ཀུན་ཏུ་བཟང་པོ་འམ། དཔལ་མཆོག་དམ་པ་ཞེས་རྣམ་གྲངས་སོ། །དོན་ནི་འདི་ལྟ་སྟེ། རྡོ་རྗེའི་བུམ་པའི་དབུས་སུ་རྣམ་པར་སྣང་མཛད་ཆེན་པོ་བསྒོམ་པར་བྱའོ་ཞེས་པའི་ཐ་ཚིག ་གོ། །ཡང་རྡོ་རྗེ་སུམ་པའི་ངོག?་གི་པདྨ་དང་རྩེ་ལྔ་ལ་ཇི་ལྟར་གསུངས་པའི་ལྷ་རྣམས་བཀོད་པར་བྱའོ་ཞེས་གསུངས་པ། པདམོ་ལྷ་མོ་བརྒྱད་དག་ནི་ཞེས་པ་ལ་སོགས་པའོ། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་བཞི། །དེ་བཞིན་ལྟེ་བའི་ཕྲེང་བའི་ཕྱོགས། །རྣམ་པར་སྣང་མཛད ་ཆེན་པོ་བདཀོད?་པཱར་འཛུཾ?་ཡིས་ཕྱོགས་འདི་ནི། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་བཞི་བཀོད་པར་བྱའོ་ཞེས་པའི་ཐ་ཚིག་གོ་།ཇི་ལྟར་གསུངས་པའི་རྡོ་རྗེ་དེ་ཉིད་དེ་བཞིན་དུ་བསམ་པར་བྱའོ་ཞེས་གསུངས་པ། གང་ཞིག་རྡོ་རྗེ་དེ་ཁོ་ན་རྡོ་རྗེ་བདག་ཉིད་སེམས་དཔའ་ཞེས ་པའོ། དྲིལ་བུལ་ཡང་ཕྱོགས་མཚམས་བརྒྱད་ལ་སྒྲོལ་མ་ལ་སོགས་པའི་ལྷ་མོ་བརྒྱད་བསྒོམ་པར་བྱའོ་ཞེས་གསུངས་པ། ཕྱོགས་བརྒྱད་དག་ཏུ་ཤེས་པར་བྱ། །ལྷ་མོ་བརྒྱད་དུ་གྲགས་པ་ཡིན། །མདོག་མཛེས་དངར་བྱེད་མདངས་ཅན་དང། །བཞི་པ་རྡོ་རྗེ ་ཕྲེང་མའོ། །ཞེས་པ་ནི་རྫུན་དེ་མ་དང། རིན་ཆེན་སྒྲོན་མ་དང། ཁྲོ་གཉེར་མ་དང། རྡོ་རྗེ་ལུ་གུ་རྒྱུད་མ་ལྷ་མོ་བཞི་རྣམས་སོ། །ནམ་མཁའ་ཨི་དཀྱིལ་དུ་གཟུགས་དག་ནི་ཞེས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དབུས་སུ་བཀོད་པར་བྱའོ། ཞེས་ཇི་སྙེད་པའོ། །དེ་ལྟར ་བསྒོས་པའི་རྣལ་འབྱོར་པའི་བཟླས་པ་མེད་པར་མཆོག་གི་དངོས་གྲུབ་མི་འགྱུར་རོ་ཞེས་ཏེ། དེ་རྟོགས་འདོད་པས་བགྲང་ཕྲེང་གི་དེ་ཁོ་ན་ཉེ་བར་སྟོན་པས་གསུངས་པ། ཉོན་ཅིག་རྡོ་རྗེ་ཡང་དག་པ། ཞེས་པ་ལ་སོགས་པའོ། །བགྲང་ཕྲེང་རི་ལུའི་ཚུལ་གྱིས ་ཟླ་བར་བྱ་ཞེས་གསུངས་པ། སྔགས་བསྒྲུབ་པ་ནི་ལྔ་བཅུ་སྟེ། ཞེས་པ་ལ་སོགས་པའོ། །ཡང་ན་ཇི་ལྟར་བཟླ་བར་ཞེ་ན་གསུངས་པ། རྡོ་རྗེ་མ་དངོས་གཡོན་པ་སྟེ། གཡས་པ་རྡོ་རྗེའི་ངོ་བོ་ཞེས་པ་སྟེ། ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པའི་སྔགས ་ནི་གཡོན་པས་འདྲེན་པ་དང། རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྔགས་ནི་གཡས་པས་དྲང་ངོ་ཞེས་པའི་དོན་ཏོ། །དེ་ཉིད་རྟོགས་པ་མེད་པར་བྱ་བ་ཐམས་ཅད་ཀྱི་དངོས་གྲུབ་མི་ཐོབ་པོ་ཞེས་བསམ་པས། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་བཤད་པ་ཡེ ་ཤེས་དེ་ཉིད་བྱེ་བྲག་དག་།ཉིན་ཅིག་ཡང་དག་རྡོ་རྗེ་ཆེ་ཞེས་པ་ལ་སོགས་པ་སྟེ་།དེ་ལ་ཡེ་ཤེས་ཁྱད་པར་ཉིད་དུ་གནས་ཞེས་པ་ནི་དེ་ལས་ཡང་ཡེ་ཤེས་ཁྱད་པར་ཞེས་པ་ནི། ནག་པོ་དང་སེར་པོ་ལ་སོགས་པར་ཁྱད་པར་རོ། ། ་ཉིད་དུ་གནས་ཞེས་པ་ནི་རང་བཞིན་བསྲེས་ནས་ཚར་གནས་སོ་ཞེས་པའི་དོན་ཏོ། །དེ་ལྟར་ཡང་གསུངས་པ། དངོས་པོ་ཐམས་ཅད་རང་བཞིན་གྱིས། །རང་བཞིན་དང་བཅས་ཆེར་གནས་ཏེ། བདག་དངོས་གཞན་དངོས་གཉི་ག་ནི། །རྣམ་པའི་ཆ་ཅན་ཀུན ་རྫོབ་ཕྱིར་ཞེས་པའོ། །བསམ་པ་ནི་འདི་ལྟ་སྟེ། ཕན་ཆུན་ཀླན་ཀ་སྡངས་པ་ཡིས། །གོ་བར་བྱས་ནས་དེ་དག་ཐམས་ཅད་ནི་སེམས་ཙམ་ཁོ་ན་ཞེས་པའོ། །དེ་ཁོ་ན་གསལ་བར་བྱས་ནས་གསུངས་པ། ཐུན་མོང་ཡེ་ཤེས་བརྗོད་པ་ནི། ཞེས་པ ་ལ་སོགས་པའོ། །དེ་ལ་གཉིས་མེད་ཅེས་པ་ནི། དབྱེར་མེད་པར་སྣང་བའོ། །གཉིས་དང་ནི་ཞས་པ་ནི། ཕྱེ་ནས་སོ་སོར་སྣང་ཟའོ། །ཆོག་གཉིས་ཞེས་པ་ནི། ཤིན་ཏུ་དབྱེ་བར་ཆེར་རྟོགས་པའོ། །དོན་ནི་འདི་ལྟ་སྟེ། དབྱེར་མེད་པ་དང། དབྱེ་བ་དང། ་ཤིན་ཏུ་དབྱེ་བས་འབྱུང་བ་གང་ཞིག་ཀྱང། དེ་ཀུན་རྣམ་པར་ཤེས་བ་ཙམ་ཁོ་ན་ཡིན་ནོ་ཞེས་པ་སྟེ། ཀྱེ་རྒྱལ་བའི་བུ་ཁམས་གསུམ་ནི་སེམས་ཙམ་ཞེས་གསུངས་པའི་ཕྱིར་རོ། །དེ་ཁོ་ན་གསལ་བར་བྱས་བས་གསུངས་པ། གནོད་སྦྱིན་ལྷ་མིན ་གྲུབ་པ་པོ་ཞེས་པ་ལ་སོགས་པ་སྟེ། ཡེ་ཤེས་ཙམ་ཞིག་གནས་པ་ལ་འགྲོ་བ་ལ་བྱང་པར་དུ་སོ་སོར་སྣང་བའོ་ཞེས་པའོ། །ཇི་ལྟར་ཡིན་ཞེ་ན་གསུངས་པ། གང་གིས་ཡེ་ཤེས་ཁྱད་པར་ནི་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཉི་ཤུ་རྩ་གསུམ་ལྷ ་རྣམས་ནི། ཞེས་པ་ནི་རྒྱལ་ཚན་རིགས་བཞི་ནས་བརྩམས་ནས་འོག་མིན་གྱི་ལྷའི་རྒྱལ་པོའི་བར་དུ་ཇི་སྙེད་པའོ། །གོང་དུ་གཉིས་འགྱུར་འཕེལ་པ་ནི་ཞེས་པ་ནི། རྣམ་པར་ཤེས་པ་ཤིན་ཏུ་ཁྱད་པར་དུ་གོང་མའི་རིམ་པས་གཉིས་འགྱུར ་འཕེལ་བའི་ཞེས་པའི་དོན་ཏོ། །ཡང་ནས་ཡང་དུ་ཁྱད་པར་དུ་གསུངས་པ། འདོད་པ་ལྔ་ཡི་ཡེ་ཤེས་དག་།ཡེ་ཤེས་ཡེ་ཤེས་གོང་མ་འཕེལ་ཞེས་བ་སྟེ། དེ་ལ་དོན་ནི་འདི་ལྟ་སྟེ། རྒྱལ་ཆེན་རིགས་བཞི་དང་པོ་ནས། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི ་རྒྱལ་པོའི་ཇི་སྙེད་ཀྱི་བར་འདོད་པ་ལྔའི་ཡེ་ཤེས་ཁྱད་པར་དུ་འཕེལ་ལོ་ཞེས་པའོ། །སྤྱོད་གྲོལ་ཐབས་ནི་འདོད་པ་དང་ཞེས་པ་ནི་མཐོ་རིས་དང་མྱ་ངན་ལས་འདས་པའི་གོ་འཕངས་བརྩམས་པའོ། །རྣལ་འབྱོར་གཙུག་ལག་སྙིང་པོ་དེ་ཉིད་ཅེས་པ་ནི། ་དེ་བརྩམས་པ་དེ་ནི་སྙིང་པོ་སྦྱོར་པ་གོམས་པས་ཐོབ་པོ་ཞེས་པའོ། །དེ་ཁོ་ན་གནས་སལ་བར་བྱེད་འདོད་པས་གསུངས་པ། སྙིང་པོ་སྙིང་པོ་གཙུག་ལག་སྟེ། རྣལ་འབྱོར་ལམ་ནི་བལྟ་བར་བྱ་ཞེས་པའོ། །དཔལ་ལྡན་གདན་བཞི་པ་གཟིགས་པ་ལས་སྦྱོར ་བའི་གདན་གྱི་ལེའུ་དང་པོའི་རྣམ་པར་བཤད་པའོ།། །།དེ་ཁོ་ན་ཉིད་ཆེར་རྟོགས་པས་ཞི་བ་ལ་སོགས་པའི་ལས་བསྒྲུབ་པར་བྱའོ་ཞེས་གསུངས་པ། འཁོར་ལོ་བསྒྲུབ་པའི་བྱེ་བྲག་ཅེས་པ་ལ་སོགས་པའོ། །དེ་ལ་དང་པོ་ཐ་མ་དབུས ་གནས་པ་ཞེས་པ་ནི། དེ་ལ་དང་པོ་ཐ་མ་ནི་ཡི་གེ་ཨོཾ་དང་ཡི་གེ་ཧའོ། །དཔལ་དབུས་ཀྱི་རི་མིག་ལ། །དཀོང་པར་བྱ་བ་ཇི་སྙེད་པའི། །དབུས་ན་བདག་ནི་བསམས་ནས་སུ་ཞེས་པ་ནི། ཡེ་ཤེས་མཁའ་འགྲོ་མའི་ས་བོན་ནོ། །བརྒྱད་པའི་ཡི་གེ་བརྒྱད་དག་ལ ་ཞེས་པ་ནི། ཡི་གེ་སུམ་ལ་སོགས་པའི་ས་བོན་བར་གྱི་རེའུ་མིག་བརྒྱད་ལ་བཞག་པར་བྱའོ། །སྒྲའི་ས་བོན་བཅུ་གཉིས་ལ་ཞེས་པ་ནི་རེའུ་མིག་བཅུ་གཉིས་པ་ལ་སྒྲའི་ས་བོན་བཅུ་གཉིས་བཀོད་པའོ། །ཇི་ལྟར་སྡེ་ཚན་གསུམ་པ་དང་ཞེས་པ་ནི་ཇི་ལྟར ་གོ་རིམས་བཞིན་དུ་དེའི་ཡི་གེ་གཟུང་སྟེ། སྡེ་གསུམ་གྱི་ཡི་གེ་བཅོ་ལྔ་བཟུང་བར་བྱའོ་ཞེས་ཇི་སྙེད་པའོ། །ཡི་གེ་ལྷག་མ་བཅུ་གཅིག་དང་ནི་ཞེས་པ་ནི། སྡེ་བ་བཞིའི་དང་པོ་ཡི་གེ་ཏ་གཟུང་བར་བྱ་སྟེ། ཡི་གེ་ཏ་དེ་དང་བཅུ་དྲུག་རེའུ་མིག་བཅུ་གཉིས ་ལ་བཀོད་པར་བྱའོ་ཞེས་པའོ། །ཇི་ལྟར་སྡེ་ཚན་དང་པོ་ལས། །ཐོག་མའི་ཡི་གེ་གཅིག་གཟུང་སྟེ། །ལྕགས་ཀྱུ་ཡིས་ནི་གཙེས་པ་དང། །རྩ་བར་ར་ཡིག་གདགས་པར་བྱ། །སྟེང་དུ་བདུད་རྩི་ཐིགས་པ་རྣམས་ཞེས་པ་ནི་ཡི་གེ་ཀྲུཾ་དོ། ་ཡི་གེ་གཉིས་འགྱུར་ས་བོན་དང། །རྩ་བར་ང་རོ་སྦྱར་བར་བྱ་ཞེས་པ་ནི་ཡི་གེ་ཀྵུཾ་དོ། །བདུད་རྩི་ཞེས་བྱ་མཐར་གཞག་སྟེ་ཞེས་པ་ནི། དེ་ལ་བདུད་རྩི་བྱ་བ་ཞེས་བྱ་བ་ནི་ཡི་གེ་སའོ། །མཐར་བཞག་སྟེ་ཞེས་པ་ནི་ཡི་གེ་ཀྵུཾ་གི་གློན་བཞག་པར་བྱའོ། །དེ་ལྟར ་ཟིན་མ་ཐག་ཏུ་ཨོཾ་ཀྲུཾ་ས་སྭཱཧཱ། ཞེས་བཟླས་པར་བྱའོ། །ཞེས་སོ། །གལ་ཏེ་ན་ཕྱག་འཚལ་བ་དང། བསྲེག་པ་མཐར་བཞག་གོ་།ཞེས་འདིར་མ་བསྟན་ན་ཡང་སར?་འོན་ཀྱང་དོན་དུ་ཤེས་པར་བྱའོ་ཞེས་སོ། །དེ་ལྟར་ཡང་གསུངས་པ། ཕལ་དུ་སྔགས་རྣམས ་ཐམས་ཅད་དུ། ཕྱག་འཚལ་སྭཱཧཱ་ལྡན་པའོ། །དེ་བས་རང་བཞིན་ཁོ་ན་ལ་ལུང་དུ་མ་བསྟན་ཡང་དོན་དུ་དེ་གཉིས་གཞུག་པར་བྱའོ། །བདུད་རྩི་གུག་ཀྱེད་ཀུན་བཅས་པ་ཞེས་པ་ནི། ཡི་གེ་སུཾ་སྟེ། ཐིག་ལེ་དང་ཡི་གེ་ང་རོར་ལྡན་པའོ་ཞེས་པའི་དོན་ཏོ། ། ་ལྕགས་ཀྱུ་ཡི་གེ་བསམས་ནས་ནི་ཞེས་པ་ནི་ཡི་གེ་ཀྵཾ་ངོ། །བདུན་ལ་ང་རོ་སྦྱར་བ་ཡིས་ཅེས་པ་ནི་སྒྲ་ཡིག་བདུན་པའི་ཡི་གེ་རིའོ། །ཡང་ན་ཡི་གེ་ཨེའོ། །ཡེ་ཤེས་རྣམ་ཤེས་ཞེས་པ་ནི་ཡི་གེ་ཧཱུཾ་ངོ། །ཕྱོགས་ན་བདུད་རྩི་བཞི་དག་ནི་ཞེས་པ་ནི། ཨ་ཨཱ ་ཨཾ་ཨ(རྒྱུད་འགྲེལ་ཕྱག་རྒྱ་བཅས་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བསྒོམ་པར་བྱའོ་ཞེས་པའོ། །དཔལ་ལྡན་གང་ན་བཞི་པ་གཟིགས་པ་ལས་སྦྱོར་བའི་གདན་ལེའུ་གཉིས་པའོ།། །།དེ་དག་ལ་སོགས་པའི་ལས་གྲུབ་པའི་རྣལ་འབྱོར་པས ་གཞན་ལ་བྱིན་གྱིས་བརླབས་པར་བྱའོ་ཞེས་གསུངས་པ། བྱིན་རླབས་རིམ་པ་ཇི་ལྟར་ལགས། །སེམས་ཅན་གང་གིས་རྟོགས་པ་དང། ཞེས་པ་ལ་སོགས་པའོ། །དེ་ཁོ་ན་བཅོམ་ལྡན་འདས་ཀྱིས་སླར་གསུངས་པ། སྙིང་ཁར་ཟླ་བ་བསམས་ནས་ནི། །དབུ ་སུ་ས་བོན་ཧཱུཾ་བསྒོམས་ཏེ། ཞེས་དང་པོ་བརྩམས་ནས་།གཉིས་མེད་གཏོར་མ་ལྡན་པ་ཡིས། །དབང་བསྐུར་ནས་ནི་ཞི་བར་འགྱུར། ཞེས་མཐར་ཐུག་སའི་བར་ཇི་སྙེད་པས་བྱིན་གྱིས་བརླབས་ཀྱི་རིམ་པ་གསུངས་སོ་།དཔལ་ལྡན་གདན་བཞི་པ་གཟིགས་པ ་ལས་སྦྱོར་བའི་གདན་ལེའུ་གསུམ་པའོ།། །།ད་ནི་རྡོ་རྗེ་དང་དྲིལ་བུ་ལ་སོགས་པ་སྦྱོར་པ་དང། མེ་ཏོག་ལ་སོགས་པ་དབྱེར་མེད་པ་ཇི་ལྟར་སྦྱར་བར་བྱའོ་ཞེས། ཕྱག་ན་རྡོ་རྗེ་ཤེས་འདོད་པས་།གཉིས་མེད་སྦྱོར་པའི་སྙིང་པོ་ནི་ཞེས ་པ་ལ་སོགས་པས་སྦྱོར་བའི་གདན་ལེའུ་བཞི་པ་བརྩམས་སོ། གཟུང་འཛིན་རྣམ་པར་རྟོག་པ་སྤངས་པའི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་སྦྱོར་བ་ཡིས་སླར་ལན་བཏབ་པ་གསུངས་པ། གཉིས་མེད་སྦྱོར་བ་དེ་ཉིད་དང། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང། ་ཞེས་པ་ལ་སོགས་ཏེ་རྡོ་རྗེ་དྲིལ་བུ་ལ་སོགས་པའི་བསྒོམ་པ་གསུངས་པ་ནི། འོག་ཏུ་སྟོན་པའི་རིམ་པས་བརྩམ་པར་བྱའོ་ཞེས་པའི་དོན་ཏོ། །ཇི་ལྟར་བརྩམ་པར་བྱ་ཞེ་ན་གསུངས་པ། རྡོ་རྗེ་དེ་ནི་བདག་ཉིད་དེ། །དྲིལ་བུ་ཆོས་ཀྱི་གཟུངས་མའོ་ཞེས་ཏེ། ་དེ་ལ་རྡོ་རྗེ་དེ་ཉིད་བདག་ཉིད་དེ་ཞེས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཀྱི་ཕྱིར་ན་དོད་དམ་པར་བརྟགས་པ་ལ་རང་གི་ཕུང་པོ་ཁོ་ན་རྡོ་རྗེར་བསྒྱུར་ཏེ། རྡོ་རྗེ་བཞིན་དུ་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་དང། དེ་བཞིན་དུ་མི་འཇིག་པ་ཉིད་ཀྱི་ཕྱིར་རོ། །དྲིལ ་བུ་ཆོས་ཀྱི་གཟུངས་མའོ་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཉིད་ཀྱི་ཕྱིར་ན། དེའི་རང་བཞིན་ཡང་དེ་ལྟར་རྡོ་རྗེ་ཐབས་ཀྱི་དུས་ཀྱི་གཞན་གྱི་དྲིལ་བུ་ཤེས་རབ་མ་ཞེས་ཤེས་བར་བྱའོ། །ཕྱག་རྒྱ་ཁ་སྦྱོར་ཚུལ་གྱིས་ནི། །དེ་ལ་ཐབས་ནམ ་ཐིམ་པར་འགྱུར་ཞེས་པ་སྟེ། དེ་དག་ཐམས་ཅད་ཁོ་ནས་ཕྱག་རྒྱའི་རང་བཞིན་ནོ་ཞེས་པའོ། །དེ་ལྟར་ཡང་དཔལ་ལྡན་གསང་བ་འདུས་པ་ལ་གསུངས་པའོ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། ལག་པའི་ཕྱག་རྒྱ་མི་བཅའ་ ་འོ་ཞེས་སོ། །དྲ་བ་ཕུར་བུ་ར་བ་ཡིས། །བདུད་དང་གནོད་པ་གསལ་བར་བྱ་ཞེས་པ་ནི། ཇི་ལྟར་དྲ་བ་དང་ར་བ་ལ་སོགས་པའི་ཕྱག་རྒྱ་དང་སྔགས་ཀྱིས་ཕྱིའི་སྡང་བ་དང་བདུད་ལ་སོགས་པ་རྣམས་འཇོམས་པ་དེ་ལྟར་རང་གི་སེམས་ལས་བྱུང་བ་རྣམ ་པར་རྟོག་པའི་བདུད་ལ་སོགས་པ་དེ་རྣམས་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ར་བ་ལ་སོགས་པས་སྤང་བར་བྱའོ་ཞེས་སོ། །དེ་ལྟར་མཉམ་སྦྱོར་བ་དེ་མཆོག་གི་རྒྱུད་ཕྱི་མ་ལས་གསུངས་པ། བདུད་ནི་རང་སེམས་ལས་བྱུང་སྟེ། །སྔོན ་གྱི་སེར་སྣ་བསྟེན་ཕྱིར་རོ་ཞེས་སོ། །དེ་ཁོ་ན་བསྟན་འདོད་པས་གསུངས་པ། བདུད་མེད་བདུད་ཀྱིས་མ་ཡིན་པས་ཞེས་པ་ལ་སོགས་པའོ། །བཟོད་པའི་མེ་ཏོག་རྣལ་འབྱོར་པས་ཞེས་པ་ལ་སོགས་པ་ནི། བཟོད་པའི་མེ་ཏོག་བཀང་ནས་སྦྱིན་པར ་བྱའོ་ཞེས་པའི་དོན་ཏོ། །དེ་ལ་བཟོད་པ་གོང་མ་དང་འདི་ནི་ཁྱད་པར་ཅི་ཞིག་ཡོད་དེ་སེམས་ཁོ་ན་ཁྱད་པར་རོ། །རལ་གྲི་ལ་སོགས་པའི་མཚོན་ཆས་བརྡེག་པ་ལ་ཅི་ཡང་མི་སེམས་པར་བཟོད་ནས་བྱམས་པ་བསྒོམ་པ་དང། ཇི་ལྟར་ངག་རྩུབ ་པ་ལ་སོགས་པ་འཕྲོག་པ་ལ་ཅི་ཡང་མི་སེམས་པའི་བཟོད་པའོ། །དཔེར་ན་བྱམས་པ་དང་སྙིང་རྗེ་གཉིས་ཕྱེ་བ་ལྟ་བུའོ། །དེ་ལྟར་སྟོང་པ་ཉིད་དམིགས་པས་ཇི་ལྟར་གནས་པར་བྱ་ཞེ་ན་གསུངས་པ། མཉམ་པར་ལྡན་པའི་གནས་དག་ནས། །སྐྱེས་བུ ་གཅིག་གི་ཚུལ་གྱི་བར་ཞེས་པ་སྟེ། དེ་ཡང་བསམ་པ་འདི་ལྟ་སྟེ། སྣའི་རྩེ་མོ་ལ་མིག་བཞག་པས། ཁྲུ་གང་ཙམ་བཞག་པར་མཉམ་པ་ཉིད་ཀྱིས་བསམ་པར་བྱའོ་ཞེས་པའོ། །རྡོ་རྗེ་གོང་དུ་བསྟན་པ་རྣམས། །ཉི་ཤུ་རྩ་བརྒྱད་ལྷ་ཉིད་དང་ཞེས་པ་ནི། ་བུམ་པ་དང་སྟེང་འོག་དབུས་ཀྱི་རྩེ་མོ་ལྷ་གསུམ་བཞག་ནས་འཁོར་གྱི་ལྷ་ཁོ་ན་ཉི་ཤུ་རྩ་བརྒྱད་ཅེས་གསུངས་ཏེ། གཅིག་ཏུ་བརྩིས་ནས་སུམ་ཅུ་རྩ་གཅིག་ཅེས་པའི་དོན་ཏོ། །དྲིལ་བུ་ཡང་ཇི་ཙམ་གྱིས་བསྒོམ་པར་བྱ་ཞེ་ན། གསུངས་པ་དྲིལ་བུ་དབུས་སུ་བསྒོམ་པ་ནི། ་ཉི་ཤུ་རྩ་གསུམ་ལྷ་རྣམས་དག་ཅེས་པ་ལ་སོགས་པ་སྟེ། དེ་ལ་འོག་གི་པདྨའི་འདབ་མ་ལ་སྒྲོལ་མ་ལ་སོགས་པའི་ལྷ་མོ་བརྒྱད་དང། དེ་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ཞལ་དང། གོང་གི་པད་འདབ་བརྒྱད་ལ་བྱང་ཆུབ་སེམས་དཔའ་བརྒྱད ་དང་རྩེ་ལྔ་དང། རིགས་ལྔ་དང། ཡེ་ཤེས་དང། རྣམ་ཤེས་དང། རྣམས་ཀྱི་བདག་ཉིད་དབྱིག་པ་དང། ཉི་ཤུ་རྩ་གསུམ་དུ་འགྱུར་བའི་དོན་ཏོ། །རྡོ་རྗེ་མཛུབ་མོ་རྩེ་མོ་རུ། །བདུད་རྩི་ཡི་གེ་བསམས་ནས་སུ་ཞེས་པ་གཡོན་གྱི་མཛུབ་མོ་ལ་ཡི་གེ་ས ་བཀོད་པར་བྱའོ། །གཡོན་གྱི་ཕྱོགས་སུ་བསྟན་པ་ཡི་ཞེས་པ་ནི། སྐུ་ལ་སོགས་པ་ལ་རེག་པར་བྱའོ་ཞེས་པའོ། །ལྷ་མོའི་མདུན་དུ་གཟུགས་པར་བྱ་ཞེས་པ་ནི་གསང་བའི་པདྨ་ལ་བཞག་པར་བྱ་བའོ་ཞེས་པའི་དོན་ཏོ། །བཅོ་བརྒྱད་དག་གིས་གནས་རྣམས ་ནི། ཞེས་པ་ནུ་མ་དང་ལག་པའི་རྩེ་མོ་དང། མགྲིན་པ་དང། མ་མཆུ་དང། འགྲམ་པ་དང། མིག་དང། རྣ་བའི་རྩ་བ་དང། སྤྱི་བོ་དང། ཡན་ལག་མཆོག་གསང་བ་རྣམས་སོ། །གནས་དགུ་ལ་ཟླ་བའི་ཆ་ཤས་ཀྱི་ཚུལ་གྱིས་ཡར་དང་མར་ལན ་གཉིས་སྦྱོར་བར་རེག་པར་བྱས་ན་གནས་བཅོ་བརྒྱད་བསྒྱུར་རོ་ཞེས་པའོ། །དེ་ལྟར་བརྒྱད་བརྒྱད་ལ་གསུངས་པ། ནུ་མ་ལག་རྩེ་མགྲིན་པ་དང། མ་མཆུ་དེ་བཞིན་འགྲམ་པ་མིག་།རྣ་བ་སྤྱི་བོ་ཡན་ལག་མཆོག་།དེ་དག་ཀུན་ལ་བདུད་བྱེད་པ། །ན་བཟའ་ ་དཀར་ལ་མར་ཡར་དུ། །ཟླ་བ་ནག་ན་ལོག་པར་བཤད། །མཐེ་པོའི་རྩར་ནི་ཡི་གེ་ཨ། །རྗེ་ངར་གཉིས་ལ་དེ་བཞིན་ཨ། །བརླ་གཉིས་ལ་ནི་ཡི་གེ་ཨི། །ཡི་གེ་ཨའི་ནི་གསང་བར་བརྟེན། །ལྕེ་ཡི་རྩ་ལ་ཡི་གེ་ཨུ། །དེ་བཞིན་བསྡུས་པར་ཡི་གེ་ཨའུ། ། ་ནུ་མའི་རྩ་ལ་ཡི་གེ་རི། །ཡི་གེ་རཱི་ནི་ལག་པར་གནས། །མགྲིན་པ་ཁོ་ནར་ཡི་གེ་ལི། །དེ་བཞིན་སྤྱི་བོར་ཡི་གེ་ལཱི། །འགྲམ་པའི་ཕྱོགས་སུ་ཡི་གེ་ཨེ། །དེ་བཞིན་ཨི་ནི་མིག་གཉིས་ལ། །རྣ་བའི་རྩར་ནི་ཡི་གེ་ཨོ། །ཡི་གེ་ཨཽ་ནི་སྤྱི ་བོར་གནས། །ཾ་ཨ་ཡན་ལག་ལུས་ཀུན་ལ། །ཆོ་ག་རྣམས་ནི་སྦྱོར་བར་བྱ། །འོ་བཏབ་བ་དང་འཁྱུད་ལ་སོགས། །སོ་སོ་བཏབ་པ་དང་སྦྱོར་བ་རྣམས། །གནས་རྣམས་བརྟགས་ནས་སྦྱོར་བྱས་ཏེ། །ཡི་གེ་རྨ་རེ་རྣམ་པར་བསམ། །དེ་ལྟར་བསམས ་པ་ཙམ་གྱིས་ནི། །བུད་མེད་དགའ་སྟེ་གཞན་དུ་མིན། །ཕོ་མོ་མཚན་མ་མེད་སྦྱོར་ཀྱང། །གཞོམ་པ་ཙམ་གྱིས་ངོ་བཟང་དགའ་ཞེས་སོ། །བདུད་རྩི་ཐམས་ཅད་ཀུན་གནས་པ་ཞེས་པ་ནི་གནས་བཅོ་བརྒྱད་ལ་བྱང་ཆུབ་སེམས་གནས་པའོ་ཞེས་ཇི་སྙེད་པའོ། ་བཤད་པར་བྱེད་པའི་དོན་ཁོ་ན་གསལ་བར་བྱེད་བས་གསུངས་བ། མཛུབ་མོ་དེ་ཡིས་བསྐྱོད་བྱས་ནས། །བདུད་རྩི་ཆུ་དག་འཛག་པར་འགྱུར་ཞེས་པའོ། །དེ་ལྟར་བསྐུལ་མ་ཐག་ཏུ་ཡང་ཕྱག་རྒྱ་ཆེན་པོ་བརྟན་པོར་བྱས་ནས་གཉིས་སུ་མེད་པའི་སྙོམས ་པར་ཞུགས་པ་སྦྱོར་ཏེ་བྱ་བ་བརྩམ་པར་བྱའོ་ཞེས་གསུངས་པ། བཙུགས་ནས་གཉི་གས་འཁྱུད་བྱས་ནས་ཅེས་པ་ལ་སོགས་པ་སྟེ། དེ་ལ་འཁྱུད་ནས་ཞེས་པ་ནི། མི་ཤེས་པའི་འདམ་དུ་བྱིང་བ་རྣམས་བླ་ན་མེད་པའི་འབྲས་བུ་ཐོབ་པར་བྱ་པའི ་དོན་དུ་འཇིག་རྟེན་ལས་འདས་པའི་སྟིང་རྗེ་ཆེན་པོ་དང་དུ་བླང་བའི་འཁྱུད་པའོ། །ཁ་ཤར་ལ་སོགས་གནས་པར་བྱ་ཞེས་པ་ནི་གཉིས་སུ་མེད་པར་སྙོམས་པར་ཞུགས་པ་ལ་ལྷ་མོ་ནི་ཁ་ཤར་དུ་བལྟ་བར་བྱ་བའོ། །དོན་ནི་འདི་ལྟ་སྟེ། བསྒྲུབ་བྱ་ལྷ་མོ་གཙོར ་འགྱུར་བའི་ཕྱིར་དང། ལྷ་ནི་གཙོ་བོར་མ་ཡིན་པའི་ཕྱིར། དེ་བས་ན་ལྷ་མོ་ཁ་ཤར་དུ་བལྟ་བར་རིགས་ཏེ། ཁྱད་པར་དུ་ཡང་འདི་ནི་མཁའ་འགྲོ་མའི་ཏན་ཏྲ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་རྒྱལ་པོའི་བུ་མོ་ཞེས་པ་ལ་སྨྲས་པ། གཉིས་པ་ཡི་ནི ་གཙོར་འགྱུར་བས། །དེ་བཞིན་དུ་ནི་བསྙེན་པར་བྱ། །ཅི་ཕྱིར་དེ་ལྟར་ཁྱད་པར་དུ། །ཆོ་ག་རབ་མཆོག་བཤད་པའོ། །རོལ་པར་འཕེན་པའི་ལྷ་མོ་རྣམས་ཞེས་པ་ནི་རོལ་པའི་སྐྱིལ་མོ་ཀྲུང་གིས་གནས་པའི་ལྷ་མོ་དང་ཞེས་པའོ། །རྡོ་རྗེ་ཞེས་པའི་ནི་རྡོ་རྗེ ་སེམས་དཔའ་གནོན་པོའི་ལུས་ཤེས་པའོ། །ཇི་ལྟར་གནོན་ཞེ་ན་གསུངས་པ། རྐང་བས་རྐང་པའི་ཞེས་པའོ། །དེ་དག་གི་བྱེད་པ་བྱ་བ་དེ་ནི་འདུག་པ་ཞེས་བཤད་དོ། །དེ་ཡང་རྣལ་འབྱོར་པ་འདུག་པའི་རྣམ་པར་བརྟག་པ་རྣམ་པ་གཉིས་སུ་འགྱུར་རོ། །དེ་ལྟར ་ཡང་སྨྲས་པ། སྐུ་ཡི་ཕྱི་རོལ་བཞག་པ་ནི། །བུད་མེད་རྐང་པས་བཀང་པར་བྱ། །འདུག་པ་རྣམ་གཉིས་བསྟན་པའི་ཕྱིར། །ཕོ་ཡི་འདུག་སྟངས་རྣམ་རྟོག་ཕྱིར་ཞེས་སོ། །གཡོན་གྱི་དྲིལ་བུ་བརླ་དག་ཀྱང་ཞེས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི ་ལག་པ་གཡོན་པ་བརླའི་རྩའི་འོག་ཏུ་བཞག་པར་བྱ་སྟེ། དེས་ནི་སྙིང་རྗེ་ཆེན་པོའི་འདོད་ཆགས་ཤེས་པའི་དོན་ཏོ། །ལག་པ་གཡས་པ་གཞག་པ་ནི། །གོང་དུ་འབྲེལ་པས་འདིར་མི་བཤད་དོ། །འཁྱུད་པ་ཁོ་ན་ནི་ཐབས་མེད་པར་སེམས་ཅན་སྣ་ཚོགས ་དོན་བྱེད་པ་ལས་འཇུག་པ་མེད་དོ་ཞེས་པའོ། །དེ་ཁོ་ན་མངོན་པར་བྱེད་པས་སྣ་ཚོགས་སྟོན་པས་གསུངས་པ། དྲིལ་བུ་ལག་གཉིས་གསུངས་པ་ཡི་ཞེས་པའོ། །མ་བྱུང་བའི་སོ་སོའི་སྐྱེ་བོའི་རྣམ་པར་རྟོག་པ་ལ་གནས་པར་མི་བྱའོ་ཞེས་གསུངས་པ་གཉིས ་ཀས་ས་བོན་བཟླས་པར་བྱ་ཞེས་པ་ལ་སོགས་པའོ། །གཡོན་དུ་འཕེན་པའི་ལྷ་མོ་ནི། །ཁ་ནི་ལྷོ་རུ་ཕྱོགས་པར་འགྱུར་ཞེས་པ་ནི། ལྷ་མོ་གཡོན་པ་འཕེན་ནས་གནས་པ་ནི་ལྷོར་ཁ་བལྟ་བར་བཞག་པར་བྱའོ། །ཞེས་པའོ། རྡོ་རྗེ་དེ་ནི་ཡང་འཕགས ་པས་ཞེས་པ་ནི། རྡོ་རྗེ་སེམས་དཔའ་དེ་ཡང་བྱང་དུ་ཁ་བལྟས་ནས་གནས་པར་བྱའོ་ཞེས་པ་ཇི་སྙེད་པའོ། །རྐང་མཐིལ་གཉིས་ཀྱང་བཙིར་བར་བྱ་ཞེས་པ་ནི། ལྷ་མོའི་རྐང་མཐིལ་གཉིས་ཀྱི་རྡོ་རྗེ་སེམས་དཔའ་ཨི་ལག་མཐིལ་གཉིས་ལ་གཟིར་བར་བྱའོ་ཞེས ་པའོ། རྡོ་རྗེ་གཡས་སུ་ནུ་མ་སྟེ། དེ་བཞིན་གཅིག་གིས་གསང་བར་རོ་ཞེས་པ་ནི། རྡོ་རྗེ་སེམས་དཔའ་དྲིལ་བུ་ལག་པ་གཉིས་ག་ཡིས། །རྐང་པ་བསྣམས་ནས་རྩེ་བར་བྱ་ཞེས་པ་ནི། དེ་ལ་དྲིལ་བུ་ཞེས་པ་ནི། ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་མའོ། དེའི་ལག་པ་གཉིས་ཀྱིས་རྡོ་རྗེ་སེམས་དཔའ་ཨི་རྐེད་པར་ཇི་ལྟར་ཤིན་ཏུ་བསྡམ་པར་གྱུར་པ་དེ་ལྟར་གཟིར་བར་བྱའོ་ཞེས་པའོ། །རྡོ་རྗེ་གཡས་སུ་ནུ་མ་སྟེ། དེ་བཞིན་གཅིག་གིས་གསང་བར་རོ་ཞེས་པ་ནི། རྡོ་རྗེ་སེམས་དཔའ་ཨི་ལག་པ་གཡོན ་པས་གསང་པ་ལ་རེག་ཅིང་གཡས་པས་ནི་ནུ་མ་ལ་གཟིར་བར་བྱའོ་ཞེས་པའོ། །དྲིལ་བུ་རྡོ་རྗེ་ཁ་དག་དང། །ཡང་དང་ཡང་དུ་ཕྲད་པར་བྱ། །ཞེས་པ་ནི། དེ་ལ་དྲིལ་བུ་ནི་ཤེས་རབ་མའོ། རྡོ་རྗེ་སེམས་དཔའ་ཨི་ཁའི་ཁ་ལ་སོགས་པ་འོས་བཏབ་པ་ནི། གནས ་དགུ་ལ་ཡང་ན་ཡང་དུ་གཡས་སུ་འཁེར་ནས་འོས་བཏབ་པར་བྱའོ། ཞེས་པའོ། །ས་བོན་གཉིས་བཅས་བཟླས་པ་ཡིས། །ཞེས་པ་ལ་སོགས་པས་ནི། ཐབས་དང་ཤེས་རབ་གཉིས་ཀྱིས་ཇི་ལྟར་རང་རང་གི་ས་བོན་བཟླས་ཏེ། ལྷོའི་ཕྱོགས་སུ་གནས ་པའི་འཇིག་རྟེན་གྱི་སེམས་ཅན་རྣམས་བསྒྲལ་བར་བྱའོ་ཞེས་པའི་དོན་ཏོ། །རྐང་པ་མཉམ་པར་ནུབ་ཕྱོགས་ནི་ཞེས་པ་ལ་སོགས་པས་ནི་ནུབ་ཕྱོགས་ཀྱི་བྱེད་པ་བརྩམས་ནས། གཉི་ག་རྐང་པ་གཡས་པ་མཉམ་པོར་སྟབས་ཀྱིས་བཞག་སྟེ། རྐང་པ་གཡོན ་པའི་བུས་མོ་གཉི་གས་ཕན་ཚུན་གནོན་པར་བྱའོ། །དེ་ལྟར་ཡང་སྨྲས་པ། དཔུང་པས་དགུག་པའི་བརླ་ནུ་མར། །གསུམ་འདུས་མདུན་དུ་ཟིལ་གནོན་ཏེ། ཟུར་གསུམ་གནས་ལ་ལག་སྦྱོར་བ། །ཁ་སྤྲད་ཁ་སྦྱོར་དྲན་པའོ། །མགྲིན་པའི་ལྟག་ཁུང ་ཕན་ཚུན་དཔུང་པའི་ཞབས་པས་དཀྲིས་ཏེ། དྲིལ་བུའི་ལྕེ་དྲི་བས་རྡོ་རྗེ་སེམས་དཔའ་ཨི་ལྕེ་ལ་རེག་སྟེ། འགུལ་བས་ཇི་ལྟར་རང་གི་ས་བོན་བཟླས་པར་བྱའོ་ཞེས་པའི་དོན་ཏོ། །ད་ནི་བྱང་གི་འཕེན་པ་གསུངས་སོ། །ཇི་ལྟར་མགྲིན་པའི་རྒྱབ་ཏུ་དཀྲི་བར་བྱའོ། ། ་ཞེས་གསུངས་པ། རྡོ་རྗེ་མཉམ་པའི་དབུས་སུ་ནི། ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་སེམས་དཔའ་ཨི་དཔུང་པ་གཉིས་ཀྱི་ལྷ་མོའི་མཉམ་པའི་དབུས་སུ་ནུ་མའི་དྲུང་དུ་དཀྲིས་ཏེ། དྲིལ་བུ་ལག་པ་གཉིས་ཀྱིས་ཀྱང་རྡོ་རྗེ་སེམས་དཔའ་ཨི་རྣ་བའི་རྩར་བརྩིར་བར་བྱ་སྟེ། སྦྱར ་ནས་སེན་མོ་གདབ་པར་བྱའོ་ཞེས་པའི་དོན་ཏོ། །དེ་ལྟར་ཡང་སྨྲས་པ། འཁྱུད་པ་དང་ནི་བཏབ་པ་དང། །སོས་བཏབ་དེ་བཞིན་སེན་མོ་རྒྱབ། །སྟེང་ནི་རྣམ་པ་ལྔ་ཤེས་ཏེ། །འོག་མ་ཡིད་ནི་རྣམ་པ་བཞི། །སེན་མོ་གདབ་པ་ལག་གཡོན་གྱིས། །ལྟེ་བའི་རྩ་དང ་མཚན་དུ་ཡང། །ཡན་ལག་མཆོག་དང་སྤྱི་བོ་དང། །གླང་ཆེན་ལག་པ་བཞིན་དུ་རེག་ཅེས་པའོ། །ཀུན་བསྔམས་མ་མཆུ་གཉིས་ཀྱིས་ནི། །ཞེས་པ་ལ་སོགས་པས་ནི་དགའ་ནས་རྗེས་སུ་ཆགས་ཏེ། མ་མཆུ་ཕན་ཚུན་བཏུང་བར་བྱའོ། །ཞེས་པའི་དོན་ཏེ། ། ་སེམས་ཅན་ཐམས་ཅད་ཅེས་པ་ལ་སོགས་པ་ནི་དོན་གསལ་ལོ། །དྲིལ་བུའི་ལྷའི་སྦྱོར་བ་རྣམས་ཤེས་པ་ལ་སོགས་པས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ལུས། རྡོ་རྗེ་སེམས་དཔའ་ཨི་ལུས་ལ་སྔགས་ཀྱི་ཡི་གེ་བརྒྱད་གོང་ནས་གསུངས་པའི་རིམ་པས ་བསྒོམ་པར་བྱའོ་ཞེས་པའོ། །དེ་ལྟར་དེ་ཁོ་ན་ཉིད་སོ་སོར་བྱེད་མ་ཐག་ཏུ་ལྷ་མོ་དང། རང་གི་ལུས་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཐབས་ཀྱི་བདག་ཉིད་རྣམ་པར་རྟོག་པ་མེད་པའི་བདག་ཉིད་དུ་སེམས་གྱུར་པ་ལ་བྱ་སྟེ། ཡང་སེམས་དེའི་རྒྱབ་དུ་གྱུར་པ ་རྣམ་པར་རྟོག་པ་དང་བཅས་པའི་དབྱངས་དང་བསྟོད་པ་བརྗོད་པས་བསྐུལ་ཏེ། སེམས་ཅན་གྱི་དོན་གྱི་རྒྱུའི་ཕྱིར་བསླང་བར་བྱའོ། །དེ་ལྟར་དཔལ་གསང་བ་འདུས་པའི་ཏནྟྲ་ལས་གསུངས་སོ། །རྡོ་རྗེ་སེམས་དཔའ་ཨི་བདག་ཅེས་བརྗོད་ཅེས་པ་ལ་སོགས ་པའོ། ལངས་མ་ཐག་ཏུ་ཆགས་པའི་སེམས་ཀྱིས་ཤས་རབ་མ་དང་བཅས་པས། རྡོ་རྗེ་སེམས་དཔའ་ཨི་ང་རྒྱལ་ཏེ། ཨོཾ་བཛྲ་སཏྭ་ཨ་ཧཾ་ཞེས་བརྗོད་པས་བྱ་བའི་དོན་ཏོ། །མེ་ཏོག་རྣམས་ནི་ཆུ་སྐྱེས་རྣམས། །ནང་གི་གསང་བའི་མཆན་ཉིད་ཀྱིས། །མྱུ ་གུ་རྩ་བ་མེ་ཏོག་ནི། །བནདུ་ཀ་ནི་འབར་བས་འདྲ། །ཞེས་པ་ནི་པདྨ་དམར་པོ་དང་འདྲ་བའི་ནང་གི་དབུས་སུ་གསང་བའི་གནས་པ་མཁའ་འགྲོ་ཆུའི་རྩ་ཞེས་ཇི་སྙིང་པའོ། དེ་ཡང་མིང་དང་གཟུགས་ཀྱི་མྱུར་གུར་སྐྱེས་པ་དང། སྡོང་བུ་དང། ་མེ་ཏོག་དང། འབྲས་བུ་དང། རྩ་བ་དང། ས་བོན་ལ་སོགས་པའི་རྐྱེན་ཞེས་པའི་དོན་ཏོ། །དེ་ལྟར་ཡང་གསུངས་པ། ཉི་ཤུ་རྩ་བཞི་རྩ་རྣམས་ནི། །རྒྱུད་ཆེན་ལྷ་མོ་རྩ་རྣམས་ཏེ། །དེ་ལ་མཁའ་འགྲོ་མཆུ་ཡི་རྩར། །མཁས་པ་ཡིས་ནི་བསྐུལ་བར་བྱ ་ཞེས་པའི་ངོན་ཏོ། །མཐོང་ཀ་གཉིས་དང་ཁ་གཉིས་ལ། །ཁོང་པ་ལ་ཡང་གཅིག་བརྗོད་དེ། །རྩ་ལྔ་ཡི་གེ་ཁ་དགོང་པ། །རྟག་ཏུ་ཁ་ལ་བསྐུལ་བར་བྱ། །གང་ཞིག་རྐང་མཐིལ་ལ་འགུལ་བ། །མཁས་པས་རྐང་པའི་མཐེ་བོར་ཡང། །སྤྱི་བོར ་གསུམ་འདུས་བརླ་གཉིས་ལ། །ལག་པའི་རྩ་ལ་རེག་པར་བྱ་ཞེས་པའོ། །ནང་གི་གསང་བའི་པདྨ་དེ་རྒྱས་པ་ལ་ཇི་ལྟར་ས་བོན་དུ་འགྱུར་ཞེ་ན། གསུངས་པ། ཐོང་ཀ་གཉིས་སུ་ས་བོན་རྣམས་ཞེས་པ་ལ་སོགས་པ་སྟེ། དེ་ཐོང་བ་གཉིས་སུ་ས ་བོན་ནི་སྟག་མོའི་ས་བོན་ནོ། །རྣམས་ཞེས་བྱ་བའི་ཚིག་སྟོན་པས་ན་བརྩེགས་པའི་ཡི་གེ་བཞི་ཆར་གཟུང་ངོ་ཞེས་པའི་དོན་ཏོ། །ས་ལ་སོགས་པ་བཞི་ཁོ་ན་དང། ཡི་གེ་བརྒྱད?་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་ན། འགྲོ་བ་དེང་སྐྱེ ་བ་དང་འཁོར་བ་ལ་གནས་པའི་གཟུགས་ཡིན་པར་ཤེས་པར་བྱའོ་ཞེས་པའི་དོན་ཏོ། །ཇི་ལྟར་སྡེ་ཚན་གསུམ་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །ལྷ་མོ་གཟུགས་ནི་བསམས་ནས་ནི་ཞེས་པ་ནི། །ས་བོན་དེ་ཁོ་ནས་བསྐྱེད་པའི་ཡེ་ཤེས ་མཁའ་འགྲོ་མའི་གཟུགས་བསྐྱེད་པར་བྱའོ། །ཞེས་པའོ། སའི་ཞེས་པ་ནི་ཡི་གེ་ཧཱུཾ་ངོ། །དབུས་སུ་ཐིམ་པར་བྱ་ཞེས་པ་ནི་སྙོམས་པར་འཇུག་པའི་སྦྱོར་བ་ཇི་སྙེད་པའོ། །དོན་ཁོ་ན་གསལ་བར་བྱེད་པས་གསུངས་པ། དུས་ཀྱི་མེད་དང་ཡི་དགས ་མ་ཞེས་པ་ལ་སོགས་པ་སྟེ། །དེ་ལ་དུས་ཀྱི་མེ་ཞེས་པ་ནི་ལག་པ་གཡས་པའོ། །ཡི་དགས་མེ་ཞེས་པ་ནི་ལག་པ་གཡོན་པའོ། །ཕན་ཚུན་ལག་པ་གཉིས་ཀྱིས་འཁྱུད་ནས། ལག་པ་གཅིག་དང་ལྷན་ཅིག་ཏུ་འགྲེལ་བའི་གནས་ལ་རྩེ་གསུམ་གྱི་ཚུལ་དུ་བཞག ་པར་བྱ་བ་སྟེ། སྲེང་པའི་ཐབས་ཀྱིས་གཟུགས་སོ། །བདུད་རྩི་བཏུང་བའི་སེམས་ཀྱིས་ནི་ཞེས་པ་ལ་སོགས་པ་ནི་ངོན་གསལ་བའོ། །ཡན་ལག་བཅོ་བརྒྱད་གནས་དག་ལ་ཞེས་པ་ལ་སོགས་པ་ནི་ཟླ་བའི་ཆ་ཤས་ཀྱི་ཚུལ་གྱིས་སྔོན་དུ་བཤང་ཟིན་ཏོ། །མཁའ་ ་འགྲོ་མ་ཡི་མཆུ་འདྲའོ། །ཞེས་པ་ནི་དེ་ལ་འགྲོ་མཆུ་ཞེས་བྱ་བ་ནི་གསང་བའི་པདྨའི་རྩ་བའོ། །ཕྱག་རྒྱ་དེ་ལ་བསྐུལ་བར་བྱ་ཞེས་པ་ནི། གལ་ཏེ་ཤེས་རབ་མ་སྲ་བར་འགྱུར་ན། དེ་ཚེ་གླང་ཆེན་གྱི་ལག་པ་ལ་སོགས་པ་ནི་ལས་ཇི་ལྟར་བཞུ་བ་དེ་ལྟར་བྱའོ། ། ་དེ་ལྟར་ཡང་གསུངས་པ། ཡན་ལག་མཆོག་ནི་གཉིས་ཤེས་ཏེ། །དེ་བཞིན་དེ་ནི་མཆོག་དང་སྲ། །སྲ་བ་ལ་ནི་རྒྱུ་བྱས་པ། །བྱས་པ་རིགས་ཀྱི་བུ་མེད་མིན་ཞེས་པའོ། །གཡས་ཀྱི་རྡོ་རྗེའི་མཆུ་རྣམས་ཞེས་པ་ལ་སོགས་པས་ནི་དུས་མཉམ་པོ་ཇི་ལྟར་གྱུར ་པ་དེ་ལྟར་རྡོ་རྗེའི་ཆུ་ཟག་པའི་རྒྱུ་བྱའོ། །དེ་ཁོ་ནས་སེམས་འདོད་པ་བསྐུལ་བའི་དོན་དུ་ཐོང་དང་ཡང་གནས་དག་དུ། དེ་ནས་སེན་མོ་གདབ་པར་བྱ་ཞེས་པའོ། །དེ་ནས་རྡོ་རྗེ་རྩེ་ཕྱག་རྒྱ་ཞེས་པ་ལ་སོགས་པས་ནི་བཤད་ཟིན་པའི་དོན་ཁོ་ན་གསལ་བར་བྱས་པའོ ་རྡོ་རྗེ་རོལ་པའི་རྐང་པ་ཡིས་ཞེས་པ་ལ་སོགས་པས་ནི་ཕན་ཚུན་རོལ་པ་ལ་འཕེན་པས། བདེ་པའི་སྟན་རྣམ་པར་བཀོད་པ་སྣ་ཚོགས་བཀོད་པ་སྣ་ཚོགས་བཀོད་པའི་བྱེད་པ་དང། དབྱིགས་ལ་སོགས་པའི་རྣལ་འབྱོར་པ་དང། རྣམ་འབྱོར་མའི་གསང་བའི ་རོལ་པ་བཤད་པར་བྱའོ། །དྲིལ་བུ་རོལ་པའི་ཚུལ་གྱིས་ནི་ཞེས་པ་ལ་སོགས་པས་ནི། སེམས་དཔའ་ཨི་སྐྱིལ་མོ་ཀྲུང་བྱེད་པ་རྡོ་རྗེ་སེམས་དཔའ་ཨི་བརླའི་སྟེང་ན་ཤེས་རབ་ཀྱི་རོལ་ཏུ་ཕྱིན་མ་གནས་ཏེ། བརླའི་ཞབས་པས་སྐུ་ལ་དཀྲི་བར་བྱའོ་ཞེས་པའི་དོན་ཏོ། ། ་སྙིང་པོ་མེད་པའི་འཁོར་བསྟོང་པ་ལ་ཞེས་པ་ལ་སོགས་པ་ནི་དེ་ལ་སྙིང་པོ་ཞེས་པ་ནི་མཁའ་འགྲོ་མའི་དྲ་བའི་སྡོམ་པ་ཞེས་བྱའོ། །འདུས་པ་ཞེས་པ་ནི་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་རང་བཞིན་ནོ། །དེ་བས ་ན་སངས་རྒྱས་ཐམས་ཅད་ཀྱིས་གང་མཁའ་འགྲོ་མའི་དྲ་བའི་བདེ་མཆོག་དེ་ཐོབ་པོ། །གང་ལས་ཡིན་ཞེས་ན། གསུངས་པ། གོང་མའི་ཚིག་སྙིང་པོ་མེད་པའི་འཁོར་བ་སྟོང་པ་ལ་ཞེས་སོ། །ཅི་འདྲ་བ་ཡིན་ཞེས་ན་གསུངས་པ། འཇིག་རྟེན་ལ་ནི་དཔེ་བྱས་པ། ། ་ཆུ་ཤིང་ལ་ནི་སྙིང་པོ་མེད། །དེ་ཡི་འབྲས་བུ་སྙིང་པོ་ཅན། །བཟའ་བ་ལ་ནི་བདུད་རྩི་འདྲ་ཞེས་སོ། །དོན་ནི་འདི་ལྟར་གསུངས་པར་འགྱུར་ཏེ། གོང་དུ་གསུངས་བའི་རོལ་པའི་ཐབས་བྱ་བ་ལ་སོགས་པ་སྙིང་པོ་མེད་པའི་ཡིས། ཇི་ལྟར་བུ་རམ་ཤིང་གི ་ཞིང་ལུང་ཀྱི་ཕུང་པོ་བསགས་པས་བཀང་པ་ལྟར་བདུད་རྩི་དང་འདྲ་བའི་མྱ་ངན་ལས་འདས་པའི་མཚན་ཉིད་ཀྱི་འབྲས་བུ་བསྐྱེད་པར་འགྱུར་རོ་ཞེས་པའོ། །ལུང་ལས་ཀྱང་གྲགས་ཏེ། འདི་ལྟ་སྟེ། ཀྱེ་འོད་སྲུངས་ཇི་ལྟར་ལུང་ཀྱི་ཕུང་པོ་བུ་རམ་ཤིང ་གི་ཞིང་ལ་སོགས་པ་ལ་ཕན་པར་འགྱུར་པ་དེ་ཁོ་ན་ལྟར། ཀྱེ་འོད་སྲུང་འདོད་ཆགས་པ་རྣམས་ཀྱང་ཐམས་ཅད་མཁྱེན་པ་ལ་ཕན་པར་བྱེད་པར་འགྱུར་རོ་ཞེས་གྲགས་སོ། ། དངོས་ཞེས་པ་ནི་རྣམ་པར་རྟོག་པ་སྟེ། རྣམ་པར་གྲོལ་བ་ཞེས་པ་ནི་བསལ ་ཡོངས་སུ་བོར་བའོ། །དེ་ལ་དངོས་གྲུབ་ནི་ཞེས་པ་སྟེ། ཐར་པ་གྲུབ་པའོ་ཞེས་པའོ། དེ་ལྟར་ཡང་འཕགས་པ་ལྷའི་ཞབས་ཀྱིས་གསུངས་པ། རྣམ་པར་རྟོག་པ་ཐམས་ཅད་སྤངས་པའི་ཕྱིར་ཐར་པར་ཞེས་པའོ། །ཕན་ཚུན་འཁྱུད་པའི་སྦྱོར་བྱས་ཏེ ་ཞེས་པ་ནི། ཐབས་དང་ཤེས་རབ་འདུ་པའོ། །ཅིའི་ཕྱིར་ཡིན་ཞེ་ན། གསུངས་པ། དེ་ཡིས་ཐམས་ཅད་དོན་ནི་བྱེད་པར་འགྱུར་ཞེས་པ་ནི། སེམས་ཅན་གྱི་ཁམས་མ་ལུས་པ་ཀུན་འཁོར་བ་ལས་བསྒྲོལ་བར་བྱའོ་ཞེས་པའི་དོན་ཏོ། །དེས་ནི་རྣལ ་འབྱོར་མའི་ཡེ་ཤེས་ཀྱི་སྡོམ་པ་ལ་གཞན་གྱིས་འཁོར་བ་ལ་སྙིང་པོ་མེད་པ་ཡིན་ནོ། །ཞེས་ཇི་སྙེད་པའོ། །སྨན་ལ་སོགས་པའི་ཁྱད་པར་དང། །འཕེན་པ་དང་ནི་ལྡན་པར་བྱ། །ཞེས་པ་ནི་སྟེང་སྟབས་བྱ་བ་དང་སྨན་གྱི་ཁྱད་པར་བྱ་བའོ། །ཁྱད་པར་སྒྲ་ནི་ཉེ ་བར་བླང་བས་ན་ཁྲི་ཉིས་སྟོང་པ་ལས་གསུངས་པའི་མཆན་ཁུང་སྦྱོར་བ་དང་པོར་ཚིག་འདུས་པ་གསུངས་ཏེ། དེ་ལ་མཆན་ཁུང་སྦྱོར་བ་ནི་འདི་ལྟ་སྟེ་རྒྱལ་བ་ལྷན་ཅིག་གཙུག་ཏོར་ཛཱ་རི་ལག་བའི་མཆིམ་བུ་མོ་དང། རལ་པ་མི་དང་དགའ་བ ་འཇིགས་པ་རྨོངས་པ་རྒྱལ་བ་རྡོ་རྗེ་རྣམས། །བཞི་ཆ་བཞིར་རུ་བྱས་སྟེ་ལྔ་ཡི་ལུས་ཀྱི་ཡང་བསྲེས་ན། །ཁྱོ་དང་བུར་མེད་དབང་དུ་སྦྱོར་བ་སུམ་ཅུ་རྩ་བཞི་ཆ་ཞེས་པ་ལ་སོགས་པ་མཆན་ཁུང་སྦྱོར་བ་མཐར་ཐུག་པ་བྲི་བར་བྱའོ། །གུར་གུམ་ཞེས་པ ་ནི་གསལ་ཏོ། །སྦྱོར་བའི་གནས་སུ་ཞེས་པ་ན་ཆེ་མཉམ་པོར་སྦྱོར་བའོ། །དབང་པོ་ལག་དང་ཞེས་པ་ནི་རྩ་བ་སོར་མོ་ལྔའི་ཚུལ་ལོ། །བདག་ལྔའི་ནི་ཞེས་པ་ནི་མིག་ལ་སོགས་པའི་དབང་པོ་ལྔའི་དྲི་མའོ། །ཡན་ལག་ལྔ་ཞེས་པ་ལ་སོགས་པས་ནི་གཅིག ་ལྷ་མོའི་ཁྱད་པར་དང་ལས་ཀྱི་ཁྱད་པར་གྱི་དོན་ཤེས་པར་བྱ་བ་དེ་གོ་སླའོ། །གཞན་ཡང་འཕེན་པའི་ཐབས་ངག་ནི་ཞེས་པ་ལ་སོགས་པས་ནི་འཕེན་པ་བཅོ་བརྒྱད་གསུངས་ཏེ། ཀུན་ཏུ་ཕྱོགས་དང་མཚམས་བཅད་ལ་གནས་པའི་བགེགས་འཕེན ་པ་དང། གཏོང་བ་བསྐྲད་པར་བྱའོ་ཞེས་ཇི་སྙེད་པའོ། །དེ་ཡང་ཕྱི་དང་ནང་སྟེ། ཕྱིའི་འཕེན་པས་ནི་ཕྱིའི་བགེགས་རྣམས་བསྐྲད་པར་བྱའོ། །ནང་གི་འཕེན་པས་ནི་ནང་གི་བདུད་བསྐྲད་པར་བྱའོ་ཞེས་པའོ། །གཉིས་ནི་སྦྱར་ནས་འཕེན་པ་ཡིས་ཞེས་པ་ནི་ཁ ་སྦྱོར་བ་སྟེ། དེ་ཁོ་ན་ནི་དོན་དམ་པའི་ཕྱག་རྒྱ་ཞེས་གསུངས་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ཕྱག་རྒྱ་དེ་ཉིད་བཅིང་བར་བྱ་ཞེས་པ་ནི་མཚན་ཉིད་གོང་དུ་བཤད་ཟིན་ཏོ། །མཉམ་པའི་ཐབས་ཞེས་པ་ནི་རྐང་པ་ཕན་ཚུན་སོར་མོའི་མཐེ་བོའི་གཤིབས་ནས་སྦྱོར་བ ་མཉམ་པོའི་ཐབས་སོ། །དབྱེ་བའི་ཐབས་ཞེས་པ་ནི་དེ་ཁོ་ན་རྐང་པ་གཅིག་བཀུག་ན་དབྱེ་བའི་ཐབས་སོ། །ཟླུམ་པོའི་ཐབས་ནི་ཁྲུ་དོའི་ཕྱི་རོལ་ཏུ་རྐང་པ་སོར་མོ་ཕྱི་རོ་བལྟག་པར་བྱ་སྟེ། སྤུས་མོ་གཉིས་ཡར་བསྒྲེད་བ་མར་བཀུག ་ནས་ངང་པའི་གཤོག་པའི་ཚུལ་ནི་ཟླུམ་པའི་ཐབས་སོ། །སྟིར་ཀྲ་མའི་ཐབས་ནི་ཞེས་པ་ནི་རྐང་པ་གཡས་པ་ས་ལ་བཞག་སྟེ། རྐང་པ་གཡོན་པས་འཇིག་རྟེན་གསུམ་འགོམ་པའི་ཚུལ་གྱིས་འགྱིང་བག་གིས་ཡར་བཏང་བ་ནི་སྟི་ར་ཀྲ་མའི་ཐབས་སོ། །རུ་སྤལ་གྱི་ཐབས ་ཞེས་པ་ནི་གཡས་པའི་རྐང་མཐིལ་གྱིས་གཡོན་པའི་བོལ་ལ་གནོན་པར་བྱ་བ་ནི་རུ་སྦལ་གྱི་ཐབས་སོ། །གཡས་བརྐྱང་བ་ནི་གཡོན་པའི་རྗེ་ངར་བཀུག་ནས་གཡས་པ་མཐོ་ལྔའི་ཚད་དུ་བརྐྱང་པ་ནི་གཡས་བརྐྱང་བའི་ཐབས་སོ། །གཡོན་བརྐྱང་བ་དང། ཞེས་པ ་ནི་དེ་ལ་གཡས་བཀུག་ནས་གཡོན་ཁོ་ན་བཞིན་དུ་བརྐྱང་བའི་གཡོན་བརྐྱང་བའོ། །གཅིག་ཏུ་གཡས་པ་དང་ཞེས་པ་ནི། རྐང་པ་གཅིག་ལར་བཏེག་ནས་གཅིག་གིས་གཡས་སུ་བསྐེར་བ་ནི་གཅིག་ཏུ་གནས་པའོ། །གདུག་པ་ཞེས་པ་ནི་རོལ་པ་ལ་སོགས ་པས་འཕེན་ནས་དེ་ལྟར་ཕྱོགས་སུ་ཁ་བལྟས་ནས་གནས་པའོ། །རྐང་པའི་འཕེན་པ་དང་ཞེས་པ་ནི་རྣམ་པ་སྣ་ཚོགས་ཀྱི་རྐང་པ་འཕེན་པས་ན། རྐང་པའི་འཕེན་པའོ། །གལ་ཏེ་བདེན་ན་ཕྱེ་བ་ལ་སོགས་པ་ལ་ཐམས་ཅད་འདུས་པས་ཕྱིན་ཅི་ལོག་པའི་བརླ་དགོད ་པ་འ?་བ་ཡང་དེའི་སྐད་ཅིག་མ་དེ་ཁོ་ན་ཆད་པ་གོང་དུ་འབྱུང། གཉིས་ཡིས་ཀྱང་མེད་པར་བྱའོ། །མཆོད་སྡོང་གི་ཚུལ་དང་ཞེས་པ་ནི་རྣལ་འབྱོར་མའི་རྐང་པ་གཉིས་བསྡུས་ནས་ཕྱེ་ལ་བཞག་པར་བྱས་པ་ནི། །མཆོད་སྡོང་གི་ཚུལ་ལོ། །དེ་ལྟར་ཡང་སྨྲས་པ ་གཅིག་ཏུ་བཀུག་ནས་བཞག་པ་ནི། །བུད་མེད་པུས་མོ་བཀུག་པ་སྟེ། །འདུག་པའི་སྐྱེས་བུ་དང་ལྡན་པ། །རྐང་པ་གཟུང་ཞེས་རབ་ཏུ་གྲགས། །པུས་མོ་གནས་པ་དང་ཞེས་པ་དང། ཕུས་མོ་གཉིས་ཕན་ཚུན་གཤིག་མས་གཡོན་གྱི་གློན་གཟིར་བ་ནི། ་པུས་མོས་གནས་པའོ། །ལེགས་པར་འདུས་པ་དད་ཞེས་པ་ནི། རྡོ་རྗེ་སེམས་དཔའ་དཔུང་པའི་ཞབས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མགུལ་པ་ནས་བརྟན་པོར་འཁྱུད་དེ་ལྟ་མོའི་རྗེ་དར་སྟེང་དུ་བཀོད་ནས་ཁ་སྦྱོར་བ་དེ་ནི་ལེགས་པར་འདུས་པའོ། །དེ་ལྟར་ཡང་སྨྲས་པ། ་བུད་མེད་མགུལ་པ་དམ་བོར་འཁྱུད། །ཕོ་ཡིས་དབུང་པ་གཉིས་ཀས་ཀྱང། །གྲུ་མོ་གཉིས་ལ་བཞག་བ་ནི། །བུད་མེད་རྗེ་དར་འདུས་པར་བཤད་ཅེས་པའོ། །མཉམ་པར་གནས་པ་དང་ཞེས་པ་ནི་གཉིས་ཀ་གནས་བའོ། །དུས་ཀྱི་མེ་ཡི་སྙིང་པོ་དང། ཞེས་པ་ནི། ་ལྷ་མོ་རྐང་མཐིལ་གཡས་ཀྱིས་རྡོ་རྗེ་སེམས་དཔའ་ཨི་སྙིང་གར་བཞག་པ་ལ་སོགས་པ་ཐོང་ཀ་བགྲོང་པ་ཞེས་བྱ་བ་བྱེད་པའི་དུས་ཀྱི་མེའི་སྙིང་པོའོ། དེ་ལྟར་ཡང་སྨྲས་པ། བུད་མེད་རྐང་པའི་མཐིལ་བཞག་པ། །ཕོ་ཡི་སྙིང་ཁའི་ལ་ནི་ཡང། །ཐོད་ཀ་གཉིས་ཀ་བགྲོད་པ ་ཡིས། འདུག་པ་རྐང་པ་བརྐྱང་པའོ། །བསྲེགས་བརྐྱད་པ་ནི་དོན་བསལ་ལོ། །གནས་ངན་པ་དང་ཞེས་པ་ནི་འགུལ་ནས་འདུག་པ་དེ་ནི་ཐ་འཁོབ་བའི་སྤྱོད་པ་སྟེ། གནས་དན་པའོ། །དེ་ལྟར་ཡང་སྨྲས་པ། དེ་ལ་འདུག་པ་པོའི་བརླ་བཞག་པ། །བུད་མེད་རྗེ་དར་མཛའ་ ་ཁོབ་བཤད། །ཕྱི་རོལ་བུད་མེད་རྐང་པའི། །འཕེན་པ་དབུས་ཀྱི་ཚུལ་དུ་འདོད། །གཅིག་ཏུ་འདུས་པ་ཞེས་པ་ནི་གོང་དུ་གསུངས་པའི་ལེགས་པར་བསྡུས་པ་ཁོ་ན་ལ་རྐང་པ་གཅིག་འདུས་པས་ན། རྐང་བ་གཅིག་ཏུ་བསྡུས་པའོ། །དེ་ལྟར་ཡང་སྨྲས་པ། འདུས ་བ་ཡི་པོ་དང་ལྡན་པ། །དེ་ཡི་རྩེ་གསུམ་འབྱུང་བའི་ཕྱིར། །ཕྱིན་ཅི་ལོག་པར་རབ་སྦྱོར་ག་།བཀྲམ་པ་དག་ནི་ཡང་དག་འབྱུང། །བཅོ་བརྒྱད་དག་གི་འཕེན་པ་ཡིས། །མཆོད་པའི་དུས་སུ་རབ་སྦྱོར་བྱ་ཞེས་པ་ནི། ཕྱི་ནང་གི་མཆོད་པ་ལ་ཇི་ལྟར་རིམ་པར་སྤྱོད ་བར་བྱའོ། །ཡོན་ཏན་ཀུན་གྱི་སྦྱོར་བ་ཡིས་ཞེས་པ་ནི། ཇི་ལྟར་འབྱོར་བ་ཉེ་བར་སྤྱོད་པ་ལྔ་ལ་སོགས་པ་མཚན་པར་བྱའོ་ཞེས་པའོ། །སྙིང་གར་མཉེ་བ་དང། ཞེས་པ་ལ་སོགས་པས་ནི། དཔུང་གི་བྱེད་པའི་སྟེ་གོ་སླའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དག་།ཅེས་པ་ལ ་སོགས་པས་ནི་རྒྱས་པར་སྔོན་དུ་བཤད་ཟིན་ཏོ། །འདིར་ནི་མདོར་བསྡུས་པ་བཤད་དེ། རྡོ་རྗེ་ཞེས་པ་ནི་ཉེ་བར་ལེན་པའི་རྐྱེན་ནོ། །དྲིལ་བུ་ཞེས་པ་ནི་ལྷན་ཅིག་བྱེད་པའི་རྐྱེན་ཏོ། །དེ་གཉིས་སྦྱོར་བས་མིང་དང། གཟུགས་ཀྱི་མྱུ་གུ་ཞེས་བྱ ་བ་ཕྱག་རྒྱ་ཆེན་པོ་སེམས་ཅན་གྱི་དོན་བྱེད་པ་སྦྱོར་བ་འབྱུང་ངོ། །དེ་ཁོ་ན་མེད་པར་ནི་མི་འགྲུབ་པོ་ཞེས་གསུངས་པ། མཚན་མོ་ཟླ་བ་མེད་པའི་ཞེས་པ་ལ་སོགས་པའོ། །ཱ་ལི་ཀཱ་ལ་ཐོགས་བསྒོམས་ན་ཞེས་པ་ནི། གོང་དུ་གསུངས་པའི་རིམ ་པས་བསྒོམ་མོ་ཞེས་པའི་དོན་ཏོ། །ཐབས་དང་ཤེས་རབ་ཕྱིན་པ་རྣམས། །འཁོར་བ་བརྒལ་བར་གནས་པར་འགྱུར་ཞེས་པ་ནི། དོན་ཇི་ལྟར་འགྱུར་ཞེ་ན། བླུན་པོ་དང་ཉན་ཐོས་ལ་སོགས་པ་ནི་མི་བརྒལ་ལོ་ཞེས་པའི་ཐ་ཚིག་གོ། དེ་ལྟར་ཡང ་དཔལ་བདེ་མཆོག་གི་རྒྱུད་ལས་གསུངས་པ། ཉན་ཐོས་ཐམས་ཅད་སྐལ་ངན་ཏེ། །ཤིན་ཏུ་མྱ་ངང་འདས་ཕྱིར་རོ། །ཕྱི་རོལ་གྱི་མུ་སྟེགས་པ་རྣམས་ལ་ཡང་གསུངས་པ། མུ་སྟེགས་ཐམས་ཅད་སྐལ་ངན་ཏེ། བདག་དང་བདག་གིར་འཟིན་ཕྱིར་རོ། །ཞེས ་སོ། དེབས་གསུངས་པ། སེམས་ནི་ཤེས་ལྟར་དག་པ་ལ། །དེ་ཡི་ཆོས་ནི་བསྟན་པར་བྱ་ཞེས་པ་སྟེ། དེ་དག་ཀྱང་ཟབ་མོའི་ཆོས་སྟན་པ་ཡིས་ཐེ་ཚོམ་བསལ་ནས་མཉམ་པ་ཉིད་དུ་བྱས་སྟེ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་དེ ་ཁོ་ན་ཉིད་འདི་བསྟན་པར་བྱའོ་ཞེས་པའོ། །སེམས་ཅན་ངན་བྱ་ཕྱི་རུ་ནི། །ནན་ཏན་དེ་ཁོ་ན་ཉིད་དམིགས་ཞེས་པ་ནི་རང་བཞིན་མེད་པ་སྒོམ་པ་ཡིས་རང་གི་སེམས་མཉམ་པ་ཉིད་དུ་བྱ་སྟེ། ཇི་ལྟར་གསུངས་པའི་སྙིང་རྗེ་ལྷའི་སྦྱོར་བ་ཡིས་བསྙེན་པར ་བྱའོ་ཞེས་བྱའོ། །གལ་ཏེ་དེ་ཁོ་ན་ཉིད་དམིགས་སུ་མི་ནུས་ན། །ཇི་ལྟར་བྱ་ཞེ་ན་གསུངས་པ། ནང་གི་ས་བོན་དབུས་གནས་པ། །ཱ་ལིས་ས་བོན་གཟུང་བར་བྱ་ཞེས་པ་སྟེ། དེ་ལ་ནང་གི་གསང་བའི་ས་བོན་ཞེས་པ་ནི་ཧཱུཾ་ངོ། །ཕྱོགས་ཀུན་ནས་ནི་ཐལ ་སྦྱོར་ཏེ་ཞེས་པ་ནི་ཕྱོགས་བཅུ་ན་གནས་པའི་རྣལ་འབྱོར་བ་དང། རྣལ་འབྱོར་མའི་དྲ་བ་ལ་བསྟོད་པ་དང། མཆོད་པ་ལ་སོགས་པས་བསྟོད་ནས་སྨོན་ལམ་གདག་པར་བྱའོ་ཞེས་པའོ། །ཀྱེ་མའོ་ཆོས་ཀྱི་མཆོག་གི་ལམ་ཞེས་པ་ལ་སོགས་པ་ནི་དོན་གོ་སླའོ། །ཡི ་གོ་གཉིས་འགྱུར་ཐིག་པ་དང། ཞེས་པ་ལ་སོགས་པ་ནི་གོང་དུ་བཤད་ཟིན་པའི་ཕྱིར་ནི་འདིར་མི་འགྲེལ་བའོ། །རྡོ་རྗེ་སློབ་དཔོན་དཔལ་དགེ་བའི་གོ་ཆས་མཛད་པ་དཔལ་གདན་བཞི་པ་གཟིགས་པ་ལས་སྦྱོར་བའི་གདན་གྱི་རྣམ་པར་བཤད་པ་རྫོགས་སོ།། །།དེ ་དག་གདན་གསུམ་ནི་སྒྲུབ་པ་བོ་དགེ་བའི་གོ་ཆས་སེམས་ཅན་ལ་ཐུགས་རྗེ་དགོངས་ནས་མཛད་དེ། གདན་འདི་ནི་གླེང་གཞིའི་ནང་ན་མཁའ་འགྲོ་མ་རྣམས་ཀྱིས་མ་གནང་དོ་ཞེས་ཀྱང་ཟེར། ཊཱི་ཀ་མཛད་པའི་ཐད་ཀ་ནས་མཁའ་འགྲོ་མ་དང་ཞལ་མཇལ་ནས་གྲུབ་སྟེ་མི་སྣང ་བར་སོང་ངོ། །ཞེས་ཀྱང་ཟེར། ཕྱི་ནས་རྒྱ་གར་གྱི་མཁན་པོ་སྨྲི་ཏི་ཛྙ་ན་ཀཱི་རྟིས་བླ་མའི་རྒྱུད་ལས་ཐོས་པ་ཇི་བཞིན་དུ་དེ་ལྟར་གདན་བཞི་པའི་གདན་ཕྱི་མའི་ཊཱི་ཀཱ་འདི་བརྩམས་སོ། །དེ་ནས་ཐུགས་རྗེ་ཆེན་པོས་སྐྱེ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཕྱག་ན་རྡོ་རྗེ ་ལ་བསྐུལ་བ། ཉོན་ཅིག་རྡོ་རྗེ་ཇི་ལྟར་ལམ་ཞེས་པ་ལ་སོགས་པ་གསང་བའི་གདན་གྱི་ལེའུ་དང་པོ་བརྩམས་སོ། །སློབ་དཔོན་ཡོན་ཏན་ཅི་འདྲ་དང་ཞེས་པ་ལ་སོགས་པ་ནི་ཕྱག་ན་རྡོ་རྗེ་སླར་ཞུས་བ་སྟེ། དེ་ལ་སློབ་དཔོན་ཡོན་ཏན་ཅི་འདྲ་ཞེས་པ་ནི། རྡོ་རྗེ་སློབ་དཔོན ་གྱི་ཡན་ལག་དང་ཉིད་ལག་ག་ཡོན་ཏན་ཅི་འདྲ་ཞེས་ཞུས་པའོ། །སློབ་དཔོན་ཇི་ལྟར་སྦྱར་བ་དང་ཞེས་པ་ནི། །སློབ་དཔོན་གྱི་ཡོན་ཏན་གང་དང་ལྡན་པ་ལ་བྱ་ཞེས་ཞུས་པའོ། །བླ་མ་ཞེས་བགྱི་ཇི་ལྟར་ལགས་ཤེས་པ་ནི་རྡོ་རྗེ་སློབ་དཔོན་བརྙས་པའི་སྡིག་པ ་དང། བསྟོད་པའི་བསོད་ནམས་ཇི་ལྟར་ཡིན་ཞེས་ཞུས་པའོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་རྡོ་རྗེ་སློབ་དཔོན་གྱི་ཡན་ལག་གི་ཡོན་ཏན་སྟོན་འདོད་པས་གསུངས་པ། ལག་ན་རྡོ་རྗེ་དེ་ཉིད་ཉེན་ཞེས་པ་ལ་སོགས་པ་སྟེ། དེ་ལ་བྱང་ཆུབ་རྫོགས ་པའི་མཚན་ཉིད་ཀུན་ཞེས་པ་ནི་རྡོ་རྗེ་སློབ་དཔོན་གྱི་ལུས་དངོས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཚན་ཉིད་དོ་ཞེས་པའི་དོན་ཏོ། ཡན་ལག་བྱང་ཆུབ་སེམས་དཔའ་སྟེ་ཞེས་པ་ནི་རྡོ་རྗེ་སློབ་དཔོན་གྱི་ཡན་ལག་བྱང་ཆུབ ་སེམས་དཔའ་ཨི་རང་བཞིན་ཡིན་ནོ་ཞེས་པའི་ཐ་ཚིག་གོ་།སྤྱི་གཙུག་དག་ཏུ་རིགས་ལྔ་སྟེ་ཞེས་པ་ནི་རྡོ་རྗེ་སློབ་དཔོན་གྱི་དབུ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ལྔས་དབུ་བརྒྱན་ནོ་ཞེས་བའི་དོན་ཏོ། །འཇིག་རྟེན་བ་ནི་རྐང་པའི་གདན་ཞེས་པ་ན་རྡོ་རྗེ ་སློབ་དཔོན་གྱི་རྐང་མཐིལ་གྱི་གདན་ནི་འཇིག་རྟེན་གྱི་ལྷ་ཆེན་པོ་ལ་སོགས་པའི་དངོས་པོ་ཞེས་པའི་ཐ་ཚིག་གོ། འོད་ཟེར་གནོད་སྦྱིན་གསང་ལ་སོགས་ཞེས་པ་ནི། རྡོ་རྗེ་སློབ་དཔོན་གྱི་གསང་བའི་རིས་གནོད་སྦྱིན་ལ་སོགས་པའི་རང་བཞིན་ནོ་ཞེས་པའོ། །ཡེ ་ཤེས་ཅན་གྱི་ཤེས་བྱའི་རྟགས་ཞེས་པ་ནི་རྡོ་རྗེ་སློབ་དཔོན་གྱི་ཡོན་ཏན་དེ་འདྲ་བ་ཡེ་ཤེས་ཅན་སློབ་མས་ཤེས་པར་བྱའོ། །ད་ནི་སློབ་དཔོན་ཇི་ལྟར་སྦྱོར་བ་དང་ཞེས་པའི་ལན་བཤད་འདོད་པས་གསུངས་པ་དུལ་ཞིང་ཞི་བའི་ཆ་བྱད་ཀྱིས་ཞེས་པ་ལ ་སོགས་བ་སྟེ། དེ་ལ་དུལ་ཞིང་ནི་ལུས་དགག་སྒོ་ནས་སོ། །ཞི་བའི་ཆ་བྱད་ཅེས་པས་ནི། ཁྲོ་བོའི་ཚུལ་མེད་པའོ། །སྙིང་རྗེ་ཕན་པའི་སེམས་ཀྱེས་ན་སེམས་ཅན་སྡུག་བསྔལ་དང་བྲལ་བར་བྱའོ་ཞེས་པའོ། །ཕན་པའི་སེམས་ཀྱིས་ཤེས་པ་ཕྱི་ནས ་སེམས་ཅན་ཀུན་སྡུག་བསྔལ་ཀུན་དང་བྲལ་བར་བྱའོ་ཞེས་པའི་ཤེས་རབ་བོ། །དེ་ཁོ་ན་བཅུ་ཡོངས་སུ་ཤེས་ན་ཞེས་བའི་རྡོ་རྗེའི་དེ་ཁོ་ན་ཉིད་དང། དྲིལ་བུའི་དེ་ཁོ་ན་ཉིད་དང། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དང། ལྷའི་དེ་ཁོ་ན་ཉིད་དང། དཀྱིལ་འཁོར ་གྱི་དེ་ཁོ་ན་ཉིད་དང། སྦྱིན་སྲེག་གི་དེ་ཁོ་ན་ཉིད་དང། སྔགས་ཀྱི་དེ་ཁོ་ན་ཉིད་དང། རྡུལ་མཚོན་གྱི་དེ་ཁོ་ན་ཉིད་དང། གཏོར་མའི་དེ་ཁོ་ན་ཉིད་དང། དབང་བསྐུར་བའི་དེ་ཁོ་ན་ཉིད་དང། བཅུ་པོ་རྣམས་སོ། །ད་ནི་བླ་མ་ཞེས་བགྱི་ག་ཇི་ལྟར་ལཊ ་ཞེས་པའི་ལན། བླ་མ་ལ་བཀུར་བའི་དོན་བསྟན་པར་གསུངས་པ། གཞན་ཡང་ཉོན་ཅིག་དེ་ཁོ་ན་ཞེས་པ་ལ་སོགས་པ་སྟེ། དེ་ལ་སློབ་མས་སྤྱོད་པའི་ལས་རྣམ་ནི་ཞེས་པ་ནི་སློབ་མས་སློབ་དཔོན་ལ་བྱར་མི་རུང་བ་རྣམས་སོ། །གསང་བ་ཞེས་པ་ནི་ཐབས་དང་ཤེས ་རབ་སྦྱོར་བའོ། །དམ་ཚིག་ཚུལ་ཞེས་པ་ནི་དམ་ཚིག་གི་སྡོམ་པའོ། །རྣལ་འབྱོར་གཏོར་མ་ཞེས་པ་ནི་མཁའ་འགྲོ་མའི་གཏོར་མའོ། །གསང་བ་ལ་སོགས་པ་ནི་བདུད་རྩི་ལྔ་དང་ལྕགས་ཀྱུ་ལྔ་ལ་སོགས་པའི་མཆེད་པའོ། །མྱུར་དུ་མནར་མེད་ལྟུང་བར་འགྱུར ་ཞེས་པ་ནི་དེ་དག་ལ་སུན་དབྱུང་བའི་སློབ་མ་ནི་ཚ་བའི་དམྱལ་བ་མ་ནར་མེད་པར་སྐྱེ་བར་འགྱུར་རོ་ཞེས་པའོ། །མ་ལ་དང་ལྷ་མ་དང་སྟན་རྣམས་དང་ཞེས་པ་ནི་སློབ་དཔོན་གྱི་མལ་ལ་སོགས་པ་ལ་འགོམ་པ་དང། སློབ་དཔོན་གྱི་མིག་མི་ཉན་པ་ནི་ཚེ་འདིར་ནོར་མེད ་ཅིང་དཔལ་ཡང་མེད་པར་བདུད་དང་བགེགས་ཀྱིས་བརྩེ་བར་འགྱུར་རོ་ཞེས་པའོ། །གལ་ཏེ་གྲིབ་མ་འགོམས་འདས་ན། །མཆོད་རྟེན་བཤིག་པ་བྱས་པ་དང་འདྲ་ཞེས་པ་ནི། རྡོ་རྗེ་སློབ་དཔོན་གྱི་གྲིབ་མ་འགོམ་པ་ནི་མཆོད་རྟེན་བཤིག་པའི་ལས་མཚམས ་མེད་པ་ལྔ་དང་ཉེ་བའི་ལས་ཡིན་པས། མནར་མེད་པའི་དམྱལ་བར་སྐྱེ་བར་འགྱུར་རོ་ཞེས་པའི་དོན་ཏོ། །མཚམས་མེད་པའི་ལས་ནི་མནར་མེད་པའི་དམྱལ་བ་ཁོ་ནར་སྐྱེ་བའི་ཕྱིར་རོ། །དེ་བས་ན་མི་བྱའོ་ཞེས་གསུངས་པ། རྡོ་རྗེ་སློབ་དཔོན་སྨོད་རྣམས་ནི་ཞེས ་པ་ལ་སོགས་པའོ། །དམད་དུ་མི་རུང་བ་ཅིའི་ཕྱིར་ཞེ་ན་གསུངས་པ། སྔགས་དང་ཕྱག་རྒྱ་སྦྱོར་ལ་སོགས། །དེ་ཡི་ལམ་གྱིས་འགྲུབ་ཕྱིར་རོ་ཞེས་པ་སྟེ། སློབ་དཔོན་གྱི་བཀའ་ལུང་གི་བྱང་ཆུབ་ཀྱི་རྒྱུར་འགྱུར་བའི་ཕྱག་རྒྱ་དང་སྔགས་ལ་སོགས་པ ་ཐོབ་པའི་ཕྱིར་རོ། །ད་ནི་སློབ་མ་གཟུང་བ་ལ་དང་པོ་བསླབ་པ་བྱིན་ནས་གཟུང་ཞེས་པ་ནི། དཀྱིལ་འཁོར་དང་ལ་སོགས་པའི་སྒྲ་ཡིས་དབང་བསྐུར་བ་དང། གཏོར་མ་རྣམས་བསྟན་ནས་སློབ་མ་གཟུང་བར་བྱའོ། ཞེས་དབང་བསྐུར་བའི་ཁྱད་པར་དེ ་ཁོ་ན་བཤད་འདོད་པས་གསུངས་པ། གོང་དུ་ཡི་གེ་གཅིག་གིས་ན། །སངས་རྒྱས་ལྔ་རུ་བསྟན་པར་བྱ་ཞེས་པ་སྟེ། དེ་ལ་སངས་རྒྱས་ལྔ་ཡི་གེ་ཧཱུཾ་སྟེ་དབྱིག་པ་འཇིག་རྟེན་དབང་ཕྱུག་གོ་ཞེས་གསུངས་པའི་ཕྱིར་རོ། །དོན་ནི་འདི་ལྟ་སྟེ། ་སློབ་མ་དང་པོར་ཡིག་འབྲུ་གཅིག་ལ་སྙིང་པོ་ཧཱུཾ་བསྟན་ནས་དབང་བསྐུར་བར་བྱའོ་ཞེས་པའོ། །སྔགས་ཀྱི་དབང་དང་ལྡན་པ་ཡིས། །ཡི་གེ་བརྒྱད་དག་བསྒོམ་པར་བྱ་ཞེས་པ་ནི། དེ་ལ་ཡི་གེ་བརྒྱད་ནི་སུཾ་ཀྵུཾ་ཡུཾ་ཧཱུཾ། སྨྲཡུཾ་སྨྲཡུཾ་སྨྲཡུཾ་ཞེས་པའོ། །དོན་ནི་འདི་ལྟ་སྟེ ་སློབ་མ་ལ་ཡིག་འབྲུ་བརྒྱད་བཀོད་ནས། སྔགས་ཀྱི་དབང་བསྐུར་མ་ཐག་ཏུ་སྦྱི་བོ་ལ་སོགས་ཡན་ལག་བརྒྱད་ལ་ཡི་གེ་འབྲུ་བརྒྱད་སྒོམ་ཞིང་བསྟན་པར་བྱའོ་ཞེས་པའི་དོན་ཏོ། །གཉིས་མེད་གཏོར་མའི་དབང་བསྐུར་བ། དེ་ཡི་ཆོས་ཀྱང་ཤེས ་པར་འགྱུར། །ཞེས་པ་ནི་ཆོས་ཉིད་ཀྱི་དངོས་དང་དངོས་མེད་གཉིས་སུ་མེད་པའི་ཆོས་སློབ་མ་ལ་བསྟན་ནས་གཉིས་སུ་མེད་པའི་དབང་བསྐུར་བ་ཡིན་ནོ་ཞེས་པའི་དོན་ཏོ། །སྦྱོར་བའི་དབང་དང་ལྡན་བྱ་བ། །ཡེ་ཤེས་རྣམ་ཤེས་བསྟན་པ་ཡིན་ཞེས་སོ། །རྡོ་རྗེ ་སློབ་དཔོན་དབང་བསྐུར་བ། །ཞེས་པ་ལ་སོགས་པ་ནི་དེ་ལ་ཡེ་ཤེས་ནི་ཐབས་སྟེ་ལྷའོ། །རྣམ་ཤེས་ཏེ་ཤེས་རབ་སྟེ་ལྷ་མོའོ། །དེ་ཉིད་སྦྱོར་བའི་དོན་བསྟན་ནས་སྦྱོར་བའི་དབང་བསྐུར་བའོ། །དེ་ལྟར་ཡང་གསུངས་པ། ཐབས་དང་ཤེས་རབ་སྙོམས ་འཇུག་པ། །སྦྱོར་བ་ཞེས་སུ་གྲགས་པ་ཡིན་ཞེས་སོ། །དེ་ལ་གསང་བ་ནི་ལྔ་སྟེ། སྲོག་གཅོད་པ་དང་མ་བྱིན་བར་ལེན་པ་དང། འདོད་པས་ལོག་པར་གཡེམ་པ་དང། བརྫུན་སྨྲ་བ་དང། འདོད་ཆགས་ལ་སོགས་ཉོན་མོངས་པ་མ་སྤངས་པའོ། །དེ་ལ ་སྲོག་གཅོད་པ་ནི་ཉོན་མོངས་པ་སྤངས་པའོ། །མ་བྱིན་པར་ལེན་པ་ན་ཉིན་ཐོས་ལ་སོགས་པ་ལ་མ་བྱིན་པའི་དམ་རྫས་བླང་པའོ། །འདོད་པས་ལོག་པར་གཡེམ་པ་ནི། །དེ་བཞིན་གཤེགས་པ་ལ་མཆོད་པའི་ཕྱིར། དེ་བཞིན་གཤེགས་པ ་ལ་སོགས་པ་བསྒོམས་ནས་ཕྱིན་ཅི་ལོག་གི་འདོད་ཆགས་ལ་སོགས་པ་སྤྱོད་པའོ། །བརྫུན་དུ་སྨྲ་བ་ནི་ཡང་དག་པའི་དོན་བརྗོད་དུ་མི་ལང་བས་བསྔགས་བཟླས་པའི་བརྫུན་དུ་སྨྲའོ། །འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་མ་སྤངས་པ་ནི་ཡང་དག་པའི་འདོད ་ཆགས་ལ་སོགས་པ་དང་ལྡན་པའོ། །སོགས་ཤེས་པའི་སྒྲ་ནི་དཀྱིལ་འཁོར་དང་སྦྱིན་སྲེག་དང། མཆོད་པ་དང། གཏོར་མ་ལ་སོགས་པའོ། །དོན་ནི་འདི་ལྟ་སྟེ། སློབ་མ་གསང་པ་ལ་སོགས་པ་ཐམས་ཅད་བསྟན་པ་ནི་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར ་པར་འགྱུར་ཞེས་པའོ། །དང་པོར་བསླབ་གཞི་གཟུང་ནས་སུ་ཞེས་གསུངས་བ། དེ་ཇི་ལྟར་བྱ་ཞེས་ན་གསུངས་པ། དང་པོར་རེ་ཞིག་སློབ་མ་རྣམས། །བསླབ་པའི་དོན་དུ་གསོལ་བ་གདབ་ཅེས་པ་སྟེ། སློབ་མ་རྣམས་ཀྱི་སློབ་དཔོན་ལ་སློབ་མའི་དགའ་བ་གང་ཡིན ་པས་ཞུ་བར་བྱའོ་ཞེས་པའོ། །དེ་ལྟར་ཞུ་བར་བྱ་ཞེ་ན་གསུངས་པ། བླ་གོས་ཕྲག་པ་གཅིག་གཟར་ནས་ཞེས་པ་ལ་སོགས་པས་སོ། །སློབ་དཔོན་གྱིས་བསླབ་པ་ཇི་ལྟར་སྦྱིན་བར་བྱ་ཞེ་ན་གསུངས་པ། བླ་མ་སྟན་ལ་བཞུགས་ནས་སུ་ཞེས་པ་ལ ་སོགས་པ་སྟེ། གདན་ལ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སློབ་དཔོན་གྱིས་ཕྱག་གཡས་པས་པུས་མོ་ས་ལ་གཙུགས་པའི་སློབ་མའི་ཐལ་མོ་ལ་གཟུང་ནས་བསླབ་པ་སྦྱིན་ནོ་ཞེས་པའི་ཐ་ཚིག་གོ། སློབ་དཔོན་ལ་ས་ལ་པུས་མོ་གཙུགས་ཤིང་ཐལ ་མོ་སྦྱར་བའི་སློབ་མས་ཞུས་པའི་ཚིག་གང་ཡིན་ཞེ་ན། གསུངས་པ། སངས་རྒྱས་ཆོས་དང་དགེ་འདུན་དང། ཞེས་པ་ལ་སོགས་པ་དང་པོ་གཟུང་ནས། ཨོཾ་ཡོ་ག་ཤུདྡྷ(རྒྱུད་འགྲེལ་བདག་གིས་བསྒྲལ་ཞེས་པ་ནི་སྲིད་པའི་རྒྱ་མཚོ་ལ་ལྷུང་པའི་སེམས་ཅན་ཡང་དག་བའི་རིག་པ་དང་མི་ལྡན་པས། ངན་སོང་གསུམ་ནི་མ་བསྒྲལ་ཞེས་པའོ། །དེ་དག་ཡང་དག་པའི་ཆོས་ཀྱི་དོན་བསྟན་པ་དང། སྦྱན་རས་གཟིགས་ཀྱི་དབང ་ཕྱུག་བཞིན་དུ། དམྱལ་བ་ལ་སོགས་པ་ན་འགྲོ་སྟེ། ཆོས་སྟོན་ཞིང་ཡང་དག་པའི་རིགས་པ་དང་ལྡན་པར་བྱས་ནས་སྲིད་བའི་རྒྱ་མཚོ་ལས་དབྱུང་བར་བྱའོ་ཞེས་པའི་ཐ་ཚིག་།མེ་གྲོལ་བ་རྣམས་བདག་གིས་དགྲོལ་ཞེས་པ་ནི། །དམ ་སོང་ནས་ཡང་བྱུང་ནས་ཡང་བདག་དང་བདག་གིར་འཛིན་པ་རྣམས་ཀྱིས་སྲིད་བའི་འདོད་ཆགས་ལ་སོགས་པའི་བཅིང་བ་ལས་མ་གྲོལ་བ་ནི་ལྷ་དང་མིའོ། །དེ་དག་ཡང་ཆོས་ཐམས་ཅད་བདག་མེད་པའི་དོན་བསྟན་ནས་འདོད་ཆགས་ཀྱི་བཅིང་བ་དང། ཞེ ་སྡང་གི་བཅིང་བ་དང། གཏི་མུག་གི་བཅིང་བ་ལས་གྲོལ་བར་བྱ་ཞིང། མྱ་ངན་ལས་འདས་བར་བྱའོ་ཞེས་པའི་དོན་ཏོ། །དེ་ལྟར་རྗེས་སུ་བརྩེ་བའི་ཕྱིར་ཞེས་པ་ནི། དེ་ལྟ་བུའི་སྲིང་བའི་རྒྱ་མཚོ་ལ་ལྷུང་བའི་ངན་སོང་གསུམ་དང་མཐོ་རིས་གཉིས་ལ་བྱང ་ཆུབ་ཀྱི་བསད་པ་དང། །གསོང་དུ་འཇུག་པ་མ་ཡིན་པའི་སྒོ་ནས་གནོད་པར་མི་བྱ་སྟེ། །བརྩེ་ཞིང་གདུང་བར་བྱའོ་ཞེས་པའོ། །སློབ་མ་དེ་དག་ལ་གདན་ལ་བཞུགས་པའི་སློབ་དཔོན་གྱིས་སླར་ལན་བཏབ་པ་སྟོན་འདོད་པས་གསུངས་པ། །ལུས་ཀྱི་རྣམ ་པ་གསུམ་ཉིད་ནང། །ཞེས་པ་ལ་སོས་པ་ནས་ཇི་ལྟར་གསུངས་པའི་ཆོས་བསྟན་བྱ་ཞེས་བྱ་བའི་བར་དུ་སྟེ། དེ་ལ་ལུས་ཀྱི་རྣམས་པ་གསུམ་ཉིད་ནི་ཞེས་པ་ནི་སྲོག་གཅོད་པ་དང། མ་བྱིན་པར་ལེན་པ་དང། འདོད་པས་ལོག་པར་གཡེམ་པའོ། ། ་དག་གི་?་བ་རྣམ་བཞི་དང་ཞེས་པ་ནི་བརྫུན་དུ་སྨྲ་བ་དང། ཕྲ་མ་དང་ཚིག་རྩུབ་དང། །ཚིག་བརླང་པའོ། །ཡིད་ཀྱིས་ཀྱང་ནི་རྣམ་གསུམ་སྟེ་ཞེས་པ་ནི། བརྣབ་སེམས་དང། གནོད་སེམས་དང། ལོག་པར་ལྟ་པའོ། ལེགས་པར་བསྡམས་པས ་ལུས་བསྲུང་རོ་ཞེས་པ་ནི། །མི་དགེ་བ་བཅུ་ལས་ཁྱོད་ཀྱིས་ཕུང་པོ་གཟེམ་པར་བྱའོ་ཞེས་བྱའོ། །མཉམ་ཉིད་ཡེ་ཤེས་སེམས་ཀྱིས་སུ། །ཇི་ལྟར་གསུངས་པའི་ཆོས་བསྟན་བྱ། །ཞེས་པ་ནི་སློབ་མ་བདག་གཞན་མེད་པའི་སེམས་བསྐྱེད་ན་རྣམ་པར ་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྟན་པར་བྱའོ། །དེ་ལྟར་ཆོས་བསྟན་པའི་འོག་ཏུ་བསླབ་པ་ཇི་ལྟར་སྦྱིན་པར་བྱ་ཞེ་ན། གསུངས་པ། དེ་ནས་གོས་ཀྱི་མིག་བཀབ་ཅིང་ཞེས་པ་ལ་སོགས་པའོ། །དེ་ལ་གཏོར་མའི་ས་རུ་ཞེས་པ་ནི་ཕྱི་ནང་གི ་སྒོའི་བར་གྱི་སའོ། །སློབ་དཔོན་ལ་སློབ་མས་བསླབ་པ་ཇི་ལྟར་སྦྱིན་པའི་མདུན་དུ་ཡང་ཕྱག་འཚལ་བའི་ཚིག་གསུངས་པ། །སངས་རྒྱས་ཐམས་ཅད་ཀྱི་དངོས་ཀྱི་སྐུ་ཞེས་པ་ལ་སོགས་པའོ། །དེ་ནས་སློབ་དཔོན་གྱིས་སློབ་མ་ལ་སྨོན་ལམ་བཏབ་པའི ་དོན་འདོད་པས་གསུངས་པ། སློབ་མ་ཤེས་པ་དོན་དམ་སྨྲ་བའི་སེང་གེ་ཡིས། །ཉོན་མོངས་སྲིད་པ་ཉེས་པ་བསྐྱེད་པའི་ས་གཞོམ་དང། །རྣལ་འབྱོར་ཆོགས་ཉོན་མོངས་གཡོས་པ་གཅོད་པའི་ཕྱིར། །རྣལ་འབྱོར་དོན་དམ་རྒྱལ་པོ་དེ་ཉིད་འགྲུབ་གྱུར ་ཅིག་ཅེས་དེ་ཤེས་བྱའི་ཆོས་ལ་དོན་དམ་པའི་ཚིག་གིས་བརྗོད་ནས་སེང་གེ་བཞིན་དུ་རྟོགས་པ་དང་བྲལ་ནས་སྲིད་པའི་རྒྱུར་གྱུར་པ་ཉོན་མོངས་པ་གཅོད་པའི་དོན་དུ་རྣལ་འབྱོར་ཆོ་ག་དང། རྣལ་འབྱོར་གྱི་དོན་དམ་པ་རྒྱལ་པོ་དེ་ཉིད་སློབ་མ་ལ་གྲུབ ་པར་ཤོད་ཅིག་ཅེས་པའོ། །དེ་ལྟར་སྨོན་ལམ་བཏབ་པའི་འོག་ཏུ་སློབ་མའི་ལུས་ངག་ཡིད་ལ་ཡི་གེ་བཀོད་པ་གསུངས་པ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག་ཅེས་པ་ལ་སོགས་པ་སྟེ། དེ་ལ་ཡེ་ཤེས་རྡོ་རྗེར་པྱིན་གྱིས་བརླབ་པ་ཞེས་པ་ནི་སློབ ་མའི་ལུས་ངག་ཡིད་ལས། ཨོཾ་ཨཱ(རྒྱུད་འགྲེལ་སྦྱིན་པར་བྱ་ཞེས་པ་ནི། ཡི་གེ་བཀོད་ཟིན་མ་ཐག་ཏུ་བདུད་རྩི་ལྔ་དང། ལྕགས་ཀྱུ་ལྔ་དང་ལྡན་པའི་དམ་ཚིག་བདུད་རྩིའི་འོད་ཁ་ལ་བླུད་ནས་སྦྱིན་པར་བྱའོ། །བདུད་རྩི་ཅི་འདྲ་བ་ཡིན་ཞེ་ན་གསུངས་པ། ཧ་ཞེས་པ་ཡིས་ཁ་དོག་འཕྲོག་ཅེས་པ་ལ ་སོགས་པ་སྟེ་དོན་བཤད་ཟིན་ཏོ། །དམ་ཚིག་ཕོག་ཟིན་མ་ཐག་ཏུ་གདོད་གཡོགས་དཀྲོལ་ནས་སློབ་མ་བརྐྱང་ཕྱག་བྱའོ་ཞེས་གསུངས་པ། དེས་ནི་མིག་གྲོལ་མཐོང་མ་ཐག་།ཐམས་ཅད་ཡན་ལག་ལྔས་ཕྱག་བྱ་ཞེས་པ་ལ་སོགས ་པ་སྟེ། དེ་ལ་སྦྱོར་བའི་གདན་ལ་དབུལ་བར་བྱ་ཞེས་པ་ནི་མེ་ཏོག་གི་ཕྲེང་བ་ལག་པར་གཟུད་ནས་དཀྱིལ་འཁོར་གྱི་སྟེང་དུ་གཏོར་ལ་ཕྱག་བྱའོ་ཞེས་པའོ། །དེ་ཁོ་ནའི་དོན་གསུངས་པ་དེ་ནས་བརྟག་པར་བྱ་བ་ཡང་ཇི་ལྟར་བརྟགས་ནི་བསྟན་པར་བྱ་ཞེས་པ་ནི། ་གོང་དུ་དཀྱིལ་འཁོར་གྱི་སྟེང་ན་གཏོར་མའི་མེ་ཏོག་གི་ཕྲེང་བ་ཕྱོགས་གར་ལྷུང་བ་སློབ་དཔོན་གྱིས་མཚན་མ་གཟུང་བར་བྱའོ་ཞེས་པའོ། །དཀྱིལ་འཁོར་ལ་མེ་ཏོག་གང་ཡང་རུང་བ་ལ་ལྷུང་བའི་ལྷ་དེ་ནི་སློབ་མ་ལ་ཡི་དམ་གྱི་ལྷར་སྦྱིན་པར་བྱའོ་ཞེས་སྟོན་པས། ་གསུངས་པ། ཇི་ལྟར་ལུས་དང་ལྡན་པ་ནི། །མཁས་པ་ཡི་ནི་སྦྱིན་པར་བྱ་ཞེས་པའོ། །དེ་ལ་ལུས་དང་ལྡན་པ་ནི་ཞེས་པ་ནི་སློབ་མའི་ལུས་དང། མེ་ཏོག་གི་མཚན་མའི་ལྷ་དང་སྦྱོར་བར་བྱའོ། ཞེས་པའོ། །མཁས་པ་ཡིས་ཞེས་པ་ནི་སློབ་དཔོན་ནོ། །དེ་ནས་བསླབ ་པའི་ཚིག་ལས་མི་འབྱུང་བ་གང་དག་ཚིག་སྟེ། འགལ་བ་ཐམས་ཅད་སློབ་དཔོན་རང་གི་ཡིད་ཀྱིས་བརྟགས་ནས་བྱ་སྟེ། སློབ་མ་ལ་སྨྲ་བར་བྱའོ་ཞེས་པའི་ཐ་ཚིག་གོ་།ཡང་བསླབ་པ་སྦྱིན་པའི་སྔོན་དུ་མཁའ་འགྲོ་མ་དང། སློབ་དཔོན་ལ་སློབ་མས་རང་རང ་གི་ལུས་དབུལ་བའི་ཚིག་གསུངས་པ། བླ་མའི་ཞབས་ཀྱིས་དྲུང་དུ་ནི་ཞེས་པ་ལ་སོགས་པ་དང་པོ་ནས། ཨོཾ་ས་ཀ་ལ་སཏྭ་པ་རི་ཏྲ་ནཱ་ཡཱ། ཨཱཏྨ་ནཾ་ནི་རྱ་ཏ་ཡཱ། མི་ཞེས་པའི་བར་དུའོ། །གོང་དུ་བསླབ་སོགས་སྦྱིན་པར་བྱ་ཞེས་པའི་བསླབ་པའི་ཚིག་ནི་གང ་ཞེ་ན། བརྒྱལ་ཁྲོ་བ་མེད་བྱ་ཞིང་ཞེས་པ་ལ་སོགས་པ་དང་པོ་གཟུང་ནས། ཨ་ཨ་ཨོཾ་ཨཱ(རྒྱུད་འགྲེལ་དམ་ཚིག་བྱིན་ནས་དབང་བསྐུར་བའི་འོག་ཏུ་སློབ་མ་ལ་ས་བོན་བཀོད་པ་གསུངས་པ། རྡོ་རྗེ་ཕྱག་རྒྱ་སོགས་ལྡན་པས། །ཡན་ལག་དྲུག་ཏུ་ས་བོན་དགོང་ཅེས་པ་སྟེ། དེ་ལ་རྡོ་རྗེ་ཕྱག་རྒྱ་ནི་ཞེས་པ་ནི་རྡོ་རྗེ་རྩེ་ལྔའོ། །དེ་ལྟར་ཡང་ནི་པ་ཀི་ལས་གསུངས་པ ་ཡེ་ཤེས་པདྨ་དང་སྦྱར་ཏེ། །ས་ཡི་དུགས་དང་རྣམ་ཤེས་སྦྱོར། །གཉི་ག་ལུ་གུ་རྒྱུད་བཅིངས་ཏེ། །ལྷག་མ་རྣམས་ཀྱི་གྱེན་དུ་བསྒྲེང། །དུད་པ་དྲི་མ་གསུམ་སྤངས་ཏེ། །རྩེ་ལྔ་རྡོ་རྗེ་འཛིན་ཅེས་སོ། །ཡན་ལག་དྲུག་དུ་ས་བོན་དགོད་ཅེས་པ་ནི། དེ་ལ ་ཡན་ལག་དྲུག་ཅེས་པ་ནི། །སྤྱི་བོ་དང། མིག་དང། རྣ་བ་དང། སྣ་དང། ལྕེ་དང། སྙིང་གའོ། །ས་བོན་ཞེས་པ་ནི་ཀྵུཾ་དང། ཧཱུཾ་དང། ཡུཾ་དང། སུཾ་དང། ཧཱུཾ་ངོ། །དོན་ནི་འདི་ལྟ་སྟེ། རྡོ་རྗེ་སློབ་དཔོན་གྱིས་རྩེ་ལྔ་པའི་ཕྱག་རྒྱ་བཅས་ནས་སློབ་མའི་སྤྱི་བོ ་ལ་སོགས་པ་ལ་རེག་ནས་ཡི་གེ་ཀྵཱུཾ་ལ་སོགས་པ་བརྗོད་ནས་བཀོད་བར་བྱའོ་ཞེས་པའོ། །ཡི་གེ་ལྔ་དྲུག་ཏུ་བྱས་པ་ནི་རྣ་བ་དང་སྣལ་ཡི་གེ་ཡུཾ་ཁོ་ན་བཀོད་པས་དྲུག་གོ་།གཞན་ཡང་ཆོས་རྣམས་ཐམས་ཅད་ལ། །བྱང་ཆུབ་རྫོགས་པའི་རིམ་པ་བསྟན་ཞེས ་པ་ནི། དབང་བསྐུར་བ་དང། ཡིག་འབྲུ་བཀོད་པ་ལས་གཞན་ལུང་དང་མན་ངག་གི་ཆོས་དང་གཞན་ཡང་ལྷའི་དེ་ཁོ་ན་ཉིད་དང། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ་སོགས་པ་ཡང་དག་པའི་བྱང་ཆུབ་ཀྱི་རྒྱུ་སྟོན་པར་བྱའོ་ཞེས་པའོ། །དབང་བསྐུར་ཟིན་མ་ཐག་ཏུ་ཡོན ་དབུལ་བའི་དོན་གསུངས་པ། དེ་ནས་རྟག་ཏུ་སློབ་དཔོན་ལ་ཞེས་པ་ནས། བླ་མའི་ཡོན་དུ་དཔུལ་བར་བྱ་ཞེས་པའི་བར་དུའོ། །གོང་གི་བྱང་ཆུབ་རྫོགས་པའི་རིམ་པ་བསྟན་ཅེས་པའི་ཚིག་གི་བྱང་ཆུབ་རྫོགས་པའི་རིམ་པ་གང་ཡིན་པ་དེ་ཡིས་ཀྱི་ཚོགས་ཀྱི་སྒོ་ནས ་གསུངས་པ། ཆོས་ཀྱི་རང་བཞིན་དག་པ་རང་བཞིན་དེ་ནི་ངོ་བོ་མེད། དངོས་པོ་རང་བཞིན་ཡང་མེད་དེ། བྱང་ཆུབ་རྫོགས་པའི་རིམ་པ་བསྟན་ཅེས་པ་སྟེ། དེ་ལ་རང་བཞིན་དེ་ནི་ངོ་བོ་མེད་ཅེས་པ་ནི་ཆོས་ཉིད་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ན། དངོས་སུ་མི་འགྱུར ་ཏེ་བསམ་པ་ལས་འདས་པའི་ཕྱིར་རོ། །ངོ་བོ་རང་བཞིན་ཡང་མེད་དེ་ཞེས་པ་ནི་དམིགས་པའི་ཆོས་རྣམས་ངོ་བོ་ཡང་སྟོང་པ་ཉིད་ཀྱི་རང་བཞིན་ཏེ་ཞེས་ཏེ། རྟེན་ཅིང་འབྲེལ་བ་ལས་འབྱུང་བའི་ཕྱིར་རོ། །དེས་ན་ངོ་བོ་དང་རང་བཞིན་ནི་དབྱེར་མེད་ལས ་བསྟན་ཏེ། རྟེན་ཅིང་འབྲེལ་བའི་ཆོས་དང་སྟོང་པ་ཉིད་ཐ་མི་དང་པའི་ཕྱིར་རོ། །དེ་ལྟར་ཡང་ཀླུ་གྲུབ་ཞབས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྟོད་པ་ལས་གསུངས་པ། ངོ་བོ་ལས་གཞན་སྟོང་པ་མིན། །སྟོང་པ་ལ་ཡང་ངོ་བོ་མེད། །དེས་ན་རྟེན་ཅིང་འབྲེལ་པ ་སྟོང་ཉིད། ལྷ་ཁྱོད་ཀྱིས་ནི་བསྟན་པའོ། །ཞེས་པའོ། །ཡང་དང་ཡང་དུ་གཞན་ཡང་བྱང་ཆུབ་རྫོགས་པའི་རིམ་པ་བསོད་ནམས་ཀྱི་ཚོགས་ཀྱི་སྒོ་ནས་གསུངས་པ། སྔོན་དུ་བཟོད་པའི་ཚུལ་གྱིས་ནི། ཞེས་པ་ལ་སོགས་པ་སྟེ། དེ་ལ་ཀུན་མཁྱེན་སློབ་མ་ཞེས་པ ་ནི་ཕྱི་ནང་གི་དོན་བསྟན་ཟིན་པར་སློབ་མ་ནི་ཀུན་མཁྱེན་ཞེས་བྱའོ། མཉམ་ཉིད་ཡེ་ཤེས་བསྐྱེད་ནས་ནི། ཐམས་ཅད་མཉམ་པར་ལྟ་བར་བྱའོ་ཞེས་བ་ནི་དངོས་པོ་ངང་དངོས་པོ་མེད་པའི་སེམས་བསྐྱེད་ནས། སེམས་ཅན་ཀུན་མཉམ་པོར་བལྟའོ་ཞེས་པའོ། ། ་རྟག་ཏུ་མཉམ་པར་སྤྱོད་པ་ཡི། །སྦྱོར་བའི་བསམ་གཏན་མཆོག་ཏུ་བརྩོན། །ཞེས་པ་ནི་ཡོད་མེད་དམིགས་པར་སྦྱོར་བའི་ཏིང་ངེ་འཛིན་བསྒོམ་པར་བྱའོ་ཞེས་པའི་ཐ་ཚིག་གོ་།དེ་ཁོ་ནའི་དབེ་བསྟན་པ། སེམས་ཅན་སྦྱིན་ལ་སྲེད་པའི་གཞི། །ཚོད་བཞིན ་འབྲས་བུ་འཕེལ་བ་ཡིས། །དེ་ཡི་མྱུ་གུ་ལྗོན་ཤིང་གིས། །འགྲོ་བའི་ལམ་ནི་འགག་པར་འགྱུར་ཞེས་པ་སྟེ་རྣལ་འབྱོར་པས་སྦྱིན་པ་ལ་སོགས་པ་དམིགས་པའི་ཚུལ་གྱིས་བྱས་ན་ཚོང་བཞིན་དུ་འཕེལ་ནས་ཚེ་ཕྱི་མ་ལ་འབྲས་བུར་འགྱུར་རོ། །འབྲས་བུ ་དེ་སྲིད་པའི་དངོས་པོ་ཡིན་པས་མྱ་ངན་ལས་འདས་པའི་འགྲོ་བའི་ལྗོན་ཤིང་བཞིན་དུ་འགག་པར་འགྱུར་རོ་ཞེས་པའི་དོན་ཏོ། །འབྲས་བུ་དེ་ཁོ་ན་གང་ཞེ་ན་གསུངས་པ། མཐོ་རིས་ལོངས་སྤྱོད་འདོད་ཕྱི་རུ་ཞེས་པ་ལ་སོགས་པ་སྟེ། དམིགས་པའི་ཚུལ ་གྱིས་བསོད་ནམས་ཀྱིས་ནི་མཐོ་རིས་ལྷ་དང་མིར་སྐྱེས་ནས་ལོངས་སྤྱོད་པ་དེ་ནི་སྲིད་པ་ལ་ལྟུང་བ་ཡིན་ནོ་ཞེས་པའི་ཐ་ཚིག་གོ་།དེའི་ཕྱིར་ན་རྣལ་འབྱོར་པས་གཉིས་སུ་མེད་པའི་དོན་བསྒོམས་པ་སྤངས་ནས་མཆོད་རྟེན་བསྐོར་བ་ལ་སོགས་པའི་དམིགས་པའི་ལས ་ཀུན་མི་བྱའོ་ཞེས་སྟོན་འདོད་པས་གསུངས་པ། མཆོད་རྟེན་ལས་ནི་མི་བྱ་ཞིང་ཞེས་པ་ལ་སོགས་པའོ། །ཅིའི་ཕྱིར་ཞེ་ན། གཙུག་ལག་རྣམས་ནི་རྙེད་སླ་སྟེ། འདི་ཡི་ལུང་ནི་ཐོས་པ་དཀའ་ཞེས་པ་ལ་སོགས་པ་སྟེ། ཕྱིའི་གཙུག་ལག་རྣམས་ཐོས་པ་དང ་ཤེས་པར་བྱ་བ་ནི་སླའོ། །གཉིས་སུ་མེད་པའི་དོན་མན་ངག་དུ་གྱུར་པ་ནི་སློབ་དཔོན་གྱི་ཞལ་ནས་མ་ཡིན་པ་གཞན་ནས་རྙེད་པར་དཀའ་བས་དེ་ཁོ་ན་བསྒོམ་པར་བྱའོ་ཞེས་པའི་ཐ་ཚཾ་གོ། །བདག་ཉིད་ལྷ་ནི་མཆོག་ཡིན་ནོ་ཞེས་པ་ནི། གཞན་སྐུ་གཟུགས་ལ་སོགས ་པའི་ལྷ་དང། རང་གི་སྙིང་གར་བསྒོམས་པའི་ཡེ་ཤེས་སེམས་པའི་ལྷ་གཙོར་གྱུར་པས་ན་བསྒོམ་པ་ཁོ་ན་བསྔགས་པའོ། །དེ་བས་ན་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་པ། ལུས་ལ་ཚང་མ་སེམས་ཡིན་ནོ་ཞེས་པའོ། །འོ་ན་ཕྱིའི་གཟུགས་བརྙན་དང། ་མཆོད་རྟེན་ལ་སོགས་པ་ཇི་ལྟར་ཡིན་ཞེ་ན་གསུངས་པ། བདག་ཉིད་གཟུགས་སུ་མི་ཤེས་པས། །གཟུགས་བརྙན་ལ་སོགས་པ་བརྟག་པར་བྱ་ཞེས་པའོ། །པཎྜི་ཏ་སྨྲི་ཏི་ཛྙཱ་ན་ཀཱིར་ཏིས་མཛད་པའི་དཔལ་ལྡན་གདན་བཞི་པ་གཟིགས་པ་ལས། གསང ་བའི་གདན་གྱི་ལེའུ་དང་པོའི་རྣམ་པར་བཤད་པ་རྫོགས་སོ།། །།ད་ནི་སློབ་དཔོན་ལུང་ནས་སྟོན་འདོད་པའི་བར་བྱའོ་ཞེས་པ་ཚིག་གི་དོན་སྟོན་འདོད་པས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་དེ་ལ་འབྱོར་པ་རྙེད་དཀའ་བ་ཞེས་པ་ལ་སོགས ་བས་གསང་བའི་གདན་ལེའུ་གཉིས་པ་ལ་སེམས་ཀྱིས་བསྒྲུབ་པ་བརྩམས་སོ། །དེ་ལ་རང་དོན་སྤྱོད་པའི་སྔགས་པ་རྣམས། །དེ་བཞིན་ཉིད་མེད་སྲིད་པར་འཁོར་ཞེས་པ་ནི། རང་གི་དོན་དུ་དམིགས་ནས་སྦྱིན་པ་ལ་སོགས་པ་གཏོང་པའི་རྣལ་འབྱོར་པ་དང། གཉིས་སུ ་མེད་པའི་དོན་སྟོང་པ་ཉིད་དེ་ཁོ་ན་ཉིད་མི་ཤེས་པ་ནི་མངོན་པར་རྟོགས་པ་དང་ལྡན་ན་ཡང་སྲིད་བས་འཁོར་རོ། །ཞེས་པའི་ཐེ་ཚིག་གོ། དེ་ནས་དེ་བཞིན་གཤེགས་པའི་དོན་ལ་ཐེ་ཚོམ་ཟོས་པ་ཕྱག་ན་རྡོ་རྗེས་ཞུས་པ། ཡ་མཚན་ཅན ་གྱི་ལུས་ངག་པ་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཡ་མཚན་ཅན་གྱི་ལུས་ངག་ལ་ཞེས་པ་ནི་གཉིས་སུ་མེད་པའི་སྟོང་པ་ཉིད་ཀྱི་རང་བཞིན་ལ་ཕུང་པོར་སྣང་བའི་ནི་ཡ་མཚན་ནོ། །དེ་ཁོ་ན་བཤད་པ་ཆོས་ཉིད་འདི་དག་བསྟན་པ་ཡིན་ཞེས་པ་སྟེ། ཆོས་ཉིད་གཉིས་སུ ་མེད་པ་སྟོང་པ་ཉིད་ལས་འདི་དག་ཕུང་པོ་དང་ཁམས་དང་སྐྱེ་མཆེད་བསྟན་པའོ། །དེ་འདྲ་བའི་ལུས་དེ་ཁོ་ན་ལ་ཚད་མར་གྱུར་པ་གང་ཡིན་ཞེས་ཡང་ཞུས་པ། གང་གིས་ཚང་མར་སྦྱོར་བ་དང་ཞེས་པ་ལ་སོགས་པའོ། །དེ་ལ་དོན་བསྡུས་པའི་སྒོ་ནས་ལན ་གསུངས་པ། ཉོན་ཅིག་ཇི་ལྟར་རྡོ་རྗེ་མཚན་ཞེས་པ་ལ་སོགས་པ་སྟེ། དེ་ལ་ལུས་ལ་ཚད་མ་སེམས་ཡིན་ཏེ་ཞེས་པ་ཁམས་གསུམ་གྱི་སེམས་ཅན་གྱི་ཕུང་པོ་ལྔའི་སང་མ་ནི་སེམས་ཡི་ནོ་ཞེས་པའི་ཐ་ཚིག་གོ། གང་གིས་ཚད་མ་རྣམས་ཞེས་པ་ལ ་སོགས་པ་ནི་ཞུས་པའི་ལན་གསུངས་པ། བདག་གི་ཁམས་ལ་བདུད་རྩི་ཡིས། །གཏོར་མའི་ལས་རྣམས་གསུངས་པ་ཡིན། ཞེས་པ་སྟེ། འོག་ནས་འབྱུང་བའི་བདུད་རྩིའི་ཚོགས་བདག་གིས་ལུས་ཀྱི་ལྷ་རྣམས་ཚིམ་དཔར་བྱ་བ་ནི་གཏོར་མའི་ཚད་མ་ཞེས ་པའི་ཐ་ཚིག་གོ། ཆུ་དང་མེ་ཞེས་པ་ལ་སོགས་པ་ཞུས་པའི་ལན་གསུངས་པ། དཀྱིལ་འཁོར་མེ་དང་ཆུ་དག་དང་ཞེས་པ་སྟེ། ཆུ་ལ་སོགས་པ་འབྱུང་བ་ཆེན་པོ་བཞི་ལུས་ཚད་མར་གྱུར་པ་ནི་དཀྱིལ་འཁོར་ཡིན་ནོ་ཞེས་གསུངས་པའོ། །སྔགས་དང་ཕྱག་རྒྱའི ་ཚད་མ་ཞེས་པའོ། །འདི་ལ་འགྲོ་བ་ཞེས་པ་ལ་སོགས་པ་ཞུས་པའི་ལན་གསུངས་པ། འབྲས་བུ་ཐོབ་པའི་རྣལ་འབྱོར་པ། །སྲིད་པའི་རྒྱ་མཚོར་ལྟུང་བར་འགྱུར་ཞེས་པ་སྟེ། གང་ཞིག་ལ་བརྟེན་ནས་བསྒོམ་པར་བྱས་ན། རྣལ་འབྱོར་པའི་སྲིད་པའི་འབྲས་བུར ་འགྱུར་ཏེ། དེས་མྱ་ངན་ལས་འདས་པར་འགྲོ་བའི་ལམ་འགགས་ནས་སྲིད་པ་ལ་འཁོར་ཏེ། དམིགས་པའི་ཚུལ་གྱིས་བསྒོམ་པའི་ཕྱིར་རོ། །དེ་ལྟར་ཡང་ཀླུ་སྒྲུབ་ཞབས་ཀྱིས་རྣལ་འབྱོར་སྤྱོད་པ་འདི་དབུ་མ་ལས་གསུངས་པ། གང་དག་སྟོང་ཉིད་མི་ཤེས་པ། ། ་དེ་དག་ཐར་པའི་སྐལ་མི་ལྡན། །སྲིད་པའི་འཁོར་བ་འགྲོ་དྲུག་ལ། །གཏི་མུག་ཅན་དེ་ཡང་དག་འཁོར་ཞེས་སོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དབས་ལུས་ལ་སེམས་ཚད་མ་བསྟན་པའི་དོན་ལ་ཐེ་ཚོམ་ཟོས་ནས་ཕྱག་ན་རྡོ་རྗེས་ཡང་ཞུས་པ། ཕྱག་ན་རྡོ་རྗེས་ཡང ་གསོལ་བ་ཞེས་པ་ལ་སོགས་པའོ། །ཞུས་པའི་ལན་རྒྱས་པའི་སྒོ་ནས་སྟོན་འདོད་པས་གསུངས་པ། ཉོན་ཅིག་འཁོར་བའི་ཞུས་པ་དེ་ཞེས་པ་ལ་སོགས་པ་སྟེ། དེ་ལ་སེམས་ཀྱི་མཚན་ཉིད་གདུལ་བར་བྱའོ་ཞེས་པ་ནི་འཁོར་བའི་ནང་ནས་ལུས་ལ་ཚད་མར ་གྱུར་པའི་སེམས་དེ་ཁོ་ན་འདུལ་མྱ་ངན་ལས་འདས་ཏེ། གཞན་དུ་ནི་མ་ཡིན་ནོ། །སེམས་དེ་ཁོ་ན་ཁམས་གསུམ་དུ་ཁྱད་པར་དུ་སྣང་བའི་སྟོན་འདོད་པས་གསུངས་པ། མ་དགར་ཡེ་ཤེས་གཟུགས་མེད་པ། །མཁའ་འགྲོ་རླུང་གིས་བསྐྱོད་པ་བཞིན་ཞེས་པ་ནི། ། ་གཟུགས་མེད་པཱི་ཁམས་སུ་སེམས་ཕུང་པོ་བཞིན་གྱུར་པ་ནི་ནམ་མཁའ་ལ་རླུང་བཞིན་དུ་རང་དགར་སྣང་ངོ་ཞེས་པའོ། །གཟུགས་དང་གཟུགས་ན་སེམས་ཀྱིས་ཀྱང། །ཏིང་འཛིན་དམིགས་ནས་འགྲུབ་པར་འགྱུར་ཞེས་པ་ནི། དེ་ལ་གཟུགས་དང་ཞེས་པ་ནི་གཟུགས་ཀྱི་ཁམས་ཀྱི་ཁམ་སོ ་སེམས་དེ་ཚངས་རིས་ལ་སོགས་པ་གཟུགས་ཁམས་བཅུ་བདུན་དུ་འགྱུར་རོ་ཞེས་པའོ། །ཏིང་འཛིན་དམིགས་ནས་འགྲུབ་པར་འགྱུར་ཞེས་པ་ནི་བསམ་གཏན་བཞི་རྟོག་དཔྱོད་དགའ་བདེ་བཞིར་དམིགས་པའོ། །དོན་ནི་འདི་ལྟ་སྟེ། གཟུགས་ཁམས་དེ་ནི་བསམ་གཏན་བཞི ་ལ་ཕུང་པོ་ལྔར་གྱུར་ནས་གཟུགས་བཅུ་བདུན་དུ་སྣང་ངོ་ཞེས་པའོ། །འདོད་པའི་ལྷ་སོགས་འདོད་ཅན་རྣམས། །རྟག་ཏུ་འདོད་པ་སྤྱོད་པ་ཡིན་ཞེས་པ་ནི། །འདོད་ཁམས་ན་སེམས་དེ་འདོད་པའི་ལྷ་རྒྱལ་ཆེན་རིས་བཞི་ལ་སོགས་པ་འདོད་པའི་ལྷ་རིས་དྲུག་ཕུང་པ་ལྔར ་གྱུར་ནས། རྟག་ཏུ་འདོད་ཆགས་ཀྱི་ལོངས་སྤྱོད་པ་སྣང་ངོ་ཞེས་པའོ། །དེ་ལྟར་འཁོར་བའི་མི་རྣམས་ནི། །རང་དགར་ས་དག་འགྲུབ་པར་འགྱུར། །འདོད་པའི་ཁམས་དེ་ཁོ་ན་ལ་ཡང་སེམས་དེ་ནི་དམྱལ་བ་བརྒྱད་དང་ཡི་དགས་དང། ་བྱའོ་སོང་དང། གླིང་བཞི་རྣམས་ལ་ཕུང་པོ་ལྔར་འགྱུར་ཏེ། འཁོར་ཞིང་སྣང་ངོ། །དེ་ལ་ཡང་མིར་འགྱུར་པ་ལ་སེམས་བཏུལ་ནས་འདོད་པའི་ས་མྱ་ངན་ལས་འདས་པ་བསྒྲུབ་པར་བྱའོ། །དེ་བས་ན་ཁམས་གསུམ་ལ་སེམས་གཙོ་བའི་ཕྱིར་ན་ལུད་ལ ་སེམས་ཚད་དོ་ཞེས་གསུངས་སོ། །དེ་དང་མདོ་ལས་ཀྱང་གསུངས་པ། ཀྱེ་རྒྱལ་བའི་བུ་ཁམས་གསུམ་ནི་སེམས་ཙམ་མོ་ཞེས་པའོ། །ད་ནི་སེམས་འདུལ་བའི་ཐབས་མདོར་བསྡུས་ནས་གསུངས་པ། དེ་ལས་སྒྲོལ་པའི་དངོས་པོ་ནི་ཞེས་པ་ལ་སོགས་པ་སྟེ། དེ ་ལ་དེ་ལས་སྒྲོལ་བའི་དངོས་པོ་ནི་ཞེས་པ་ནི་དེ་དག་ཁམས་གསུམ་ལས་གྲོལ་ནས་མྱ་ངན་ལས་འདས་པའི་རྒྱུ་ཉོན་ཅིག་ཅེས་པའོ། །རྒྱུ་གང་ཞེ་ན་གསུངས་པ། འགྲོ་བ་འགྲུབ་བྱེད་རྣལ་འབྱོར་པས། །རྣམ་ཤེས་ལྷན་ཅིག་ཤེས་པར་བྱ་ཞེས་པ་སྟེ། མྱ ་ངན་ལས་འདས་པའི་ལམ་སྒྲུབ་པར་བྱེད་པའི་རྣལ་འབྱོར་པ་ཐབས་དང་ཤེས་རབ་དང། རང་བཞིན་ལྷན་ཅིག་གཅིག་པའི་ཡེ་ཤེས་དང་རྣམ་པར་ཤེས་པ་ཁོ་ནའི་མཚན་ཉིད་ཀྱི་ཕྱག་ན་རྡོ་རྗེས་ཤེས་པར་བྱའོ་ཞེས་པའི་ཐ་ཚིག་གོ་།དོན་དེ་ཁོ་ན་ཡང ་དང་ཡང་དུ་ནུས་པ། སེམས་ཀྱི་ངོ་བོ་ཐེ་ཚོམ་ན་ཞེས་པ་ལ་སོགས་པའོ། །དེ་ཁོ་ནའི་ལན་སྟོད་པས་གསུངས་པ། ཤེལ་དང་མཚུངས་པར་སེམས་པ་ནི་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཤེལ་དང་མཚུངས་པར་སེམས་པ་ནི། ཞེས་པ་ནི་སེམས་ནི་ཉོན་མདེས ་པ་བློ་བུར་ཡིན་པས་བཤེལ་བཞིན་དུ་དག་པ་སྟེ། རང་བཞིན་འོད་གསལ་བའི་ཕྱིར་རོ། །ངོ་བོས་ན་སྐྱོན་དང་ཡོན་ཏན་སེམས་ལ་མེད་ཅེས་པ་སྟེ། དེ་ལ་སྐྱོན་ནི་ཉོན་མོངས་པའོ། །ཡོན་ཏན་ནི་དེའི་གཉེན་པོ་ལམ་གཉིས་ཀྱི་ཤེས་རབ་པོ། །དེ་གཉིས་དོན ་དམ་པར་མེད་དོ་ཞེས་པའི་ཐ་ཚིག་གོ་།ངེ་འདྲ་བའི་སེམས་གཟུང་འཛིན་གྱི་སྒོ་ནས་གཞན་དབང་དུ་འགྱུར་ཏེ། སྲིད་པའི་ཉོན་མོངས་པ་ཅན་དུ་འགྱུར་རོ་ཞེས་སྟོན་པས་གསུངས་པ། སྦྱོར་པ་ཡུལ་དུ་འཇུག་པ་ཡིན། །འཁོར་བའི་སྐྱོན་གྱིས་གོས་པ་ཡིན ་ཞེས་པ་ནི། དེ་ལ་སྦྱོར་བ་ཞེས་པ་ནི་མིག་ལ་སོགས་པ་དབང་པོ་དྲུག་གོ། ཡུལ་དུ་ཞེས་པ་ནི་གཟུགས་ལ་སོགས་པའི་སྤྱོད་ཡུལ་དྲུག་གོ། འཇུག་པ་ཡིས་ཞེས་པ་ནི་འཇུག་པའི་རྣམ་པར་ཤེས་པ་དྲུག་གོ་།གཟུང་འཛིན་དེ་དག་གི་དབང་གི་སེམས་དེ་སྲིད ་པའི་ཉོན་མོངས་པའི་སྐྱོན་གྱིས་གོས་པ་ཞེས་པའོ། །སྲིད་པའི་རྒྱུར་གྱུར་པ་སྤངས་པ་མྱ་ངན་ལས་འདས་པའི་རྒྱུར་གྱུར་པ་ལ་བརྟེན་པར་བྱའོ་ཞེས་གསུངས་པ། ཡུལ་ལ་གནས་པ་སྤངས་ནས་སུ། །ཇི་ལྟར་གནས་སུ་སྦྱར་བ་བྱ་ཞེས་པ་སྟེ། སྲིད་པའི ་དངོས་པོ་ཕྱིན་ཅི་ལོག་པའི་སྦྱོད་ཡུལ་སྤངས་ནས་ཡང་དག་པའི་གནས་པའི་མྱ་ངན་ལས་འདས་པའི་དངོས་པོ་མི་དམིགས་པའི་ཚུལ་གྱིས་ལྷ་མོ་རུ་བསྒོམ་པར་བྱའོ་ཞེས་པའོ། །དེ་ལྟར་ཡང་ཀུན་ནས་ཉོན་མོངས་པ་འམ་བྱང་བའི་ཀ་རི་ག་ལས་གསུངས ་བ། གཞན་ཡང་འདི་ཡི་རང་བཞིན་ནི། །མཚན་ཉིད་ཆ་ནི་གཉིས་པ་སྟེ། བརྟག་པའི་ཆ་ཡིས་འཁོར་བ་སྟེ། །གྲུབ་པའི་ཆ་ཡིས་མྱ་ངན་འདས་ཞེས་པའོ། །དེའི་དཔེར་གསུངས་བ། བུ་དང་སློབ་མ་བསླབ་པ་བཞིན་ཞེས་པ་སྟེ། སྐྱོན་དང་ཡོན་ཏན་ཕྱོགས ་མེད་པ་ལ་བུ་དང་སློབ་མ་བྱིན་པའི་དུས་ན་ཡོན་ཏན་ཁོ་ན་ལོབས་པར་བྱས་ནས་ཡང་དག་པའི་རིག་པ་དང་ལྡན་པར་བྱས་པ་བཞིན་དུ་རང་བཞིན་འོད་གསལ་བའི་སེམས་ཀྱང་ཡང་དག་པར་རྡོན་རྟོགས་པར་བྱས་ནས་མྱ་ངན་ལས་འདས་པར་བྱའོ་ཞེས་པའོ། ། ་དེའི་དབུས་སུ་ཞེས་བྱ་བ་རྣམ་པར་ཤོས་པ་མཁའ་བཞིན་བརྟག་ཅེས་པ་ནི་སེམས་དེ་ནི་ཡོད་མེད་ཀྱི་དབུས་སུ་བརྟགས་ནས་རྣམ་པར་ཤེས་པ་ཡང་རྟག་ཏུ་ནམ་མཁའ་བཞིན་དུ་ཐ་སྙད་དུ་ཡང་ལ་སྤྱད་དུ་མེད་པར་སྣང་དོ་ཞེས་པའོ། །མཚན་ཉིད་ཅི་འདྲ་པ་ཡིན ་ཞེས་ན་གསུངས་བ་ཁ་དོག་མེད་ཅིང་མཚོན་ཀུན་དངོས་ཞེས་པ་སྟེ་དེ་ལ་ཁ་དོག་མེད་ཅིང་ཞེས་པ་ནི། སེམས་དེ་དབང་པོ་ལས་འདས་པས་ནག་པོ་དང། སེར་པོ་ལ་སོགས་པའི་དངོས་པོ་མ་ཡིན་ཏེ། དངོས་པོ་ཐམས་ཅད་རྟེན ་ཅོད་འབྲེལ་བ་ཙམ་གྱིས་འབྱུང་བའི་ཕྱིར་རོ། །མཚོན་ཀུན་དངོས་ཤེས་པ་མཚོན་ཐམས་ཅད་ཀྱི་ངོ་བོ་ཡང་སེམས་ལས་བྱུང་བ་ཡིན་པས་མཚོན་ཀུན་དངོས་ཡིན་ཏེ། ཕྱིའི་རྗེས་སུ་མེད་པའི་ཕྱིར་རོ། །འབྲེལ་པ་མེད་ཅིང་ཞེས་པ་ནི་སེམས་དེ་ཐོགས་པ ་མེད་པའི་ཕྱིར་རོ། །འབྲེལ་བའི་གཟུགས་ཞེས་པ་ནི་སེམས་དེ་ཡང་ཡན་ལག་དང་ཉིད་ལག་ཚད་པའི་གཟུགས་སམ་བུམ་པ་དང་སྣམ་བུ་ལ་སོགས་པར་གྱུར་པའོ། །གཟུགས་མེད་ཅེས་པ་ནི་སེམས་དང་སེམས་ལས་བྱུང་བའི་ཚེས་ཉིད་ཀྱི་ཕྱིར་རོ། ། ་ཐམས་ཅད་གཟུགས་ཅན་དང་ཞེས་པ་ནི་གཟུགས་དང་སྒྲ་དང་དྲི་ལ་སོགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །མི་རིང་བ་ནི་ཞེས་པ་ནི་ཆོས་ཉིད་ཀྱི་ཚད་མེད་པའི་ཕྱིར་རོ། །དེ་བཞིན་རིང་ཞེས་པ་ནི་ཆོས་ཉིད་ཀྱི་རང་བཞིན་མཛའ་ཡས་པའི་ཕྱིར་རོ། །སེམས ་ཀྱི་དེ་ཁོ་ན་ཉིད་ཀྱིས་རྫུ་འཕྲུལ་དངོས་མེད་འགྲུབ་པར་འགྱུར་ཞེས་པ་ནི། ཡོད་མེད་དབུས་ཀྱི་སེམས་དེ་ཁོ་ན་ཉིད་ཀྱི་རྫུ་འཕྲུལ་དངོས་སུ་སྣང་བ་རང་བཞིན་དངོས་པོ་མེད་པ་འགྲུབ་པར་བྱའོ་ཞེས་པའི་ཐ་ཚིག་གོ། །མཚན་ཉིད་མེད་པའི་སེམས་ཀྱིས་ཀྱང ་ཞེས་པ་ནི་སྤྱིའི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རོ། །མཚན་ཉིད་ཐམས་ཅད་སྤྱད་པར་བྱ་ཞེས་པ་ནི་རང་བཞིན་རང་གི་མཚན་ཉིད་བུམ་པ་ངང་སྣམ་བུ་ལ་སོགས་པའི་ངོ་བོའི་ཕྱིར་རོ། །ད་ནི་དེ་ལྟ་བུའི་རང་བཞིན་སེམས་ཀྱིས་ཇི་ལྟར་བསྒོམ་ཞེ་ན་གསུངས ་བ། དངོས་མིང་བསྒོམ་པའི་དངོས་པོ་ཡོས། །བསྒོམ་པ་དེ་ནི་དཔྱད་པར་བྱ་ཞེས་པ་ནི་དོན་དམ་པའི་བདེན་པས་ནི་མེད་ལ། ཀུན་རྫོབ་ཀྱི་བདེན་པའི་སྒོ་ནས་ནི་བསྒོམ་པ་དཔྱད་པར་བྱའོ་ཞེས་པའོ། །ཇི་ལྟར་དཔྱད་པར་བྱ་ཞེ་ན་གསུངས་པ། །གཟུག ་དང་སྟོང་པའི་དབུས་སུ་ནི། །སེམས་ནི་མཁས་པར་བྱ་བ་སྟེ། །ཞེས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་འབྱུང་བའི་གཟུགས་ལ་སོགས་པ་ཡོད་པར་དམིགས་པ་དང་རང་བཞིན་གྱིས་འདུ་བྱེད་པའི་ཆོས་སྟོང་པ་ཉིད་དུ་མེད་པ་དེ་གཉིས་དབུས་ཡོད་མེད་ཀྱི ་སེམས་ནི་མཁས་པ་རྣལ་འབྱོར་པས་དཔྱད་པར་བྱའོ། །ད་ནི་དེ་ལྟར་དམིགས་པ་ཅན་གྱི་རྣལ་འབྱོར་པའི་ཡོན་ཏན་གསུངས་པ། ཐམས་ཅད་ཀུན་ཏུ་དམིགས་པ་ཡིས། །རྣལ་འབྱོར་ལུས་ལ་ནད་མེད་འགྱུར་ཞེས་པ་སྟེ། དེ་ལ་རྣལ་འབྱོར་པས་བསྒོམས་ན་སྲིད་པའི ་སྐྱོན་ཆད་པ་དང་དངོས་པོའི་སྐྱོན་དུ་མི་འགྱུར་རོ་ཞེས་པའོ། །ཡང་སེམས་ཀྱི་ཡོན་ཏན་བརྗོད་འདོད་པས་གསུངས་པ། གསང་བའི་གསང་བ་ཞེས་པ་ལ་སོགས་པ་སྟེ། དེ་ལ་གསང་བའི་གསང་བ་ནི་བརྗོད་དུ་མི་ལང་བའི་ཕྱིར་རོ། །གསང་ཆེན་ཞེས་པ་ནི་སྤྱོད་ཡུལ་ལས ་འདས་པའི་ཕྱིར་རོ། །རྣམ་ཤེས་ཡེ་ཤེས་གསལ་བ་དང་ཞེས་པ་ནི་མཚན་ཉིད་དང། མཚན་མ་ལས་འདས་པའི་ཕྱིར་རོ། །དེ་འདྲའི་དེ་ཁོ་ན་ཉིད་ཀྱི་སེམས་ནི་བླ་མའི་ལུང་ཁོ་ནས་ཐོབ་ཅེས་གསུངས་པ། གཙུག་ལག་ཀློག་པའི་གསང་བ་ལས་ཞེས་བ་ལ ་སོགས་པའོ། །དེ་ལྟར་སེམས་ཀྱི་ཚད་དམ་རྒྱས་པར་བཤད་ནས། ཕྱག་རྒྱ་ཚམ་རྒྱས་པར་སྟོན་འདོད་པས་གསུངས་པ། མཉམ་པའི་སེམས་དང་བཅས་པའི་ལུས་ཞེས་པ་སྟེ། དེ་ལ་ལུས་གཉིས་གསང་བའི་སྟེང་དུ་བཞག་ཅེས་པ་ནི་སེམས་དཔའ་ཨི་སྐྱིལ་མོ ་ཀྲུང་བཅས་པའི་རྣལ་འབྱོར་པས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་སྤང་བར་བྱའོ། །ཞེས་པའོ། དབུག་ནི་ལྟེ་བའི་དྲུང་བར་རོ། །ཞེས་པ་ནི་ངང་ལ་བུམ་པའི་ཏིང་ངེ་འཛིན་བསྒོམ་མོ་ཞེས་པའོ། །དཀྱིལ་འཁོར་ཚུལ་དུ་སྦྱར་བར་བྱ་ཞེས་པ་ནི་དགུ་པ་དང་??་མེད ་པར་དཔུང་ལ་བཀྱེད་ནས་ཟླུམ་པོར་འཇུག་པར་བྱའོ། །ཞེས་པའོ། གཞན་ནི་སྦྱོར་བའི་གདན་ལེའུ་བཞི་པ་ལ་བཤད་ཟིན་པས་མ་འབྲེལ་ཏོ། །ད་ནི་བསྒོམ་དེ་ཁོ་ནའི་འཕྲོ་ཚད་མའི་གཏོར་མ་རྒྱས་པར་སྟོན་འདེད་པས་གསུངས་པ། བདུད་རྩི་གཏོར་མ་ཆིམས་པའི ་ལུས་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཁ་དོག་སེར་པོ་ཞེས་པ་ལ་སོགས་པ་ནི་བདུད་རྩིས་ཆིམ་པའི་མདུན་དུ་ཡིག་འབྲུ་བཀོང་པའོ། །ཀ་ཤ་གཉིས་འགྱུར་ཡི་གེ་ནི་ཞེས་པ་ནི་མེའི་རང་བཞིན་ཀྵུཾ་སེར་པོ་སྟེ། ཀ་དང་ཤ་བརྩེགས ་པའི་ཕྱིར་རོ། །ཐམས་ཅད་གཟུགས་ནི་འཇིགས་བྱེད་པ། །དྲིལ་བུ་ཡི་གེ་མིག་ལའོ། །ཞེས་པ་ནི། སའི་ཁམས་ཀྱི་རང་བཞིན་ཡི་གེ་ཧཱུཾ་ནག་པོ་སྟེ། ལུས་ནི་འཇམ་ལ་དྲིལ་བུའི་མཆོག་ཅེས་འདིར་གསུངས་པའི་ཕྱིར་ན་འཇམ་དཔལ་དང་དྲིལ་བུ་དང་གཉིས་ཀྱི ་རང་བཞིན་ནོ། །ཡི་གེ་ཧཱུཾ་ལ་ཤེས་པར་བྱ་བའི་ཕྱིར་རོ། །སྟོང་པའི་ས་བོན་ལྡན་པ་ཞེས་པ་ནི། སྟོང་པ་ནི་རྣ་དང་སྣའི་བུ་ག་སྟེ། དེ་ལ་བཀོད་པ་ལ་རླུང་གི་རང་བཞིན་ཡུམ་དམར་པོ་ཞེས་པའོ། །བདུད་རྩི་ཆུའི་ས་བོན་ནི་ཞེས་པ་ནི་ཆུའི་རང་བཞིན་ཡི ་གེ་སུཾ་དཀར་པོ། །སེང་གེའི་ས་བོན་བརྩེགས་པ་ཡིས་ཞེས་པ་ནི་སྨྲཡུཾ་དཀར་སར་རོ། །སྟག་མོའི་ས་བོན་ནི་བརྩེགས་པ་ཡིས་ཞེས་པ་ནི་ཧམྲཡུཾ་དཀར་ནག་གོ་།ཅེ་སྦྱང་ས་བོན་བརྩེགས་པ་ཡིས་ཞེས་པ་ནི་ཡམྲཡུཾ་དམར་ནག་གོ་།ཕྱུགས་ཀྱི་ས་བོན་གྱིས་བསྲུང་ཞེས ་པ་ནི་ཀའསྐྲཾ་དམར་སེར་རོ། །ས་བོན་དག་ཀྱང་གཟུང་ནས་ཀྱང་ལྷ་དགྱེད་དག་ཀྱང་སྦྱང་བར་བྱ་ཞེས་པ་ནི་ཡི་གེ་ཀྵུཾ་ལ་སོགས་པ་ས་བོན་དེ་བརྒྱད་ཀྱིས། དྲག་མོའི་མཁའ་གྲོ་མ་ལ་སོགས་པ་བརྒྱད། རྣལ་འབྱོར་པའི་སྤྱི་བོ་ལ་སོགས་པའི་གནས ་བརྒྱང་ལ་བསྒོམ་པར་བྱའོ། །ཞེས་པའོ། དེ་དག་མདོག་དང་ས་བོན་ནི་ལུས་ལ་ཐམས་ཅད་འབར་བར་རོ་ཞེས་པ་ནི། རྣལ་འབྱོར་པའི་ལུས་བརྒྱད་ལ་ས་བོན་དེ་དག་འབར་བར་བསྒོམ་མོ་ཞེས་པའི་ཐ་ཚིག་གོ་།དེ་ནས་དེ་ལྟར་ལྷ་བསྒོམ་པ་ནི ་རྣལ་འབྱོར་པས་བདུད་རྩི་དབབ་པའི་ཆོ་ག་གསུངས་པ། སྟེང་གི་མཆེ་བ་གཉིས་པ་ལས་ཤེས་བྱ་ལ་སོགས་པ་སྟེ། དེ་ལ་ཆུ་འབྱིན་རོ་འདྲའོ་མ་མཆུ་ཞེས་པ་ནི་ཡ་སོ་མཆེ་བའི་ནང་རོལ་ལྕེ་རྩར་ཐུག་པ་རྟག་ཏུ་ཆུ་འཛག་པའོ་མའི་ཆུ་ཞེས་པའི་རྩེའོ། །དེ ་ལ་འཛེག་པའི་ཆུ་ནི་ཅི་འདྲ་བ་ཡིན་ཞེ་ན། ཚ་ཆུའི་མདོག་ལྟར་གྱུར་འདྲ་བའི། །ཆུ་ནི་མཆེ་བ་གཉིས་ཀྱི་ཆུ་ཞེས་སོ། །ཆུ་གང་ནས་འབབ་ཅེས་ན་གསུངས་པ། ལྕེ་ཡི་དངོས་ཀྱིས་དངོས་ཀྱི་བརྟེན་པ་ཡི། །ཆུ་ཡང་སྟེང་གི་བདུད་རྩི་ལྕེ། །སྟེང་འབྱུང་ཞེས་སོ། །བདུད་རྩི་འབབ ་པའི་རྩ་གང་ཞེ་ན། དཔྲལ་བ་ཅེས་པ་ནི་མིག་གི་རྩའོ། །སྤྱི་གཙུག་ཅེས་པ་ནི་ཚངས་པའི་རྩ་སྤྱི་བོའི་རྩའོ། །སྣ་དག་དང་ཞེས་པ་ནི་སྣའི་རྩའོ། །རྣ་བ་གཉིས་ཀྱིས་རྒྱབ་ནས་ཀྱང་ཞེས་པ་ནི་རྣ་བའི་རྩའོ། །འདི་བཞི་དང་གོང་གི་མཆེ་བའི་རྩ་དང་ལྔ་འདུས་ནས་འབབ་པའི་བདུད ་རྩི་ལྕེ་དྲུང་དུ་འབྱུང་དོ་ཞེས་པའི་ཐ་ཚིག་གོ་།དཔེར་ན་ཅི་འདྲ་བ་ཡིན་ཞེ་ན་གསུངས་པ། བ་ཡི་ནུ་མར་བཞག་པ་བཞིན། །ངོ་བོ་དྲངས་ནས་འབྱོར་བར་བྱ་ཞེས་པ་སྟེ། ཇི་ལྟར་བའི་ལུས་ལ་ཁྱབ་པའི་འོ་མནུ་མ་ལ་འདུས་པ་བཞིན་དུ། རྩ་ལྔའི་དངོས་པོ་ལས་དྲངས་ནས ་ལྕེ་དྲུང་ཁོ་ནར་བཞག་པར་བྱའོ་ཞེས་པའོ། །བདུད་རྩི་དངོས་བསྡུས་པ་དེས་ཅི་བྱ་ཞེ་ན་གསུངས་པ། མཆོད་རྟེན་དབུ་རུ་ས་བོན་ནི་ཞེས་པ་ལ་སོགས་པ་སྟེ། སྲོལ་མདུད་ནང་དུ་མཆོད་རྟེན་བསམས་ནས། དེའི་རྩེ་མོ་ན་ཡི་གེ་བཀོད་དེ། ཡང་ན་ཡི་གེ་ཧཱུཾ་གི་དབྱིབས ་མཆོད་རྟེན་དུ་ཤེས་པར་བྱ་སྟེ། དེ་ལ་གོང་ནས་འདུས་པའི་བདུད་རྩི་དེས་ཡི་གེ་ཧཱུཾ་གི་སྟེང་དུ་བླུག་པར་བྱའོ། །མཆོད་རྟེན་དེ་ན་མང་ཟག་པ་གར་ཐིམ་ཞེ་ན་གསུངས་པ། ལྷག་མ་སྲོལ་གོང་ཐིམ་པར་བྱ་ཞེས་གོང་ནས་བདུད་རྩི་དྲངས་པའི་དོན་བཏེན་ནས་འོག ་ནས་ཡད་འདྲེན་པའི་ཆོ་ག་གསུངས་པ། ཡར་འདྲེན་མར་འདྲེན་ས་བོན་གྱིས། །ཐམས་ཅད་ཐབས་ཀྱིས་དྲངས་ནས་སུ་ཞེས་པ་སྟེ། དེ་ལ་ཡར་འདྲེན་མར་འདྲེན་ས་བོན་ནི་ཡི་གེ་ཕཊ་དེ་ལུས་སྨད་ལས་ཐབས་ཀྱིས་དྲངས་ནས་སྲོལ་གོང་ལ་ཐིམ་པར་བྱའོ་ཞེས ་པའོ། སྨད་ཀྱིས་གནས་དྲངས་པའི་ས་དགུ་གསུངས་པ། ཆུ་སོ་རྒྱབ་ཀྱི་ཆུ་མདོ་དང་ཞེས་པ་ལ་སོགས་པ་སྟེ། དེ་ལ་རྐང་པར་དུས་དང་ཡི་དགས་མེ་ཞེས་པ་ནི། དེ་ལ་དུས་ཀྱི་མེ་ནི་རྐང་པ་གཡས་པའོ། །ཡི་དགས་མེ་རྐང་པ་གཡོན་པའོ། །གདན་ཆོག་ཞེས ་པ་ནི་ལྟེ་བའི་འོ། །དེ་ཡི་གནས་ཀྱི་བདུད་རྩི་དག་།བ་ལང་རྨིག་པར་ཐིམ་པར་བྱ་ཞེས་པ་ནི། དེ་ལ་བ་ལང་རྨིག་པ་ནི་གློ་བ་སྟེ་བ་ལང་རྨིག་པ་དང་འདྲ་བའི་ཕྱིར་རོ། །དོན་ནི་འདི་ལྟ་སྟེ་བདུད་རྩི་ངེ་སྲོལ་གོང་ནས་དྲང་ནས་ཡང་གློ་བར་ལ་ཐིམ ་པར་བྱའོ། །ཞེས་པའོ། སྲོལ་གོང་ནས་འདུས་པའི་བདུད་རྩི་དེ་ཡང་གར་བྱ་བ་ནས་བཞག་པར་བྱ་ཞེ་ན་གསུངས་པ། སྒོ་ཅིག་ནས་ནི་གྲངས་ནས་ཀྱང། །སྒོ་དགུ་དག་ཏུ་བཞག་པར་བྱ་ཞེས་པ་སྟེ། དེ་ལ་སྒོ་གཅིག་ནས་ནི་སྲོལ་གོང་ནས་དྲངས་ནས་གློ་བ་ལ་འདུས ་པའི་བདུད་རྩི་ཡང་འཇུག་དོ་ལ་སོགས་པ་གནས་དགུ་ལ་ཡང་བཞག་པར་བྱའོ་ཞེས་པའོ། །དེ་ལྟར་ཐབས་ཀྱིས་བདུད་རྩི་འདྲེན་པའི་རྣལ་འབྱོར་པས། ཏིང་ངེ་འཛིན་གང་བསྒོམ་པར་བྱ་ཞེ་ན་གསུངས་པ། ལུས་ལ་ཐམས་ཅད་གནས་པ་ཡི་ཞེས་པ་ལ་སོགས ་པའོ། ཏིང་ངེ་འཛིན་སྦྱོང་བ་དེ་ཁོ་ན་གསལ་བར་སྟོན་འདོད་པས་གསུངས་པ། སྙིང་ག་དབུས་སུ་ཟླ་བ་བསམ་ཞེས་པ་སྟེ། དེ་ལ་སྙིང་གི་དབུས་སུ་ཞེས་པ་ནི་རང་གི་སྙིང་གའི་དབུས་སུ་ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱའོ། །ཅི་འདྲ་བ་ཡིན་ཞེ་ན་གསུངས་པ། ་ཤིན་ཏུ་མཛེས་པ་མདངས་ལྡན་ཏེ་ཞེས་པའོ། །དེའི་དབུས་སུ་བཀོད་པའི་ས་བོན་གསུངས་པ། ཁ་བ་ཀུན་ད་ཟླ་བ་འདྲ་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཀུན་རིག་ཅེས་པ་ནི་བི་རོ་ཙ་ནའོ། །དེ་དང་བཅས་པ་ཞེས་པ་ནི་ཡི་གེ་ཨོཾ་སྟེ་བཻ་རོ་ཙ་ནའི་ས་བོན་གྱི་ཕྱིར་རོ། །ོཾ་དེ ་ནི་བདུད་རྩིའི་ཡི་གེ་ཞེས་བཤད་དོ། །དེ་ལྟར་གསང་བ་འདུས་པའི་ནོ་བི་ཀ་འཇིག་རྟེན་སྣང་བ་ལས་ཀྱང་གསུངས་པ། སྤྱི་བོར་ཟླ་བ་ཕྱག་འཚལ་བརླན། །རམ་པའི་སེམས་ཀྱི་ཆུ་རྒྱུན་ནི། །དབབ་པར་རིམ་པར་བྱས་ནས་སུ། །སྐུ་གསུང་ཐུགས་ལ་ཐིམ་པར ་བྱ་ཞེས་སོ། །དོན་ནི་འདི་ལྟ་སྟེ། ཟླ་བའི་དཀྱིལ་འཁོར་འོ་མས་བརླན་པའི་དབུས་སུ་ཁ་བ་དང་ཀུན་ད་དང་འདྲ་བའི་མདོག་འོ་མས་གཤེར་བའི་བསིལ་བའི་འོད་དང་འདྲ་བའི་ཡི་གེ་ཨོཾ་བཀོད་པར་བྱའོ་ཞེས་པའོ། །མ་ནིང་རྣམས་ནི་སྤངས་ནས་སུ་ཞེས་པ་ལ ་སོགས་པས་ནི་དེ་ལ་མ་ནིང་རྣམས་ནི་སྤངས་ནས་སུ་ཞེས་པ་ནི་སྒྲ་ཡིག་བཅུ་དྲུག་ལ་རི་རཱི་དང་ལི་ལཱི་བཞི་སྤངས་པར་བྱ་ཞེས་པའི་ཐ་ཚིག་གོ། སྒྲའི་ཡི་གེ་ཐམས་ཅད་དག་ཅེས་པ་ནི་བཅུ་དྲུག་ལ་བཞི་སྤངས་མ་ཐག་ཏུ་བཅུ་གཉིས ་ཏེ། ཨ་ཨཱ་ཨི་ཨའི་ཨུ་ཨའུ་ཨེ་ཨི་ཨོ་ཨཽ་ཨཾ་ཨ(རྒྱུད་འགྲེལ་རྩིའི་ཡི་གེ་ཨོཾ་དེ་བསྒོམ་པའི་ས་གསལ་བར་སྟོན་པས་གསུངས་པ། བ་ལང་རྨིག་པའི་སྟེང་དུ་ནི། །བདུད་རྩི་དག་ཏུ་བཞག་བྱས་ནས་ཞེས་པ་སྟེ། གློ་བའི་སྟེང་གི་སྒོ་ང་འདྲ་བའི་སྙིང་གི་དཀྱིལ་དུ་ཟླ་བ་ལ་གནས་པའི་བདུད་རྩིའི་ཡི་གེ་ཨོཾ་བཞག་ནས་བསྒོམ ་པར་བྱ་ཞེས་པའི་དོན་ཏོ། །ཡང་ན་ཡིག་འབྲུ་དེས་ཡེ་ཤེས་སེམས་དཔར་གྱུར་ནས་བསྒོམ་པར་བྱའོ། །ཞེས་པའི་དོན་སྔོན་འདོད་པར་གསུངས་པ། ཡེ་ཤེས་གཟུགས་སུ་བསྒོམ་བྱས་ནས། །གཟུགས་མདོག་ལ་སོགས་མདངས་ལྡན་པ། །ཞེས་པ་སྟེ། ་སྙིང་གི་དཀྱིལ་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་ཡེ་ཤེས་སེམས་དཔའ་ཨི་གཟུགས་སུ་སྐུ་མདོག་དཀར་བའོ། །བོ་དྷི་མཆོག་གི་ཕྱག་རྒྱ་དང་ལྡན་པ་འོད་ཟེར་བསིལ་བ་བསྒོམ་པར་བྱའོ་ཞེས་པའོ། །འཇིགས་པ་མེད་ཅིང་མཚོ་མེད་པར། །དངོས་པ་དངོས ་པོ་བསྒོམས་པར་བྱ། །ཞེས་པ་ནི། དངོས་པོ་རྣལ་འབྱོར་པས་དངོས་པོ་ཡེ་ཤེས་སེམས་དཔར་བསྒོམ་པ་དེ་ལ། རང་བཞིན་མེད་པ་ལ་མི་འཇིགས་ནས་དངོས་པོ་དམིས་པ་ལ་འཚེ་བ་མེད་པར་སྟོང་པ་དང་དངོས་པོ་སྤངས་ནས་བསྒོམ་པར་བྱའོ་ཞེས་པའི་ཐ ་ཚིག་གོ་།དེ་ལྟར་བསྒོམ་པའི་རྣལ་འབྱོར་པས་ཟླ་བའི་སྔགས་གསུངས་པ། འོ་མ་ཟླ་བའི་སྔགས་ལ་ཞེས་པ་སྟེ་ཡི་གེ་ཨོཾ་མོ། །ཕྱག་འཚལ་བསྲེགས་པ་མཛའ་བཞག་སྟེ་ཞེས་པ་ནི་ཡི་གེ་ཨོཾ་གྱི་གོང་འོག་ཏུ་ཨོཾ་དང་སྭཱཧཱ་བཞག་པར་བྱའོ། །འདི་ལྟ་སྟེ། ་ཨོཾ་ཨོཾ་སྭཱཧཱ་ཞེས་པ་སྟེ། བདུད་རྩིའི་ཐབས་ཏིང་ངེ་འཛིན་བསྒོམ་པའི་རྣལ་འབྱོར་པའི་ཡོན་ཏན་དང་མཐུ་སྟོན་འདོད་པས་གསུངས་པ། མཉམ་གཞག་བཟླས་པའི་ངོ་བོ་ཡིས་ཞེས་པ་དང་པོ་གསུངས་པ་ནས། གཟུགས་ཀྱིས་ཡེ་ཤེས ་བདག་ཉིད་ཆེ་ཞེས་པའི་བར?་དུའོ། །བདུད་རྩིའི་ཐས་ཀྱིས་ཏིང་ངེ་འཛིན་གང་དུ་བསྒོམ་ཞེ་ན་གསུངས་པ། དེ་ཡི་སྦྱོར་བའི་གནས་དག་ནི་ཞེས་པ་ལ་སོགས་པའོ། །དེ་ལྟར་སེམས་ཚད་མ་ལ་སོགས་པའི་བཞིའི་དོན་རྟོགས་ནས་སེམས་སྣང་བར་སྦྱོར་བའི་ཏིང་ངེ ་འཛིན་རྣལ་འབྱོར་པའི་བྱིན་རླབས་ཀྱི་དོན་ཉན་འདོད་པ་ཕྱག་ན་རྡོ་རྗེས་ཞུས་པ། འཁོར་བ་ལས་རྒལ་མཚན་ཉིད་དག་ཅེས་པ་ལ་སོགས་པའོ། །དེ་ནས་ཡེ་ཤེས་དཔང་པོ་རྡོ་རྗེ་སེམས་དཔས་ཞུས་པའི་དོན་སྟོན་འདོད་པས་གསུངས་པ། ཉོན་གཅིག་ཡེ་ཤེས ་དེ་ཁོ་ན་ཞེས་པ་ལ་སོགས་པ་སྟེ། དེ་ལ་སྔོན་དུ་གཉིས་སུ་མེད་སེམས་ཀྱིས། །འདོད་ཆགས་ཉོན་མོངས་དྲི་མེད་མཚོས། །བདག་གི་ལུས་ནི་བཀྲུ་བར་བྱ་ཞེས་པ་ནི་ཏིང་ངེ་འཛིན་གྱི་སྔོན་དུ་གཟུང་འཛིན་གཉིས་དང་བྲལ་བའི་སེམས་བསྒོམ་པ། །འདོད་ཆགས ་ལ་སོགས་པའི་ཉོན་མོངས་པའི་དྲི་མ་མེད་པའི་ཆུ་དང་འདྲ་བས་བདག་གིས་ལུས་བཀྲུ་ནས་དག་པར་བྱའོ་ཞེས་པའི་དོན་ཏོ། །དེ་ཁོ་ནའི་ཡོན་ཏན་སྟོན་འདོད་པས་གསུངས་པ། རྒྱ་མཚོ་ཟབ་མོ་ལྟ་བུ་ཡི་ཞེས་པ་ལ་སོགས་པ་སྟེ། དེ་ལ་སྟོང་པ་ཉིད་ཀྱི་ཡེ ་ཤེས་ཏེ་འགྱུར་བ་མེད་བ་དེ་ཁོ་ན་ཉིད་ཅེས་པའོ། །དཔེར་ན་ཅི་འདྲ་ཞེ་ན། རྒྱ་མཚོ་ཟབ་མོ་ལྟ་བུའི་ཞེས་པ་སྟེ། རྒྱ་མཚོ་གཏིང་མི་རྟོགས་པ་དང། གཤེར་བཅི་འདྲ་བ་བཞིན་དུ། །དེ་བཞིན་དུ་སྟོད་པ་ཉིད་ཀྱི་ཡེ་ཤེས་ཀྱང་རྣམ་པར་རྟོགས་པ་མེད ་ཅིང་སྙིང་རྗེས་བརླན་པ་ཞེས་པའོ། །ཕྱི་དང་ནང་ཞེས་པ་ནི། བདག་དང་བདག་གིར་འཛིན་པའོ། །ལུས་ནི་ཤེལ་ལྟར་དག་པར་འགྱུར་ཞེས་པ་ནི། དེ་ལྟ་བུའི་སྟོང་པ་ཉིད་ཀྱི་ཡེ་ཤེས་བསྒོམས་ན། རང་གི་ལུས་དག་པར་འགྱུར་རོ་ཞེས་པའི་དོན་ཏོ། ་ཤེལ་དང་མཚུངས་པའི་ལུས་དེ་ནི་ཞེས་པ་ནི་དེ་ལ་སོགས་པ་ཡེ་ཤེས་དབང་པོ་ཞེས་པ་ནི་ཡིད་དེ། ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་གྱི་ཕྱིར་རོ། །འདི་ནི་འདི་ལྟ་སྟེ། ཤེལ་དང་དུད་དང་ཀུན་ད་དཀར་ཞིང་གསལ་བ་ལ་ཚོན་སྣ་ཚོགས་ཀྱིས་བཅོས་པ། བཞིན་དུ་དྲི ་མ་མེད་པའི་ལུས་ལ་དམ་པའི་ཆོས་ཀྱི་ཆོས་ཡེ་ཤེས་ཀྱི་དབང་སྣ་ཚོགས་ཇི་ལྟར་འདོད་པར་བཅས་པར་བྱའོ་ཞེས་པ་ནི་ཐ་ཚིག་གོ། ལུས་གསལ་བར་བྱ་བའི་ཐབས་སྟོན་འདོད་པས་བཅོམ་ལྡན་འདས་ཀྱིས་གསུངས་པ། རང་བཞིན་གྱིས་ནི་རྣལ་འབྱོར་པ། བཟང ་བྱེད་དན་བྱེད་གྱུར་པ་ཡི་ཞེས་པ་ལ་སོགས་པ་སྟེ། རྣལ་འབྱོར་པ་ཐམས་ཅད་ཀྱི་དགེ་བ་དང་མི་དགེ་བས་གྱུར་པའི་སྲིད་པའི་དངོས་པོ་རང་བཞིན་གྱི་སྟོང་པ་ཉིད་དོ། །འདུས་བྱས་པའི་ཆོས་ཉིད་ཀྱི་ཕྱིར་རོ། །དེས་ན་སྟོང་པ་ཉིད་ཀྱིས་རང་བཞིན་རྟོགས་ནས ་འཇོམས་ཏེ་གཉིས་སུ་མེད་པའི་ཡེ་ཤེས་སྣང་བར་བྱའོ། །དེ་ལྟར་སྟོང་པ་ཉིད་ཀྱི་མཚན་ཉིད་བརྟགས་ནས་སྟོང་པ་ཉིད་མངོན་པར་རྟོགས་པ་གསུངས་པ། སྟོང་ཉིད་གོང་གི་མཚན་ཉིད་ཀྱི་ཞེས་པ་ལ་སོགས་པ་སྟེ། དེ་ལ་འགྲོ་བ་བཅུད་ཀྱི་འཇིག་རྟེན་ནོ། །གཟུགས ་ལ་སོགས་པའི་སྣོད་ཀྱི་འཇིག་རྟེན་ནོ། །དོན་ནི་འདི་ལྟ་སྟེ། གོང་དུ་གསུངས་པའི་སྟོང་པ་ཉིད་ཀྱི་བཅུད་དང་སྣོད་དངོས་པོ་ཐམས་ཅད་རང་བཞིན་གྱིས་སྟོང་པར་བསྒོམས་ཏེ། མཉམ་པ་ཉིད་དུ་སེམས་བསྐྱེད་པར་བྱའོ་ཞེས་པའོ། །སྟོང་པ་ཉིད་བསྒོམས ་ཟིན་མ་ཐག་ཏུ། མཉམ་པའི་སེམས་ཀྱིས་ས་བོན་བསྐྱེད་པ་གསུངས་པ། དེ་ཡི་དབུས་སུ་བསམ་པར་བྱ་ཞེས་པ་ལ་སོགས་པ་སྟེ། དེ་ལ་དབུས་སུ་བསམ་པར་བྱ་ཞེས་པ་ནི། མཉམ་པ་ཉིད་ཀྱིས་སེམས་དེའི་དབུས་སུ། ས་བོན་བསྒོམ་པར་བྱའོ་ཞེས ་གསུངས་པའོ། །ས་བོན་གང་ཞེ་ན། འོ་མ་ཟླ་བ་ས་བོན་དབུས་ཞེས་འོ་མ་བརླན་པའི་ཟླ་བའི་དཀྱིལ་དུ་ས་བོན་ཨ་ཞེས་པ་ལ་སོགས་པའོ། །ས་བོན་དེ་བོ་ན་གསལ་བར་སྟོན་པས་གསུངས་པ། ཨཱ་ལི་ཀཱ་ལི་སྦྱོར་བ་ཡི། །དེ་ཡི་དབུས་ན་གནས་པ་ཡི་ཞེས་པ་ནི། ་ཐབས་དང་ཤེས་རབ་ཀྱི་སྦྱོར་བའི་ནང་ནས་བྱུང་བ་ནི་ཡི་གེ་ཨ་ཞེས་པའོ། །དེ་ལ་ཨཱ་ལི་ཀཱ་ལིའི་ཚིག་གིས་ཁྱད་པར་བྱས་པའོ། །དེ་ཡི་ས་བོན་དེ་ཁོ་ན། །འོད་ཟེར་འབར་བ་བསམ་པར་བྱ་ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ས ་བོན་ཡི་གེ་ཨ་ཁ་དོག་དཀར་ཞིང་འབར་བ་རང་གི་སེམས་དང་དབྱེར་མེད་པར་བསྒོམ་པར་བྱའོ། །དེའི་ཡོན་ཏན་གསུངས་པ། །གང་གིས་དེ་ཉིད་ས་བོན་གྱིས། །མྱུར་དུ་ཡེ་ཤེས་སྣང་བར་འགྱུར་ཞེས་སོ། །མཉམ་པའི་སེམས་ལས་ས་བོན་འབྱུང་བ ་བཤད་ནས། ས་བོན་ལས་བསྐྱེད་པ་བཤད་པ། དེ་ཡི་འོག་ཏུ་ཡེ་ཤེས་སྐུ་ཞེས་པ་ལ་སོགས་པའོ། །དེ་བསྒོམ་པའི་ཟླ་བའི་སྔགས་གསུངས་པ། ཕྱག་འཚལ་བསྲེག་པ་མཐར་བཞག་སྟེ། ས་བོན་འདི་ནི་བཟླས་པར་བྱ་ཞེས་པ་སྟེ། ཨོཾ་ཨ ་སྭཱཧཱ་ཞེས་པ་ལ་སོགས་པའོ། །ཇི་ལྟར་སྡེ་ཚན་གསུམ་པ་ཅེས་པ་ལ་སོགས་པ་ནི། ཨའི་ཡི་གེ་སྤས་གོང་དུ་བདག་གིས་གདན་ལེའུ་བཞི་པ་ལས་བཤད་ཟིན་ཏེ། བཟླས་དང་བསམ་གཏན་པ་རྣལ་འབྱོར་པ་ཞེས་པ་ལ་སོགས་པ་གོ་སླའོ། །དེ་ནས་བྱིན་རླབས ་སོགས་ནང་དུ། །བཟླས་དང་བསམ་གཏན་མཆོག་བརྩོན་པས་ཞེས་པ་ནི། དེ་ལྟར་བསྒོམས་ཤིང་བཟླས་པའི་རྣལ་འབྱོར་པས་སེམས་བརྩེ་གཅིག་ཏུ་གྱུར་བའི་འོག་ཏུ་ཕྱོགས་བཅུའི་འཇིག་རྟེན་ན་སྣང་བའི་བྱིན་རླབས་བྱའོ། །ཇི་ལྟར་བྱ་བ་ཞེ་ན་གསུངས ་པ། སྤྲོ་བའི་འོད་ཟེར་རྣམས་སྤྲོས་ཏེ། ས་བོན་རིམ་པ་གསུམ་ཡང་བསམ་ཞེས་པ་སྟེ། དེ་ལ་རིམ་པ་བདུན་ཞེས་པ་ནི། འཇིག་རྟེན་འདུན་ཞེས་པ་ལ་སོགས་པའོ། །ཡང་ན་རླུང་གི་དཀྱིལ་འཁོར་གྱི་བར་ཞེས་པ་ལ་སོགས་པའོ། །དོན་ནི་འདི་ལྟ་སྟེ། ་དེ་ཙམ་གྱི་བར་དུ་།ཕྱོགས་བཅུར་འོད་ཟེར་སྤྲོས་ནས་བསྡུ་བར་བྱའོ་ཞེས་པའོ། །སྣང་བར་བྱ་བར་འདོད་པས། རྟག་ཏུ་སེམས་ཀྱིས་བསྒོམ་པར་བྱ་ཞེ་ན་པ་ནི་དེ་ལྟར་རྟག་ཏུ་བསྒོམ་པར་འདོད་པའི་རྣལ་འབྱོར་པས་ཕྱོགས་བཅུའི་འཇིག་རྟེན་སྣང ་བར་འགྱུར་རོ་ཞེས་པའོ། །ད་ནི་གཞན་གྱི་སེམས་ཤེས་པར་བྱ་བའི་བསྒོམ་པ་བསྟན་པ་གསུངས་པ། སྙིང་གའི་དཀྱིལ་འཁོར་དབུས་གནས་པར་ཞེས་པ་ལ་སོགས་པ་སྟེ། རང་གི་སྙིང་གར་ཡི་གེ་ཧཱུཾ་བསྒོམས་ནས་དེའི་འོད་ཟེར་གྱིས་དངོས་པོ་ཐམས་ཅད་གོང ་མའི་མཚན་ཉིད་བཞིན་དུ་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་པའོ། །སྟོང་པའི་སེམས་ཀྱིས་གདན་དང་ས་བོན་གསུངས་པ་དང། རླུང་གི་དཀྱིལ་འཁོར་དབུས་གནས་པར་ཞེས་པ་ལ་སོགས་པ་སྟེ། དེ་ལ་དེ་དབུས་ཡེ་ཤེས་ས་བོན་ནི་ཞེས་པ་ནི་ཧཱུཾ་ངོ། །ས་བོན ་དེས་སྐུ་བསྐྱེད་པ་བསུངས་པ། དེ་ནས་ཡེ་ཤེས་གཟུགས་སུ་ནི་ཞེས་པ་ནས། གོང་གི་མཚན་ཉིད་ཀུན་ཤེས་པས་ཞེས་པའི་བར་དུའོ། །སྙིང་གའི་དཀྱིལ་འཁོར་དབུས་གནས་པར་ཞེས་པ་ལ་སོགས་པ་ནི། གོང་མའི་འོ་མ་ས་བོན་ཨ་རང་གི་སྙིང་གར་བསྒོམ ་པར་བྱའོ་ཞེས་པའོ། །དེ་ཡང་ཇི་ལྟར་བསྒོམ་པར་བྱ་ཞེ་ན་གསུངས་པ། ཁ་དོག་དཀར་པོ་འོད་འབར་བ། །དངུལ་དཀར་པོ་ནི་ཐམས་ཅད་དུ་འོ་ཞེས་པ་ནི། ཁ་དོག་དཀར་པོ་ལ་འོད་ཟེར་དངུལ་དཀར་པོ་སྤྲོས་པ། གཞན་གྱི་སེམས་ལ་ཕོག་པར་བསྒོམ་པར ་པ་དེའི་སྙིང་གར་ཡི་གེ་བསྒོམ་པ་གསུངས་པ། གང་གི་སྙིང་གི་དབུས་སུ་ནི། ཞེས་པ་ལ་སོགས་པའོ། །དོན་ནི་འདི་ལྟ་སྟེ། གཞན་གྱི་སེམས་ཤེས་པར་བྱ་བའི་སེམས་ཅན་རྣམས་ཀྱི་རྣམ་པར་ཤེས་པའི་ཡི་གེ་ཧཱུཾ་དུ་གྱུར་ཏེ། ཕྱོགས་བརྒྱད་དུ་དམར ་པོར་བསྒོམ་པར་བྱའོ་ཞེས་པའོ། །དེའི་ཡོན་ཏན་སྟོན་པས་གསུངས་པ། རྟོག་ཏུ་མཉམ་ཉིད་མཐོང་བ་ཡིས་ཞེས་པ་ལ་སོགས་པ་སྟེ། དེ་ལ་དེས་ན་བསམ་པ་ཐམས་ཅད་ཀྱི་ཡི་གེ་དེ་ལ་མཐོང་བར་འགྱུར་ཞེས་པ་ནི། ཕ་རོལ་གྱི་སེམས་ལ་བསྒོམ་པའི ་ཡི་གེ་ཧཱུཾ་ལ་ཕ་རོལ་གྱིས་ཅི་སེམས་པའི་རྟགས་རང་གི་སེམས་ཀྱིས་མཐོང་ངོ་ཞེས་པའི་དོན་ཏོ། །ད་ནི་ནང་གི་སྦྱིན་སྲེག་ཉན་འདོད་པ་ཕྱག་ན་རྡོ་རྗེས་ཞེས་པ། དེ་ནས་མེ་ཡི་ལས་རྣམས་ནི་ཞེས་པ་ལ་སོགས་པའོ། །བཅོམ་ལྡན ་འདས་ཀྱིས་ཞུས་པའི་ལན་གསུངས་པ། ཉོན་ཅིག་མེ་ཡི་དེ་ཁོ་ན་ཞེས་པ་ལ་སོགས་པ་སྟེ། དེ་ཐམས་ཅད་ཡེ་ཤེས་ལ་གནས་སོ། །ཞེས་པ་ནི། དེ་ལ་རེ་ཞིག་ཐམས་ཅད་ཡེ་ཤེས་ལ་གནས་སོ་ཞེས་པ་ནི། ཕྱག་ན་རྡོ་རྗེས་སེམས་ཅན་ཐམས་ཅད་ཡེ་ཤེས ་ལ་བརྟེན་ནོ་ཞེས་པའོ། །སྐྱེས་པའི་ལུས་ལ་ཡེ་ཤེས་མེ་ཞེས་པ་ནི་ཡེ་ཤེས་ཀྱི་མེ་དེ་ཡང་སེམས་ཅན་ཐམས་ཅད་ཀྱིས་ལུས་ལ་གནས་སོ་ཞེས་པའོ། །ཅིའི་ཕྱིར་ཞེ་ན། སེམས་ཀྱིས་ཐམས་ཅད་བྱིན་བརླབས་པས་ཞེས་པ་སྟེ། །སེམས་ཅན་ཐམས ་ཅད་དང། སེམས་དབྱེར་མེད་པས་ན་ཕན་ཚུན་བྱིན་གྱིས་བརླབ་པོ་ཅེས་པའི་ཐ་ཚིག་གོ་།དེའི་སྲེག་ལུགས་རྣལ་འབྱོར་པས་ཞེས་པ་ནི་ཡེ་ཤེས་ཀྱི་མེ་དེའི་སྦྱིན་སྲེག་རྣལ་འབྱོར་པས་བྱའོ་ཞེས་པའོ། །ནང་གི་སྦྱིན་སྲེག་གི་མེ་བསྟན་ནས། ནང་གི་སྦྱིན་སྲེ་གི་ཧོཾ ་ཁུང་གིས་སྟོན་འདོད་པས་གསུངས་པ། བདག་ཉིད་སེམས་ཀྱིས་སྲེག་བླུགས་ནི་ཞེས་པ་ནས། ཀླུ་དབང་འཁྱིལ་བས་བསྐོར་པའོ་ཞེས་པའི་བར་དུ་ནི་བླ་མའི་ལུང་གིས་ཤེས་པར་བྱའོ། །དེ་ཡི་དབུས་སུ་པདམོར་ཤེས་ཞེས་པ་ནི་ཧོཾ་ཁུང་དེའི་དབུས་སུ་པདྨ ་འདབ་བརྒྱད་འོད་འབར་བར་བསྒོམ་པའོ། །ཉི་མའི་དཀྱིལ་འཁོར་དབུས་གནས་པར། །ཡེ་ཤེས་ལྷ་མོ་བཞུགས་པར་བསམ་ཞེས་པ་ནི། པདྨའི་སྙིང་པོ་ཉི་མའི་དཀྱིལ་འཁོར་ལ་ཡེ་ཤེས་མཁའ་གྲོ་མ་སྔོན་མོ་བསྒོམ་པར་བྱའོ། །གཞུང་ཚིག་དཀར་པོ ་འབང་པ་ལ། །རྡོ་རྗེ་མཁའ་འགྲོ་བསམ་པར་བྱ་ཞེས་པ་ནི་གཞུད་ཚིགས་ཀྱི་ནུབ་ཕྱོགས་ཀྱི་འདབ་མ་རྡོ་རྗེ་མཁའ་གྲོ་མ་དཀར་མོའོ། །གཡས་ཀྱི་བརླ་ཡི་དབུས་སུ་ནི། །ཡེ་ཤེས་དྲག་མོ་བསམ་པར་བྱ། རྣལ་འབྱོར་པའི་གཡས་མཚན་ཕྱོགས་ཀྱི ་འདབ་མ་ལ་དྲག་པོའི་མཁའ་འགྲོ་མ་སེར་པོའོ། །ལྟེ་བ་དམར་པོ་འབར་བ་ལ། །རྡོ་རྗེ་མཁའ་འགྲོ་བསམ་པར་བྱ་ཞེས་པ་ནི། །རྣལ་འབྱོར་པའི་ལྟེ་བའི་ཕྱོགས་ཀྱི་མདབ་མ་ལ་དམར་པོའོ། །གཡོན་གྱི་བརླ་ནི་ནག་པོ་རུ། །གདོལ་པ་འབར་བྱེད་དྲག་མོའོ། །ཞེས་པ་རྣལ ་འབྱོར་མའི་མཆན་གཡོན་ཕྱོགས་ཀྱི་འདབ་མ་ལ་གདོལ་བ་མོ་ནག་མོའོ། །མེ་ལྔ་ཡི་ནི་བདག་ཉིད་རྣམས་ཞེས་པ་ནི་སྔོན་པོ་དང། དཀར་པོ་དང། །དམར་པོ་དང། །སེར་པོ་དང། ནག་པོའི་རོ་ལངས་མ་མེ་ལུས་ལ་འབར་བ་ཞེས་པའོ། །གཟུགས་ནི་མཐེ་བོང་ཙམ ་དུ་ལྟ་ཞེས་པ་ནི་ལྷ་མོ་དེ་ལྔའི་སྐུ་ཚད་ནི། །མཐེ་རོང་ཙམ་དུ་བསྒོམ་མོ་ཞེས་པའོ། །ལྷ་མོ་དེ་ལྔའི་རང་བཞིན་གང་ཞེ་ན། །ཆུ་དང་མེ་དང་རླུང་རྣམས་ནི། ས་དང་ཡེ་ཤེས་རྣམ་པ་ལྔ་ཞེས་པ་སྟེ། ས་ལ་སོགས་པའི་འབྱུང་བ་ཆེན་པོ་བཞི་དང། རྣམ་པར་ཤེས་པ་རྣམ་པར་ལྔར ་བྱས་ཏེ། །སངས་རྒྱས་ཀྱི་བཀའ་ལས་འབྱུང་བ་ཆེན་པོ་བཞི་དང་རྣམ་པར་ཤེས་པ་ལྔར་བྱས་ཏེ། སངས་རྒྱས་ཀྱིས་བཀའ་ལས་འབྱུང་བ་ཆེན་པོ་བཞི་ཁོ་ནར་འབྱུང་བས། །ནམ་མཁའ་ཨི་ནི་མ་ཡིན་ནོ། །སྤྱོད་དུ་མེད་པའི་ཕྱིར་རོ། །གང་དང་གང་དུ་འབྱུང་བ་ཆེན་པོ་ལྔ་ཞེས་འབྱུང ་ན། དེ་དང་དེ་ལ་ནི་མཁའ་ནི་མ་ཡིན་ཏེ། །ཡེ་ཤེས་ཁོ་ན་ལ་ཤེས་པར་བྱའོ། །བདག་ཉིད་ལྔ་ཡི་ལྷ་རྣམས་ལ་ཞེས་པ་ནི་རྣལ་འབྱོར་པ་རང་གི་འབྱུང་བ་ཆེན་ལོ་བཞི་དང། ཡེ་ཤེས་ལྔ་དང་ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པ་ལྷ་མོ་ལྔ་དང་སྦྱར་བར་བྱའོ། །འདི་ལྟ་སྟེ། ་ཡེ་ཤེས་དང་ཡེ་ཤེས་མཁའ་འགྲོ་མའི། །ཆུའི་ཁམས་དང་རྡོ་རྗེ་མཁའ་འགྲོ་མའོ། །མེའི་ཁམས་དང། དྲག་པོའི་མཁའ་འགྲོ་མའོ། །རླུང་གི་ཁམས་དང་རོ་ལངས་ཀྱི་མཁའ་འགྲོ་མའོ། །སའི་ཁམས་དང་གདོལ་པའི་མཁའ་འགྲོ་མ་རྣམས་སྦྱར་བར་བྱའོ་ཞེས་པའོ། །སྲེག ་བླུགས་ཀྱི་ཆོ་ག་མཆོག་ཅེས་པ་ནི་རྣལ་འབྱོར་པའི་སྦྱིན་སྲེག་ཕྱི་ནང་གཉིས་ལ་ནང་གི་སྦྱིན་སྲེག་མཆོག་ཏུ་གསུངས་སོ། །ཞེས་པའི་ཐ་ཚིག་གོ། དེ་ལྟར་ཡང་གསང་བ་འདུས་པའི་ནོ་པི་ཀ་འཇིག་རྟེན་སྣང་བ་ལས་ཀྱང་གསུངས་ཏེ། ཕྱིའི་སྦྱིན་སྲེག་རྗེས་དཔག་སྟེ། །སེམས་ནི ་སེམས་ཅན་ཀྱིས་ཡིན་པས། །བླ་ན་མེད་པ་འདི་ཡིན་ཏེ། །ཡེ་ཤེས་མེ་ནི་འབར་བྱས་ནས། །ཕུང་པོ་བུད་ཤིང་སྲེག་བའོ། །བཅོ་བརྒྱད་དག་གི་ཡན་ལག་ནས་ཞེས་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །ནང་གི་སྦྱིན་སྲེག་གི་ཧོཾ་ཁུང་ལ་སོགས ་པ་བཤད་ནས། ནང་གི་སྦྱིན་སྲེག་གི་བསྒོམ་པ་གསུངས་པ། མེ་ཡི་ནང་དུ་བསྲེག་པའི་རྒྱུ་ཞེས་པ་ལ་སོགས་པ་སྟེ། དེ་ལ་རེ་ཞིག་མེའི་ནང་དུ་བསྲེག་པའི་རྒྱུ་ཞེས་པའི་ཟས་དང་བཏུང་བ་དང་བདུད་རྩི་ལ་སོགས་པའོ། །དང་པོ་སྒྲ་ཡིག་ས་བོན་རྣམས་ཞེས་པ་ནི། ཡི་གེ ་ཨའོ། །འདི་ལྟར་དེ་ཁོ་ན་བསྒོམས་ན་ཞེས་པ་ནི་ནང་གི་སྦྱིན་བསྲེག་རྫས་དང་བཏུང་པ་ལ་སོགས་པ་ཡི་གེ་ཨ་དེ་ཁོ་ན་ཉིད་ཀྱིས་སྦྱང་བར་བྱའོ་ཞེས་པའོ། །བདག་ཉིད་སྲེག་བླུགས་རྒྱས་པར་འགྱུར་ཞེས་པ་གོ་སླའོ། །དེ་ཁོ་ནའི་དོན་བཅོམ་ལྡན་འདས་ཀྱིས་གསལ ་བར་སྟོན་འདོད་པས་གསུངས་པ། གང་ཞིག་ཅུང་ཟད་བཟའ་བཏུང་རྣམས། །བསྔོ་བ་བྱས་ནས་བཟའ་བར་བྱ་ཞེས་པའོ། །ནང་གི་སྦྱིན་སྲེག་གི་ཡོན་ཏན་གསུངས་པ། འདི་ལྟར་སྤྱོད་པའི་རྣལ་འབྱོར་པ། །བུ་ལོན་དུ་ནི་མི་འགྱུར་རོ་ཞེས་པ་སྟེ། ཟས་བཏུང་བ་ལ་རྣལ ་འབྱོར་པས་གོང་ནས་གསུངས་པའི་མན་ངག་ཏུ་བྱས་ནས་བདུད་རྩིར་འགྱུར་ཏེ། སྙིགས་མར་ནི་མི་འགྱུར་རོ་ཞེས་པའོ། །ཞེས་པའི་ཐ་ཚིག་གོ་།དཔེར་ན་བུ་ལོན་བཞིན་དུ་སྐྱོན་དུ་ཆག་པར་མི་འགྱུར་རོ་ཞེས་པའི་དོན་ཏོ།། །།པཎྜི་ཏ་དྲན་པའི་ཡེ་ཤེས ་གྲགས་པས་མཛད་པའི་དཔལ་ལྡན་གདན་བཞི་པ་གཟིགས་པ་ལས་གསང་བའི་གདན་ལེའུ་གཉིས་པའི་རྣམ་པར་བཤད་པ་རྫོགས་སོ།། །།ད་ནི་ལུས་ཀྱི་མཉམ་པ་དང། ཡེ་ཤེས་ཀྱི་མཉམ་པ་དང། འཕྲོ་བར་བྱ་བ་དང། དབུགས་འབྱུང་འཇུག ་གི་བྱ་བའི་མན་ངག་བཞི་རྟོགས་འདོད་པ་ཕྱག་ན་རྡོ་རྗེས་ཞུས་པའི་ཚིག་ལུས་ཀྱི་སྦྱོར་བའི་མཚན་ཉིད་ནི་ཞེས་པ་ལ་སོགས་པས་གསང་བའི་གདན་ལེའུ་གསུམ་པ་བརྩམས་སོ། །དེ་ལ་སྤྲེའུ་ལྟར་ནི་མི་བརྟན་པ་ཞེས་པ་ནི། །སྤྲེའུས་གཅིག་ཏུ་མི་ཚུགས་པ ་བཞིན་དུ་གཟུགས་ལ་སོགས་པའི་སྤྱོད་པའི་ཡུལ་དུ་སྐད་ཅིག་མ་གཡེང་ཞིང་མི་བརྟན་པའི་རྣམ་པར་ཤེས་པ་ཇི་ལྟར་མཉམ་པོར་སྦྱོར་བ་ཞེས་ཞུས་པ། །མཉམ་ཉིད་གང་གིས་སྦྱར་བར་བགྱི་ཞེས་པའོ། །ངོ་མཚར་ཞེས་པ་ནི་སྔ་ཕྱི་མེད་པའོ། །དེའི་ལན་བཅོམ ་ལྡན་འདས་ཀྱིས་གསུངས་པ། སེམས་འཕྱར་བ་ཡི་བྱེ་བྲག་ཉིད། །ཉོན་ཅིག་རྡོ་རྗེ་གནས་ཆེན་ནོ་ཞེས་པ་སྟེ། དེ་ལ་ནི་ཕྱག་ན་རྡོ་རྗེའོ། །གསང་ཆེན་པོ་ཞེས་པ་ནི། གསང་བ་ནི་གནོད་སྦྱིན་ཏེ། དེའི་གཙོ་བོར་གྱུར་བས། གསང་ཆེན་ཏེ་ཕྱག་ན་རྡོ་རྗེའི་ཁྱད་པར་རོ ་ད་ནི་དེ་དག་གི་བཞིའི་ནང་ནས་རེ་ཞིག་ལུས་ཀྱི་མཉམ་པར་སྟོན་འདོད་པས་གསུངས་པ། མཉམ་ཉིད་གནས་པའི་སེམས་ཀྱིས་ན། སྤངས་ནས་ཀཱ་ལི་འཇུག་པར་བྱ་ཞེས་པ་སྟེ། དེ་ལ་ཀཱ་ལི་ཞེས་པ་ནི་ལུས་ཏེ། ཐབས་ཉིད་ཀྱིས་རྒྱུར་གྱུར་པའི་ཕྱིར་རོ། །དོན་ནི་འདི ་ལྟ་སྟེ། གཉིས་སུ་མེད་པའི་སེམས་ཆོས་ཉིད་ལས་སེམས་ཅན་གྱི་དོན་དུ་ལུས་བསྐྱེད་པར་བྱའོ་ཞེས་པའི་དོན་ཏོ། །ལུས་དེ་ལྔ་དང་མཉམ་པར་བསྟན་པ་ལ་རེ་ཞིག་ཆུ་དང་མཉམ་པར་སྦྱོར་བ་ལ་ཚང་མ་བཞི་གསུངས་པ་ལ་ཆུའི་ལས་ཀྱི་ཚད་མ་དང་སྦྱོར་བ་ནི། ་ཐམས་ཅད་ཆུ་ཡིས་ཚད་མ་ཡིས། །ལུས་ཀྱི་མྱུ་གུ་འབྱུང་བ་ཡིན་ཞེས་བ་སྟེ། ས་བོན་ལས་མྱུ་གུ་འབྱུང་བ་ནི། བརླན་པ་ལས་ཡིན་པའི་ཕྱིར། ལུས་ཀྱི་མྱུ་གུ་འབྱུང་བ་ཡང་ཆུའི་ཁམས་གཙོ་བོའི་ཕྱིར་རོ། །ཆུའི་རང་བཞིན་གྱི་སྦྱོར་བའི་ཚང་མ་གསུངས་པ། གཟུགས ་ལ་ཆུ་མེད་ན་མི་རུང་སྟེ། གཟུགས་ཀྱི་ཚད་མ་ཆུ་ཡིན་ནོ་ཞེས་པ་སྟེ་ལུས་ལ་གཤེར་བའི་རང་བཞིན་ནི་ཆུའི་ཁམས་གཙོ་བོའི་ཕྱིར་རོ། །ཆུའི་རྟེན་གྱི་སྦྱོར་བ་ཚད་མ་གསུངས་པ། འདིས་ནི་ཐམས་ཅད་ཁྱབ་འགྱུར་ན། །བློ་ལྡན་ཆུ་ཡི་ཚད་མ་ན་ཞེས་པ་སྟེ། ལུས ་ཀྱི་ཡན་ལག་ཀུན་ལ་ཆུས་ཁྱབ་ནས་གནས་པ་གཙོ་བོའི་ཕྱིར་རོ། །ཆུའི་ལྷ་མོའི་ཚད་མ་སྦྱོར་བ་གསུངས་པ། རྡོ་རྗེ་ལྷ་མོ་ལུས་ཀྱི་རྣམས། །བློ་ལྡན་ཚད་མ་ཞེས་བྱའོ་ཞེས་པ་སྟེ། ལུས་ཀྱི་ཆུའི་གཙོ་བོ་ནི་ལྷ་མོ་རྡོ་རྗེ་མཁའ་འགྲོ་མ་ཞེས་བྱའོ། །དེ་ནས་མེ་དང ་སྦྱོར་བ་ཚད་མ་བཞི་གསུངས་པ་ལས། མེའི་རང་བཞིན་སྦྱོར་བ་ཚད་མ་གསུངས་པ། མེའི་ལུས་ལ་ཐམས་ཅད་དེ། །གཟུགས་ལ་འབར་བ་དྲོད་ཡིན་ཏེ་ཞེས་པ་ནི། ལུས་ལ་དྲོད་དང་ལྡན་པའི་རང་བཞིན་མེའི་ཁམས་གཙོ་བའི ་ཕྱིར་རོ། །མེའི་ལས་ཀྱི་སྦྱོར་བ་ཚད་མ་གསུངས་པ། ནང་དུ་བཟའ་བའི་ཚད་མ་རྣམས། །ཚད་མར་མེ་ནི་གྲགས་པ་ཡིན་ཞེས་པ་སྟེ། ལུས་ལ་བཟའ་བ་དང་བཏུང་བ་ཐམས་ཅད་འཇུ་བ་དང། སྨིན་པའི་ལས་བྱེད་པ་ལ་མེའི་ཁམས་གཙོ་བའི་ཕྱིར་རོ། ། ་མེའི་རྟེན་གྱི་སྦྱོར་བ་ཚད་མ་གསུངས་པ། ལུས་ལ་ཐམས་ཅད་ཁྱབ་པས་ན། །མེ་ཞེས་གྲགས་པ་ཀུན་ཏུ་ཤེས་ཞེས་པ་སྟེ། ལུས་ཀྱི་ཡན་ལག་ཀུན་ལ་དྲོ་བའི་དངོས་པོའི་རྟེན་གཙོ་བོའི་ཕྱིར་རོ། །མེའི་ལྷ་མོའི་སྦྱོར་བ་ཚད་མ་གཟུངས་པ། དྲག་མོར་བསྟན ་པ་ལུས་ཀྱི་རྣམས། །ཚད་མར་གྲགས་པ་མཆོག་ཏུ་བརྩོན་ཞེས་པ་སྟེ། ལུས་ཀྱི་མེའི་གཙོ་བ་ནི་དྲག་མོའི་མཁའ་འགྲོ་མ་ཞེས་བྱའོ། །རླུང་དང་ཚང་མ་བཞི་སྦྱོར་བ་གསུངས་པ་ལ་རང་བཞིན་སྦྱོར་བ་ཚད་མ་གསུངས་པ། ལུས་ལ་རླུང་གིས་ཐམས་ཅད་དུ་ནང ་གི་བུ་ག་དྲ་བ་བཞིན་ཞེས་པ་སྟེ། ལུས་ཀྱི་བུ་ག་དང་དྲ་བ་ལ་རྒྱུ་བའི་རང་བཞིན་རླུང་གི་ཁམས་གཙོ་བའི་ཕྱིར་རོ། །རླུང་གི་ལས་ཀྱི་སྦྱོར་བ་ཚང་མ་གསུངས་པ། སེམས་ཀྱི་ཚད་མ་དབུགས་ཡིན་པས། ཚད་མར་གྲགས་པ་རྟོག་པ་ཡིན་ཞེས་པ་སྟེ། ལུས ་ཀྱི་སེམས་རླུང་གི་སྲོག་འཛིན་པའི་ལས་བྱེད་པ་ལ་རླུང་གི་ཁམས་གཙོ་བའི་ཕྱིར་རོ། །རླུང་གི་རྟེན་གྱི་སྦྱོར་བ་ཚང་མ་གསུངས་པ། གང་གི་མངོན་པར་ཤེས་པར་དབུས་ལུས་ལ། སྦྱོར་བར་གནས་པ་ནི། ཞེས་པ་ནི་ཡེ་ཤེས་སོ། །ལུས་ཀྱི་ཡེ་ཤེས་ལ ་བརྟེན་པ་ལ་རླུང་གི་ཁམས་གཙོ་བའི་ཕྱིར་རོ། །རླུང་གི་ལྷ་མོའི་སྦྱོར་བ་ཚད་མ་གསུངས་པ། ལྷ་མོ་རོ་ལངས་ཐམས་ཅད་དུ། །མཁས་པ་ཡི་ནི་ཤེས་པར་བྱ་ཞེས་པ་ནི། ལུས་ཀྱི་རླུང་གི་གཙོ་བོ་ནི་ལྷ་མོ་རོ་ལངས་མར་ཤེས་བར་བྱའོ། །ས་དང་སྦྱོར ་བ་ཚང་མ་བཞི་གསུངས་པ་ལ། སའི་རང་བཞིན་སྦྱོར་བའི་ཚད་མ་གསུངས་པ། ས་ཡི་ཐམས་ཅད་དབྱིབས་ཀུན་ཏུ། །གཟུགས་ལ་ཡོན་ཏན་དབང་བརྒྱན་པ་ཞེས་པ་ནི། ལུས་ལ་དབང་པོ་དང་གཟུགས་ལ་སོགས་པ་བརྒྱན་པའི་རང་བཞིན་ལས་གཙོ་བའི་ཕྱིར་རོ། ། ་སའི་ལས་ཀྱི་སྦྱོར་བ་ཚང་མ་གསུངས་པ། ཚད་མ་ས་ཡི་གནས་བྱུང་པའི། །ས་ནི་གཟུགས་སུ་སྣང་བ་ཡིས་ཤེས་པ་སྟེ། ལུས་ལ་གཟུགས་ཀྱིས་ཆུ་དང་མེ་དང་རླུང་དང་རྣམ་པར་ཤེས་པ་རྣམས་ཀྱིས་གནས་སུ་གྱུར་ནས་འཛིན་པའི་ལས་བྱེད་པ་ལས་གཙོ་བའི ་ཕྱིར་རོ། །སའི་རྟེན་གྱི་སྦྱོར་བའི་ཚོད་མ་གསུངས་པ། དེ་བས་ཡོན་ཏན་ལྡན་པ་ཡིས། །ས་རུ་གྲགས་པའི་བདག་ཉིད་ནི་ཞེས་པ་སྟེ། དེ་ལ་ཡོན་ཏན་ནི་གཟུགས་དང་དབང་པོ་ལ་སོགས་པའོ། །ལུས་དེ་དག་གི་རྟེན་ལ་སའི་གཙོ་བའི་ཕྱིར་རོ། །སའི་ལྷ་མོའི་སྦྱོར ་བ་ཚང་མ་གསུངས་པ། བདག་ཉིད་གདོལ་པའི་ལྷ་མོ་སྟེ། །ཐམས་ཅད་དུ་ནི་གཙོ་མོར་གྲགས་ཞེས་པ་ནི། ལུས་ཀྱི་སའི་ཁམས་གཙོ་བའི་ལྷ་མོ་གདོལ་པ་མོ་ཞེས་པའོ། །ཡེ་ཤེས་ཀྱི་སྦྱོར་བ་ཚད་མའི་བཞི་གསུངས་པ། ཡེ་ཤེས་ཀྱི་རང་བཞིན་ཚད་མ་སྦྱོར་བ ་གསུངས་པ། སྡང་དང་བྱེད་དང་ལོངས་སྤྱོད་པ། །སོམ་ཉི་ཡིད་ནི་གཅོད་པའོ་ཞེས་པ་སྟེ། ལུས་ལ་བྱེད་པ་པོ་དང། སྡུད་པ་པོ་དང་ལོངས་སྤྱོད་པ་ཡིན་གྱི་ཐེ་ཚོམ་གཅོད་པའི་གཙོ་བོའི་ཕྱིར་ན་ཡེ་ཤེས་ཀྱི་རང་བཞིན་ཏེ། ངེས་པར་རྟོགས་པའི་རྣམ་པར ་རྟོག་པ་དང་ལྡན་བའི་ཕྱིར་རོ། །ཡེ་ཤེ་ཀྱི་ལས་ཀྱི་སྦྱོར་བ་ཚད་མ་གསུངས་པ། དབང་པོ་ཐམས་ཅད་སེམས་དག་གིས། །མཚོན་པ་མཚན་ཉིད་ཤེས་པར་བྱ་ཞེས་པ་སྟེ། དེ་ལ་དབང་པོ་ཐམས་ཅད་ཅེས་པ་ནི། མིག་ལ་སོགས་པ་དྲུག་གོ་།སེམས་དག་གིས་ཞེས ་པ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་དྲུག་གོ་།མཚོན་པ་ཞེས་པ་ནི་གཟུགས་དང་སྒྲ་ལ་སོགས་པའོ། །མཚན་ཉིད་ཅེས་པ་ནི་མདོག་དང་དབྱིབས་དང་སྙན་པ་དང་མི་སྙན་པ་ལ་སོགས་པའོ། །དོན་ནི་འདི་ལྟ་སྟེ། མིག་ལ་སོགས་པའི་དབང་པོའི་སྒོ ་ནས་མིག་གི་རྣམ་པར་ཤེས་པ་ལ་སོགས་པས་གཟུགས་ལ་སོགས་པའི་མཚན་ཉིད་ལ་ཤེས་པའི་ལས་བྱེད་པའི་གཙོ་ཞེས་བྱའོ། །ཡེ་ཤེས་ཀྱི་རྟེན་གྱི་སྦྱོར་བ་ཚད་མ་གསུངས་པ། སྦྱོར་བའི་ལོངས་སྤྱོད་རྒྱལ་དབང་མོ། །ཡུལ་ལ་སོགས་པའི ་བདེ་བ་འམ་ཞེས་པ་སྟེ། དེ་ལ་རྒྱལ་པོ་ནི་ཡེ་ཤེས་སོ། །དོན་ནི་འདི་ལྟ་སྟེ། བདེ་བ་ལ་སོགས་པའི་སྤྱོད་ཡུལ་ལ་དབང་པོར་སྦྱར་ནས་ཡེ་ཤེས་ཀྱི་ལོངས་སྤྱོད་ནས་བརྟེན་པ་གཙོ་བའི་ཕྱིར་རོ། །ཡེ་ཤེས་ལྷ་མོའི་སྦྱོར་བ་ཚད་མ་གསུངས་པ། ལུས་ཀྱི་ཡེ་ཤེས ་རྒྱལ་མོ་ཡིས། །ཚད་མར་རྣལ་འབྱོར་མས་རྟོགས་བྱ་ཞེས་པ་སྟེ། དེ་ལ་རྒྱལ་མོ་ཞེས་པ་ནི་ཡེ་ཤེས་ཀྱི་མཁའ་འགྲོ་མའོ། །དོན་ནི་འདི་ལྟ་སྟེ། ལུས་ཀྱི་ཡེ་ཤེས་ཀྱི་ལྷ་མོའི་གཙོ་མོ་ནི་ཡེ་ཤེས་མཁའ་འགྲོ་མ་ཡིན་པར་རྣལ་འབྱོར་པ་མཁས་པས་ཤེས ་པར་བྱའོ་ཞེས་པའི་དོན་ཏོ། །དེ་ནས་འབྱུང་བ་ཆེན་པོ་ཆུ་ལ་སོགས་པ་ལྔ་དང་ལུས་སྦྱོར་བ་བསྟན་ནས་ཡེ་ཤེས་ལ་འབྱུང་བ་ཆེན་པོ་བཞི་སྦྱོར་བ་སྟོན་བས་གསུངས་པ། དེ་ལ་རེ་ཤིག་ཆུ་དང་སེམས་སྦྱོར་བ་སྟེ། ཆུ་ནི་སེམས་ལས་འབྱུང་བས་ན། །རྣམ་པར ་ཤེས་པ་ཆུའི་ཁམས་ཞེས་པ་སྟེ། གཉིས་སུ་མེད་པའི་སེམས་ལས་ཆུའི་ཁམས་བསྐྱེད་པའི་ཕྱིར་ཡེ་ཤེས་དང་ཆུའི་ཁམས་ནི་གཅིག་གོ་།དེ་གཉིས་དབྱེར་མེད་བའི་དོན་སྟན་པ་ལ། གལ་ཏེ་ཆུ་ནི་གཞན་དུ་ན། །ཤ་ནི་ཅི་སྟེ་ཆུ་མི་འབྱུང་ཞེས་པ་སྟེ། ཡེ ་ཤེས་དང་བྲལ་བའི་རོ་ལ་ཆུ་མེད་པས་ན། ཡེ་ཤེས་དང་ཆུའི་ཁམས་ཐ་མི་དད་པར་མངོན་ནོ་ཞེས་པའོ། །ཡེ་ཤེས་དང་མེ་སྦྱོར་བ་གསུངས་པ། རྣམ་ཤེས་མེ་རུ་འབྱུང་བ་ནས་ལུས་ལ་དྲོ་བ་ཉིད་དུ་ངེས་ཞེས་པའོ། །དེ་གཉིས་དབྱེར་མེད་པ་ཁོ་ན་གསུངས ་པ། ཡེ་ཤེས་འཕོས་པའི་ལུས་ལ་ནི། །ཅི་སྟེ་དྲོ་བ་ཉིད་མི་སྣང་ཞེས་པ་སྟེ། ཡེ་ཤེས་དང་བྲལ་བའི་ལུས་ལ་དྲོད་མེད་པས་ན་ཡེ་ཤེས་དང་མེའི་ཁམས་ཐ་མི་དང་མདོན་ནོ་ཞེས་པའི་ཐ་ཚིག་གོ་།ཡེ་ཤེས་རླུང་དང་སྦྱོར་པ་གསུངས་པ། རྣམ་ཤེས་རླུང་གི ་ལུས་ངག་ལ། །འབྱུང་འཇུག་དབུགས་ནི་དུ་བ་འདྲ་ཞེས་པའོ། །དེ་གཉིས་དབྱེར་མེད་པའི་དོན་ཁོ་ན་གསུངས་པ། ཡེ་ཤེས་འཕོས་པའི་ལུས་དག་ནི། །དེ་དག་ལ་ཡང་དབུགས་མེད་དོ་ཞེས་པ་སྟེ། ཡེ་ཤེས་དང་བྲལ་བའི་ལུས་ལ་ནི་དབུགས་མེད་པས་ན། ཡེ་ཤེས ་དང་དབུགས་ཐ་མི་དད་པར་མངོན་ཞེས་པའི་ཐ་ཚིག་གོ་།ཡེ་ཤེས་དང་ས་སྦྱོར་བ་གསུངས་པ། སེམས་ནི་ས་རུ་བྱུང་བས་ན། །ལྕི་བ་རོ་ནི་སྣང་བ་ཡིན་ཞེས་པའོ། །དེ་གཉིས་དབྱེར་མེད་པའི་སེམས་ཡིན་པས་ལུས་ལ་ལྕི་བ་ཉིད་དུ་སྣང་སྟེ། སའི་སྙིང་པོ་ནི་ལྕི་བ ་ཡིན་པའི་ཕྱིར་རོ། །དེ་གཉིས་དབྱེར་མེད་པའི་ཕྱིར་རོ། །དེ་གཉིས་དབྱེར་མེད་པའི་དོན་ཁོ་ན་གསུངས་པ། ཡེ་ཤེས་འཕོས་པའི་ལུས་དག་ནི། །ཆུ་ཡི་ནང་དུ་ལྡིང་བའོ་ཞེས་པ་སྟེ། ཡེ་ཤེས་དང་སའི་ཁམས་ནི་ཐ་མི་དད་པར་མངོན་ཏེ། རོ་ལ་ལྕི་བ་མེད་པའི་ཕྱིར་རོ། ། ་ཡིད་ཀྱི་རྣམ་པར་ཤེས་པ་ཀུན་ཡང་དོན་དུ་སེམས་དང་ཡེ་ཤེས་ཁོ་ནར་ཤེས་པར་བྱ་སྟེ། རྫས་གཅིག་གི་དུས་སྔ་ཕྱི་ཁྱད་པར་ཙམ་གྱི་ཕྱིར་རོ། །དེ་ལྟར་མཛོད་ཀོ་ཥ་ལས་གསུངས་པ། དྲུག་པོ་འགགས་མ་ཐག་ཏུ་ནི། །རྣམ་ཤེས་གང་ཡིན་དེ་ཡོད་དོ། ། ་ཞེས་པའོ། །ལུས་ཀྱི་ཚད་མ་ལྔ་ཅར་ཡང་ཞེས་པ་ནི། གོང་དུ་གསུངས་པའི་ཆུ་དང་མེ་དང་རླུང་དང། ས་དང་ཡེ་ཤེས་ཚད་མར་སྦྱོར་བས་ན། ལུས་སྦྱོར་བ་ཞེས་པའོ། །དེ་ཡན་ཆད་ཀྱི་ལུས་ཀྱིས་སྦྱོར་བའི་མཚན་ཉིད་ནི་ཞེས་པའི། ཞུས་པའི་ཚིག་གིས་ལན ་བཤད་པས་མཉམ་པ་ཉིད་གང་གིས་སྦྱར་བར་བགྱི། ཞེས་པའི་ཚིག་གིས་ཞུས་པའི་ལན་བཏབ་པ། ལྔ་མར་གཅིག་གི་ངོ་བོ་སྟེ། །གཅིག་ཏུ་གྱུར་པར་ཤེས་བྱས་ནས། །ཞེས་པ་སྟེ། ཆུ་ལ་སོགས་པ་དེ་ལྔ་ཡང། །སེམས་གཅིག་གིས་རང་བཞིན་གྱི་ཕྱིར་ན། ་ཆོས་ཉིད་གཅིག་གི་རང་བཞིན་ཞེས་ཤེས་པར་བྱ་བའི་དོན་ཏེ། གཉིས་སུ་མེད་པའི་སེམས་དང་ཆོས་དབྱེར་མེད་པའི་ཕྱིར་རོ། །དེའི་ཡོན་ཏན་གསུངས་པ། རྣལ་འབྱོར་པ་ཡིས་གནས་བལྟའོ་ཞེས་པ་སྟེ། ལུས་སྦྱོར་བའི་མན་ངག་སྟེ། དེ་ལྟར་བསྒོམ་པའི་རྣལ ་འབྱོར་པས། །མྱ་ངན་ལས་འདས་པའི་ལམ་ཐོབ་པོ། །ཞེས་པའི་ཐ་ཚིག་གོ་།ཡང་དེའི་ཡོན་ཏན་ཁོ་ན་གསུངས་པ། དེ་ལྟར་མཚན་ཉིད་མངོན་པར་ཤེས་པ་ཡི་ཞེས་པ་ལ་སོགས་པ་སྟེ། བླ་མ་དགེ་བའི་བཤེས་གཉེན་བསྟེན་ནས། ལུས་ལ ་སྦྱོར་བའི་མཚན་ཉིད་ཅེས་པ་ནི། སྲིད་པའི་འཁོར་བ་ལས་ཐར་རོ་ཞེས་པའི་ཐ་ཚིག་གོ་།ད་ནི་ཐུགས་རྗེས་སྐྱོ་བའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཕྱག་ན་རྡོ་རྗེ་སེམས་དཔའ་ཐུགས་ཀྱིས་མཁྱེན་ནས་རྟོགས་ཏེ། མཉམ་ཉིད་གང་གིས་སྦྱོར་བར་བགྱི་ཞེས་པའི ་ལན་ཡེ་ཤེས་སྦྱོར་བ་སྟོན་འདོད་པས་གསུངས་པ། དབང་པོ་ཡུལ་གྱི་ཡེ་ཤེས་ནི་ཞེས་པ་ལ་སོགས་པའོ། །དེ་ལ་དབང་པོ་ཡུལ་གྱི་ཡེ་ཤེས་ཀྱིས། །གནོད་པར་བྱེད་བསྡམ་པར་བྱ་ཞེས་པ་སྟེ། དེ་ལ་ཡུལ་ནི་གཟུགས་དང་སྒྲ་ལ་སོགས་པའོ། །ཡེ་ཤེས་ནི་མིག ་གི་རྣམ་པར་ཤེས་པ་ལ་སོགས་པའོ། །དོན་དུ་ན་འདི་ལྟ་སྟེ། རྣལ་འབྱོར་པས་དང་པོ་གནོད་པ་བྱེད་པ་གཟུགས་ལ་སོགས་པའི་སྤྱོད་ཡུལ་ལ་ཕྱིན་ཅི་ལོག་པའི་སྒོ་ནས་འཇུག་པའི་མིག་ལ་སོགས་པའི་རྣམ་པར་ཤེས་པ་བསྡམས་ནས་གདུལ་བར་བྱའོ་ཞེས ་པ་སྟེ། རྣལ་འབྱོར་པའི་སྦྱོད་ཡུལ་ནི། དམ་ཚིག་ཙམ་ཡིན་གྱི་ལོངས་སྤྱོད་ནི་མ་ཡིན་ནོ། །ཕྱིར་རོ། །དེ་ལྟར་བཅོམ་ལྡན་འདས་ཉིད་ཀྱིས་སྦྱོར་བའི་གདན་ལེའུ་བཞི་པ་ལས་གསུངས་པ། འདོད་ལ་དགའ་ཉིང་མ་ཡིན་ཏེ། །ལོངས་སྤྱོད་ཕྱི་རུ་སྦྱང་མི་བྱ་ཞེས་པའོ། ། ་དེ་ལྟར་འཇུག་པའི་རྣམ་པར་ཤེས་པ་ལྔ་བསྡམ་པ་བསྟན་ནས། རྣམ་པར་རྟོག་པ་རྣམ་པར་ཤེས་པ་བསྡམ་པ་གསུངས་པ། སྒོང་སྐྱེས་ཁྱི་མ་གྱི་གནས་དག་ཏུ། དབུས་སུ་རྣམ་པར་བསྡམ་པར་བྱ་ཞེས་པ་སྟེ། དེ་ལ་སྒོ་ང་ཞེས་པ་ནི་སྙིང་སྟེ་སྒོ་ང་དང་འདྲ་བའི ་ཕྱིར་རོ། །སྒོ་ང་དེ་ལ་སྐྱེས་པའི་སེམས་ནི་སྒོ་ང་སྐྱེས་ཞེས་བྱའོ། །དཔེར་ན་མིག་ལ་བརྟེན་པའི་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་ཞེས་ཟེར་བ་བཞིན་ནོ། །དོན་ནི་འདི་ལྟ་སྟེ། སྒོང་སྐྱེས་ཀྱི་གནས་སྙིང་གི་དཀྱིལ་དུ་སེམས་དང་དབྱེར་མེད་པའི ་རྟོག་པའི་རྣམ་པར་ཤེས་པ་བསྡམས་པར་བྱའོ་ཞེས་པའི་ཐ་ཚིག་གོ་།དེ་ཁོ་ན་གསལ་བར་སྟོན་པས། གསུངས་པ། མི་བརྟན་དངོས་པོ་གཡེངས་པ་ཡིས། །གཡོ་ཞིང་གཡོ་བར་བྱེད་པའི་སེམས། །བསྡམས་པ་གནས་ཀྱི་རྟེན་དག་ནི། །རྣམ་ཤེས་པདྨའི ་གདན་ལའོ་ཞེས་པ་སྟེ། སེམས་གཡོ་བར་བྱེད་པ་རྟོག་པའི་རྣམ་པར་ཤེས་པ་བསྡམ་པའི་གནས་སྒོ་ངའི་དཀྱིལ་གྱི་པདྨ་བསྒོམ་པར་བྱའོ། ཞེས་པའི་ཐ་ཚིག་གོ་།པདྨའི་དཀྱིལ་དུ་རྣམ་པར་ཤེས་པ་བསྒོམ་པ་ནི། དབྱིབས་ཇི་ལྟ་བུ་ཡིན་ཞེ་ན་གསུངས་པ། རྒྱུ ་ཀུན་གྱིས་ནི་རྣལ་འབྱོར་པས། རྣམ་པར་ཤེས་པ་གསུངས་སུ་མཚོན་ཞེས་པ་སྟེ། དེ་ལ་རྣམ་ཤེས་གཟུགས་ཞེས་པ་ནི་ཡི་གེ་ཧཱུཾ་ངོ། །དོན་ནི་འདི་ལྟ་སྟེ། རྣལ་འབྱོར་པས་དང་པོར་རྒྱུ་བསྒོམ་པའི་གནས་སྐབས་སུ་རྣམ་པར་ཤེས་པ་ནི་དེ་ནི་ཡི་ག་ཧཱུཾ་གི་གཟུགས་ཁོ ་ནས་མཚོན་པར་བྱའོ་ཞེས་པའོ། །གཟུགས་མེད་པའི་རྣམ་པར་ཤེས་པ་ཡི་གེ་ཧཱུཾ་གི་དབྱིབས་སུ་དམིགས་པ་ཅིའི་ཕྱིར་ཞེ་ན་གསུངས་པ། གཟུགས་ཞེས་བྱ་བའི་དངོས་པོ་ཡིས། །སྦྱོར་བ་བསྒྲུབ་པའི་དོན་ཕྱིར་རོ་ཞེས་པ་སྟེ། ཏིང་ངེ་འཛིན་སྦྱོར་བ་དངོས་གྲུབ་ཐོབ ་འདོད་པའི་ཕྱིར་ན་རྣལ་འབྱོར་པས་ཧཱུཾ་གཟུགས་དངོས་པོ་བསྒོམ་མོ་ཞེས་པའོ། །དེ་ནས་ཡེ་ཤེས་བསྡམ་པའི་གནས་བསྟན་ནས་ཡེ་ཤེས་བསྡམ་པའི་སྦྱོར་བའི་ཐབས་གསུངས་པ། ཆུ་ཤིང་མེ་ཏོག་ལྟེ་བ་ནས་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཆུ་ཤིང་མེ་ཏོག ་ཅེས་པ། པ་ལང་གི་རྨིག་པ་འདྲ་ཅན་ཏེ། ཁ་མར་བལྟ་བ་དང། དབྱིབས་ཆུ་ཤིང་མེ་ཏོག་འདྲ་བའི་ཕྱིར་རོ་ཞེས་པ་ནི། ལྟེ་བ་ནས་ཡང་བསྒྲེང་སྲོག་རྩ་ཞེས་པའོ། །སྙིང་དུ་འགྲེ་བ་ཡང་གནས་པ་ཡིས་ཞེས་པ་ནི་ལྟེ་བ་ནས་ཡར་འགྲེང་བ་སྙིང་ཁ་ན་གནས་པའོ་ཞེས ་པའི་དོན་ཏོ། །རྟག་ཏུ་ཁ་ནི་མར་ཕྱོགས་པ་ཞེས་པ་ནི། བ་ལང་གི་རྨི་པ་དྲ་བ་དེ་ནི་ཡར་མར་འགུག་ནས་ཁ་མར་བལྟའོ་ཞེས་པའི་ཐ་ཚིག་གོ་།མཁས་པ་ཡིས་ནི་རྒྱས་པར་བྱའོ་ཞེས་པ་ནི། རྣལ་འབྱོར་པ་ཐབས་མཁས་པས་བདུད་རྩིས་བ་ལང་གི་རྨིག ་པ་དེ་རྒྱས་པར་བྱ་ཞེས་པའི་ཐ་ཚིག་གོ་།དེ་ནས་རྒྱས་པའི་ཆུ་ཤིང་གི་མེ་ཏོག་ལ་བདུད་རྩི་འཛག་པའི་དཀྱིལ་འཁོར་གསུངས་པ། འདབ་མ་བརྒྱད་དུ་རྟག་ཏུ་གྱུར། །གསུངས་པ་གེ་སར་ལྡན་པ་ཡི་ཞེས་པ་སྟེ། གོང་དུ་སྦྲིན་སྲེག་གསུངས ་པ་བཞིན་དུ་འདིར་ཡང་ལྟེ་བའི་ཐང་ཀ་ན་གེ་སར་ལྡན་པའི་འདབ་མ་བརྒྱད་བསྒོམ་པར་བྱའོ་ཞེས་པའོ། །དེ་ལ་བཀོད་པའི་ལྷ་གསུངས་པ། དེ་དབུགས་རྟག་ཏུ་གསུངས་པ་ནི། རྣམ་ཤེས་ཡེ་ཤེས་སྦྱོར་བ་ཉིད་ཅེས་པ་ནི་དེ་ལ་ཡེ་ཤེས་རྣམས་ཀྱི་ཡི་གེ་ཧཱུཾ་ངོ། །དེ་པདྨ་དེའི ་དབུས་སུ་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །དེ་ནས་གོང་དུ་ཆུ་ཤིང་གི་མེ་ཏོག་རྒྱས་པར་བྱ་བའི་ཆོ་ག་གསུངས་པ། ཡང་དག་སྦྱོར་པ་ཤར་ཕྱོགས་ནས་ཤེས་པ་སྟེ། དེ་ལ་ཡང་དག་སྦྱོར་བ་ནི། ཡེ་གེ་ཧཱུཾ་སྟེ་སངས་རྒྱས་ལྔ་དང་ཡེ་ཤེས་ལྔ་དང། རྣམ་ཤེས ་སྦྱོར་བའི་རང་བཞིན་གྱི་ཕྱིར་རོ། །ཤར་ཕྱོགས་ནས་ཞེས་པ་ནི། ཧཱུཾ་དེའི་ཤར་ཕྱོགས་ལྟེ་བའི་ཕྱོགས་ལའོ། །འཁོར་ཁོར་ཡུག་སོར་བརྒྱད་དེ་ཞེས་པ་ནི། །མདུན་དུ་ཕྱོགས་སོར་བརྒྱང་ཀྱི་ཕྱི་རོལ་ཞེས་པའོ། །གཞུང་ཚིགས་ནུབ་ཀྱི་ཕྱོགས་སུ་ནི་ཞེས་པ་ནི ་ཡི་གེ་ཧཱུཾ་དེ་ཁོ་ནའི་རྒྱབ་གཞུང་ཚིག་གི་ཕྱོགས་ཞེས་པའོ། །དེ་ཡང་ཇི་ཙམ་གྱི་ཕྱི་རོལ་ཡིན་ཞེ་ན། འོག་ཏུ་སོར་ཡང་ལྔ་པ་སྟེ་ཞེས་པ་སྟེ། དེ་ལ་འོག་ཅེས་པ་ནི། སོར་ལྔའི་ཕྱི་རོལ་གྱི་ཁོར་ཡུག་ཅེས་པའོ། །དེའི་ཞིར་གི་ས་བོན་རྣམས་ཞེས་པ་ནི། དེའི་ཞིང་ཞེས ་བ་ནི་ཤར་ཕྱོགས་ནས་ནུབ་ཕྱོགས་ཏེ། དེ་གཉིས་ཀྱི་ས་བོན་ནི། །ཡི་གེ་སུ་དཀར་པོ་དང། ཡུ་དམར་པོའོ་མྱུ་གུ་འབྱུང་བའི་འོད་ཟེར་བཞིན་ཞེས་པ་ནི། བདུད་རྩིའི་ས་བོན་སུ་དཀར་པོ་ལས་བྱུང་བའི་མྱུ་གུ་ཞེས་པའོ། །ས་བོན་དེའི་འོད་ཟེར་རྣམས་ཞེས་པ་ནི། ་རླུང་གི་ས་བོན་ཡུ་ཡིས་འོད་ཅེས་བའོ། །ཆུ་ཤིང་མེ་ཏོག་རྒྱས་པ་ལ་ཞེས་པའི་དོན་ནི་འདི་ལྟ་སྟེ། ལྟ་བའི་ཕྱོགས་ན་གནས་པའི་ཡི་གེ་སུ་དཀར་པོའོ། །བདུད་རྩིའི་འོད་གཞུང་ཚིག་གི་ནུབ་ཕྱོགས་ན་གནས་པའི་ཡི་གེ་སུ་དམར་པོ་ཡིས་ཡང་དེང་པའི་བདུད ་རྩིའི་འོད་ཆུ་ཤིང་གི་མེ་ཏོག་ལ་ཐིམ་པར་རྒྱས་པར་བྱའོ་ཞེས་པའོ། །འོག་གི་བདུད་རྩི་རྒྱས་པར་བྱེད་པའི་ཐབས་བསྟན་ནས། སྟེང་གི་བདུད་རྩི་རྒྱས་པར་བྱ་བའི་ཐབས་གསུངས་པ། སྒྲགས་པ་ལྔ་ཡི་མཆོད་རྟེན་གྱིས། །འོག་ཏུ་བསྣུབས་ནས་གཤེགས་པར་བྱ་ཞེས ་པ་སྟེ། གོང་གི་ལེའུའི་དོན་བཞིན་དུ་ལྕེ་དྲུག་ནས་བདུད་རྩི་བབས་པས་མཆོད་རྟེན། མཆོད་རྟེན་ལ་བབ་པ་སྲོལ་ཀོང། སྲོལ་ཀོང་ནས་འབབས་པས་ཆུ་ཤིང་གི་མེ་ཏོག་ལ་ཐིམ་པར་བྱའོ། ཞེས་པའི་ཐ་ཚིག་གོ་།དེ་ནས་གོང་དུ་བསྟན་པའི་པདྨ་འདབ་མ་བརྒྱད་ལ ་རྒྱས་པའི་ཆུ་ཤིང་ལ་འཛེགས་པའི་བདུད་རྩིའི་དོན་བསྟན་པ། འདབ་མ་བརྒྱད་ཀྱིས་བརྒྱན་པ་ཡི། །པདྨ་མདངས་ཅན་གཤེགས་པར་བྱ་ཞེས་པ་སྟེ། པདྨ་འདབ་བརྒྱད་ཀྱི་དཀྱིལ་དུ་བཀོང་པའི་མདངས་ཅན་ས་བོན་དེ་ལ། དེ་ཆུ་ཤིང་གི་བདུད་རྩིའི་ཐིགས་པས་ཐིམ ་པར་བྱའོ། །དེ་ཁོ་ན་གསུངས་པ། པདྨ་འདི་ཡི་གདན་ལ་ནི། །སྒོང་སྐྱེས་ཡེ་ཤེས་གནས་ཡིན་ནོ་ཞེས་པ་སྟེ་པདྨའི་དཀྱིལ་གྱི་མདངས་ཅན་ས་བོན་ནི་སྒོ་ང་ལས་སྐྱེས་པའི་སེམས་དང། དབྱེར་མེད་པའི་ཡི་གེ་ཧཱུཾ་ཞེས་པའོ། །ཡི་གེ་ཧཱུཾ་གི་ཁ་དོག་ཅི ་འདྲ་ཞེ་ན་གསུངས་པ། །དབུས་སུ་ཤེས་དང་མཚུངས་པ་ཡི། །ཡེ་ཤེས་རྣམ་ཤེས་སྟོན་པའོ་ཞེས་པའོ། །དེ་ནས་ཡང་པདྨ་འདབ་བརྒྱད་ལ་ས་བོན་དཀོད་པ་གསུངས་པ་མ་བ་འགྲོ་མ་བཞིའི་ས་བོན་ནི། །ཕྱོགས་ཀྱི་འདབ་མར་བཞག་པར་བྱ་ཞེས་པ ་སྟེ། རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་བཞིའི་ས་བོན་ནི་ཕྱོགས་ཀྱི་འདབ་མར་བཞག་པར་བྱ་ཞེས་པ་སྟེ། རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པའི་ས་བོན་ཤར་གྱི་འདབ་མ་ལ་སོགས་པ་ལ་དགོད་པར་བྱ་བའོ། །དེའི་ས་བོན་གང་ཞེ་ན་ས་བོན་དང་པོ་སྒྲ་ལ ་སོགས། །ཇི་ལྟར་མཚན་ཉིད་གསུངས་པ་བཞིན་ཞེས་པ་སྟེ། དེ་ལ་ས་བོན་དང་པོ་སྒྲ་ལ་སོགས་ཞེས་པ་ནི་ཨ་སྟེ། སྒྲ་ཡིག་བཅུ་དྲུག་གི་ཕྱིར་རོ། །ཇི་ལྟར་མཚན་ཉིད་གསུངས་པ་བཞིན་ཞེས་པ་ནི་འོག་ཏུ་དགོང་པ་དང། གློར་དབྱུག་པ་འདོགས ་པ་དང། སྟེང་ན་ཟླ་ཚེས་དང། །ཐིག་ལེ་འདོགས་པའོ། །ཡི་གེ་ནི་འདི་ལྟ་སྟེ། ཨ་ཨཱ། ཨཾ་ཨ(རྒྱུད་འགྲེལ་བྱ་ཞེས་པ་སྟེ། སེང་གེ་མོ་ལ་སོགས་པ་བཞིའི་ས་བོན་མ་ནིང་གི་ཡི་གེ་རི་རཱི། ལི་ལཱི་མཚམས་ཀྱི་འདབ་མ་ལ་བཀོད་པར་བྱའོ་ཞེས་པའོ། སྙིང་གར་དངོས་པོ་དངོས་པོ་ཡིས་ཞེས་པ་ནི། །དངོས་པོའི་རྣལ་འབྱོར་པས་ཡིག་འབྲུ་དངོས་པོ་སྙིང་གར ་བསྒོམ་པའོ། །གང་ཞེ་ན་སྙིང་གར་བསྟན་པའི་ཡི་གེ་བཞག་ཅེས་པ་སྟེ། །ལེའུ་གོང་མ་ལ་སྙིང་གར་བཞག་པའི་ཡི་གེ་བདུད་རྩིས་བྲན་པའི་ཡི་གེ་ཨོཾ་སྟོན་པ་ལ་ནི་འདིར་ཡང་བདུད་རྩིའི་ཡི་གེ་ཨོཾ་ཁོ་ན་ལ་ཤེས་པར་བྱའོ། །དེ་ནས་དེ་ལྟ་བུའི་ཆུ་ཤིང་གི ་མེ་ཏོག་ལས་བདུད་རྩིའི་རྒྱུན་ནུར་ཕྱུར་སྟེ་པདྨའི་ཡིག་འབྲུ་ལ་ཕོག་པ་བསྟན་པ་གསུངས་པ་སྟེང་གི་བ་ལང་རྨིག་པ་ལས། བདུད་རྩི་རྒྱུན་ནི་སྒོ་དགུ་ནས། །རྟག་ཏུ་འཇིག་གསོལ་རྣལ་འབྱོར་པས། །ཡི་གེ་དཀར་པོ་ལ་སོགས་ཀུན་ཤེས་པ་སྟེ། སྟེང་གི ་བ་ལང་རྨིག་བ་ལས། །བདུད་རྩི་ཆུ་རྒྱུན་ཆུ་འབབ་སྟེ། །འོག་གི་པདྨ་འདབ་བརྒྱད་དང། །སྙིང་པོ་ལ་བཀོད་པའི་ཡི་གེ་འབྲུ་དཀར་པོ་དགུ་ལ་བདུད་རྩིས་ཕོག་པར་བྱའོ་ཞེས་པའོ། །ཡི་གེ་འབྲུ་དགུ་ནི་འདི་ལྟ་སྟེ། ཧཱུཾ་ཨ་ཨཱ(རྒྱུད་འགྲེལ་སོད་དེ་ནས་དེ་ལྟར་བསྒོམས་པའི་རྣལ་འབྱོར་པས། །འོད་ཟེར་འཕྲོ་བ་གསུངས་པ། འབར་བྱེད་སྤུ་ཡི་བུ་གནས། །བདུད་རྩི་དཀར་པོ་སྣང་བར་བྱ་ཞེས་པའོ། །ཡང་དེ་ལྟར་བསྒོམ་པའི་རྣལ་འབྱོར་པས་ཟླ་བའི་གནས་གསུངས་པ། ཡེ་ཤེས་རྣམ་ཤེས་ས ་བོན་ནི། །རྣལ་འབྱོར་པ་ཡིས་ཀུན་ཏུ་བཟླས་ཞེས་པ་སྟེ། །དེ་ལ་ཡེ་ཤེས་ས་བོན་རྣམས་ཤེས་ནི་ཞེས་པ་སྟེ། ཡི་གེ་ཧཱུཾ་དེ་ཨོཾ་ཧཱུཾ་སྭཱཧཱུཾ། ཞེས་པའོ། །ོཾ་སྭཱཧཱ་མེད་ན་ཡང་དོན་དུ་ཤེས་པར་བྱ་སྟེ། སྔགས་རྣམས་ཐམས་ཅད་ཕལ་དུ་ནི། །ཕྱག་འཚལ་ལོ ་བསྲེག་པ་ལྡན་པའོ། །ཞེས་གསུངས་པའི་ཕྱིར་རོ། །འགྲོ་དང་འཆག་དང་འདུག་པ་དང་ཞེས་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །ཡེ་ཤེས་འབྱུང་བ་སྦྱོར་བ་ཡི་ཞེས་པ་ནི། དེ་དག་གྱི་ཏིང་ངེ་འཛིན་ཡེ་ཤེས་སྦྱོར་བ་ཞེས་མཚན་སྟོན་པའོ། །དེ་ནི་སེམས་འཕྲོ་བར་སྦྱོར་བ ་སྟོན་འདོད་པས། རྡོ་རྗེ་སེམས་དཔའ་འཐོབ་པར་སྦྱོར་བའི་མཚན་ཉིད་ནི་ཞེས་པ་ལ་སོགས་པས་བསྐུལ་ལོ། །དེ་ལ་འཕྲོ་བ་ཞེས་པ་ནི་རང་གི་རྣམ་པར་ཤེས་པ་ཐབས་ཀྱིས་མཐོ་རིས་ལ་འབྲོ་བའོ། །སྦྱོར་བའི་མཚན་ཉིད་ཅེས་པ་ནི། དེ་ལྟ་བུའི་ཏིང་ངེ་འཛིན་སྦྱོར་བའི ་མཚན་ཉིད་འོག་ནས་འབྱུང་བའོ། །དེ་ནས་ཕྱག་ན་རྡོ་རྗེས་ཞུས་པ་སྒོ་དགུ་ལ་སོགས་ཇི་ལྟར་གནས་པ་དག་།ཡེ་ཤེས་དབང་ལ་བདག་ཕྱག་འཚལ་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཡེ་ཤེས་དབང་ནི་རྡོ་རྗེ་སེམས་དཔའ་སྟེ། རྣམ་པར་ཤེས་པ་བརྒྱད་ཀྱི་གཙོ་བའི ་ཕྱིར་རོ། །ལན་སླར་གསུངས་པ། འཆི་བའི་དུས་ཀྱི་ཚད་མ་ནི་ཞེས་པ་ལ་སོགས་པ་སྟེ། དེ་ལ་འཆི་བའི་དུས་ཞེས་པ་ནི། བདག་གི་གདན་ལེའུ་གཉིས་པ་ལས་དབུགས་ཆད་བ་ལ་སོགས་པ་སྟེ། དེ་ལྟར་ཤི་བའི་དུས་ཀྱི་སྒོའི་ཁྱད་པར་གྱི་ཡོན་ཏན་དང་སྐྱོན་བསྟན་པ། ་ལམ་བཟང་པོ་ནི་མཛེས་པའི་གནས། །ལམ་ངན་པའི་སྲིད་པའི་སྐྱོན་ཞེས་པ་སྟེ། དེ་ལ་ལམ་བཟང་ཞེས་པ་ནི་སྒོ་དྲུག་གོ་།མཛེས་པའི་གནས་ཞེས་པ་ནི་མཐོ་རིས་སོ། །ལམ་ངན་པ་ཞེས་པ་ནི་སྒོ་གསུམ་མོ། །སྲིད་པའི་སྐྱོན་ཞེས་པ་ནི་ངན་སོང་གསུམ་མོ། བཟང ་པོའི་སྒོ་དྲུག་དང་དན་པའི་སྒོ་གསུམ་གང་ཞེ་ན། གསུངས་པ། ཐིགས་པ་ལྟེ་བའི་སྤྱི་གཙུག་དང། ཞེས་པ་ལ་སོགས་པའོ། །དེ་ནས་སྒོ་དང་སྦྱོར་བའི་སྐྱོན་བསྟན་པ་ལ། དེ་ལ་རེ་ཞིག་ཡོན་ཏན་བསྟན་པ། ལྟེ་བ་འདོད་ཅན་མཐོ་རིས་ཏེ་ཞེས་པ་ནི་རྣལ་འབྱོར་བའི་ལྟེ་བ ་ནས་ཡེ་ཤེས་འཕྲོན། འདོད་ཁམས་ཀྱི་ལྟའི་རིས་རྒྱལ་ཆེན་རིབས་བཞི་ལ་སོགས་པ་དྲུག་ཅུ་སྐྱེར?་སོང་ངོ། །ཞེས་པའི་ཐ་ཚིག་གོ་།ཐིགས་པ་གཟུགས་ཀྱི་ལུས་རྣམས་ནི་ཞེས་པ་ནི། དབྲལ་བའི་ཐིགས་པ་ནས་ཡེ་ཤེས་འཕྲོན། གཟུགས་ཀྱི་ལྷ་རིས་ཚངས་པ ་ལ་སོགས་པ་བཅུ་བདུན་དུ་སྐྱེར་སོང་ངོ། །ཞེས་པའི་ཐ་ཚིག་གོ་།གོང་མ་གོང་མའི་གནས་སུ་ནི། །འགྲོ་བ་དེ་ཡི་ཡོངས་སུ་བརྟགས་ཞེས་པ་ནི། དེ་ལ་གོང་མ་ནི་སྤྱི་བོའོ། །གོང་མའི་གནས་ནི་གཟུགས་མེད་པའི་ཁམས་ཏེ་སྲིད་པ་གོང་མར ་གྱུར་པའི་ཕྱིར་རོ། །དོན་ནི་འདི་ལྟ་སྟེ། རྣལ་འབྱོར་པའི་སྤྱི་བོ་ནས་རྣམ་ཤེས་འཕྲོ་ན། གཟུགས་མེད་པའི་ཁམས་ནམ་མཁའ་མཛའ་ཡས་ལ་སོགས་པའི་རིས་བཞི་ལ་སྐྱེར་སོང་བ་བརྟགས་པར་བྱའོ་ཞེས་པའི་ཐ་ཚིག་གོ་།སྣ་ཡིས་གནོད་སྦྱིན་གནས་སུ་སྟེ་ཞེས་པ་སྟེ། ་སྣ་ནས་ཡེ་ཤེས་འཕྲོ་ན། རི་རབ་ཀྱི་རྩེ་མོར་མིག་མི་བཟང་ལ་སོགས་པའི་གནོད་སྦྱིན་གྱིས་རིས་སུ་སྐྱེ་བོ་ཞེས་པའི་ཐ་ཚིག་གོ་།རྣ་བ་གཉིས་ཀ་གྲུབ་པའི་ལྷ་ཞེས་པ་ནི་དེ་ལ་གྲུབ་པའི་ལྷ་ནི་བརྒྱད་དེ། རལ་གྲི་གྲུབ་པའི་ལྷ་དང། མིག་སྨན་གྱི་གྲུབ་པའི་ལྷ་དང། ་རི་ལུ་གྲུབ་པའི་ལྟ་དང། ས་འོག་གྲུབ་པའི་ལྷ་དང། མི་སྣང་གྲུབ་པའི་ལྷ་དང། ཡུད་ཙམ་གྱིས་ཕྱིན་པ་གྲུབ་པའི་ལྷ་དང། ནམ་མཁའ་ལ་འཕུར་བ་གྲུབ་པའི་ལྷ་དང། ཀུན་ཏུ་མཐོང་བ་གྲུབ་པའི་རྣམས་སོ། །དོན་ནི་འདི་ལྟ་སྟེ། རྣ་བ་ནས་རྣམ་པར་ཤེས་པ ་འཕྲོ་ན། ལྷ་དེ་དག་གི་རིས་ལ་སྐྱེའོ། །གལ་ཏེ་མིག་ལས་ཡེ་ཤེས་འཕྲོ། །མི་རྣམས་ཀྱི་ནི་རྒྱལ་པོར་འགྱུར་ཞེས་པ་ནི་མིག་ནས་ཡེ་ཤེས་འཕྲོ་ན་མིའི་འཁོར་ལོ་སྒྱུར་བའི་རྒྱལ་པོ་ལ་སོགས་པར་སྐྱེའོ་ཞེས་པའོ། །དེ་ནས་སྒོའི་ཡོན་ཏན་བསྟན་ནས་སྐྱོན ་བསྟན་པ་སྲིད་པའི་སྒོ་ཡིས་ཡི་དགས་རྣམས་ཞེས་པ་ནི་དེ་ལ་སྲིད་པའི་སྒོ་ནི་ཁའོ། །དེ་ཅིའི་ཕྱིར་ཞེ་ན། སྲིད་པའི་ཕུང་པོ་ལྔ་དེ་གནས་པར་བྱེད་པའི་ཟད་དེ་ནས་བཅུག་ཕྱིར་ན། སྲིད་པའི་སྒོ་ཞེས་བྱའོ། །དོན་ནི་འདི་ལྟ་སྟེ། ཡེ་ཤེས་འཕྲོན་ཡི་དགས་སུ་སྐྱེ་བའོ ་ཞེས་པའོ། །དེ་བཞིན་དུ་ཆུ་ཡིས་དུང་འགྲོ་སྟེ་ཞེས་པ་ནི་དེ་ལ་ཆུ་ཞེས་པ་ནི་ཕོ་མཆེན་མོ་མཚན་ནོ་ཆུ་ཡིས་ལཾ་གྱི་ཕྱིར་རོ། །ཆུའི་ལམ་གྱི་སྒོ་ནས་འོད་ཟེར་འཕྲོ་ན། དུད་འགྲོ་ལ་སྐྱེའོ་ཞེས་པའོ། །དམྱལ་བ་བརྒྱད་ཀྱི་དངོས་པོ་རྣམས། །ཆུ་མིན་རྣམ་ཤེས་མྱུར་དུ་འགྱུར ་ཞེས་པ་ནི། །དེ་ལ་ཏུ?་མི་ནི་དྲི་ཆེན་གྱི་ལམ་སྟེ། སྙིགས་མ་བྱུང་བའི་ཕྱིར་རོ། །ཆུ་མིན་གྱི་སྒོ་ནས་འཕྲོ་ན། ཡང་སོས་ལ་སོགས་པ་དམྱལ་བ་བརྒྱད་ལ་སྐྱེའོ་ཞེས་པའོ། །དེ་ལྟར་ཡོན་ཏན་དང་སྐྱོན་སྦྱོར་བའི་ཕྱིར་ན། རྣལ་འབྱོར་པས་ཤི་བའི་དུས་ལ་བབ་མ་ཐག་ཏུ། ཡོན་ཏན་གྱི་སྒོ ་ནས་འཕྲོ་བར་བྱ་བ་ནི་མཆོག་ཡིན་ནོ་ཞེས་གསུངས་པ། གང་ཞིག་སྒོ་ཡི་བྱེ་བྲག་གིས་ཞེས་པ་ལ་སོགས་པའོ། །དེ་ནས་འཕོ་བའི་ཐབས་སྟོན་པས་གསུངས་པ། བུམ་པར་སྔོན་དུ་བརྩམས་ནས་ནི་ཞེས་པ་ལ་སོགས་པ་སྟེ། དངོས་པོ་དབུགས་དགག་པའི་ཏིང་ངེ་འཛིན་བྱའོ ་ཞེས་པའོ། །ཐམས་ཅད་སྒོ་ནི་དགག་པར་བྱ་ཞེས་པ་ནི། གོང་གི་སྒོ་ནི་དགུ་པོ་དགག་པར་བྱ་ཞེས་པའོ། །ཇི་ལྟར་དགག་པར་བྱ་ཞེ་ན་གསུངས་པ། སྒྲོགས་པ་ལྔ་ཡི་མཆོད་རྟེན་གྱི། །སྒོ་ནི་དགག་པར་བསྒོམ་པར་བྱ་ཞེས་པ་སྟེ། ཁ་ལ་སྲོག་གི་ཐད་ཀར་དགག་པར་བྱའོ་ཞེས ་པ་ནི་མན་ངག་གོ། དེ་ནས་དགག་པ་སྤྱི་བོ་ལ་སོགས་པ་སྒོ་དྲུག་ཏུ་དགག་པའོ། །དེ་ནས་འོག་གི་སྒོ་ལ་ཡང། །རྒྱུ་ཡི་ས་བོན་དཀར་པོའོ་ཞེས་པ་ནི། འདིར་འོག་གི་སྒོ་ནི་ལྟེ་བ་ལ་ཤེས་པར་བྱ་སྟེ། དེ་ལ་ཆུའི་ས་བོན་སུ་དཀར་པོས་དགག་པར་བྱ། ཆུ་དང་ཆུ་མིན་མེ ་ཡི་ནི། དེ་ཡི་ས་བོན་འབར་བར་བྱས་ཞེས་པ་ནི་དེ་ཆུ་ནི་ཕོ་མཚན་ནོ། ཆུ་མིན་དྲི་ཆེན་གྱི་ལམ་མོ། །དེ་གཉིས་ཀྱི་སྒོ་ནི་མེའི་ས་བོན་སེར་བོས་དགག་པར་བྱའོ། །དེ་ལྟར་སྒོ་དགག་པའི་རྣལ་འབྱོར་པས་དབུགས་མི་གཡོ་བར་བསྒོམ་པ་གསུངས་པ། བུམ་པ་དེ་ལ ་དབུགས་ཀྱིས་ནི། །ཤིན་ཏུ་མཉམ་བཞག་བསྒོམ་པར་བྱ་ཞེས་སོ། །ཡང་དབུགས་དགག་པའི་རྣལ་འབྱོར་པས་ལུས་ཇི་ལྟར་བསྒོམ་པར་བྱ་ཞེ་ན། གསུངས་པ། ལུས་ལ་རླུང་གི་ཁ་དོག་དང་ཞེས་པ་ལ་སོགས་པ་སྟེ། ལུས་ཀུན་རླུང་གིས་གང་ཞིང་རླུང་གི་མདོག་ཏུ ་ཐའ?་ཐཱི་མདོག་ཏུ་བསྒོམ་པའོ། །སེམས་ཀྱི་རླུང་གི་དཀྱིལ་འཁོར་ལ་ཞེས་པ་ནི་རང་གི་སེམས་རླུང་གི་དཀྱིལ་འཁོར་དུ་ཟླ་གམ་བསྒོམ་པར་བྱའོ་ཞེས་པའོ། །དཀྱིལ་འཁོར་དེ་ལ་བཀོད་པའི་སྔགས་གསུངས་པ། རླུང་གི་ས་བོན་དྲུང་པར་དུ་ཞེས་པ་སྟེ། ཡི་གེ་ཡ་དཀྱིལ་འཁོར ་དུ་དགོད་པར་བྱའོ་ཞེས་པའོ། །ལུས་གར་བསྒོམ་ཞེ་ན་གསུངས་པ། རླུང་གི་མཛའ་ཡི་རྩ་བར་མི་ཞེས་པ་སྟེ། རླུང་གིས་གང་བའི་ལུས་ཀྱི་མཛའ་རྐང་མཐིལ་ལ་བསྒོམ་མོ་ཞེས་པའོ། །ཐིགས་པ་ང་རོ་ལྡན་པ་ཡིས་ཞེས་པས་ནི། རླུང་གི་ས་བོན་ཡ ་རྐྱང་པ་ལ་ཞབས་བཀྱེད་དང་ཐིག་ལེ་སྦྱར་བར་བྱའོ། །དེས་ན་ཡི་གེ་ཡུམ་འགྱུར་རོ། །ས་བོན་སེམས་ཀྱིས་དྲང་བར་བྱ་ཞེས་པ་ནི། སེམས་ཀྱི་ས་བོན་ཡི་གེ་ཧཱུཾ། དེ་ཡང་དྲང་བར་བྱའོ་ཞེས་པའི་ཐ་ཚིག་གོ། གང་གིས་དྲང་ཞེ་ན། རྡོ་རྗེ་ས་བོན་དྲག་པོ་ལ། །ལྕགས་ཀྱུ་ཡི་གེ་སྦྱར་བྱས་ཏེ ་ཞེས་པ་སྟེ། དེ་ལ་རྡོས་ས་བོན་ཞེས་པ་ནི་ཡི་གེ་ཧཱུཾ་དྲག་པོའི་ས་བོན་ཞེས་པ་ནི་ཡི་གེ་ཀྵུཾ་ངོ། དོན་འདི་ལྟ་སྟེ། ཡི་གེ་ཧཱུཾ་ནི་ཀྵུཾ་གིས་འདྲེན་པར་བྱའོ་ཞེས་པའོ། །གནས་གང་ལས་ཇི་ཙམ་གྱི་བར་དུ་དྲང་བར་བྱ་ཞེས་ན་གསུངས་པ། ཉི་ཤུ་རྩ་གཅིག་དབུས་དག་གིས་ཞེས་པ་ལ་སོགས་པ་སྟེ། དབུགས་ཉི་ཤུ་རྩ་གཅིག ་གི་བར་དུ་དྲང་བར་བྱའོ་ཞེས་པའོ། །ཚོགས་གཅིག་གནས་ནས་ཚིག་གཅིག་གོ་།ཚིགས་དགུ་གོང་མའི་བར་དུའོ། ཞེས་པ་ནི་རྐང་མཐིལ་དང། ལོང་བུ་དང། བུས་མོ་དང། རྐེད་པ་དང། ལྟེ་བ་དང། སྙིང་ག་དང། དཔུང་པ་དང། གྲེ་བ་དང། སྤྱི་བོའི་བར་དུ་འདྲེན ་པར་བྱའོ་ཞེས་པའི་ཐ་ཚིག་གོ་།ཡར་འདྲེན་པ་བསྟན་ནས། འོག་ནས་ཕུལ་བའི་ཡི་གེ་སྦས་བཤད་པ། ཡར་བཟློག་མར་བཟློག་ས་བོན་གྱིས། །སྦྱར་བྱ་ཡི་གེ་ཕྱེད་དང་གཉིས་ཞེས་པ་སྟེ། དེ་ལ་ས་བོན་ནི་ཡི་གེ་ཕཊ་ཏོ། །དེ་བཤད་པ་ཡི་གེ་ཕྱེད་ཅེས་ཏེ། དེ་ལ་ཕ་ནི ་ཡི་གེ་རངས་པའོ། །ཊ་ནི་ཕྱེད་དེ་ཕ་ལ་འདོག་པའི་ཕྱིར་རོ། །དེ་ནས་ཡང་གོང་མ་ཡར་འདྲེན་པའི་ས་བོན་གྱི་ཡི་གེ་སྦས་གསུངས་པ། ང་རོ་དྲག་ཏུ་བརྗོད་པའི་ས་ཞེས་པ་ནི། ཡི་གེ་ཀྵུཾ་གི་ཞབས་དཀྱེད་ཐིག་ལེ་ལའོ། །བརྒྱད་ཀྱི་ཐ་མའི་ས་བོན་དང་ཞེས་པ་ནི་ཡ ་ལ་སོགས་པའི་ཡི་གེ་བརྒྱད་ཀྱི་ཐ་མ་ཀྵའོ། །ཀྵ་དེ་ཁོ་ན་སྟོན་པས་གསལ་བར་གསུངས་པ། སྡེ་ཚན་དང་པོ་གོང་མའི་ཞེས་པ་སྟེ། ཡི་གེ་ཀའོ། །ཡི་གེ་ཕྱེད་ཀྱི་སྦྱར་བྱས་ཏེ། ཞེས་པ་ནི། ཡི་གེ་ཀྵ་ལ་ཕྱེད་ཀ་ཡིན་ནོ་ཞེས་ཏེ། ཀ་དང་ཤ་བརྩེགས་པའི་ཕྱིར་རོ། །གོང ་གི་ཕུལ་བའི་འཕྲོ་ཆོ་གའི་ཏིང་ངེ་འཛིན་ཡང་སྟོན་པ། རླུང་གི་དཀྱིལ་འཁོར་འོག་ནས་ནི། །ང་རོས་ཕྱེད་ནས་སྡོད་པར་བྱ། ཞེས་པ་སྟེ། རྐང་མཐིལ་ནས་རླུང་གི་དཀྱིལ་འཁོར་གྱི་འོག་ནས། ཕཊ་ཀྱིས་མས་ཕུལ་ནས་བཏེག་གོ་ཞེས་པའི་ཐ་ཚིག་གོ། རླུང་གི་ས་བོན་དང་ལྡན་པའི ་རླུང་གི་དཀྱིལ་འཁོར་བསམས་པར་བྱ་ཞེས་པ་ནི་ཕཊ་ཀྱིས་ཡར་ཕུལ་བའི་རླུང་གིས་དཀྱིལ་འཁོར་དེ་དབུགས་དང། སེམས་དང། སྲོག་དང་ལྡན་པ་བསྒོམ་མོ་ཞེས་པའོ། །ཉི་ཤུ་རྩ་གཅིག་གནས་ནས་ནི། །གང་ནས་དུ་མིང་བཏགས་པ་སྟེ། ཞེས་པ་ནི་དབུགས་ཉི་ཤུ་རྩ་གཅིག ་གི་བར་དུ་འདྲེན་ནས་གནས་དགུ་ཡར་ཕྱིན་པ་འོག་མའི་གནས་ལ་མི་བཏོང་ངོ་ཞེས་པའི་ཐ་ཚིག་གོ་།བཟློག་པར་བྱ་བའི་རྣལ་འབྱོར་པས། རྩ་བར་ཕྱེ་ནི་བབ་པར་བྱ། །ཞེས་པ་ནི་རྐང་མཐིལ་ནས་རླུང་གི་དཀྱིལ་འཁོར་ཡར་བཟློག་པའི་རྣལ་འབྱོར་པས་རྐེད་པའི་བར་དུ་བརླབ་པར་བྱའོ ་ཞེས་པའོ། །ཚིག་དགུ་ལས་ནི་ཡར་གཏོད་ན་མོད་ལ་འཕོ་བ་ཞེས་བྱའོ་ཞེས་པ་ནི། ཚིགས་དགུའི་ཡ་ཐ་སྤྱི་བོ་ནས་རྣམ་པར་ཤེས་པ་འཕོ་བ་ནི་མོད་ལ་འཕོ་བཞེས་པ་སྟེ། རབ་ཅིས་པའི་ཐ་ཚིག་གོ་།དེ་ལྟར་འཕོ་བ་ཤེས་པའི་ཡོན་ཏན་བྲམ་ཟེ་ལ་སོགས་པ་བསད་ན་ཡང་སྡིག་པར ་མི་འགྱུར་ཞེས་པའོ། །ཉིན་རེ་བྲམ་ཟེ་སད་ན་ཡང། ཞེས་པ་ལ་སོགས་པ་སྟེ། དེ་ལ་མཚམས་མེད་ལྔ་དག་བྱེད་པ་དང། ཞེས་པ་ནི་ཕ་གསོད་པ་དང། མ་གསོད་པ་དང། དགྲ་བཅོམ་པ་གསོད་པ་དང། ངན་སེམས་ཀྱིས་དེ་བཞིན་གཤེགས་པ་ལ་ཁྲག་ཕྱུང་བ་དང། དགེ ་འདུན་གྱི་དེ་བྱེན་བྱས་པའོ། །དེའི་དཔེར་བསྟན་པ། ཇི་ལྟར་འདམ་ནས་སྐྱེས་པ་ཡི། པདྨའི་མདངས་ནི་མཛེས་པར་འབྱུང་ཞེས་པའོ། །ངོན་གསུངས་པ། དེ་བཞིན་འདམ་པའི་ལུས་ལ་ནི། །ཡེ་ཤེས་སྐུ་ནི་རང་དགར་འབྱུང་ཞེས་པ་སྟེ། ཉེ་བར་ལེན་པ་ཕུང་པོ་ཟག་པ་དང ་བཅས་པ་ནས་ཀྱང་སྒོའི་ཁྱད་པར་གྱིས་ཡེ་ཤེས་འཕོ་ན། མཐོ་རིས་ལ་སྒྱེ་སྟེ། པདྨ་བཞིན་དུ་དྲི་མས་མགོས་པ་ཞེས་པའི་ཐ་ཚིག་གོ་།དུས་གང་ལ་འཕོ་བ་སྦྱོར་བ་ཞེ་ན་གསུངས་པ། དུས་ལ་བབ་ན་འཕོ་བྱ་སྟེ། ཞེས་པ་ནི་ཤི་བའི་དུས་ལ་བབ་ན་བྱའོ། །གཞན་དུ་ནི་མ ་ཡིན་ནོ་ཞེས་པའོ། །གཞན་དུ་ནི་འཕོ་བ་བྱས་ན་ཅིར་འགྱུར་ཞེ་ན། གསུངས་པ། དུས་མིན་ལྷ་རྣམས་གསོད་པར་འགྱུར་ཞེས་པ་སྟེ། ཤི་བའི་དུས་མ་ཡིན་པ་ལ་འཕོ་བ་བྱས་ནས། རིགས་ལྔ་ལ་སོགས་པའི་ལྷ་གསོད་པར་འགྱུར་ཏེ། ཕུང་པོ ་ལྔ་རིགས་ལྔའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ད་ནི་འབྱུང་འཇུག་གི་སེམས་སྦྱོར་བ་སྟོན་འདོད་པ་བཅོམ་ལྡན་འདས་ཀྱིས་གསུངས་པ། སྦྱོར་བ་གྲུབ་པའི་བྱེ་བྲག་དག་།ཉོན་ཅིག་རྡོ་རྗེ་དེ་ཁོ་ན་ཞེས་པ་ལ་སོགས་པའོ། །དེ་ལ་མཉམ་པ་ཉིད་ཀྱི་སྟོང་པ་ཉིད་བསྒོམས ་པ་གསུངས་པ། མཉམ་ཉིད་སེམས་ཀྱི་དངོས་པོ་ཡིས་ཤེས་པ་ལ་སོགས་པ་ནས། ཡི་གེ་ས་བོན་རྣམ་པར་དགོད་ཅེས་པའི་བར་དུའོ། །དེ་ལ་ས་བོན་ནི་སུ་ལ་སོགས་པ་བརྒྱད་དོ། །དེ་ལྟར་ལྷ་བསྒོམས་པས་སྙིང་པོ་ལ་བཀོད་པའི་ཡིག་འབྲུ་གསུངས་པ། ཨཱ ་ལི་ཀཱ་ལི་ལ་སོགས་པ་ཞེས་པ་ནི་ཡི་གེ་ཨ་དཀར་པོའོ། །བསྒོམ་པའི་ས་བོན་ཁོ་ན་བཤད་པ། ཆུ་ཤིང་མེ་ཏོག་པདྨ་ལ་ཞེས་པ་ལ་སོགས་པ་སྟེ། བ་ལང་རྨིག་པའི་སྟེང་གི་སྙིང་གར་སྒོང་སྐྱེས་སེམས་ཀྱི་ཡི་གེ་ཧཱུཾ་ཨ་དང་ལྡན་པ་གཅིག་དབྱེར་མེད་པར ་བསྒོམ་མོ་ཞེས་པའི་ཐ་ཚིག་གོ་།དེ་ནས་ཏིང་ངེ་འཛིན་བསྒོམ་པའི་རྣལ་འབྱོར་པས་ཕྱིའི་ལས་གསུངས་པ། དེ་ནས་ཕྱིའི་སྦྱོར་བ་ལ་སོགས་པ་ཤེས་པའོ། །སེམས་ཀྱི་གཉིས་འགྱུར་བ་དག་ལ་ཞེས་པ་ལ་སོགས་པ་ནི། དེ་ལ་སེམས་ཀྱི་གཉིས་འགྱུར ་ཞེས་པ་ནི། རང་གི་སེམས་ཀྱི་ཕྱི་ནང་གཉིས་སུ་ཕྱེ་ནས་བསྒོམ་པའོ། །དེ་ལ་ཕྱི་རོལ་གྱི་སེམས་ཇི་ལྟར་བསྒོམ་ཞེ་ན། ས་དག་ལ་ཞེས་པ་ལ་སོགས་པ་སྟེ། ཕྱི་རོལ་གྱི་སེམས་དཔའ་ཨི་དཀྱིལ་འཁོར་དང། རླུང་གི་དཀྱིལ་འཁོར་དང། མེའི་དཀྱིལ་འཁོར ་དང། ཉི་མའི་དཀྱིལ་འཁོར་རྣམས་བརྩེགས་པའི་དབུས་སུ་ཨཱ་ལི་ཀཱ་ལི་ལ་ས་བོན་གྱི་ཡི་གེ་ཨ་དམར་པོ་བསྒོམ་པར་བྱའོ་ཞེས་པའོ། །དེ་ལྟར་ཕྱི་ནང་བསྒོམས་ནས་བཟླས་པ་གསུངས་པ། འབྱུང་འཇུག་ཏུ་ནི་བཟླས་པར་བྱ་ཞེས་པ་ནི། ཨོཾ་ཨ་སྭཱཧའི ་སྔགས་དབུགས་འབྱུང་བ་ནི་བཟླ། དབུགས་འཇུག་བ་ལ་ནི་སླར་བསྡུ་ཞེས་པའི་ཐ་ཚིག་གོ་།དེ་ལྟར་བཟླས་པ་ལས་ཅི་བྱེད་ཅེས་གསུངས་པ། ཡེ་ཤེས་ས་བོན་འབྱུང་བ་ཡི། །དཀྱིལ་དུ་འཇོམས་པར་བྱེད་པར་འགྱུར། ཞེས་པ་ནི། དབུགས་འཇུག་པ་དང། སྔགས་བཟླས་པ་འགྲོགས ་པའི་ས་བོན་ཨ་འབྱུང་བས། ཕྱིའི་ཉི་མའི་དཀྱིལ་འཁོར་གྱི་ཨའི་དཀྱིལ་དུ་ཐུག་པར་བསམ་པར་བྱའོ་ཞེས་པའོ། །དེ་ཁོ་ནའི་དོན་བསལ་བར་གསུངས་པ། འབྱུང་བས་བཟླས་པ་དང་ཞེས་པ་ལ་སོགས་པའོ། །དེ་ལྟར་འབྱུང་བ་དང། འཇུག་པ་མཉམ་པ་ཉིད་དུ་བསྒོམ་པར ་རྣལ་འབྱོར་པས་མཉམ་པ་བསྒོམ་པ་གསུངས་པ། འབྱུང་བའི་མཚན་ཉིད་བསྟན་པ་དང་ཞེས་པ་ལ་སོགས་པའོ། །ཏིང་ངེ་འཛིན་དེ་ཁོ་ན་བསྒོམ་པའི་རྣལ་འབྱོར་པས་གཞན་གྱི་སེམས་ཤེས་པའི་ཚིག་གསུངས་པ། དེ་ནས་ཕྱི་སོགས་ལུས་རྣམས་ནི་ཞེས་པ་ལ་སོགས་པའོ། ། ་པཎྜི་ཏ་སྨྲི་ཏི་ཛྙཱ་ན་ཀཱི་རྟིས་མཛད་པའི་དཔལ་ལྡན་གདན་བཞི་པ་གཟིགས་པ་ལས་གསང་བའི་གདན་གྱི་ལེའུ་བཞི་པའི་རྣམ་པར་བཤད་པ་རྫོགས་སོ།། །།ད་ནི་སེམས་དང་ཡེ་ཤེས་སྦྱོར་བ་དང། ཚད་མེད་པ་བཞི་དང། སེམས་སྦྱོར་བ་དང། ཐིག་ལེའི་ཏིང་ངེ་འཛིན་དང། ་ཏིང་ངེ་འཛིན་ཕྲ་མོ་དང། སྔགས་བཟླས་པ་དང། མཚན་མ་དང། མཆོད་རྟེན་གྱི་དེ་ཁོ་ན་ཉིད་དང། དབྱིངས་དང། ཡེ་ཤེས་རྣམས་སྦྱར་བ་ཞུ་འདོད་པས་ཕྱག་ན་རྡོ་རྗེས་གསང་བའི་གདན་ལ་གསང་བ་ཉིད་ལ་ཅེས་པ་ལ་སོགས་པ་སྟེ། གསང་བའི་གན་ན་ལེའུ་བཞི་པ་བརྩམས ་དེ་ལ་གསང་བའི་གདན་གྱི་ནང་ན་ལེའུ་འདི་གསང་བའི་ཕྱིར་རོ། །སེམས་དང་ཡེ་ཤེས་མཉམ་པ་གྱི་བ་ཞེས་པ་ནི། སེམས་ནི་ཟག་པ་སྟེ། དེ་ནི་གཉིས་སུ་མེད་པའི་ཚེས་འབྱེད་པའི་ཤེས་རབ་ཀྱི་ཕྱིར་རོ། །ཡེ་ཤེས་ནི་རྒྱ་ཆེ་བ་སྟེ། སྙིང་རྗེ་ལ་སོགས་པ་རྣམས་ཀྱི་དེ་ངོ་བོ་ཕྱིར་རོ། །བྱང ་ཆུབ་རྫོགས་རིམ་ཇི་ལྟར་ལགས་ཞེས་པ་ནི་ཉན་ཐོས་དང། རང་སངས་རྒྱས་དང། བྱང་ཆུབ་སེམས་དཔའ་དང། ཡང་དག་པར་རྫོགས་པའི་སངས་རྒྱས་དང། རྡོ་རྗེའི་རིགས་དང། སངས་རྒྱས་ཀྱི་རིགས་དང། རིན་ཆེན་གྱི་རིགས་དང། པདྨའི་རིགས་དང། ལས་ཀྱི་རིགས་ཀྱི ་ཐེག་པ་དགུའི་ནང་ན་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཐེག་པ་གང་ཡིན་ཞེས་ཞུས་པའོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཞུས་པའི་ལན་གསུངས་པ། གསང་བའི་གསང་བ་མཆོག་གི་ཞེས་པ་ལ་སོགས་པ་སྟེ། དེ་ལ་གསང་བ་ནི་སྐུ་གསུང ་ཐུགས་ཏེ། ཉན་ཐོས་ལ་སོགས་པ་དང། ཐུན་མོང་མ་ཡིན་པའི་ཕྱིར་རོ། །གསང་བ་ནི་ཐབས་དང་ཤེས་རབ་སྟེ། སེམས་དང་ཡེ་ཤེས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ། །དོན་ནི་འདི་ལྟ་སྟེ། སྐུ་གསུང་ཐུགས་ལས་ཀྱང་ཐབས་དང་ཤེས་རབ་གསང་བས་ན། གསང་བའི་གསང་བ་ཞེས་སོ། ། ་དེས་ན་ཆོས་མཆོག་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་མི་གནས་པའི་མྱ་ངན་ལས་འདས་པའི་རྒྱུའི་ཕྱིར་རོ། །ཀྱེ་ཕྱག་ན་རྡོ་རྗེ་ཡང་དག་པའི་བྱང་ཆུབ་ཀྱི་རིམ་པ་ནི་འདི་ཡིན་ནོ་ཞེས་པའི་དོན་དོ། །མདོར་བསྡུས་པ་ཇི་ལྟར་བསྒོམ་པར་བྱ་ཞེ་ན་གསུངས་པ། སེམས་ནི་མཉམ་ཉིད ་བསྐྱེད་པ་ཡིས། འདོད་ཆགས་ལ་སོགས་རིང་དུ་སྤོང། ཞེས་པ་ནི་གཉིས་སུ་མེད་པའི་དོན་མཉམ་པ་ཉིད་ཀྱི་སེམས་བསྐྱེད་པའི་རྣལ་འབྱོར་པས་ཕྱིན་ཅི་ལོག་གི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་སྤང་པར་བྱའོ་ཞེས་པའོ། དེ་ནས་ཡང་ཐབས་དང་ཤེས་རབ་ཀྱི་དོན་རྒྱུས ་བར་གསུངས་པ་ལ། རེ་ཞིག་ཐབས་གསུངས་པ། ཡིད་དུ་འོང་བའི་ས་ཕྱོགས་སུ་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཡིད་དུ་འོང་བ་ཞེས་པ་ནི་ཆུ་དང། མེ་ཏོག་དང། ཤིང་ཐོག་དང་ལྡན་པའི་སའོ། །ཡང་ན་གསང་བའི་ཕྱོགས་ཤེས་པའོ། །བདེ་བའི་སྟན་ལ་འདུག་ནས་ནི ་ཞེས་པ?་ཆིན?། འཇམ་པ་དང་འཐུག་པའོ། །ཡང་ན་ཐབས་དང་ཤེས་རབ་སྤྱོར་བའི་བདེ་བ་མྱོང་ནས་འདུག་པ་ཞེས་པའོ། །བདེ་བའི་སེམས་ཀྱིས་ཁམས་ལ་སོགས་པ་བཅོ་བརྒྱད་ཐབས་དང་ཤེས་རབ་ཀྱི་བདེ་བ་ལས་བྱུང་བའི་སེམས་ཀྱིས་བསྒོམ་པར་བྱའོ་ཞེས་པའི་ཐ་ཚིག་གོ་། ་གང་བསྒོ་རྨ་ཞེ་ན་གསུང་པ། སྙིང་རྗེར་ཕན་པའི་སེམས་ནི་བྱ་ཞེས་པ་སྟེ། ལུས་ཀྱི་འཁོར་གྱི་ལྷ་རྣམས་གསང་བའི་མཆོད་པས་མཉེས་པར་བྱ་བའི་བསོད་ནམས་སྙིང་རྗེའི་སེམས་ཀྱིས་སེམས་ཅན་བྱམས་པ་ལ་བསྔོ་པར་བྱ་ཞེས་པའོ། །ད་ནི་ཤེས་རབ་ཀྱི་དོན ་རྒྱས་པར་སྟོན་པར་གསུངས་པ། གཙུག་ལག་དེ་བཞིན་ཉིད་ཐོབ་པ་ཞེས་པ་ལ་སོགས་པ་སྟེ་ཤེས་རབ་ནི་རྣལ་འབྱོར་པའི་གཙུག་ལག་དེ་ཁོ་ན་ཉིད་ཐོབ་པ་ལ་ཤེས་པར་བྱའོ། །ཇི་ལྟར་ཐོབ་བར་བྱ་ཞེ་ན་གསུངས་པ། སློབ་དཔོན་ལུང་དང་མན་ངག་ལ་ཞེས་པ་སྟེ། ཤེས་རབ་ཀྱི ་དེ་ཁོ་ན་ཉིད་དེ་ནི་སློབ་དཔོན་གྱི་མན་དག་སྙན་ཁུང་དུ་ཐོབ་ཀྱི། གཞན་དུ་མ་ཡིན་ཏེ། དམ་པའི་གོ་འཕད་རྒྱུ་ཉིད་ཀྱི་ཕྱིར་རོ། །དེ་ཁོ་ན་ཉིད་བརྒྱུད་པའོ། །དེ་ལ་གསང་བ་ཞེས་པ་ནི། གདོད་མའི་རང་བཞིན་གྱི་ཕྱིར་རོ། །དེ་ཉིད་ནི་མི་འཇིགས་པའི་རང་བཞིན་གྱི་ཕྱིར་རོ། ཞེས་པ་ནི ་མི་སྐྱེ་བའི་རང་བཞིན་གྱི་ཕྱིར་རོ། །དེ་ལྟར་གསང་བ་འདུས་པ་ལས་གསུངས་པ། མི་འཇིགས་པ་དང་མི་སྐྱེ་བ། །མགོན་པོས་གང་དེ་གསུངས་པའོ། །དེ་ཁོ་ན་ཉིད་བརྒྱུད་པ་ཡི་ཞེས་པ་ནི། དེ་ནི་མན་དག་གི་རྒྱུད་ཀྱིས་ཤེས་པར་བྱའོ། །ད་ནི་ཚད་མེད་པ་བཞི་དང་སེམས ་བསྒྱུར་བ་གསུངས་པ། གང་གི་མཚན་ཉི་ཐམས་ཅད་དུ་ཞེས་པ་ལ་སོགས་པ་སྟེ། གོང་ན་གསུངས་པ། སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱི་སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་པའོ། །དེ་དང་སྟོང་པ་ཉིད་ཀྱི་དག་པའི་སེམས་ཀྱིས་བྱང་ཆུབ་ཀྱི་རིམ་པ་བསྒོམ་པར་བྱའོ་ཞེས་གསུངས ་པ། བྱང་ཆུབ་རྫོགས་རིམ་གཙོ་བར་བྱའོ་ཞེས་པའོ། །ཇི་ལྟར་གཙོ་ཞེ་ན་གསུངས་པ། ཟླ་བའི་དཀྱིལ་དབུས་གནས་པ་ཞེས་པ་ལ་སོགས་པ་ནས། རྡོ་རྗེ་སེམས་དཔའ་བདག་ཅེས་བརྗོད་ཅེས་པའི་བར་དུ་གོ་སླའོ། །དམ་ཚིག་སེམས་དཔའ་རྣམས་ནས་ནང་དུ་བསྒོམ་བར ་གསུངས་པ། ཆུ་ཤིང་མེ་ཏོག་ལྟེ་བ་ནས་ཞེས་པ་ལ་སོགས་པ་སྟེ། སྔོན་བཞི་པདྨ་རྒྱས་པར་བྱ་ཞེས་པའི་བར་ཡན་ཆད་ནི་བཤད་ཟིན་ཏོ། ཤིན་ཏུ་བརྒྱན་པའི་འདབ་མ་བརྒྱད། གསེར་སྡོང་བུར་བཅས་པ་ལ་ཞེས་པ་ནི། འདིར་ནི་ཆུང་ཤིང་གི་མེ་ཏོག་གི་སྟེང་དུ་འདོན་ཏེ། སྙིང་བོ ་དང་ལྡན་པ་པདྨ་འདབ་བརྒྱད་ཅེས་བྱ་བ་བསྒོམ་པར་བྱའོ། །གང་སྒོམ་ཞེ་ན་གསུངས་པ། དབུས་ཀྱི་སྒོང་སྐྱེས་གདན་ལ་ནི་ཞེས་པ་སྟེ། དེ་ལ་སྒོད་སྐྱེས་ནི་སེམས་སོ། །དེའི་གདན་ནི་སྙིང་པོའི་སྒོ་ངའོ། །སྙིང་གི་དཀྱིལ་དུ་པདྨ་འདབ་མ་བརྒྱད་བསྒོམ་པར་བྱའོ་ཞེས་པའི་ཐ་ཆག་གོ ་པདྨའི་སྙིང་པོ་དང་འདབ་མ་ལ་བཀོད་པའི་སྔགས་དང་དེའི་མདོག་གསུངས་པ། བཀོད་བྱའི་ཡི་གེ་དགོད་པར་བྱ་ཞེས་པ་ལ་སོགས་པའོ། །དེ་ནས་ཡི་གེ་འབྲུ་བཀོད་པ་སྟོན་པར་གསུངས་པ། དེ་ཡི་དབུས་སུ་རྣམ་ཤེས་དང། ཡེ་ཤེས་དེ་ཉིད ་སྦྱར་བར་བྱ་ཞེས་པ་སྟེ། པདྨ་དེའི་དབུས་སུ་སྙིང་པོ་ལ་རྣམ་ཤེས་ཀྱི་སྙིང་པོ་ཧཱུཾ་དཀར་པོ་བཀོད་པར་བྱའོ་ཞེས་གསུངས་པའོ། །བྱམས་པར་ལྡན་པ་ཤར་ཕྱོགས་ཀྱི། འདབ་མ་ས་བོན་མ་འཁྲུགས་པའི་ཞེས་པ་ནི་ཤར་ཕྱོགས་ཀྱི་འདབ་མ་ལ་བྱམས་པའི་རང་བཞིན་མི ་བསྐྱོད་པའི་ས་བོན་ཡི་གེ་མ་བཀོད་པའོ། །སྙིང་རྗེ་ལྷོ་ཡི་སྒོ་རུ་སྟེ། རིན་ཆེན་ས་བོན་དེ་ཁོ་ན་ཞེས་པ་ནི་ལྷོའི་འདབ་མ་ལ་སྙིང་རྗེའི་རང་བཞིན་རིན་ཆེན་འབྱུང་ལྡན་གྱི་ས་བོན་ཡི་གེ་ཨ་བཀོད་པའོ། །ནུབ་ཀྱི་སྒོ་ཡི་འདབ་མ་ལ། འོད་དཔག་མེད་ཀྱི་ས་བོན་དགོད་ཅེས་པ་ནི་ནུབ་ཀྱི ་འདབ་མ་ལ་དགའ་བའི་རང་བཞིན་སྣང་བ་མཛའ་ཡས་ཀྱི་ས་བོན་ཡི་གེ་ཨ་བཀོད་པའོ། །ལྷུན་པོ་ཆེ་ཡི་འདབ་མ་ལ། གཙོ་བོ་དོན་ཡོད་གྲུབ་པ་བསམ་ཞེས་པ་ནི། དེ་ལ་ལྷུན་པོ་ཆེའི་ཕྱོགས་ཞེས་པ་ནི་བྱང་ཕྱོགས་ཀྱི་འདབ་མ་ལ་ཞེས་པའོ། །དེ་ལ་བཏང་སྙོམས ་ཀྱི་རང་བཞིན་དོན་ཡོད་གྲུབ་པའི་ས་བོན་ཡི་གེ་ཨཱཾ་བཀོད་པར་བྱའོ། །ཡིག་འབྲུ་དེ་བཞི་སྤས་པ་གསུངས་པ། དང་པོ་སྒྲ་སྒྲོགས་ས་བོན་ལ། དབྱིག་པ་ཐིག་ལེ་གོ་རིམས་བཞིན་ཞེས་པ་སྟེ་བཤད་ཟིན་ཏོ། །ཡི་གེ་བཞི་པ་བཀོད་པ་ནི། འོད་ཟེར་དཀར་པོས་རྣམ ་པར་བརྒྱན་ཞེས་པ་ནི། གོང་གི་ས་བོན་བཞིའི་ཁ་དོག་གོ་།མཆེམས་ཀྱི་འདབ་མ་ལ་ཡིག་འབྲུ་བཀོད་པ་གསུངས་པ། ཕྱོགས་མཚམས་དག་ནི་བཞི་པ་རུ། །མ་ནིང་གོང་དུ་གསུངས་པ་བཞིན་ཞེས་ཏེ། རི་རཱི་ལི་ལཱི་ཁ་དོག་དཀར་པོ་རྣམས་སོ། །སེམས་ནི་དེ ་ཡི་དབུས་དག་ཏུ། །ཡི་གེ་རུ་ནི་བརྟག་པར་བྱ་ཞེས་པ་ནི། ཡི་གེ་དེ་རྣམས་ནི་སྟོང་པ་ཉིད་སེམས་ཀྱི་དཀྱིལ་ལ་བསམས་ནས་བསྒོམ་པར་བྱའོ་ཞེས་པའོ། །དོན་དེ་ཁོ་ན་ཐེ་ཚོམ་ཟོས་པ་ཕྱག་ན་རྡོ་རྗེས་སུ་ཡང་ཞུས་པ། སྟོང་པའི་མཚན་ཉིད་མེད་པ་ཡིན ་ཞེས་པ་ལ་སོགས་པ་སྟེ། མཚན་ཉིད་མེད་པ་སེམས་སྟོང་པ་ལས་སྙིང་རྗེ་ལ་སོགས་པའི་རང་བཞིན་ཡི་གེ་འབྲུ་དགུ་འབྱུང་བའི་ལྟར་ཡིན་ཞེས་ཞུས་པའོ། །དེའི་ལན་གསུངས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་དེ་ཁོ་ན་ཞེས་པ་ལ་སོགས་པ་སྟེ། ་དེ་ལ་མཚན་ཉིད་སྟོང་པ་མཚོན་པ་ཡིས། །སྙིང་པོ་མེད་པའི་སྙིང་པོ་རྣམས་ཞེས་པ་ནི། སྟོང་པ་ཉིད་ཀྱི་མཚན་ཉིད་མཚོན་པ་ནི་སྙིང་པོ་དངོས་སུ་མེད་ཅིང། དངོས་སུ་སྣང་ངོ་ཞེས་པའི་ཐ་ཚིག་གོ་།དེའི་དཔེར་གསུངས་པ། བདུད་རྩི་ཆུ་ཤིང་སྙེ་མ་བཞིན་ཞེས་པ་སྟེ། ཆུ་ཤིང་གི ་སྙིང་པོ་མེད་པ་ལ་འབྱུང་བའི་སྙེ་མའི་འབྲས་བུ་ཟོས་པ་ལ་བདུད་རྩི་དང་འདྲ་བའི་རོ་འབྱུང་བ་ལྟར། སྟོང་པ་ཉིད་སེམས་ལས་བྱུང་བའི་སྙིང་རྗེ་ཡང་དེ་བཞིན་གཤེགས་པའི་ལོངས་སྤྱོད་ཀྱི་སྐུའི་འབྲས་བུའི་རྒྱུར་འགྱུར་རོ་ཞེས་པའི་ཐ་ཚིག་གོ་།བསྡུས་པའི་དོན་བསྟན་ནས། ་ཡང་རྒྱས་པའི་བསྟན་པ་འདོད་པས་གསུངས་པ། དབུས་སུ་གནས་པའི་ཡེ་ཤེས་ཏེ་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཡེ་ཤེས་ནི་ཡི་གེ་ཧཱུཾ་ངོ། །ཡེ་ཤེས་གཟུགས་ནི་གཟུགས་མེད་དོ། །ཞེས་པ་ནི་ཡི་གེ་ཧཱུཾ་དེ་སྟོང་པའི་རང་བཞིན་གཟུགས་མེད་དེ། འོ་ན་ཅི་འདྲ ་ཞེ་ན། མཚན་ཉིད་མེད་པཱི་མཚན་ཉིད་དེ་ཞེས་པ་སྟེ། ཡིག་འབྲུའི་དབྱིབས་ཀྱི་མཚན་ཉིད་དང་ལྡན་ན་ཡང། རང་བཞིན་གྱིས་སྟོང་པ་ཉིད་པས་མཚན་ཉིད་མེད་དོ། །ཅིའི་ཕྱིར་ཞེ་ན། ཡེ་ཤེས་སྐུ་ལ་གོས་པ་མེད་ཅེས་པ་སྟེ། ཆོས་ཉིད་ཡེ་ཤེས་ཀྱི་སྐུ་ལ་དངོས་པོས་མི ་གོས་ཏེ། རང་བཞིན་གྱིས་འོད་གསལ་བའི་ཕྱིར་རོ། །དེས་ན་ཡིག་འབྲུ་དགུའི་རང་བཞིན་འདི་ལྟ་སྟེ། ཞེས་སྟོན་པས་གསུངས་པ། དངོས་པོ་དངོས་མེད་བྲལ་བས་ཞེས་པ་ལ་སོགས་པ་སྟེ། གང་གིས་མཚན་ཉིད་ཤེས་པ་ཡི་ཞེས་པ་ལ་སོགས་པ་ནི་རྣལ་འབྱོར ་གང་གིས་སྤྱི་དང་རང་གི་མཚན་ཉིད་ཡེ་ཤེས་དང་རྣམ་པར་ཤེས་པའི་མཉཾ་པ་ཉིད་ཤེས་པ་དེ་ནི། མྱུར་བར་བྱང་ཆུབ་ཀྱི་ལམ་ཐོབ་བོ་ཞེས་པའི་ཐ་ཚིག་གོ་།མཉམ་པ་ཉིད་དེ་ཇི་ལྟར་ཤེས་པར་བྱ་ཞེ་ན། གསུངས་པ། བླ་མའི་ལུང་གི་ལམ་ངག་གིས་ཞེས་པ་ལ་སོགས ་པ་སྟེ། ཡེ་ཤེས་དང་རྣམ་པར་ཤེས་པའི་གཟུགས་ཀྱི་མཚན་ཉིད་ནི་བླ་མའི་མན་ངག་གིས་གཙུག་ལག་བསྟན་པར་བྱའི་གཞན་དུ་མ་ཡིན་ནོ། །དེ་ཁོ་ན་གསལ་བར་གསུངས་པ། དེ་ཁོ་ན་དཔའ་བོས་བསྟན་ཞེས་པ་སྟེ། །དེ་ལ་དཔའ་བོ་ནི་དེ ་བཞིན་གཤེགས་པ་འམ་བླ་མ་སོགས་པ་སྟེ། ཉོན་མོངས་པའི་གཡུལ་ལས་དཔའ་བའ་ཨི་ཕྱིར་རོ། །དཔའ་བོ་དེ་ཁོ་ནས་གཉིས་པའི་སྟོང་པ་ཉིད་བསྟན་ནོ་ཞེས་པའི་ཐ་ཚིག་སྟེ། སྙན་ཁུང་ནས་སྙན་ཁུང་བརྒྱུད་པའི་ཕྱིར་རོ། །འདི་བསྒོམས་པས་ནི་ཐམས་ཅད ་དུ། འོད་དཀར་པོ་རྣམ་པར་བརྒྱན་ཅེས་པ་སྟེ། དེ་ལ་འདི་ཞེས་པ་ནི་ཡི་གེ་འབྲུ་དགུའོ། །དེ་དག་གི་འོད་ཟེར་དཀར་པོས་ཕྱོགས་བཅུ་ཐམས་ཅད་སཅང་བ་བསྒོམ་པར་བྱའོ་ཞེས་པའོ། །ད་ནི་ཐིག་ལེའི་ཏིང་ངེ་འཛིན་སྟོན་འདོད་པས་བཅོམ་ལྡན་འདས་ཀྱིས ་གསུངས་པ། སྒྲོགས་པ་ལྔ་ཡི་མཆོད་རྟེན་དང། བདུད་རྩི་ས་བོན་བསམས་ནས་ནི་ཞེས་པ་སྟེ། སྒྲོགས་པ་ལྔ་ཡི་མཆོད་རྟེན་བསྒོམས་པའི་ས་རུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་བདུད་རྩིའི་ས་བོན་ཡི་གེ་ཨཾ་བསྒོམ་པར་བྱ་ཞེས་པའོ། །ཇི་ལྟར ་བསྒོམ་པར་བྱ་ཞེས་གསུངས་པ། ཁ་དོག་དཀར་པོའི་འོད་མཇོས་པ། བདུད་རྩི་རྒྱུན་གྱི་གཞག་པ་གསོལ་ཞེས་པ་སྟེ། བདུད་རྩིས་བརླན་པའི་ཟླ་བའི་དཀྱིལ་འཁོར། ཨཾ་ལས་ཟགས་པའི་བདུད་རྩིའི་རྒྱུན་འོག་ཏུ་ཐིག་ལེ་ལ་བཞག་པར་བྱའོ་ཞེས་པའོ། ། ་དེའི་འོག་ཏུ་ཐིག་ལེའི་སྒོམ་པ་གསུངས་པ། མཐེ་བོང་ཚད་ཙམ་ཟླུམ་པོ་ཡི། །ཟླ་པའི་དབུས་སུ་ཐོགས་པ་སྟེ། ཞེས་པ་ལ་སོགས་པ་སྟེ། མགྲིན་པར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་མཐེ་བོང་ཙམ་གྱི་ཐིག་ལེ་ཟླུམ་པོ་བསྒོམ་པར་བྱའོ་ཞེས་པ་སྟེ། དེའི ་དབུས་ཀྱི་ས་བོན་གསུངས་པ། ཨཱ་ལི་ཀཱ་ལི་ལས་བྱུང་བའི་ཞེས་ཏེ། ཡི་གེ་ཨཱའོ། དེའི་དབུས་སུ་སྒོ་རྣམས་ལ་ཞེས་པ་ནི། ཐིག་ལེ་དེའི་དབུས་ཀྱི་ཡི་གེ་ལ་བདུད་རྩིའི་རྒྱུན་གྱི་བསགས་པར་བྱའོ་ཞེས་པའོ། །ཐིགས་པ་བསམ་པ་རབ་ཏུ་གྲགས་ཞེས་པ་དེ ་ཡན་ཆད་ཐིག་ལེའི་ཏིང་ངེ་འཛིན་ཞེས་བསྟན་པའོ། །དེ་ནི་ཕྲ་མོའི་ཏིང་ངེ་འཛིན་སྟོན་འདོད་པས་གསུངས་པ། སྐྲ་ཡི་རྩེ་མོ་བརྒྱ་ཡི་ཆར་ཞེས་པ་ལ་སོགས་པ་སྟེ། དེ་ལ་སྐྲའི་རྩེ་མོ་བརྒྱར་ཞེས་པ་ནི་ཚང་གསུངས་པའོ། །གང་ཞེ་ན། རྡུལ་ཕྲན་གཟུགས་ཙམ་པ་ཡི་སེམས ་ཞེས་པ་སྟེ། སེམས་དང་པོ་ལས་འདས་པ་རྡུལ་ཕྲན་དུ་བསྒེམ་བའོ། །དབྱིབས་གང་ཞེ་ན། གསུངས་པ་མཚན་ཉིད་མཚོན་པའི་ཡེ་ཤེས་ཅན། རྣམ་ཤེས་རང་གི་ངོ་བོ་སྟེ་ཞེས་པ་སྟེ། ཡེ་ཤེས་དང་རྣམ་པར་ཤེས་པའི་ས་བོན་ཡི་གེ་ཧཱུཾ་གི་དབྱིབས་ཀྱི་མཚན་ཉིད་དུ་མཚོན་པ ་བརྟགས་པར་བྱའོ། །བསྒོམ་པ་གསུངས་པ། གང་གི་ཐིགས་པའི་ཐབས་གནས་པ། མཚན་ཉིད་ཤེས་པས་བསམ་བར་བྱ་ཞེས་པ་སྟེ། གོང་གི་ཐིག་ལེའི་གནས་ཁོ་ན་ལ་ཡི་གེ་ཧཱུཾ་ཕྲ་མོའི་ཏིང་ངེ་འཛིན་གྱི་མཚན་ཉིད་ཀྱང་བསམ་པར་བྱའོ་ཞེས་པའི་ཐ་ཚིག་གོ་།ཏིང་ངེ ་འཛིན་ཕྲ་མོ་དེ་ཡང་ལུས་དང་ངག་དང་གང་དུ་བཀོད་ནས་བསྒོམ་པར་བྱ་ཞེ་ན་གསུངས་པ། སྙིང་དང་ཚངས་པའི་སྒོ་དང་ནི། །ཐིགས་པ་སྒོ་ཡི་ལམ་ཉིད་དུ་ཞེས་པ་སྟེ། དེ་ལ་སྙིང་དང་ནི་སྙིང་གར་རོ། །ཚངས་པའི་སྒོ་ནི་སྤྱི་བོར་རོ། །ཐིག་པ་སྣ་ཡི་ལམ་ཉིད་དུ། །ཞེས་པ་ནི་མགྲིན ་པ་སྟེ། དེར་ཏིང་ངེ་འཛིན་ཕྲ་མོ་བསྒོམ་པར་བྱའོ་ཞེས་པའི་ཕྱིར་རོ། །བླ་མའི་ལུང་ནི་དེ་ཁོ་ནས། རྣམ་ཤེས་ཡེ་ཤེས་གཟུང་བར་བྱ། །ཞེས་པ་ནི། རྣམ་ཤེས་ཡེ་ཤེས་ཀྱི་ཡིག་འབྲུ་ཧཱུཾ་བླ་མའི་མན་ངག་ཁོ་ནས་ཚད་ཤེས་པར་བྱའོ་ཞེས་པའི་ཐ་ཚིག་གོ་།ཕྲ་མོའི་ཏིང་ངེ་འཛིན་འདི་ནི ་བླ་མའི་མན་ངག་ཁོ་ནས་ཐོབ་ཀྱི་གཞན་ཕྱིའི་ལམ་ལ་སོགས་པས་ནི་མི་འཐོབ་པོ་ཞེས་སྟོན་པས་གསུངས་པ། ཕྱི་ཡི་ལམ་གྱིས་མ་ཡིན་ཏེ། གཙུག་ལག་གིས་ཀྱང་རིང་བ་ཡིན་ཞེས་སོ། །དེ་ཅིའི་ཕྱིར་ཞེ་ན། གསུངས་པ་གཙུག་ལག་ངག་ནི་རྙེད་སླ་སྟེ། དེ་ཡི་དགོས་པ་རྙེད་དཀའ་ ་བས་ཞེས་སོ། །འོ་ན་ཇི་ལྟར་ཤེས་པར་བྱ་ཞེ་ན་གསུངས་པ། ཐབས་ལ་མཁས་པའི་རྣལ་འབྱོར་པས་ཞེས་པ་ལ་སོགས་པའོ། །ད་ནི་སྔགས་བཟླ་བའི་ཐབས་སྟོན་བས་གསུངས་པ། ཡིད་ནི་སྔོན་དུ་གཏོང་པའི་ཆོས་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཡིད་ནི་ཡིད་ཀྱི་རྣམ་པར་ཤེས ་པའི་རྟེན་ཡིད་དོ། །ཡིད་དེ་ཆོས་ཐམས་ཅད་ཀྱི་གདོང་མའོ་ཞེས་པའོ། །འདི་ལྟ་སྟེ། ལུས་ངག་ཡིད་ལས་ཡིད་ཀྱི་ལས་སྔར་འབྱུང་སྟེ། ཡིད་ཀྱིས་བསམ་པའི་འོག་ཏུ་ལུས་དང་ངག་སྤྱོད་པའི་ཕྱིར་རོ། །དེ་ལྟར་མཛོད་ཀྱི་ནང་ནས་ཀྱང་གསུངས་པ། ་སེམས་པ་ཡིད་ཀྱི་ལས་ཡིན་ཏེ། དེས་བསྐྱེད་ལུས་དང་ངག་གི་ལས་ཞེས་སོ། །ཡིད་དག་ཅིང་ནི་ཡིད་འགྲོ་བ་ཞེས་པ་ནི་དག་པའི་ཡིད་ཡིན་ཏེ། ལུས་ངག་ནི་མ་ཡིན་ནོ། །འདི་ལྟ་སྟེ། ཡིད་དག་པའི་རྣལ་འབྱོར་པས་ལུས་དག་གི་ལས་མི་དག་ན་ཡང་སྐྱོན་དུ་མི་འགྱུར་རོ་ཞེས ་པའི་དོན་ཏོ། །དེ་ལྟར་ཡང་གསུངས་པ། རྟོག་པ་བྱང་ཆུབ་སེམས་དཔའ་ཡི། །གལ་ཏེ་དགེ་འམ་མི་དགེ་བ། །དེ་ཀུན་དགེ་བར་སོང་འགྱུར་ཏེ། ཅི་ཕྱིར་ཡིད་ནི་དབང་འགྱུར་ཕྱིར་ཞེས་སོ། །ཅིའི་ཕྱིར་ཞེ་ན། ཡིད་འགྲོ་བ་ཞེས་ཏེ། དགེ་དང་མི་དགེ་བའི་བག་ཆགས་ལ་ཡིད་འགྲོ ་པ་དང། མྱ་ངན་ལས་འདས་པ་ལ་ཡིད་འགྲོ་བའི་ཕྱིར་རོ། །དེས་ན་ཡིད་དངོས་ཐམས་ཅད་དུ་ཞེས་པ་ནི། ལུས་ངག་ཡིད་ཀྱི་དངོས་པོའོ་ཞེས་པའི་ཐ་ཚིག་གོ་།དེས་ན་བློ་དང་ལྡན་པའི་རྣལ་འབྱོར་པས་ཡིད་དག་པར་བྱ་བ་ལ་བསྒྲིམས་ནས་ནན་ཏན་དུ་བྱའོ་ཞེས་པའོ། །ལུས ་ངག་ཡིད་གཙོ་བོར་བསྟན་ནས་ཡིད་ལས་གཞན་མེད་ཅིང་དོན་བསྟན་པ་གལ་ཏེ་བཟླས་འདོད་རྣལ་འབྱོར་པས། སྙིང་གིས་བསམ་པ་སྤངས་ནའོ་ཞེས་པ་ནི། །རྣལ་འབྱོར་པས་སེམས་སྤངས་ནས། གཞན་དུ་བཟླ་བ་ནི་མེད་དོ། ཞེས་པའི་ཐ་ཚིག་སྟེ། ལུས་ངག་གི་ལས ་གཟུགས་ཉིད་ཀྱི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། རྒྱའི་ཕྱི་རུ་ས་བོན་ཏེ། དེ་ཁོ་ན་ནི་གཟུགས་ལ་སོགས་པ་ལས་བྱའི་སྔགས་ཀྱང་དོན་དམ་པར་མ་མཐོང་སྟེ། །ཡིག་འབྲུ་ཡིན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་རོ། །འདི་ལྟ་སྟེ། ཆེ་གེ་མོ་ཤཱནདིཾ་ཀུ་རུ་ཞེས་སྨྲ་བའི་ཚིག་ལ ་ཆེ་གེ་མོ་སྨྲ་ཙམ་ན་ཤཱནྟིཾ་ཀུ་རུའི་སྒྲ་མི་འབྱུང་ངོ། །ཤཱནྟ་ཀུ་རུ་ཞེས་བརྗོད་ན། ཆེ་གེ་མོ་ལ་ཐལ་བར་འགྱུར་རོ། །དེ་ཡང་ཆེ་བརྗོད་ཙམ་ན་གེ་མི་འབྱུང་ངོ། །གེ་བརྗོད་ཙམ་ན་ཆེ་ཐལ་ལོ། །དེ་བཞིན་དུ་དེ་གཉིས་བརྗོད་ཙམ་ན་མོ་མིད་དོ། །མོ་བརྗོད་ཙམ་ན་ཆེ་གེ་ཐལ་ལོ། ། ་དེས་ན་ལས་བྱས་པའི་སྔགས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་མངོན་པར་བཏགས་པ་ཙམ་ཡིན་ཏེ། དོན་དམ་པར་ནི་མ་ཡིན་ནོ། །དེ་ལྟར་སྔགས་ཀྱི་རང་བཞིན་བསྟན་ནས་སྔགས་བཟླ་བའི་ཐབས་བསྟན་པ་གསུངས་པ། གཟུགས་སོགས་སྲིད་པའི་ལོངས་སྦྱོད་དག་།ས་བོན་བཟླས ་ཤིར་སྤྱར་པར་བྱ་ཞེས་པ་སྟེ། ཡི་གེ་ཧཱུཾ་གི་གཟུགས་ལ་སོགས་པ་ཡང་དག་པའི་ཀུན་རྫོབ་ཏུ་དམིགས་ནས་བཟླས་ཏེ། བསོད་ནམས་ཀྱི་ཚོགས་དེས། ཚེ་འདིའི་སྲིང་པའི་ནང་ན་ལོངས་སྤྱོད་ཀྱི་འབྲས་བུར་བྱའོ་ཞེས་པའོ། །བཟླ་བའི་སྔགས་གང་ཞེ་ན་གསུངས་པ་ཐམས་ཅད་ཀུན ་གྱིས་བཀུར་བ་ཡི་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཐམས་ཅད་ཀུན་གྱིས་བཀུར་བ་ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཟླ་ཚེས་དང་ཐིག་ལེ་སྟེ། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཉིད་ཡེ་ཤེས་ཉིད་ཀྱི་ཕྱིར་རོ། །དེ་བཞིན་སྤྱི་བོར་གནས་པ་ལ་ཞེས་པ་ནི་ཟླ ་ཚེས་དང་ཐིག་ལེ་ཧཱུཾ་གི་དབུ་སྟེང་ན་རྟག་པར་བཞག་པར་བྱའོ། །རྟག་པར་རྩ་བར་རྩེ་བྱས་ནས་ཞེས་པ་ནི། འོག་རྟག་པར་ཞབས་བཀྱེད་རྟག་ཤེས་པའོ། །དོན་དེ་གཉིས་ཁོ་ན་སྟོན་པས། ཐིགས་པར་རོ་ལྡན་པ་ཡིས་ཞེས་པའོ། །དེ་ལྟ་བུའི་ས་བོན་གང་ཞེ་ན། གསུངས་པ། ་ཡེ་ཤེས་རྣམ་ཤེས་ས་བོན་ཉིད་ཅེས་པ་སྟེ། ཡི་གེ་ཧཱུཾ་ངོ། འཁོར་བའི་ལོངས་སྤྱོད་ཀྱི་དོན་དུ་སྔགས་ཏེ་བཟླས་ན་ཡང། སྒྲ་དང་ཚིགས་མེད་པར་ཡིད་ཁོ་ནས་བཟླ་བར་བྱའོ་ཞེས་སྟོན་པ་འཁོར་བའི་ལོངས་སྤྱོད་སྤྱོད་པ་ཡི། སྒྲ་མེད་དག་ན་སྤངས་ནས་སུ། །ཡིད་ཀྱིས་བཟླས ་དང་ལྡན་པར་ཞེས་པའོ། །ད་ནི་མཚན་མ་བརྒྱད་སྟོན་འདོད་པ། བཅོམ་ལྡན་འདས་ཀྱིས་གསུངས་པ། མི་གཡོ་རྟག་ཏུ་ཐབས་གནས་པ་ཞེས་པ་ལ་སོགས་པ་སྟེ། དེ་ལ་མི་གཡོ་ན་འཇིག་པ་མེད་པའི་ཕྱིར་རོ། །རྟག་ཏུ་ཞེས་པ་ནི་མི་འཆང་པོའི་ཕྱིར་རོ། །ཐབས ་གནས་པ་ཞེས་པ་ནི་དེ་གཉིས་ཀྱིས་ཐབས་ལ་གནས་པའི་རང་བཞིན་ཀྱི་ཕྱིར་རོ། །རྟག་པ་ནི་ཞེས་པ་ནི་དེ་བཞིན་གཤེགས་པའི་རྒྱུ་ཉིད་ཕྱིར། ཆོས་ཀྱི་དབྲིངས་ཉིད་དེ་ཞེས་པ་ནི་འཕགས་པའི་ཆོས་ཀྱི་རྒྱུའི་ཕྱིར་རོ། །རྒྱུན་ཏུ་ཕྲ་པ་ཞེས་པ་ནི་སྐད་ཅིག་མ་སྔ་ཕྱི་བར ་དུ་ཡང་དབང་པོ་ལས་འདས་པའི་ཕྱིར་རོ། །མི་གོས་པ་ཞེས་པ་ནི་ཉོན་མོངས་པ་མེད་པ་སྟེ་རང་བཞིན་གྱིས་འོད་གསལ་བའི་ཕྱིར་རོ། །དེ་ལྟར་ཇི་ལྟ་བུའི་ཡོན་ཏན་དང་ལྡན་པའི་སེམས་གང་ཞེ་ན། ཡེ་ཤེས་རྣམ་ཤེས་ཐིམ་པར་བྱེད་ཅེས་ཏེ། ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཕྱིར་རོ། །སེམས་དེས་ནི་བྱང་ཆུབ་ཀྱི་ལམ་མཐོང་ངོ་ཞེས་གསུངས་པ། ཡེ་ཤེས་དངོས་པོ་རྣམ་ཤེས་ཀྱིས། བྱང་ཆུབ་རིམ་པ་མཐོང་བར་འགྱུར་ཞེས་སོ། །བྱང་ཆུབ་ཀྱི་ལམ་མཚན་མར་གྱུར་པ་བརྒྱད་གསུངས་པ། མར ་མེ་ལྟར་ནི་ཐམས་ཅད་དུ་ཞེས་པ་ལ་སོགས་པ་སྟེ། དེ་ལ་མར་མེ་ལྟར་ནི་ཐམས་ཅད་དུ། མཚན་མ་དང་པོ་མཐོང་བ་ཡིན་ཞེས་པ་ནི། རྣལ་འབྱོར་པས་ཡེ་ཤེས་དང་པོ་ལ་ཕྱིན་ཅི་མ་ལོག་པའི་ཉོན་མོངས་པ་བསྲེགས་པའི་ཡེ་ཤེས་ཀྱི་མར་མེ་ལྟར་འབར་ཏེ་ཆུང་དུའི་ཕྱིར ་རོ། སྲིན་བུའི་མེ་ལྟར་སྣང་བའོ། །གཉིས་པ་ཡི་ནི་མཚན་མ་བརྟགས་ཞེས་པ་ནི་ཡེ་ཤེས་གཉིས་པ་ལ་སྲིན་བུ་མེ་ཁྱེར་ལྟར་ཚིག་ཚིག་འཕྲོ་བ་ཡིན་ཏེ། འབྲིང་པོ་ཉིད་ཀྱི་ཕྱིར་རོ། །རྡུལ་ཕྲན་དཀར་པོ་མེ་སྟག་གཞན། ཞེས་པ་ནི་ཡེ་ཤེས་གསུམ་པས་རྣལ་འབྱོར་པས་ཡེ་ཤེས ་གྱི་མེ་ཕྱོགས་བཅུ་ན་དཀར་པོ་འཕྲོ་བར་མཐོང་ངོ། །ཆེན་པོ་ཉིད་ཀྱི་ཕྱིར་རོ། །དེ་མཐོང་མ་ཐག་ཏུ་ཉོན་མོངས་པའི་སྒྲིབ་པ་སྦྱངས་ཏེ་འཕགས་པར་གྱུར་ནས་མཐོང་བའི་ལམ་རྟོགས་པར་འགྱུར་རོ་ཞེས་པའོ། །དེ་ནས་ཤེས་བྱའི་སྒྲིབ་པ་སྤངས་པའི་རྟགས ་གསུངས་པ། འདོད་པ་ལྷ་ཡི་ལོངས་སྤྱོད་རྣམས། །བཞི་པ་ལ་ནི་སེམས་ཀྱིས་མཐོང་ཞེས་པ་ནི་རྣལ་འབྱོར་པས་ཡེ་ཤེས་བཞི་པས་འདོད་ཁམས་ཀྱི་འདོད་པའི་འདོད་ཆགས་ལྔ་ཆེ་ཆུང་འབྲིང་པོ་དགུའི་སྒོ་ནས་བྲལ་ལོ་ཞེས་པའི་ཚིག་གོ་།མཐོ་རིས་གཟུགས་ཀྱི ་ལྷ་རྣམས་ཀྱང། །ལྔ་པར་སེམས་ཀྱིས་མཐོང་བར་འགྱུར་ཞེས་པ་ནི་ཡེ་ཤེས་ལྔ་པས་གཟུགས་ཁམས་ཀྱི་བསམ་གཏན་བཞི་སྲིད་པའི་འདོད་པའི་འདོད་ཆགས་ཆེ་ཆུང་འབྲིང་པོ་དགུའི་སྒོ་ནས་བྲལ་ལོ་ཞེས་པའི་ཐ་ཚིག་གོ་།དྲུག་པར་གཟུགས་མེད་ལོངས་སྤྱོད་དེ། ་ཞེས་པ་ནི་ཡེ་ཤེས་གཟུགས་མེད་པའི་ཁམས་བཞི་སྲིད་པའི་འདོད་ཆགས་དང་བྲལ་ལོ་ཞེས་པའོ། །བདུན་པ་ལ་ནི་ཆོས་ཀྱི་དབྱིངས་ཞེས་པ་ནི། ཡེ་ཤེས་བདུན་པས་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བའི་རྣལ་འབྱོར་པས་སྒྲིབ་པ་ཐམས་ཅད་སྤངས་ནས་མྱ ་ངན་ལས་འདས་པ་ཆོས་ཀྱི་སྐུ་ཡོངས་སུ་གྲུབ་པ་ལ་བཞུགས་ཏེ། གཟུང་འཛིན་མེད་པར་འགྱུར་རོ། །བརྒྱད་པ་དག་ལ་རང་དགའ་བའི་རྣལ་འབྱོར་སངས་རྒྱས་འབྲས་བུ་ཐོབ་ཅེས་པ་ནི། ཡེ་ཤེས་བརྒྱད་པས་དེ་ལྟར་གྱི་སྐུ་མངོན་དུ་གྱུར་པའི་རྣལ་འབྱོར་པས་སྔོན་གྱི་སྨོན ་ལམ་དང་སྙིང་རྗེའི་དབང་གིས་སེམས་ཅན་གྱིས་དོན་དུ་མི་གནས་པའི་མྱ་ངན་ལས་འདས་པ་ལ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་འམ། སྤྲུལ་པའི་སྐུ་དམིགས་ནས་རང་དགར་སེམས་ཅན་གྱི་དོན་གྱི་འབྲས་བུ་མེད་ངོ་ཞེས་པའི་ཐ་ཚིག་གོ། ་ཡེ་ཤེས་ཀྱི་ཁྱད་པར་དེ་ལྟར་གསུངས་པ། རྣལ་འབྱོར་པ་ཡིས་ཁྱད་པར་གྱིས། །སྔ་མ་ཕྱི་མས་སུན་ཕྱུང་ངོ་ཞེས་པའོ། །དེ་ནི་མཆོད་རྟེན་གྱི་དེ་ཁོ་ན་སྟོན་འདོད་པ་བཅོམ་ལྡན་འདས་ཀྱིས་གསུངས་པ། ཡང་དག་ལྟ་བའི་གཟུགས་ཅན་གྱིས་ཞེས་པ་ལ་སོགས་པ་སྟེ། ་དེ་ལ་ཡང་དག་ལྟ་བའི་གཟུགས་ཅན་གྱིས་ཞེས་པ་ནི་གཟུགས་ཅན་ནི་སེམས་ཅན་གྱིས་དང་པོར་ཡང་དག་པའི་དོན་སྟོང་པ་ཉིད་བསྒོམ་མོ་ཞེས་པའི་ཐ་ཚིག་གོ་།ཅིའི་ཕྱིར་ན་ཡང་དག་དེ་ཁོ་ན་ཤེས་པས། ནན་ཏན་གྱིས་ནི་སྦྱོར་བ་ཙམ་ཞེས་པ་ནི་ཡང་དག་པའི་སྟོང་པ་ཉིད ་ཀྱི་དོན་མི་ཤེས་ན་བསྒོམ་པ་སྦྱོར་བ་ལ་སོགས་པ་སྐྱོན་ནོ་ཞེས་པའི་ཐ་ཚིག་གོ་།དེ་ནས་སྟོང་པ་ཉིད་བསྒོམ་པ་ཐབས་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་སྙིང་གར་ཟླ་བ་བསམ་བྱས་ཏེ། ཞེས་པ་ལ་སོགས་པ་སྟེ། ཟླ་ཚེས་ཅན་ཡི་གེ་སྙིང་གར་བསྒོམས་ནས ་དེའི་འོད་ཟེར་གྱིས་ཕུང་པོ་དང་ཁམས་སྟོང་པས་བསྒོམ་མོ་ཞེས་པའི་ཐ་ཚིག་གོ་།སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་མཇུག་བསྡུས་པ་སྟོན་པས་གསུངས་པ། མཇུག་དུ་ཟླ་བའི་ས་བོན་ནི། །མཁས་པ་ཡིས་ནི་བསྒོམ་པར་བྱ། །ཞེས་པ་སྟེ། ཕུང་པོ་དང་ཁམས་ཐམས ་ཅད་རང་བཞིན་སྟོང་པར་བསྒོམ་པའི་རྣལ་འབྱོར་པས། ཇུག་ཏུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་ས་བོན་ཡི་གེ་ཧཱུཾ་བསྒོམ་པར་བྱའོ་ཞེས་པའོ། །ས་བོན་དེས་མཆོད་རྟེན་བསྐྱེད་བར་བྱ་བའི་ཐ་ཚིག་གསུངས་པ། སེམས་ཀྱིས་དེ་ལ་བསྐྱེད་པ་ནི། ་མཆོད་རྟེན་བཞུགས་པའི་གནས་དག་སྟེ་ཞེས་པ་ལ་སོགས་པའོ། །མཆོད་རྟེན་དེ་ཡང་ཇི་ལྟར་བསྒོམ་པར་བྱ་ཞེ་ན་གསུངས་པ། ཞབས་བཀྱེང་འགུགས་པས་ཞེས་བྱ་ཞེས་པ་ནི། ཡི་གེ་ཧཱུཾ་གི་ཞབས་བཀྱེང་འགུགས་པ་གང་དེ་མཆོད་རྟེན་གྱི་ས་གཞི་ཟུར་བརྒྱད་པ་ཞེས ་ཤེས་པེར་བྱ་སྟེ། ཡི་གེ་ཧཱུཾ་དང་མཆོད་རྟེན་དབྱེར་མེད་པའི་ཕྱིར་རོ། །ཕྱོགས་བརྒྱད་དག་གི་ཁམས་ས་སྟེ་ཞེས་པ་སྟེ། ས་གཞི་ཟུར་བརྒྱད་པའི་རང་བཞིན་ཕྱོགས་བརྒྱད་ཀྱི་གླིང་གི་འཇིག་རྟེན་གྱི་ཁམས་ཀྱི་ལྷ་རྣམས་བསྒོམ་པར་བྱའོ་ཞེས་པའོ། །དྲིལ་བུ་ནམ་མཁའ་ ་དབུས་གནས་པར། །ལྷུན་པོའི་ནས་ཀྱི་ལྷ་ཉིད་དུ་ཞེས་པ་ནི། མཆོད་རྟེན་གྱི་བུའི་རང་བཞིན་ནི་རི་རབ་སྟེ། དེ་ལ་སུམ་ཅུ་རྩ་གསུམ་གྱི་ལྷ་མན་ཆང་རྣམས་གནས་པ་བསྒོམ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་།འདོད་པ་སྤྱོད་པ་ལྷ་ཡི་རྣམས། །བྲེ་རུ་ངེས་པར ་བརྟག་པར་བྱའོ་ཞེས་པ་ནི། མཆོད་རྟེན་གྱི་བྲེའི་དབྱིབས་ལ་སོགས་པ་བཞིའི་རང་བཞིན་ནི་མཛའ་བྲལ་ལ་སོགས་པ་སྟེ། འདོད་ཁམས་ཀྱི་ལྷ་རིགས་གནས་པ་བསྒོམ་པར་བྱའོ་ཞེས་པའོ། །བདག་མེད་ཆོས་ཀྱི་དབུས་གནས་པར། སྟེང་འོག་དག ་ནི་མུ་མེད་དོ་ཞེས་པ་ནི་དེ་ཡན་ཆད་ནི་མུ་འབྲེལ་བ་མེད་དོ། བདག་མེད་པའི་རང་བཞིན་སྲོག་ཤིང་དཀྱིལ་དུ་བརྟེན་པ་ཙམ་ཡིན་ནོ་ཞེས་པའི་ཐ་ཚིག་གོ་།དེ་དག་གང་ཞེ་ན་གསུངས་པ། གཟུགས་ཀྱི་ཁམས་ཀྱི་མཐོ་རིས་དག་།འཁོར་ལོ་དག་ཏུ་རྣམ་པར ་བརྒྱན་ཅེས་པ་སྟེ། མཆོད་རྟེན་གྱི་འཁོར་ལོ་བཅུ་བདུན་གྱི་བར་བཞིན་ནི་གཟུགས་ཀྱི་ཁམས་ཚངས་རིས་ལ་སོགས་པ་ལྔའི་རིས་ཀྱི་གནས་བཅུ་བདུན་ཏེ། དེ་ལ་གཟུགས་ཀྱི་ལྷ་རྣམས་བསྒོམ་པར་བྱའོ་ཞེས་པའོ། །དོན་དེ་ཁོ་ནས་གསལ་བར་གསུངས་པ། ་བཅུ་བདུན་དག་གི་གཟུགས་ཀྱི་རྣམས། གོ་རིམས་བཞིན་དུ་རྣམ་པར་གནས་ཞེས་པའོ། །གཟུགས་མེད་སྲིང་པ་ཐམས་ཅད་ལྟ། །ཆོས་ཀྱི་སྲོག་ཉིད་དུ་ཐིམ་ཞེས་པ་སྟེ། འཁོར་ལོ་བཅུ་བདུན་ལས་ཡར་འཕགས་པ་སྲོག་ཤིང་གི་རང་བཞིན་ནི་གཟུགས་མེད་པའི ་ཁམས་ཏེ། ནམ་མཁའ་མཛའ་ཡས་ལ་སོགས་པ་བསྒོམ་པར་བྱའོ་ཞེས་པའོ། །མཆོད་རྟེན་སྐུ་རུ་བསྐྱེད་པ་ནི། ཐམས་ཅད་ལྷ་ཡི་གནས་ཡིན་ནོ་ཞེས་པ་ནི། དེ་ལྟར་མཆོད་རྟེན་གཟུགས་ཀྱི་རང་བཞིན་ཁམས་གསུམ་དུ་བསྒོམས་ཏེ། ཁམས་གསུམ་གྱི་ལྷ་གནས་པ ་བསྒོམ་མོ་ཞེས་པའི་ཐ་ཚིག་གོ་།སྟེང་གི་སྒོང་སྐྱེས་གདན་ལ། བདག་གི་སེམས་སུ་རྟག་པར་བྱ་ཞེས་པ་ནི། དེ་ལ་སྒོམ་ཞེས་པ་ནི་སེམས་ཀྱི་སྐྱེ་ས་སྙིང་འདྲ་བ་མཆོད་རྟེན་སྟེང་གི་ཟླུམ་པོའི་ངེར་རང་གི་སེམས་གནས་པ་བསམ་པར་བྱའོ་ཞེས་པའི་ཐ་ཚིག་གོ་། ་སེམས་དང་ཡེ་ཤེས་དབྱེར་མེད་པས། གཉིས་མེད་མཉམ་པའི་ཁྱད་པར་གྱི་ཞེས་པའོ། །གང་དང་གང་དུ་མཉམ་པར་དབྱེར་མེད་པ་བསྒོམ་པ་ཞེ་ན། གཟུགས་དང་སྟོང་པའི་དབུས་སུ་ན། །དེ་བཞིན་དངོས་པོ་དངོས་མེད་དོ། །ཞེས་པ་དེ་ལ་གཟུགས་ནི་ཕྱི་ནང་གི་དངོས ་པོས་བདག་ཏུ་འཛིན་པའོ། །ཡང་ན་མཆོད་རྟེན་གྱི་གཟུགས་སོ། །སྟོང་པ་ནི་ཡེ་ནས་དགེ་བ་དང་མིད་གེ་བའི་རྒྱ་ལས་ཆང་པར་ལྟ་བའོ། །དེ་གཉིས་མེད་པའི་མཉམ་པ་ཉིད་ཅེས་པའི་ཐ་ཚིག་གོ་།ངེ་ནས་ཆོས་ཐམས་ཅད་དངོས་པོ་མ་ཡིན་དངོས་པོ་མེད་པ་ཡང་མ་ཡིན ་པར་བསྒོམ་པར་བྱའོ་ཞེས?་པའི་ཐ་ཚིག་གོ་།མཉམ་པའི་སེམས་དེའི་ཁྱད་པར་སྟོན་པ། གཟུང་འཛིན་ལ་སོགས་ཕ་རོལ་གྱི་ཞེས་པ་སྟེ། དེ་ལ་གཟུང་པ་ནི་སྤྱོད་ཡུལ་ལོ། །འཛིན་པ་ནི་དབང་པོ་ལ་སོགས་པའོ། །སོགས་པའི་སྒྲས་ནི་གཅིག་དང་དུ་མ་ལ་སོགས་པའོ། ། ་དེ་དག་སྤངས་པའི་སེམས་ནི་ཕ་རོལ་ཕྱིན་པའོ། །བཟང་བྱེད་ལོག་པ་མ་ཡིན་པ་ཞེས་པ་ནི། དེ་ལ་བཟང་བ་ནི་དགེ་བའོ། །ལེག་པ་ནི་མི་དགེ་བའོ། །དེ་གཉིས་ཀྱང་སྤང་པའི་སེམས་ཞེས་པའི་ཐ་ཚིག་གོ་།དེ་ཡི་དབུས་སུ་དངོས་པོ་ནི། །མཚན་ཉིད་མཚོན་པའི་བརྟན་པ ་ཐོབ་ཅེས་པ་ནི། གཟུགས་དང་སྟོང་པ་ལ་སོགས་པའོ། །དབུས་མཉམ་པ་ཉིད་ཀྱི་སེམས་ཐོབ་པ་དེའི་མཚན་ཉིད་བསྒོམ་པར་བྱ་མཚོན་པར་བྱ་ཞེས་སོ། །དེ་ལྟར་བསྒོམ་པེས་མཆོད་རྟེན་སྦྱིན་པ་ལ་སོགས་པའི་མཆོད་པས་མཆོད་ཅིང་བསྒོམ་པར ་བྱའོ་ཞེས་གསུངས་པ། སྦྱིན་པ་ཚུལ་ཁྲིམས་བཟོད་སོགས་པས་ཞེས་པ་ལ་སོགས་པའོ། །ཆོས་ཀྱི་དབྱིངས་མཆོད་རྟེན་དེ་བསྒོམ་པའི་ཡོན་ཏན་སྟོན་འདོད་པས་གསུངས་པ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ནི་ཞེས་པ་ལ་སོགས་པའོ། །དེ་ནི་དབྱིངས་ཡེ་ཤེས་སྦྱོར་འདོད་པའི ་བཅོམ་ལྡན་འདས་ལ་ཞུ་འདོད་པ་ཕྱག་ན་རྡོ་རྗེས་གསོལ་པ། གསང་བར་སྦྱོར་བའི་མཚན་ཉིད་ཀྱི་ཞེས་པ་ལ་སོགས་པ་སྟེ། དེ་ལ་གསང་བ་ནི་དབྱིངས་དང་ཡེ་ཤེས་སོ། །དེ་ལ་དབྱིངས་ཞེས་པ་ནི་འབྱུང་བ་བཞི་པའོ། །ཡེ་ཤེས་ནི་གཟུགས་མེད་པའོ། །དེ་གཉིས་སྦྱོར་བའི་ཐབས ་ཞུས་པའོ། །དེ་ཉིད་དེ་ཉིད་མཆོག་དེ་ཉིད་ཅེས་པ་ནི། སྐུ་གསུང་ཐུགས་ཀྱི་དེ་ཁོ་ན་མཆོག་ཏུ་གྱུར་པའི་ཕྱིར་རོ། །དེ་ནས་ལན་གསུངས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ་ཞེས་པ་ལ་སོགས་པ་སྟེ། དེ་ལ་དབྱིངས་ཞེས་པ་ནི་འབྱུང་བ་དང་པོར་རེ་ཞིག་རྣལ་འབྱོར ་བས་བདག་ཉིད་རང་དགར་བྱེད་པའོ། །ཞེས་པ་ནི་རྡོ་རྗེ་ཐེག་པའི་ཚུལ་གྱིས་ནི་རྣལ་འབྱོར་བས་རང་གི་སེམས་རང་བཞིན་གྱིས་འདུལ་བར་བྱ་སྟེ། དཀའ་ཐུབ་ནས་ནི་མ་ཡིན་ནོ། །དེའི་དཔེར་བསྟན་པ། རྟག་རྒོད་ལྟ་བུའི་སེམས་དེ་ནི། མཁས་པ་ཡིས་ནི་བལྟ་བར་བྱ་ཞེས་པ ་ནི། མདུན་དུ་དུལ་བའི་རྟ་གོད་ཐབས་ཀྱིས་ཇི་ལྟར་ཁ་ལོ་སློབ་པ་བཞིན་དུ་དམན་པ་ལ་འཇུག་པའི་སེམས་ཀྱང་ཕྱིན་ཅི་ལོག་པའི་སྤྱོད་ཡུལ་ལས་ཁ་ལོ་སྒྱུར་ནས་ཡང་དག་པའི་འཇུག་པ་ལ་འཇུག་པར་བྱའོ་ཞེས་པའི་ཐ་ཚིག་གོ་།ཡང་ཇི་ལྟར་འདུལ་བའི་དཔེ་དང་དོན་གསུངས ་པ། ཇི་ལྟར་བུང་བ་དུད་ཀྱི་མེ་ཏོག་ལས། །རྒྱགས་པས་མྱོས་ནས་སེམས་ནི་བརྟན་པ་བཞིན། །ལོངས་སྤྱོད་ཀྱིས་གཡེངས་རྣམ་སྨིན་ས་བོན་ཅན། དེ་བཞིན་སྲེད་ལས་དྲངས་ནས་ཡིད་ནི་བསྡམ་པར་བྱ་ཞེས་པ་སྟེ། མེ་ཏོག་པདྨའི་སྡོང་པོའི་རྩི་བ་ལ་ཆགས་པའི་བུང ་པ་ཉི་མ་ཐལ་བའི་དུས་སུ། པདྨའི་འདབ་མས་བསྡམ་པ་སེམས་ཀྱིས་མཚོར་བ་བཞིན་དུ། ཉོན་མོངས་པ་ཅན་གྱི་སེམས་ཀྱང་དཀའ་ཐུབ་སྤངས་ནས་ལོངས་སྤྱོད་ཀྱིས་གཡེང་དུ་བཅུག་སྟེ། སེམས་དེ་ཡང་དག་པ་གཉིས་ལྟ་མེད་པའི་ཡེ་ཤེས་དང་འབྱོར་ནས་མྱ་ངན་ལས་འདས་པ་ལ ་བཀོད་པར་བྱའོ་ཞེས་པའི་ཐ་ཚིག་གོ་།འདུལ་བ་སོ་སོར་ཐར་པའི་ནང་ན་ནི་སྤོང་བའི་མཚན་ཉིད་བདུན་གྱི་སྒོ་ནས་དཀའ་ཐུབ་སྟེ་སེམས་ཅན་འདུལ་བར་བསྟན་ན། འདི་ནི་ཡིད་ཀྱི་སྒོ་ནས་སེམས་འདུལ་བར་གསུངས་པ་ཅིའི་ཕྱིར་ཞེ་ན་གསུངས་པ། ཡིད་བསྡམས་པས་ནི་འགྲུབ་པས་ཞེས་པ ་ལ་སོགས་པ་སྟེ་དོན་གོང་ན་བཤད་ཟིན་ཏོ། །དེ་ལྟར་ཡིད་དབང་དུ་གྱུར་པའི་རྣལ་འབྱོར་པས་ལྷ་མོ་བསྒོམ་པ་གསུངས་པ། ཟླ་བའི་དཀྱིལ་འཁོར་དབུས་གནས་པར་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཕྱག་རྒྱ་ཆེན་པོ་སྙིང་གར་ཏེ་ཞེས་པ་ནི་བྱང་ཆུབ་མཆོག་གི་ཕྱག་རྒྱའོ། །སྒྲོགས་པ་ལྔའི ་མཆོད་རྟེན་གྱི་ཞེས་པ་ལ་སོགས་པ་ནི། མགྲིན་པ་ལ་ཡི་གེ་ཡུ་ཡིས་བསྲུང་བར་བྱའོ་ཞེས་པའི་ཐ་ཚིག་གོ་།མེ་ཡི་ཡི་གེ་འབར་བ་ཡིས། །དེ་བཞིན་ཆུ་དང་ཆུ་མིན་གཉིས་ཞེས་པ་ནི། ཡི་གེ་ཀྵུཾ་གིས་ཕོ་མཚན་དང་དྲི་ཆེན་འབྱུང་བའི་ལམ་ལ་བསྲུང་བར་བྱའོ་ཞེས་པའོ། །ཆུ་ཤིང་མེ་ཏོག ་པདྨ་ནས་དང་པོར་བཟུང་ནས་རྒྱས་པར་རིང་དུ་སྤྱོད་པར་འགྱུར་ཞེས་པའི་བར་དུ་ཆུ་ཉིད་མེ་ཏོག་རྒྱས་པར་བྱ་བ་ནི་གོང་དུ་བཤད་ཟིན་ཏོ། །དེ་ཡིས་དབུས་སུ་སྒོ་ང་ཞེས་པ་ནི། ཆུ་ཤིང་གི་དབུས་ཀྱི་སྒོ་ང་ལ་སྙིང་སྟེ། སྒོ་ད་དང་འདྲ་བའི་ཕྱིར་རོ། །དེའི་ཁ་དོག་གསུངས་པ། ཀུན་ད་དཀར ་དང་ཟླ་བའི་མདོག་ཅེས་སོ། །དེ་ནས་སྒོ་ངའི་དཀྱིལ་དུ་ས་བོན་བཀོད་པ་གསུངས་པ། ཕྱོགས་དང་ཕྱོགས་སུ་ཕྱོགས་ས་བོན་ཞེས་ཏོ། ཕྱོགས་ཀྱི་ས་བོན་བཞིན་བཀོད་པར་བྱའོ་ཞེས་པའོ། །ས་བོན་གང་ཞེན། ཕྱོགས་གཉིས་སུ་ནི་ཁམས་བཞི་སྟེ། ཞེས་པ་ནི་ཆུ་དང་མེ ་དང་རླུང་དང་སའི་ཁམས་ཀྱི་ས་བོན་སྲུཾ་ཀྲུཾ་ཡུཾ་ཧཱུཾ་བཀོད་པར་བྱའོ། །ཡེ་ཤེས་ཀྱི་ས་བོན་ཨ་ཨཱ་ཨཾ་ཨ་ནི་མ་ཡིན་ཞེས་པའི་ཐ་ཚིག་གོ་།ཕྱོགས་མཚམས་བརྩེགས་པའི་ས་བོན་བཞིན་ཞེས་པ་ནི། འདིར་ཡང་ཁམས་ཀྱི་རང་བཞིན་བརྩེགས་པའི་ཡི་གེ ་སྨྲཡུཾ་ཧམྱུཾ་ཡམྱུཾ་ཀྵྨཡུཾ་མཚམས་བཞིར་བཀོད་པར་བྱའོ། །མ་ནང་གི་ཡི་གེ་རི་རཱི་དང་ལི་ལཱི་ནི་མ་ཡིན་ནོ་ཞེས་པའི་ཐ་ཚིག་གོ་།དབུས་སུ་དེ་ཁོ་ན་དམིགས་ནས་ཡེ་ཤེས་སེམས་ཀྱི་ངོ་བོ་ཉིད་ཅེས་པ་ནི་ཡི་གེ་དེ་བརྒྱད་ཀྱི་དབུས་སུ་ཡེ་ཤེས་དང་རྣམ་ཤེས་ཀྱི་ས་བོན་ཧཱུཾ ་བསྒོམ་པའོ། །ཡི་གེ་དེ་རྣམས་ཀྱི་འོད་དང། ཁ་དོག་གསུངས་པ། དཀར་ཞིང་དག་པ་མཉམ་པའི་འོད། །ལྷ་མོའི་ཡི་གེ་བསྒོམ་པར་བྱ་ཞེས་སོ། །དེ་ནས་དབྱིངས་དང། ཡེ་ཤེས་སྦྱོར་བའི་ཐབས་སྟན་འདོད་པས་གསུངས་པ། སེམས་ཀྱི་དར་དཀར་བསྒོམ་པ་ནི། དེ ་ནས་གཟུགས་ནི་གཤིག་པར་བྱ། ཕྱོགས་དང་ཕྱོགས་སུ་གཞིག་པ་དང། །ཕྱོགས་མཚམས་ཕྱོགས་ནི་དེ་བཞིན་ནོ་ཞེས་པ་སྟེ། དེ་ལྟར་ཡིག་འབྲུ་དགུ་རང་དཀར་བསྒོམ་པའི་རྣལ་འབྱོར་པས་ཕྱོགས་དང་ཕྱོགས་མཚམས་ཀྱི་གཟུགས་ཀྱི་རང་བཞིན་ཡིག་འབྲུ་བརྒྱད་བཤིག་ནས ་དཀྱིལ་ཀྱི་ཡི་གེ་ཧཱུཾ་ལ་འདུག་པ་བསྒོམ་པར་བྱའོ། །དོན་དེ་གསལ་བར་གསུངས་པ། ཐམས་ཅད་གཟུགས་ནི་བཤིག་ནས་སུ། །ཡེ་ཤེས་རྣམ་ཤེས་ལྷག་མ་སྟེ་ཞེས་པ་སྟེ། ཕྱོགས་བརྒྱད་ཀུན་གྱི་གཟུགས་ཀྱི་ཡི་གེ་བཤིག་ནས། ཡེ་ཤེས་དང་རྣམ་ཤེས་ཀྱི་ཡི་གེ་ཧཱུཾ ་གཅིག་པུ་ལུས་པར་བསྒོམ་པའོ། །འདུས་མ་ཐག་ཏུ་ཧཱུཾ་དེའི་ཁ་དོག་དང། རང་བཞིན་ཁྱད་པར་དུ་གསུངས་པ། ཆུ་ནི་ཤར་གྱི་ཕྱོགས་སུ་སྟེ། །ཁ་དོག་དཀར་པོའོ་འོད་ཀྱི་མདོག་ཅེས་པ་སྟེ། ཡི་གེ་ཅུའི་ས་བོན་དང་མདོག་དཀར་པོར་འགྱུར་རོ་ཞེས་པའི་ཐ་ཚིག་གོ་།སེར་པོ་འོད་དུ ་འབར་བའི་མེ། །རྟག་པ་རུ་ནི་བྱང་དུ་སྟེ་ཞེས་པ་ནི་ཧཱུཾ་གི་བྱང་གི་ངོས་མེའི་ས་བོན་ཀྵུཾ་ཐིམ་པས་མེའི་རང་བཞིན་དང་མདོག་སེར་བོའོ། །རླུང་ནི་ནག་པོའི་ཁ་དོག་ནི་ནམ་མཁའ་ཨི་གཟུགས་ཅན་ནུབ་དུའོ་ཞེས་པ་ནི། དེ་ལ་ནམ་མཁའ་ཨི་གཟུགས་ཅན་ནི་ཧཱུཾ། གཟུགས་མེད་ཡེ་ཤེས་ཀྱི་རང ་བཞིན་གྱི་ཕྱིར་རོ། །རླུང་དེའི་ནུབ་ཀྱི་ངོས་རླུང་གི་ས་བོན་ཡུཾ་དེར་ཐིམ་ནས་རླུང་གི་རང་བཞིན་དང་མདོག་ནག་པོའོ། །ལྷོ་ཕྱོགས་ནི་དམར་པོ་རུ། ལྷོ་ཡི་ཕྱོགས་ཀྱི་བསམ་བར་བྱ་ཞེས་པ་ནི། ཧཱུཾ་གི་ལྷོའི་ངོས་ས་བོན་ཧཱུཾ་ཐིམ་པའི་ཕྱིར་ན། སའི་རང་བཞིན་དང་མདོག་དམར ་པོའོ། དེ་གཉིས་ཁ་དོག་འཆོལ་བ་ནི་བགལ་བརྟེན་པའི་ཕྱིར་རོ། །ཕྱོགས་མཚམས་??་པའི་ཁ་དོག་གིས། གྲཝ་བཞི་དག་ཏུ་བསམ་པར་བྱ་ཞེས་པ་ནི། ཧཱུཾ་གི་གྲཝ་བཞི་མདོག་བསྲེས་པའི་ཐ་ཚིག་གོ་།འདི་ལྟ་སྟེ་མེའི་མཆམས་ནི་དཀར་པོ་དང་དམར་པོ་བསྲེས་པའི ་མདོག་གོ་།དབང་ལྡན་གྱི་མཚམས་ནི་དཀར་སེར་བསྲེས་པའི་མདོག་གོ་།རླུང་གི་མཚམས་ནི་སེར་ནག་བསྲེས་པའི་མདོག་གོ་།བདེན་བྲལ་གྱི་མཚམས་ལ་ནི་དམར་ནག་བསྲེས་པའི་མདོག་གོ་།དེ་ནས་དབྱིངས་དང་ཡེ་ཤེས་སྦྱོར་བསྟན་ནས། ཡེ་ཤེས་དེ་ཡང་གཉིས་སུ་མེད ་པའི་སེམས་ལ་སྦྱོར་བ་བསྟན་འདོད་པས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྷག་མའི་རྣམ་ཤེས་དབུས་སུ་ནི། སྒོང་སྐྱེས་བཅས་པར་གཤིག་པར་བྱ་ཞེས་པ་སྟེ། དེ་ལ་སྒོང་སྐྱེས་ནི་གཉིས་སུ་མེད་པའི་སེམས་སོ། །དོན་ནི་འདི་ལྟ་སྟེ། རྣམ་པར་ཤེས་པའི་ཡི་གེ་ཧཱུཾ ་དེ་གཉིས་སུ་མེད་པའི་ཡི་གེ་སེམས་དང་བསྲེས་ནས་འཇུག་པར་བྱ་སྟེ། གཉིས་སུ་མེད་པར་བསྒོམ་པར་བྱའོ་ཞེས་པའི་ཐ་ཚིག་གོ་།འོ་ན་ཧཱུཾ་དེའི་མཚན་ཉིད་ཅི་འདྲ་ཞེ་ན་གསུངས་པ། དེ་ཡི་མཚན་ཉིད་མཚོན་པ་ཡིས། །མཚོན་པའི་མཚན་ཉིད་གཟུགས་མེད་དོ། །ཞེས ་བྱ་བའོ། །དེའི་དོན་གསལ་བར་སྟོན་པས་ཡང་གསུངས་པ། སེམས་ཀྱིས་དངོས་པོ་སྟོང་པ་བས་ཞེས་པ་ལ་སོགས་པ་སྟེ། དེ་ལྟ་བུའི་སྟོང་པ་རང་བཞིན་གཟུངས་སུ་སྣང་བ་ཅི་འདྲ་ཞེ་ན། རྣམ་པར་མི་རྟོག་སྟོང་པའི་དབུས། །མེ་རྟག་རྡུལ་ནི་ཕྲ་མོ་ཙམ་ཞེས་པ་སྟེ། བདག ་གཞན་དབྱར་མེད་པ་སྟོང་པའི་དབུས་ནི་མེ་སྟག་དང་འདྲ་སྟེ། བཟུགས་སུ་སྣང་བན་ཡང་ས་ལ་ལྷུང་མ་ཐག་ཏུ་མེད་པ་བཞིན་ནོ། །ཱ་ལི་ཀཱ་ལིའི་ས་བོན་ནི། །རྡུལ་ཕྲན་མིག་གི་དབུས་གནས་པར་ཞེས་པ་ནི་རྡུལ་ཕྲན་ཏེ། ཨཱ་ལི་ཀཱ་ཡེ?་ས་བོན་ཡི་གེ་ཨའི་རང་བཞིན་གནས ་ཏེ། དང་པོ་ནས་མི་སྐྱེ་བའི་རང་བཞིན་གྱི་ཕྱིར་རོ། །དེས་ན་ཆོས་ཀུན་ལས་འབྱུང་བ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱ་དྱཱ་ནུཏཱནྣ་ཏྭཱ་ཏ་ཞེས་སོ། །མིང་དང་བྲལ་བའི་གཟུགས་དག་གིས། །ཐམས་ཅད་ཀུན་ཀྱང་རྡུལ་ཞེས་བྱ་ཞེས་པ་ནི། དབང་པོ་ལས་འདས་པས་ན་གཟུགས ་ལ་འདུ་ཤེས་ཀྱི་ཡེ་ཤེས་ཆོས་ཀུན་ཅིང་ལས་འདས་པ་རྡུལ་ཕྲན་གྱི་རང་བཞིན་དུ་འདོད་པ་སྟེ། མྱ་ངན་ལས་འདས་པའི་ཕྱིར་རོ། །དེས་ན་དབྱིངས་དང་ཡེ་ཤེས་སྦྱོར་པ་ཡི་ཏིང་ངེ་འཛིན་ནི་ཡོད་མེད་མ་ཡིན་པར་སྟོན་པ། སྟོང་པ་རུ་ཡང ་མི་དམིགས་ཏེ། ཞེས་པ་ལ་སོགས་པ་དེའི་དཔེར་གསུངས་པ། རླུང་མིན་ནམ་མཁའ་ཡང་མ་ཡིན། མཉམ་པར་དབུས་སུ་བརྟག་པར་བྱ་ཞེས་པ་སྟེ། དཔེར་ན་གཟུགས་རླུང་རྒྱུ་བ་ནི་ནམ་མཁའ་ལ་སྟེ། ནམ་མཁའ་ནི་རླུང་མི་ཐོགས་པའི་སྟོང་པ་སྟེ། དེ་ལྟར་ནམ་མཁའ་དང ་རླུང་དབྱེར་མེད་པ་བཞིན་དུ། གཟུགས་དང་སྟོང་པ་ཡང་དབྱེར་མེད་དེ། །གཟུགས་གང་ཡིན་པ་ཡང་སྟོང་པའི་རང་བཞིན་དེ་མ་ཡིན། སྟོང་པ་གང་ཡིན་པ་གཟུགས་ཀྱི་རང་བཞིན་དེ་མ་ཡིན་ཏེ་དེ་ལྟར་ལོགས་སུ་མེད་དོ། །མཉམ་པར་བལྟ་བར་བྱའོ་ཞེས་པའི་ཐ་ཚིག་གོ། ་ད་ལྟར་ཀླུ་སྒྲུབ་ཞབས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟོང་པ་ལས་གསུངས་པ། དངོས་པོ་ལས་གཞན་སྟོང་པ་མེད། །སྟོང་པ་ལས་གཞན་དངོས་པོ་མེད། རྟེན་ཅིང་འབྲེལ་པར་འབྱུང་སྟོང་ཉིད། །ལྷ་ཁྱོད་ཀྱིས་ནི་བསྟན་པའོ། །ཞེས་སོ། ཇི་ལྟར་རྟོགས་པར ་བྱ་ཞེ་ན་གསུངས་པ། བླ་མའི་ལུང་ནི་རྟོགས་པའོ་ཞེས་པ་ལ་སོགས་པའོ། །དེ་ནས་དབྱིངས་དང་ཡེ་ཤེས་མངོན་དུ་གྱུར་པའི་རྣལ་འབྱོར་པས་སྦྱང་བ་དང་འབྲས་བུ་གསུངས་པ། ཡེ་ཤེས་གྲུབ་པའི་རྣལ་འབྱོར་པ་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཀུན་ཏུ་རྟོག་པ ་ལུས་སེམས་རྣམས། །གལ་ཏེ་ཡུལ་འཁོར་སྲུང་འདོད་ན། ཞེས་པ་ནི། དེ་ལ་ཡུལ་འཁོར་ནི་ཕུང་པོ་དང་ཁམས་སོ། །གལ་ཏེ་ཕུང་པོ་བསྐྱེད་འདོད་ན། རྣལ་འབྱོར་པ་སེམས་ཅན་གྱི་དོན་དུ་སེམས་རྣམ་པར་རྟོག་ནས་སེམས་ཅན་གྱི་དོན་དུ་ཕུང་པོ་བསྐྱེད་པར ་བྱའོ་ཞེས་པའོ། །ཡེ་ཤེས་དབང་པོ་ལོངས་སྤྱོད་རྣམས། །དངོས་གྲུབ་ལུས་ལ་རང་དགར་རོ་ཞེས་པ་ནི་དེ་ལྟ་བུའི་ཡེ་ཤེས་ཐོབ་པའི་རྣལ་འབྱོར་པས། གལ་ཏེ་འདོད་ན་ཐེག་པ་འོག་མའི་དགེ་སྦྱོང་གི་འབྲས་བུ་རྒྱུན་ཏུ་ཞུགས་པའི་འབྲས་བུ་མཐོར་པའི་ལམ་དང ་བསྒོམ་པའི་ལམ་སྔ་ཅར་ཕྱིན་པ་འབྲས་བུ་ཐོབ་པོ་ཞེས་པའོ། །ཁམས་གསུམ་ཡེ་ཤེས་མཐོང་བ་དང་ཞེས་པ་ནི་དགྲ་བཅོམ་པ་སྟེ། ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །དེ་ཡང་གཉིས་སུ་མེད་པའི་ཡེ་ཤེས་ཐོབ་པའི་རྣལ་འབྱོར་པས། གལ་ཏེ་འདོད་ན་དགྲ ་བཅོམ་པའི་འབྲས་བུ་ཐོབ་པོ་ཞེས་པའི་ཐ་ཚིག་གོ་།དང་པོའི་འབྲས་བུ་དང་ཕྱི་མའི་འབྲས་བུ་གསུངས་པས་ན། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང། ཕྱིར་མི་འོང་བའི་འབྲས་བུ་ཡང་ཐོབ་བོ། །དོན་དུ་ཤེས་པར་བྱ་དགོད་པའོ། །དེ་གཉིས་ཀྱང་གལ་ཏེ་འདོད་ན་རྣལ་འབྱོར་པས ་ཐོབ་པོ་ཞེས་པའི་ཐ་ཚིག་གོ་།ཡིད་ཀྱིས་རང་དགའ་ཨི་གནས་དག་ཏུ། གཟུགས་ཅན་མཁའ་ལ་རྒྱུ་བ་རྣམས། ཞེས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཐོབ་པའི་རྣལ་འབྱོར་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་འབྲས་བུ་སྣ་ཚོགས་གང་འདོད་པ་ལ་སྤྱོད་དེ། གཟུགས་ཅན ་མཁའ་ལ་ཐོགས་པ་མེད་པར་རྒྱུ་བ་བཞིན་ནོ་ཞེས་པའོ། །བདག་དོན་གྱི་འབྲས་བུ་བསྟན་ནས། གཞན་དོན་གྱི་འབྲས་བུ་གསུངས་པ། སེམས་ཅན་དག་ན་ཅི་འདོད་པས། མྱུར་དུ་མཆོད་ནི་སྦྱིན་པར་འགྱུར་ཞེས་སོ། །སེམས་ཅན་གྱི་དོན་ཇི་ལྟར་བྱེད་ཅེན། གསུངས་པ་ལུས་དང ་དབང་པོ་འདོད་པ་རྣམས། རང་དགའ་དུ་ནི་བདག་མེད་བྱེད་ཅེས་པ་སྟེ། རྣལ་འབྱོར་པས་སེམས་ཅན་གྱི་དོན་བྱེད་པ་ལ། ལུས་དང་དབང་པོ་ལ་སོགས་པ་ལ། བདག་དང་གཞན་དམིགས་པའི་ཚུལ་གྱིས་སྤྱོད་དོ་ཞེས་པའོ། །ཆོས་ཀྱི་དབྱིངས་རྟོགས་པའི་རྣལ་འབྱོར་པས་མྱ་ངན ་ལས་འདས་པར་ཟད་ཀྱི་གཞན་གྱིས་ནི་མ་ཡིན་ནོ་ཞེས་སྟོན་པས་གསུངས་པ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཡིས་ཞེས་པ་ལ་སོགས་པའོ། །དེ་དག་བསྒོམ་པའི་རྣལ་འབྱོར་པའི་གནས་བསྟན་པ། ཡིད་ང་རི་ཁྲོད་ནགས་འཚལ་དང། ཞེས་པ་ལ་སོགས་པའོ། །དེ་ནས་དོན་བསྒོམ ་པར་འདོད་པའི་རྣལ་འབྱོར་པས། ཕྱིན་ཅི་ལོག་པའི་ལུས་བདུད་རྩི་སློང་བ་བྱས་ནས། འགྲུབ་པར་བྱའོ་ཞེས་སྟོན་པས་གསུངས་པ། ན་ག་མུ་ལ་པ་ལཀྵ་ཞེས་པ་ལ་སོགས་ཏེ། དེ་ལ་ནག་མུ་ལ་ནི་སྦྱིན་པ་ཁྱད་པར་ཅན་ནོ། །པ་ལཀྵ་ནི་རྒྱ་སྐྱེགས་ཀྱི་མེ་ཏོག་གོ་།མེ་མབ?་བྱས ་ཏེ་ཆ་སྙམས་ཏེ་ཞེས་པ་ནི། དེ་ལ་སྨན་ཆ་གསུམ་དུ་བསྙམས་ནས་མཉམ་པོར་བྱ་བའོ་།དུ་དུ་ཡིན་ཞེ་ན་གསུངས་པ། མ་ག་ཏའི་སྲང་བཅུ་གཉིས་ཞེས་ཏེ་རྡོ་རྗེ་གདན་དྲུང་ཡུལ་མ་ག་དྷའི་སྲང་ཆེན་པོ་གསུམ་ག་ལ་བཅུ་གཉིས་བཅུ་གཉིས་སྦྱར ་བར་བྱའོ་ཞེས་པའོ། །ཇི་ལྟར་བཟའ་ཞེ་ན། བའི་འོ་མ་བསྐོལ་བ་ལ་ཞེས་པ་ལ་སོགས་པའོ། །སྨན་གྱི་ཡོན་ཏན་གསུངས་པ། རྣལ་འབྱོར་པ་ཡི་ལོ་བརྒྱ་རུ་ཞེས་པ་ལ་སོགས་པ་སྟེ། །དེ་ལ་འདུལ་བ་བསྲུང་ཞིང་ལོངས་སྤྱོད་ཅེས་པ་ནི། དེ་ལ་སྨན་དེ་བསྒྲུབ་པ་ལ ་འདོད་ཆགས་དང། གནོད་པའི་ཟད་དང་ཆང་ལས་བསྲུང་བར་བྱ་བའོ་ཞེས་པའོ། །ཕྱིན་ཅི་ལོག་པའི་ལུས་སྨན་གྱིས་ཐུབ་ན་ཡང་དག་པའི་རྒྱུར་འགྱུར་བའི་དཔེ་བསྟན་པ། ཇི་ལྟར་བུ་མོ་གཞོན་ནུ་གཏམ་གྱིས་བྲིད་ནས་སྤྱོད་པ་བཞིན་དུ། ཕྱིན་ཅི་ལོག་པའི་ལུས་ཀྱང་བདུད ་རྩིམ་སླེང་བ་གྲུབ་ནས་བྲིད་དེ། ཡང་དག་པའི་ལམ་དུ་འཇུག་པར་བྱའོ། ཞེས་པའི་ཐ་ཚིག་གོ་།དེ་ནི་ལེའུ་བཅུ་དྲུག་གི་དོན་རྟོགས་པ་ཕྱག་ན་རྡོ་རྗེ་ལ་སོགས་པ་འཁོར་དེ་དག་ཐམས་ཅད་དགའ་ཞིང་མགུ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་བསྟོད་པ་གསུངས ་པ་དེ་ནས་རྣལ་འབྱོར་དང། ཞེས་པ་ལ་སོགས་པའོ། ཐུགས་རྗེ་ཆེན་པོའི་མངའ་བདག་རྡོ་རྗེ་སེམས་དཔས་ཕྱག་ན་རྡོ་རྗེ་ལ་སོགས་པའི་འཁོར་དེ་དག་ལ་རྣལ་འབྱོར་གྱི་གཟུགས་ལག་གདན་བཞི་པའི་ཆེ་བའི་ཡོན་ཏན་འདོད་པ་ལ་གསུངས་པ། ཉོན་ཅིག་རྡོ་རྗེ་ཇི་ལྟར ་ཞེས་པ་ལ་སོགས་པའོ། །དེ་ལ་ཚིག་རྐང་ཙམ་ཞེས་པ་ནི། ཚིགས་སུ་བཤད་པ་བཞི་ཆའོ། །མཐོ་རིས་ཞེས་པ་རྒྱལ་ཆེན་རིགས་བཞི་ལ་སོགས་པའི་འདོད་པའི་ལྷ་རིས་དྲུག་དང། །ཚངས་པ་ལ་སོགས་པ་གཟུགས་ཁམས་བཅུ་བདུན་ནོ། །ཡང་ན་འཁོར་ལོ ་འཁོར་ལོ་འབར་ཞེས་པ་ནི། གསེར་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པའོ། །གཟུགས་མེད་སྲིང་པའི་སེམས་གྲུབ་པོ་ཞེས་པ་ནི། ནམ་མཁའ་མཛའ་ལས་སྐྱེས་ཆེད་ལ་སོགས་པའོ། །གཟུགས་མེད་པའི་ཁམས་བཞིའོ། །རྫོགས་པའི་བྱང་ཆུབ་མྱུར་ཐོབ? ་བོ་ཞེས་པ་ནི། རྡོ་རྗེ་སེམས་དཔའ་ཨི་གོ་འཕང་མི་གནས་པའི་མྱ་ངན་འདས་པ་མངོན་དུ་གྱུར་པའོ། །རྒྱུད་ཀྱི་དོན་རྟོགས་མཁན་པོ་ཡིས། གསང་བའི་གདན་འགྲེལ་འདི་བརྩམས་པས། །བདག་གིས་བསོད་ནམས་གང་ཐོབ་དེ། སེམས་ཅན་ཀུན་གྱིས་ཐོབ་པར་ཤོག། ་རྒྱ་གར་གྱི་མཁན་པོ་དྲན་པའི་ཡེ་ཤེས་གྲགས་པས། བླ་མ་ལ་མན་ངག་ཐོབ་པ་གདན་བཞི་པ་ལས། གསང་བའི་གདན་གྱི་རྣམ་པར་བཤད་པ་མཛད་དེ། བསྒྱུར་ཞིང་ཞུས་ནས་གཏན་ལ་ཕབ་པ་རྫོགས་སོ།། །།མཆན་ཁུང་གི་སྒྲུབས་ཐབས་བཞུགས་སོ། ། ། ་*། རྒྱ་གར་སྐད་དུ། ཀ་ཀྭར?་མ་ཏ། བོད་སྐད་དུ། མཆན་ཁུང་གི་སྦྱོར་བ། རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །རྒྱལ་པོ་ལྷན་ཅིག་གཙུག་ཕུང་ཇ་རི་ལག། །མགོ་དང་མཆི་མ་གཞོན་ནུ་དང། །ཉི་མ་རལ་པ་འཇིགས་རྨོངས་དང། །དབང་པོ་དང་ནི་རྡོ་རྗེ་རྣམས། ། ་