| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། །ཨཱརྱ་ཙ་ཏུརྦིསྟི་ཊཱི་ཀཱ། བོད་སྐད་དུ། འཕགས་པ་གདན་བཞི་པའི་རྣམ་པར་བཤད་པ། ་མཁའ་འགྲོ་མ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཟླ་བ་གཞོན་པའི་སྟེང་ན་ཉིད་བྱེད་ཐིག་ལེ་འཛིན་པའི་སངས་རྒྱས་ཀྱིས་བརྒྱན ་པ། །མཛེས་པའི་གཟུགས་ཅན་བྱམས་པའི་མགོ་སྟེ་སྐུ་མཆོག་འཇམ་པའི་ལུས་ལ་ཡང། །དབྱིག་པའི་གཟུགས ་ནི་པདྨ་ལས་བྱུང་འགུགས་པའི་སྐུ་ནི་འཇིགས་པའི་ང་རོ་རྡོ་རྗེ་ཅན། །རྣམ་ཤེས་ཡེ་ཤེས་ཀྱི་གཟུགས་སྲིད་པའི་འཇིགས་པ་འཇོམས ་བྱེད་ལྔ་ཡི་སྦྱི་གཙུག་ལ་ཕྱག་འཚལ། །དཔལ་ལྡན་གདན་བཞིའི་རྒྱུད་ཆེན་ལ། །གསང་བའི་མདུད་པ ་འགྲོལ་བྱེད་པ། །རྣམ་བཤད་དེ་ཡིས་འདི་བྲིས་ཏེ། །དེ་ཡི་གོ་ཆས་ཞུས་ཕྱིར་རོ། །འདི་སྐད་བཤད་པ་ཞེས་པ་དང་པོར་བརྩམས ་ནས་མངོན་པར་བསྟོད་དོ། །ཞེས་པའི་ཚིག་ཇི་སྙེད་ཀྱི་བར་རྣམ་པར་འབྱེད་པ་དང་མཚན་མ་དང་ཚིག་དང། མདོར་བསྡུས་པ་ལ་སོགས ་པ་དང། ལྕི་བ་དང། ཡང་བ་དང། ཚེགས་དང་ཡིག་འབྲུ་ལ་སོགས་པའི་དོན་ཉེ་བར་སྟོན་པའི་དབང་ལས་ཇི་ལྟར་འབྱོར་པ་བཞིན ་དུ་སྦྱར་བར་བྱའོ། །འདི་སྐད་བཤད་པའི་ཐམས་ཅད་མཁྱེན་ཅེས་པ་ལ་སོགས་པས་ནི་དོན་བཞི་བསྟན་ཏེ། སྟོན་པ་པོ་དང། བསྟན་པའི་རྣམ་པ་དང། ་བསྟན་བྱའི་དོན་དང། གནས་སོ། །དེ་ལ་ཐམས་ཅད་མཁྱེན་པ་ཞེས་པ་ནི་སྟོན་པོའོ། །འདི་སྐད་ཅེས་བསྟན་པའི་རྣམ་པའོ། །ཡེ་ཤེས་ཞེས་པ ་ནི་བསྟན་བྱའི་དོན་ནོ། །གནས་གཙང་མ་ལ་ཞེས་པ་ནི་གནས་སོ། །དེ་ལ་ཚིག་གི་དོན་ནི་དྲང་སྲོང་རྣམས་ཞེས་པ་སྟེ། སངས་རྒྱས་རྣམས་ཀྱི་ཞེས ་པའི་དོན་ཏོ། །དྲང་སྲོང་རྣམས་ཀྱི་ཞེས་པ་ནི་ཁ་ཅིག་ལ་ཡང་དོན་དེ་ཁོ་ནའོ། །རྣལ་འབྱོར་མའི་དྲ་མཆོག་བདེ་ཞེས་པ་ལ། དེ་ལ་རྣལ་འབྱོར་མ་ནི ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་སོགས་པའོ། །དྲ་བ་ནི་འདུས་པའོ། །མཆོག་ཏུ་བདེ་བ་ནི་ལོངས་སྤྱོད་དོ་ཞེས་པའོ། །འཁོར་གང་ལ་ཡིན་ཞེན ་གསུངས་པ། སྦྱངས་པའི་ཡོན་ཏན་ཅན་དང། ཞེས་པ་ལ་སོགས་པ་སྟེ། སྦྱངས་པའི་ཡོན་ཏན་ཅན་དང། ཞེས་པ་ནི་ཚིག་གཉིས་ག་ལ་ཡང་བྱམས ་པའོ། །འཇིགས་པར་མཛད་པ་པོ་དང་ཞེས་པ་ནི་ཕྱག་ན་རྡོ་རྗེའོ། །འཕྱང་བ་དང་ཞེས་པ་ནི་ཀུན་ཏུ་བཟང་པོའོ། །མགྲིན་པ་གསུམ་པ་ཅན་དང་ཞེས་པ་ནི་ནམ་མཁའ་ཨི་མཛོད ་དོ། །རི་རབ་པ་དང། ཞེས་པ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ། །རི་རབ་གཙུག་ཏོར་ཅན་དང་ཞེས་པ་ནི་སའི་སྙིང་པོའོ། །པདྨ་ཅན་དང་ཞེས་པ་ནི་འཇིག་རྟེན་དབང ་ཕྱུག་གོ་།པདྨ་མ་འཆང་བ་པོ་དང་ཞེས་པ་ནི་ཤེས་རབ་རྣོན་པོའོ། །དེ་དག་ལ་སོགས་པ་ལྷ་དང་མེ་ལ་སོགས་པ་ཇི་སྙེད་དང་བཅས་པའོ། །གསང་བར་སྦྱོར་བ་ཞེས་པ་ནི ་གསང་བའི་དུས་སོ། །ས་ཞེས་པ་ནི་སའོ། །འབྱུང་དུ་འཇུག་པའི་དབུགས་དག་ནི་ཞེས་པ་ནི་ཡར་འོང་བའི་རླུང་དང། མར་འགྲོ་བའི་རླུང་ངོ། །ཡུལ་དང་ལུས་སོགས ་ལྷ་རྣམས་དག་ཅེས་པ་ནི་ཕུང་པོ་ལྔ་དང་དབང་པོ་ལྔ་དང། དེའི་ཡུལ་ཁམས་དང། སྐྱེ་མཆེད་རྣམས་གཟུང་བར་བྱའོ། །ཡེ་ཤེས་རྣམ་པར་ཤེས་པའི་ཡུལ་ཞེས་པ་ལ་དེ་ལ་ཡེ་ཤེས་ཞེས་པ་ནི་སྐྱེས་བུའི་གཟུགས་ཏེ་ཐབས་སོ། །རྣཾ་པར ་ཤེས་པ་ཞེས་པ་ནི་ལྷ་མོའི་གཟུགས་ཏེ་ཤེས་རབ་མའོ། །ཡེ་ཤེས་དབང་ཞེས་པ་ནི་དེ་དག་གི་དབང་ཕྱུག་པ་ཇི་སྙེད་པའོ། །སེམས་ཅན་གྱི་གཞི་ཐབས་སུ་གྱུར་པ་རྩ་བའི་འཁོར་ལོ་དང་པོ་ཁོ་ནར་སྟོན་འདོད་པས་ཉོན་ཅིག་ཅེས་དེ ་གཉིས་གཅིག་ཏུ་གྱུར་པའི་དབུགས་རྣམ་པའི་ཆ་གསུངས་པ། །ཉི་ཁྲི་དང་ནི་ཞེས་པ་ལ་སོགས་པ་གསུངས་ཏེ། དེ་ལ་ཁྲི་ནི་སྟོང་ཕྲག་བཅུའོ། །ཉི་ཁྲི་ཞེས་པ་ནི་ཁྲི་ཕྲག་གཉིས་སོ། །ཆིག་སྟོང་ཞེས་པ་ནི་སྟོང་ཕྲག་གཅིག་གོ་།དྲུག ་བརྒྱ་ནི་ཞེས་པ་ནི་བརྒྱ་ཕྲག་དྲུག་གོ་།ཆུ་ཚོད་དྲུག་ཅུའི་དབུགས་རྣམས་ནི་ཞེས་པ་ནི་ཆུ་ཚོད་དྲུག་ཅུའོ། །དེ་གཉིས་ཉིན་མཚན་དུ་ཇི་སྙེད་ཡོད་པའི་དབུགས་ཀྱི་དོན་ཤེས་བའོ། །འབྱུང་ཞེས་པ་ནི་ཡར་འཁྱུད་པའི་དབུགས་སོ། །འཇུག ་ཅེས་པ་ནི་མར་འཇུག་པའི་དབུགས་སོ། །ཕྱི་རོལ་བརྩི་བར་གཞག་བྱ་བ། །བཅུ་གཉིས་ས་ལ་དེ་བཞིན་ཏེ། ཞེས་པ་ལ་དེ་སའི་འཁོར་ལོའོ། །བཅུ་གཉིས་ནི་རེའུ་མིག་བཅུ་གཉིས་སོ། །ཕྱི་རོལ་ཞེས་པ་ནི་ཕྱི་རོལ་ཏུ་བྲི་བའོ། །བརྩི་བར ་བཞག་བྱ་བ་ཞེས་པ་ནི་རྩིས་ཀྱི་ཡི་གེ་བཞག་པར་བྱའོ། །ཞེས་པ་ཇི་སྙེད་པའོ། །ཇི་ལྟར་ཚེས་གྲངས་བརྩིབ་བཞིན་ཞེས་པ་ནི་ཕྱོགས་དང་མཚམས་ལ་རིམ་པས་ཕྱི་རོལ་ཏུ་མིང་འཛགས་པ་ལ་སོགས་པ་རྣམ་པ་བཅུ་གཉིས ་རེའུ་མིག་ལ་བཞག་པར་བྱའོ། །ཞེས་ཇི་སྙེད་པའོ། །དེ་ཡང་ཚེས་ཀྱི་རིམ་པ་གང་ལས་བརྩམས་ཏེ་བཞག་པར་བྱ་ཞེ་ན་གསུངས་པ། ཤར་ནས་དགུན་ཟླ་འབྲིང་སོགས་བཞག་ཅེས་པ་ལ་སོགས་པ་གསུངས་ཏེ། ་དགུན་ཟླ་འབྲིང་པོ་ཞེས་ཇི། དགུན་ཟླ་འབྲིང་པོའོ། །དེ་ནས་བརྩམས་ནས་ཇི་སྙེད་དགུན་ཟླ་ར་བའི་བར་དུ་ཞེས་པའི་དོན་ཏོ། །འཇིགས་པ་ལ་སོགས་པ་དང་པོ་ནས་འདོད་པ་མཐར་ཐུག་པ་རེའུ་མིག་བཅུ་གཉིས་ཁུང་བུ་ལ་བཞག ་པར་བྱའོ། །ཞེས་ཇི་སྙེད་པའོ། །མ་རིག་པ་ལ་སོགས་བཅུ་གཉིས་ཡན་ལག་རྣམས་ནི་འཛགས་པ་ལ་སོགས་པ་རྣམས་རྣམ་གྲངས་གཞན་དུ་གསུངས་པ་བླ་མའི་མན་ངག་གོ་།རོ་ཧི་ཏ་དུས་ལྷ་ལ་མཆོད། །དེ་བཞིན་ལོ་ནི་བཅུ ་བདུན་ཐུབ་ཅེས་པ་ནི་རྩ་བ་རྣམ་པར་བཟློག་པར་བཤད་པར་བྱའོ། །རབ་འབྱོར་ས་ནི་ཐོག་རྒས་ཤིང། །རྣལ་འབྱོར་ས་ནི་འབྱུང་བའི་བར། ཞེས་པ་ནི་རང་བཞིན་འཇུག་པ་དང། ལོག་པ་གཉིས་སྦྱོར་བ་ཆ་ལ་སྐྱེས་བཞེས་པ་སྟེ། དེའི་ལུས་རྣམས ་ཀྱི་མཚན་ཉིད་ནི་ཀུན་ལ་ཤེས་པར་བྱའོ། །ར་ཅན་པྲེ་ཤ་པ་ལ་འགྲུབ་ཅེས་པ་ནི། དེ་ལར་ཅན་ནི་འཛག་པ་དང། ཆུ་སྲིན་དང། སྦོམ་པོ་དང། སྡིག་པ་རྣམས་ཏེ། རྒྱ་གར་གྱི་ཚིག་ལ་ཡི་གེ་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་ཁྱུ ་མཆོག་ལ་གང་བྱེད་པའི་དོན་ཏེ་འགྲུབ་བོ་ཞེས་པའི་དོན་ཏོ། །མཁས་པས་སྔ་དྲོ་བརྩི་བར་བྱ་ཞེས་པ་ནི་ཐོ་རངས་ཀྱི་དུས་ལས་བརྩམས་ནས་དབུགས་ལ་སོགས་པ་རྩིས་བྱའོ། །ཞེས་པ་ཇི་སྙེད་པའོ། །ནོར་རྒྱས་བུ་ཞིག ་འཛགས་པ་སྟེ་ཞེས་པ་ལ་སོགས་པས་ནི། །དུག་ཕོག་པའི་དུས་ན་སོས་གཟུང་བ་བརྟགས་པ་ལ་འཛག་པ་ལ་སོགས་པའི་ཞིང་ལ་ནི། ནོར་རྒྱས་ཀྱི་བུལ་སྦྱར་བར་བྱའོ་ཞེས་ཇི་སྙེད་པའོ། །འདི་ལ་དུག་གི་རིམས་སྦྱར་བ། །བྱེ་བྲག་ཏུ་ནི་ཤེས་པར་བྱ་ཞེས་པ་ནི་འདི་ལ་དུག ་ཅེས་པ་ནི་གོང་དུ་ཀླུའི་འཁོར་ལོའོ། །རིམས་སྦྱར་བ་ཞེས་ནི། སོས་པ་དང་མི་སོས་པའི་རིམ་པ་བྱེ་བྲག་ཏུ་ནི་ཤེས་པར་བྱའོ་ཞེས་ཇི་སྙེད་པའོ། །ར་ཅན་ཁྱུ་མཆོག་རྣམས་ལ་གྲུབ། །བདུད་རྩི་སྐྱེ་བར་མི་འགྱུར་རོ་ཞེས་ནི། དེ་ལ་ཡང་འགྲུབ་འཇིགས་པ་དང། ཆུ་སྲིན་དང། ་སྦོམ་པོ་དང། སྡིག་པ་རྣམས་ཏེ། རྒྱ་གར་གྱི་ཚིག་ལ་ར་ཡིག་ཡོད་པའི་ཕྱིར་རོ། །ར་ཅན་པའི་སྒྲ་ནི་མི་དགེ་བའི་རྣམ་གྲངས་སོ། །དོན་ནི་འདི་ལྟ་སྟེ། ར་ཅན་བཞི་དང་ཁྱུ་མཆོག་ལ། སོས་བཏབ་ཟིན་ནི་མ་འཚོའོ་ཞེས་ཇི་སྙེད་པའོ། །དེ་ཁོ་ནའི་ཕྱིར་བདུད་རྩི་སྐྱེ་བར་མི་འགྱུར་རོ་ཞེས ་བསྟེ། ནག་པོས་ཟོས་པར་འགྱུར་ཞེས་ཇི་སྙེད་པའོ། །དུག་བསྡུ་བ་ཡི་སྦྱོར་བ་ནི། །གཞན་གྱི་ཆོ་ག་ཀུན་སྦྱར་ནས་ཞེས་པ་ནི། ཁྱུ་མཆོག་དང། ར་ཅན་བཞི་ལས་གང་གི་ཚད་ལ་གལ་ཏེ་ཟོས་པར་གྱུར་ན་དེ་ཚེ་དཔྱད་པར་བྱ་བའི་དོན་ཏོ། །རིམ་གྱིས་དགུན་ཟླ་འབྲིང ་སོགས་པར། །དུས་ཀྱིས་བགྲོད་པ་བྱང་གི་ཕྱོགས་ཞེས་པ་ནི། དགུན་ཟླ་འབྲིང་པོ་དང་པོ་ནས་གཟུང་སྟེ། རིམ་པར་ཉི་མའི་སྤྱོད་པའི་དབང་ལ་བགྲོད་པ་སྟེ། ལྷོ་རུ་བགྲོད་པ་དང། བྱང་དུ་བགྲོད་པའོ་བྱང་གི་ཕྱོགས་ཞེས་པ་ནི། བྱང་དུ་བགྲོད་པའོ་ཞེས་པའོ། །ལྷོ ་ན་བགྲོད་པ་ནི་ཉིན་མོ་མངོན་དུ་བསྐྱེད་པ་དང། བྱང་དུ་བགྲོད་པ་ལ་ནི་མཚན་མོ་མངོན་དུ་བསྐྱེད་པའོ་ཞེས་ཇི་སྙེད་པའོ། །དེ་ནི་དགུན་ཟླ་འབྲིང་པོ་ལ་སོགས་པ་ཟླ་བ་བཅུ་གཉིས་ཀྱི་མཚན་མོ་དང་ཉིན་མོའི་རྣམ་པའི་ཆུ་ཚོད་བཅུ་དྲུག་ལས་ཕྲི་བ་དང། བསྐྱེད་པ ་གསུངས་པ། བཅུ་གཉིས་གུན་དང་བཞི་དག་ནི་ཞེས་པ་ལ་སོགས་པ་སྟེ། ཆུ་ཚོད་སུམ་ཅུ་རྩ་དྲུག་ཅེས་པའི་དོན་ཏོ། །ཇི་ལྟར་ཉིན་དང་ཉིན་བྱ་བ་ཞེས་པ་ནི། ཇི་སྙེད་ཟླ་བ་རྫོགས་པ་ལ་ཞེས་པ་སྟེ། དེ་སྙེད་ཁོ་ན་ཉིན་རེ་དང། མཚན་རེ་ལ་ཆུ་ཚོད་ཀྱི་རྣམ་པ་ཆེར ་ཤེས་པར་བྱའོ། །རེའུ་མིག་གི་ནི་བཅུ་གཉིས་པ་ཡིས་ཞེས་པ་ནི་དགུན་ཟླ་ཐ་ཆུང་ངོ། །བཅུ་གཉིས་འགྱུར་དང་དྲུང་དང་ནི། །ཞེས་པ་ནི་ཉིན་མོ་ལ་ཆུ་ཚོད་ཉི་ཤུ་རྩ་དྲུག་གོ་།བཅུ་གསུམ་བུན་འགྱུར་བཞི་དག་ནི་ཞེས་པ་ནི། དེ་ཁོ་ནའི་མཚན་མོ་ལ་ཆུ་ཚོད ་སུམ་ཅུ་རྩ་བཞིའོ། །བཅུ་གཉིས་བསྒྱུར་བའི་བརྒྱད་དག་ནི། ཞེས་པ་ནི་དཔྱིད་ཟླ་ར་བའི་ཉིན་མོའི་ཆུ་ཚོད་ཉི་ཤུ་རྩ་བརྒྱད་དོ། །བཅུ་གསུམ་བུན་འགྱུར་གཉིས་ངག་ནི་ཞེས་པ་ནི། མཚན་མོ་ལ་ཆུ་ཚོད་སུམ་ཅུ་རྩ་གཉིས་སོ། །བྷི་ཤུའི་བར་དུ་གཉིས་སྦྱར་བ་ཞེས་པ་ནི། ་དཔྱིད་ཟླ་འབྲིང་པོའི་ཆུ་ཚོད་སུམ་ཅུས་བརྟགས་པོ་ཡིན་ཞེས་ཏེ། བཅུ་གསུཾ་དང་ནི་གཉིས་དག་གོ་ཞེས་པ་ནི་དཔྱིད་ཟླ་ཐ་ཆུང་ཀྱི་ཟླ་བ་ལ་ཉིན་མོའི་ཆུ་ཚོད་སུམ་ཅུ་རྩ་གཉིས་སོ། །བཅུ་གཉིས་གྱུར་དང་བརྒྱད་དག་ནི་ཞེས་པ་ནི། དེ་ཁོ་ནའི་མཚན་མོ་ལ་ཆུ་ཚོད་ཉི་ཤུ་རྩ་བརྒྱད་དོ། ། ་བཅུ་གསུམ་རྣམ་པར་བཞག་པ་དང། བཞི་པོ་དག་ནི་ལྡན་པར་བྱ་ཞེས་པ་ནི། དབྱར་ཟླ་ར་པའི་ཉིན་མོའི་ཆུ་ཚོད་སུམ་ཅུ་རྩ་བཞིའོ། །བཅུ་གཉིས་བསྒྱུར་དང་དྲུག་རྣམས་ནི་ཞེས་པ་ནི་དེ་ཁོ་ནའི་མཚན་མོ་ལ་ཆུ་ཚོད་ཉི་ཤུ་རྩ་དྲུག་གོ་།བཅུ་གསུམ་བསྒྱུར་བའི་གཉིས ་དང་ཡང་ཞེས་པ་ནི། སྟོན་ཟླ་ར་བའི་ཟླ་བའི་ཉིན་མོ་ལ་ཆུ་ཚོད་སུམ་ཅུ་རྩ་གཉིས་སོ། །བཅུ་གཉིས་བུན་དང་བཞི་ཡིས་ནི་ཞེས་པ་ནི། དེ་ཁོ་ནའི་མཚན་མོ་ལ་ཆུ་ཚོད་ཉི་ཤུ་རྩ་བཞིར་འགྱུར་རོ་ཞེས་པའི་དོན་ཏོ། །དེ་ལྟར་ཉིན་མོ་མདོན་དུ་བསྐྱེད་པའི་རྒྱུར་གྱུར་པའི་ལྟོའི ་བགྲོད་པ་ཞེས་བྱ་བ་དེ་དག་ཙམ་གྱིས་ཡོངས་སུ་རྫོགས་སོ་ཞེས་གསུངས་པ། ལྷོ་ཕྱོགས་སུ་ནི་བགྲོང་སྟོན་པའོ་ཞེས་པ་ལ་སོགས་པའོ། །ཡང་མཚན་མོ་མངོན་དུ་བསྐྱེད་པའི་རྒྱུར་གྱུར་པ། བྱང་གི་བགྲོད་པ་བརྗོད་འདོད་པས་གསུངས་པ། བཅུ་གསུམ་བསྒྱུར་བ་ལ ་སོགས་པ་སྟེ། དེ་ལ་ཞེས་པ་ནི། དབྱར་ཟླ་ཐ་ཆུང་ཟླ་བའི་ཉིན་མོ་ཆུ་ཚོད་སུམ་ཅུ་རྩ་བཞིའོ། །བཅུ་གཉིས་བུན་བསྒྱུར་དྲུག་དང་ནི་ཞེས་པ་ནི། དེ་ཁོ་ནའི་མཚན་མོལ་ཆུ་ཚོད་ཉི་ཤུ་རྩ་དྲུག་གོ་།བཅུ་གསུམ་བསྒྱུར་བའི་གཉིས་དང་ཡང་ཞེས་པ་ནི་སྟོན་ཟླ་ར་བ ་ཟླ་བའི་ཉིན་མོལ་ཆུ་ཚོད་སུམ་ཅུ་རྩ་གཉིས་སོ། །བཅུ་གཉིས་བསྒྱུར་དང་བརྒྱད་ཀྱིས་ནི་ཞེས་པ་ནི། དེ་ཁོ་ནའི་མཚན་མོ་ལ་ཆུ་ཚོད་ཉི་ཤུ་རྩ་བརྒྱད་དོ། །བཅུ་གསུམ་གྱུར་དུ་བསྟན་པ་ཡིས་ཞེས་པ་ནི། སྟོན་ཟླ་འབྲིང་པོའི་བྷི་ཤུ་ཞེས་བྱ་བ་ཉིན་མོ་དང། མཚན་མོ་ལ་ཆུ ་ཚོད་སུམ་ཅུ་སུམ་ཅུ་ཞེས་ཇི་སྙེད་པའོ། །བཅུ་གཉིས་གྱུར་དང་བརྒྱད་ཀྱིས་ནི་ཞེས་པ་ནི། སྟོན་ཟླ་ཐ་ཆུངས་ཀྱི་ཟླ་བའི་ཉིན་མོ་ལ་ཆུ་ཚོད་ཉི་ཤུ་རྩ་བརྒྱད་དོ། །བཅུ་གསུམ་གྱུར་པའི་གཉིས་དང་ནི་ཞེས་པ་ནི། དེ་ཁོ་ནའི་མཚན་མོ་ལ་ཆུ་ཚོད་སུམ་ཅུ་རྩ་གཉིས་སོ། ། ་བཅུ་གཉིས་བསྒྱུར་བ་དྲུག་དང་ནི་ཞེས་པ་ནི་དགུན་ཟླ་ར་བའི་ཟླ་བའི་ཉིན་མོ་ལ་ཆུ་ཚོད་ཉི་ཤུ་རྩ་དྲུག་གོ། བཅུ་གསུམ་བསྒྱུར་བའི་བཞི་དང་ནི་ཞེས་པ་ནི་དེ་ཁོ་ནའི་མཚན་མོ་ལ་ཆུ་ཚོད་སུམ་ཅུ་རྩ་བཞི་ཡིན་ནོ་ཞེས་པའི་དོན་ཏོ། །ཡང་བགྲོད་པས་ཟླ་བ་དང་མཚན་མོ ་དང་ཉིན་མོའི་ཆ་རྣམ་པར་ཕྱེ་བ་རྣམས་ཀྱི་ཆུ་ཚོད་གཅིག་ལ་དབུགས་སུ་ཞེས་དབྱང་པ་གསུངས་པ་སུམ་བརྒྱ་དེ་བཞིན་དྲུག་ཅུ་ལ་ཞེས་པ་ལ་སོགས་པ་སྟེ། དེའི་དོན་ནི་འདི་ལྟ་སྟེ། ཉིན་མཚན་གྱི་དེའི་ཆུ་ཚོད་དྲུག་ཅུའི་གྲངས་ལ་ཆུ་ཚོད་རེ་རེ་ཁོ་ན་ལ་སུམ་བརྒྱ ་དྲུག་ཅུ་དབུགས་ཡིན་ནོ་ཞེས་པའོ། །ཟླ་བ་གོང་མས་ཇི་ལྟ་བར་ཞེས་པ་ནི་དཔྱར་ཟླ་འབྲིང་བོ་ལ་སོགས་པའི་ཆུ་ཚོད་རྣམས་དེ་བཞིན་དུ་དབུགས་རྣམས་སོ། །ཆུ་ཚོད་དབུགས་ནི་ཀུན་རྫོགས་དང། །རིམ་པར་འཁོར་བ་ཆད་པ་ནི་ཞེས་པ་ནི། དེ་ལ་དཔྱིང་ཟླ་འབྲིང་པོ ་དང་སྟོན་ཟླ་འབྲིང་པོ་གཉིས་ལ་བྷི་ཤུར་འགྱུར་ཏེ། དེ་གཉིས་ཀྱི་ཉིན་མོ་དང་མཚན་མོ་ལ་མཉམ་པར་འཁོར་རོ། །ལྷག་མ་རྣམས་ཟླ་བ་ལ་ནི་ཆད་པ་ཞེས་ཕྲི་བ་དང། བསྐྱེད་པར་འཁོར་རོ། །བགྲོང་པ་དང་ཟླ་བའི་རྣམ་པའི་ཆའི་དབུགས་དང། ཆུ་ཚོད་ཕྱེ ་བ་མངོན་པར་བརྗོད་ནས་ད་ནི་ལོ་གཅིག་གི་ཚེས་གྲངས་རྣམ་པའི་ཆ་དབྱེ་བར་འདོད་པས་གསུངས་པ། ཁ་སོགས་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཁ་སོགས་ཞེས་པ་ནི་ཉི་ཤུ་རྩ་བཞིའི་ཡི་གེ་ཁ་དང་པོར་གཟུང་ནས་ཡི་གེ་བར་མའི་བར་དུ་བྱ་སྟེ། ་བྱ་ཀ་ར་ཎའི་ཨ་ཀ་ར་ཤ་མ་ཏི་ཀ་ལ། ཡ་ཝ་ར་ལ་ཞེས་བརྗོད་པའི་ཕྱིར་རོ། །དུས་ཞེས་ནི་དྲུག་ཁོ་ན་བྱའོ་ཞེས་སོ། །དེ་དག་ཐམས་ཅད་འདུ་བར་བྱས་ཏེ། བགྲོད་པ་གཉིས་ཀྱི་བརྩི་བ་ལ་ཞེས་པ་སྟེ། བགྲོད་པ་གཉིས་ལས་རྣམ་པར ་ཤེས་པ་གཉིས་བྱའོ་ཞེས་པའི་དོན་ཏོ། །བསམ་པ་ནི་འདི་ལྟ་སྟེ། སུམ་ཅུ་རྩ་དྲུག་གི་གྲངས་འདུས་ནས་ཆ་མཉམ་པོར་བྱའོ་ཞེས་པའོ། །དེ་ལྟར་ཟིན་མ་ཐག་ཏུ་ཆ་གཅིག་ལ་བརྩིས་བཅོ་བརྒྱད་དུ་འགྱུར་རོ། །གཉིས་ནི་བཅུ་འགྱུར་བྱ་བ་ཡིས་ཞེས་ནི་ཆ་གཉིས ་སོ་སོར་རེ་རེར་བཅུ་བུན་དུ་བྱས་ཏེ། དེ་གཉིས་འདུས་པའི་ཇི་སྙེད་ཀྱི་གྲངས་སྙད་པ་དེ་སྙེད་གྲངས་ཡོངས་སུ་བརྩིས་པ་ནི། དེ་ལྟར་ལོའི་ཆུ་ཚོད་དོ་ཞེས་པ་སྟེ་ཆུ་ཚོད་དབུགས་རྣམས་ནི་བསྒྱུར་ཞེས་པའི་དོན་ཏོ། །ཉིན་དང་མཚན་གྱི་དབུགས་དག་ནི། །དེ་ཡི ་ཚད་ཀྱིས་སྤྱར་བར་བྱ་ཞེས་པ་དེའི་ཚད་ཅེས་ཆུ་ཚོད་ཀྱི་བློ་དང་དབུགས་ཀྱི་མཐར་ཐུག་པ་ཆད་གསོལ་ཞེས་དེ་ཤེས་བར་བྱའོ་ཞེས་ཇི་སྙེད་པའོ། །དེ་ལྟར་རྩ་བའི་འཁོར་ལོ་གྱུར་པ་ལོ་དང་ཟླ་བ་དང། ཉིན་མཚན་གྱི་ཆུ་ཚོད་དང། དབུགས་ཀྱི་ཚད་མངོན་པར་བརྗོད ་ནས་ཕྱིའི་དཀྱིལ་འཁོར་བྱས་ནས་བཅུ་གཉིས་ལ་བཞག་པའི་སྒྲ་ཡིག་གི་ཁྱད་པར་གྱི་དབང་ལས་དགེ་དང་མི་དགེ་བའི་མཚན་མ་རྟག་པའི་དོན་དུ་རྣལ་འབྱོར་ལོ་སྟོན་འདོད་པས་གསུངས་པ། གང་གིས་དབང་ཕྱུག་ཀུན་གཟུང་ནས་ཞེས་པ་ལ་སོགས ་པ་སྟེ། དེ་ལ་མན་ངག་ནི་འདི་ལྔ་སྟེ། བ་ལང་གི་ལྕི་བས་ལམ་ལྷུང་བས་བྱུགས་པའི་གསང་བའི་ཕྱོགས་ལ་ཙན་དན་དང་གུར་གུམ་ལ་སོགས་པ་རྣམ་པར་བགྲོང་པའི་དཀྱིལ་འཁོར་ལ་མཁའ་འགྲོ་མ་ལྔའི་ས་བོན་གྱིས་སྔགས་བཏབ་པའི་རྡོ་རྒྱུས་ཀྱིས་རེའུ ་མིག་བཅུ་གཉིས་པ་འཁོར་ལོ་མངོན་པར་བྲིས་ཏེ། དེ་ལ་ཤར་གྱི་རིའུ་མིག་ནས་བརྩམས་ནས། ཡི་གེ་ཨ་ལ་སོགས་པ་ཡི་གེ་ཨའི་མཐར་ཐུག་པ་རྣམས་མ་ནིང་གི་ཡི་གེ་རི་རིའི་དང་ལི་ལཱི་སྤངས་བྲི་བར་བྱས་ཏེ། བདག་ཀྱང་ཡི་དམ་གྱི་ལྷ་ཡིད་ལ་བྱེད་པ་བྱས ་པ་དེས་འདྲིས་པ་པོའི་ངག་གི་དབང་ཕྱུག་ཚང་གཟུང་ནས་དེའི་གྲངས་སུ་གསུངས་པ་དང། འཁོར་ལོའི་ཡི་གེ་ཡང་གཟུང་ནས་དེའི་གྲངས་དེ་ཡང་སུམ་འགྱུར་དུ་བྱས་ཏེ། རྩིས་དེ་ཡང་དྲུག་འགྱུར་དུ་བྱས་ནས། དེ་ཁོ་ན་ལ་དྲུག་ཅུ་རྩ་ལྔས་བསྲེས་ཏེ། དེ་ལས་བཅུ་གཉིས ་སུ་ཕྲི་ནས་ལུས་པའི་རྩིས་གྱི་ཚད་གང་དེའི་ཡོན་ཏན་བལྟས་ནས་དགེ་དང་མི་དགེ་བ་བསྟན་པར་བྱའོ། །མ་ནིང་གཉིས་ནི་མངོན་སྤངས་ཏེ། ཞེས་ནི་རི་རཱི་དང་ལི་ལཱི་སྤངས་པའི་སྒྲ་ཡིག་ཅེས་པའི་དོན་ཏོ། ། ཞེས་བྱ་བར་རིམ་ལྡན་ན་ཞེས་པ་དང་པོ་ནས་གཟུང་སྟེ། ་ཇི་ལྟར་དང་པོ་ཨ་ཞེས་པས། དེ་བཞིན་མཛའ་མ་གཟུང་བར་བྱ་ཞེས་ཇི་སྙེད་ཀྱི་བར་མཚན་མའི་ཡོན་ཏན་གསུངས་སོ། །ང་ནི་ངག་གི་དབང་ཕྱུགས་ཀུན་གཟུང་ན་ཞེས་པ་དེ་ལ་མན་ངག་སྟོན་པ་ནི། བཅོམ་ལྡན་འདས་ཉིད་ཁོ་ནས་གསུང་བར་མཛད་པས་གསུངས་པ། ་གོང་དུ་སིམ་འགྱུར་བྱ་བ་དང། ཞེས་པ་ལ་སོགས་པ་སྟེ། དེ་ལ་གོང་དུ་སུམ་འགྱུར་བྱ་བ་དང་ཞེས་པ་ནི། འདྲི་མཁན་གྱི་དག་གི་དབང་ཕྱུག་རྣམས་ནི་དང་པོ་སུམ་འགྱུར་དུ་བྱས་ནས་ཕྱི་ནས་དྲུག་འགྱུར་བྱས་ནས་ཕྱི་ནས་དྲུག་འགྱུར་བྱའོ། །ཞེས་དོན་གསུངས་པ། དྲུག་འགྱུར་དུ་ནི་བརྩི་བ་བཞག? ་ཅེས་པ་སྟེ། དོན་ནི་འདི་ལྟ་སྟེ། འདྲི་མཁན་གྱི་ངག་གི་དབང་ཕྱུག་སུམ་འགྱུར་དུ་བྱས་པ་ཁོ་ན་ཇི་སྙེད་གྱི་སྒྲ་ཡིག་དེ་སྙེང་ཚང་ཁོ་ན་ཡང་དྲུག་འགྱུར་དུ་བཞག་པར་བྱའོ་ཞེས་པའོ། །ཡང་གསུངས་པ་དྲུག་ཅུ་རྩ་ལྔས་བསྲེས་ནས་ནི་ཞེས་པ་ནི་དྲུག་འགྱུར་དུ་བྱས ་པའི་ཚང་ཁོ་ན་ལ་དྲུག་ཅུ་རྩ་ལྔས་བསྲེས་ནས་གཅིག་ཏུ་བྱས་ཏེ། ས་ཡིས་དེ་ནི་བཅད་ནས་སུ་ཞེས་པ་སྟེ། །བཅུ་གཉིས་བཅུ་གཉིས་སུ་བཅད་ནས་ཕྲི་པར་བྱས་པའོ། །ཡི་གེ་ལྷག་མ་གཟུང་བྱས་ཏེ། ཞེས་པ་ནི་བཅུ་གཉིས་སུ་ཕྲི་བ་ལས་ལྷག་པའི་ཡི་གེ་རྩེས་ཀྱི་ཡི་གེ ་གྲངས་ཀྱིས་བགྲངས་པའི་ཡི་གེའི་ཡོན་ཏན་དགེ་མི་དགེ་ལུང་དུ་བསྟན་པར་བྱའོ་ཞེས་ཇི་སྙེད་པའོ་ཡང་ན་རི་མོ་ཀྱག་ཀྱོག་རིས་ཞེས་པ་ལ་སོགས་པས་ནི་ཡང་དང་ཡང་དུ་དགེ་བ་དང་མི་དགེ་བའི་མཚན་མ་རྣམ་པ་གཞན་གསུངས་པ་སྟེ། འདི་ལས་ཀྱག་ཀྱོག ་ཅེས་པ་ནི། གླང་གི་གཅིན་བཞིན་དུ་འདྲེན་པར་བྱེད་པའི་རི་མོའོ། །དེ་འདྲའི་རི་མོ་སྔོན་གསུངས་པའི་འདུ་བྱེད་ཀྱིས་གཙང་བར་བྱས་པར་འགྱུར་བའི་ས་ལ་གང་མཁའ་འགྲོ་མའི་སྔགས་བཏབ་པ་རྡོ་རྒྱུས་ཀྱིས་མཉམ་པོར་ཚུར་འདྲེན་ནས་བྲིས་ཏེ། ་དེའི་སྟེང་གི་སྤྱི་བོ་ལ་སྐྲ་ཡིག་བཅུ་གཉིས་རྣམས་བཀོད་ནས་བརྩིས་པ་ལ་ཐ་མར་གྱུར་པའི་སྒྲ་ཡིག་གི་ཡོན་ཏན་བརྗོད་པར་བྱའོ་ཞེས་ཇི་སྙེད་པའོ། །ཡང་ན་མེ་ཏོག་མར་གཏང་སྟེ་ཞེས་པ་ལ་སོགས་པས་ནི། གཞན་ཡང་མཚན་མ་བརྗོད་པ་སྦྱོར་བ་ཁོ་ན་གསུངས་ཏེ། དེ་ལ་མན ་དག་ནི་འདི་ལྟ་སྟེ། གོང་གི་རིའུ་མིག་བཅུ་གཉིས་པའི་འཁོར་ལོ་ནི་གོང་ནས་གསུངས་པའི་རིམ་པས་མངོན་དུ་བྲིས་ཏེ། དེ་ལ་ཡང་མ་ནིང་གི་ཡི་གེ་སྤངས་པའི་སྒྲ་ཡིག་བཅུ་གཉིས་བཀོད་ནས་རང་གི་ཡི་དམ་གྱི་སེམས་སྔོན་དུ་བྱས་ཏེ། མེ་ཏོག་མར་བཏང་བར་བྱའོ། །རེའུ ་མིག་ལ་མེ་ཏོག་ལྷུང་བ་རེའུ་མིག་དེ་ལ་བཞག་པའི་སྒྲ་ཡིག་གི་ཡོན་ཏན་འདྲི་མཁན་དེ་ལ་དགེ་མི་དགེ་ལུང་དུ་བསྟན་པར་བྱའོ། །དེ་དག་ནི་དཔལ་ལྡན་གདན་བཞི་པ་ལས་ལེའུ་དང་པོའི་རྣམ་པར་བཤད་པའོ།། །།ད་ནི་དུས་མ་ཡིན་པར་འཆི་བའི ་མཚན་མ་འབྱུང་བ་དེས་མཚན་མའི་སྐྱེས་བུ་བསྲུང་བའི་སྦྱོར་བ་དང། འདྲི་མཁན་གྱི་གནས་དང། དབུགས་ཀྱི་རྣམ་པའི་ཆ་དང། འཚོ་བ་དང། མི་འཚོ་བ་དང། ཆར་པ་དབབ་པའི་སྦྱོར་བ་དང། ཕོ་ཉའི་མཚན་མ་རྣམས་སྟོན་འདོད་པས། ཡེ་ཤེས་དེ་ཉིད་བྱེ་བྲག་དག་ཅེས་པ་ལ ་སོགས་པས་ནི་ལེའུ་གཉིས་པ་བརྩམས་སོ། །དེ་ལ་ཇི་ལྟར་ལུས་ཀྱི་མཚན་མ་དང་ཞེས་པ་ནི་སྐྱེས་བུ་རྣམས་ཀྱི་ལུས་ལ་རྣམ་པར་གནས་པའི་དུས་མ་ཡིན་པར་འཆི་བའི་མཚན་མ་ཅི་འདྲག་ལ་གནས་ཤེས་པའོ། །ཉོན་ཅིག་རྒྱལ་པོ་རྡོ་རྗེ་ཆེ་ཞེས་པ་ལ་སོགས་པས་ནི ་བཅོམ་ལྡན་འདས་ཀྱིས་དེ་ཁོ་ན་སླར་གསུངས་པའོ། །དབུགས་ནི་རྣམ་པར་དགོད་པ་ཡིས། །ལུས་ཅན་ཟླ་བ་དྲུག་ན་འཆི་ཞེས་པ་ནི་འཇུག་པ་དང་འབྱུང་བའི་དབུགས་ཀྱི་མཚན་ཉིད་རྣམས་ཇི་ལྟར་གསུངས་པའི་གྲངས་ལས་ཕྱིན་ཅི་ལོག་ལ་ཕྲི་བ་དང་བསྐྱེད་པར ་འཇུག་པའོ། །ལུས་ཀྱིས་ཀྱང་བསྐྱེད་པ་དང་ཕྲི་བར་འབྱུང་བ་དང། ལུས་ཅན་རྣམས་ཀྱི་ལུས་ནི་ཤི་བ་ཞེས་ཤི་འཕོ་བའོ། །དེ་བཞིན་འཇིགས་པ་ཆུང་མཐོང་ན་ཞེས་པ་ལ་སོགས་པས་ནི་གཞན་ཡང་དུས་མ་ཡིན་པར་འཆི་བའི་མཚན་མ་གསུངས་སོ། །དོན་ནི་འདི་ལྟ་སྟེ། འཇིགས ་པ་ཆུང་ཞེས་པ་ནི་དུས་མ་ཡིན་པར་ཤི་བ་མཐོང་ནས་འཇིཊ་པའོ་ཞེས་པའོ། །འགྲཾ་པའི་ཚོགས་ནི་གཡོ་བར་འགྱུར་ཞེས་པ་ནི། གལ་ཏེ་དུས་ལ་བབ་འགྱུར་ན། དབུགས་ནི་ཆད་ཅིང་འཆད་པར་འགྱུར། ཞེས་པ་ནི་དུས་ལ་བབ་འགྱུར་ཞེས་པ་ནི། བློ་བུར་དུས་འཆི་བའི་ས ་ལ་གལ་ཏེ་རྩིས་ཀྱིས་བརྩིས་ན། དབུགས་ཀྱི་ཚད་ལ་ཆད་ཅིང། ཆང་འགྱུར་ཞེས་བསྐྱེད་པ་དང་ཕྲི་པ་ཡིན་ནོ། །དེ་ཚེ་ཆད་པ་ནི་ཤི་པའོ། །དེ་ལ་ཡང་ཆད་པའི་རིམ་པ་ཡོངས་སུ་ཤེས་པ་ནི་བླ་མའི་མན་ངག་སྟེ། རེའུ་མིག་བཅུ་གཉིས་པ་ལ་མུ་ཁྱུད་བཅུ་གཉིས་པ་དང་ལྡན ་པར་བྱ་བ་དང། དབུས་ཀྱི་རེའུ་མིག་སྔོན་དུ་བྲི་བའོ། །དེ་ལ་ཕྱིའི་ཚད་ནི་ཤར་གྱི་རེའུ་མིག་ལ་ཚད་ལྔའོ། །རྩིས་ཡིག་ལྔའོ། །རེའུ་མིག་གཉིས་པ་ལ་ཡང་བཅོ་ལྔའོ། །རེའུ་མིག་གསུམ་པ་ལ་བཅོ་ལྔའོ། །རེའུ་མིག་བཞི་པ་ལ་ཉི་ཤུའོ། །རེའུ་མིག་ལྔ་པ་ལ་ཉི་ཤུ་རྩ་ལྔའོ། ། ་རེའུ་མིག་དྲུག་པ་ལ་ཉི་ཤུ་རྩ་དྲུག་གོ་།རེའུ་མིག་བརྒྱད་པ་ལ་ཉི་ཤུ་རྩ་བརྒྱད་དོ། །རེའུ་མིག་དགུ་པ་ལ་ཉི་ཤུ་རྩ་དགུའོ། །རེའུ་མིག་བཅུ་པ་ལ་སུམ་ཅུ་ཐམ་པའོ། །རེའུ་མིག་བཅུ་གཅིག་པ་ལ་ནི་སུམ་ཅུ་རྩ་གཅིག་གོ་།རེའུ་མིག་བཅུ་གཉིས་པ་ལ་སུམ་ཅུ་རྩ་གཉིས་སོ། ། ་རེའུ་མིག་དབུས་མ་ལ་སུམ་ཅུ་རྩ་གསུམ་མོ། །དེ་དག་དབུས་ཀྱི་རིམ་པ་ཤེས་པར་བྱའོ། །ཡང་བར་ཀྱི་མུ་ཁྱུང་ལ་ཤར་གྱི་རེའུ་མིག་ལ་ལོ་གསུམ་མོ། །གཉིས་པ་ལ་ལོ་གཉིས་སོ། །གསུམ་པ་ལ་ལོ་གཅིག་གོ། །བཞི་པ་ལ་ཟླ་བ་དྲུག་གོ་།ལྔ་པ་ལ་ཟླ་བ་གསུམ་མོ། །དྲུག་པ་ལ ་ཟླ་བ་གཉིས་སོ། །བདུན་པ་ལ་ཟླ་བ་གཅིག་གོ་།བརྒྱད་པ་ལ་ཟླ་བ་ཕྱེད་དོ། །དགུ་པ་ལ་ཚེས་བཅུའོ། །བཅུ་པ་ལ་ཆོས་ལྔའོ། །བཅུ་གཅིག་པ་ལ་ཚེས་གསུམ་མོ། །བཅུ་གཉིས་པ་ལ་ཚེས་གཉིས། །དབུ་མ་ལ་ཚེས་གཅིག་གོ་།དེ་ལྟར་འཚོ་བའི་ཚེས་གྲངས་སོ། །དེ་ལྟར་ཡང་སྨྲས་པ། ་དེ་ལྟར་དབུགས་ཆད་པ་དང། བསྐྱེད་པ་རྣལ་འབྱོར་པས་དུས་གང་ལ་ཡོངས་སུ་བརྟག་པར་བྱ་ཞེ་ན་གསུངས་པ། སྔ་དྲོ་འཛགས་པའི་དུས་ལ་ནི། །དེ་ལ་མཚན་མ་བརྟག་པར་བྱ་ཞེས་པ་སྟེ། བསམ་པ་ནི་འདི་ལྟ་སྟེ། ཐོ་རངས་འཛགས་པའི་ཡན ་ལག་གི་གནས་སྐབས་ལས་ཡོངས་སུ་བརྟག་པར་བྱའོ་ཞེས་པའོ། །ད་ནི་ཡན་ལག་བརྒྱད་ལ་གནས་པ་ཆད་པར་གྱུར་ན། འཚོ་བའི་ཚེས་གྲངས་ཀྱི་ཚད་གསུངས་པ། སྣའི་ནང་ཀ་ཆད་ན། ཉི་མ་བདུན་གྱིས་གདོན་མི་ཟ་ཞེས་པ་ལ་སོགས་པའོ། །དོན་ནི་འདི་ལྟ་སྟེ། ་སྣའི་རྩེ་མོ་ཞོམ་མ་ཐག་ཏུ་ཚེས་བདུན་གྱིས་འཆིའོ་ཞེས་པའོ། །མིག་གི་ཨཱཾ་བ་ར་ཆད་ན། ཏྲོ་ཏ་དེ་བཞིན་ཉི་མ་ལྔ་ཞེས་པ་ནི་མིག་གི་རྩལ་ཏྲོ་ཏ་ཞེས་བྱ་བ་ཆད་ན། མི་འཕར་བས་ན་ཚེས་ལྔས་འཆིའོ། །དེའི་ཡང་སྣ་རྒྱུད་ཀྱི་ཕྱོགས་ཀྱི་མིག་རྩའི་མཛའ་ན་འཕར ་བ་བརྟག་པར་བྱའོ། །འགྲམ་པའི་བར་ཤ་ཆད་གྱུར་ན་ཞེས་པ་ནི་འགྲམ་སྤུའི་གློ་ན་རྩ་གང་ཡིན་པ་དེར་ཆད་པར་གྱུར་ན་ཞག་གཅིག་གིས་འཆིའོ། །རྣ་བའི་ཨུ་དུམ་རྣམས་ཆད་ན་ཞེས་པ་ནི་རྣ་བའི་ཕུང་བུའི་ཕྱི་རོལ་དེ་དང་འབྱོར་པའི་རྩ་བང་དེ་ཆད་པར་གྱུར་ན་ཆུ ་ཚོད་ལྔ་ལས་མི་ཐུབ་བོ། །འདི་ལ་ལྕེ་ནི་ཐིག་ནག་ཞེས་པ་ནི། ལྕེ་ལ་བློ་བུར་དུ་སྐུད་པ་འདྲ་བའི་རི་མོ་ནག་པོ་མཐོང་མ་ཐག་ཏུ་ཞག་གཉིས་ཀྱིས་འཆིའོ། །སྟེང་འོག་སོ་ནི་མཐམས་འགྱུར་ན་ཞེས་པ་ནི། སོ་སོ་འཐམས་མ་ཐག་ཏུ་ཞག་གསུམ་ཁོ་ནས ་འཆིའོ། །མགྲིན་པ་གློ་འམ་ཕྱི་རོལ་རྩ་ཞེས་པ་ནི་མགྲིན་པའི་ཕྱི་རོལ་གྱི། རྩེའུ་ཆུང་ཞེས་པ་དེ་ཆད་ན་ཟླ་བ་ཕྱེད་ན་འཆིའོ། །བྲང་གི་ལྷེའུ་ནི་ཞོམ་འགྱུར་ན་ཞེས་པ་ནི་བློ་བུར་དུ་བྲང་སྙིང་མང་ཞོམ་ན་ཟླ་བ་ཕྱེད་ཁོ་ནའོ། །སེན་མོ་བཀྲག་ནི་མེད་འགྱུར་ན་ཞེས་པ་ནི ་བློ་བུར་དུ་རྐང་ལག་གི་སེན་མོ་རྣམས་མར་པོའི་དངོས་པོ་མེད་ཟིན་མ་ཐག་ཏུ་ཚེས་དྲུག་ན་འཆིའོ། །དེ་ལྟར་གསུངས་པའི་མཚན་ཉིད་དུས་མ་ཡིན་པར་འཆི་བའི་མཚན་མ་ཉེ་བར་བརྟགས་པའི་སྐྱེས་བུ་བསྲུང་བའི་ཆོ་ག་གསུངས་པ། སྣའི་ན་ས་ཆང་ན་ཞེས ་པ་ལ་སོགས་པ་སྟེ། དེ་ཐམས་ཅད་ལ་མན་ངག་ནི་འདི་ལྟ་སྟེ། གནས་གང་གི་རྩ་ཆད་པར་གྱུར་པ་གནས་དེ་ཁོ་ན་ལ་ཇི་ལྟར་གསུང་པའི་ས་བོན་ནམ་ངེས་བསྐྱེད་པའི་ལྷ་རྣམས་བསྒོམ་མོ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་ན་གསུངས་པ། ཡེ་ཤེས་ས་བོན་གྱིས་བྱས ་ཞེས་པ་སྟེ། ཡེ་ཤེས་ཀྱི་ས་བོན་ནི་ཡི་གེ་ཧཱུཾ་ངོ། །རྡོ་རྗེའི་ས་བོན་ཡི་གེ་སུམ་ངོ། །དྲག་པོའི་ས་བོན་ནི་ཡཾ་ཀྵུཾཱོ། །རོ་ལངས་མའི་ས་བོན་ནི་ཡི་གེ་ཡུཾ་ངོ། །གདོལ་པ་མོའི་ས་བོན་ནི་ཡི་གེ་ཧཱུཾ་ངོ། །སེང་གེ་མའི་ས་བོན་ནི་ཡི་གེ་སྨྱུཾ་ངོ། །སྟག་མོའི་ས་བོན་ནི་ཧྡམྱུཾ་ངོ། ། ་ཅེ་སྤྱང་གི་ས་བོན་ནི་ཡམྲཡུ་ངོ། །འུག་པ་མའི་ས་བོན་ནི་ཀྵྨརྱུཾ་ངོ། །ཡང་དེ་ཁོ་ནའི་སྲུང་བའི་དོན་ཕྱིའི་འཁོར་ལ་བཞག་པའི་ཆོ་ག་གསུངས་པ། གཞན་ཡང་བསྲུང་བ་བཤད་པར་བྱ་ཞེས་པ་ལ་སོགས་པ་སྟེ། དེ་ལ་སྲེག་སྣོད་གཉིས་གཟུང་སྟེ་ཞེས་པ་ནི་བསྲེ་གས ་པའི་གྱོ་མོའི་སྣོད་གཉིས་བླངས་ཏེ། གུར་གུཾ་གོ་རོ་ཙ་ནས་བྲི་ཞེས་པ་སྟེ། གི་ཝང་དམ་གུར་གུམ་བྱིས་བྲི་བར་བྱའོ་ཞེས་པས་རྟོག་གོ་།ད་ནི་ཐབ་བྲི་བའི་རྣམ་པ་གསུངས་པ། གཞན་ཡང་བཤད་པར་བྱ། རེའུ་མིག་དགུ་སོགས་ཆ་དག་དང་ཞེས་པ་སྟེ། ་མན་ངག་ནི་འདི་ལྟ་སྟེ། འོག་མའི་གྱོ་མོའི་སྣོད་ལ་མ་ཁྱུད་གཅིག་གིས་བསྐོར་བ་རེའུ་མིག་དགུ་པའི་འཁོར་ལོ་བྲི་བར་བྱའོ་ཞེས་བའོ། །སྟེང་མ་ཆ་དག་བཅུ་གཉིས་ནི་ཞེས་པ་ནི་སེང་གེའི་སྣོད་ལ་ཡང་མུ་ཁྱུད་གཅིག་གིས་བསྐོར་པ་རེའུ་མིག་བཅུ་གཉིས་པའི ་འཁོར་ལོ་བྲི་བའོ། །ད་ནི་ནང་དུ་དགོད་པའི་སྔགས་སྟེན་འདོད་པས་གསུངས་པ། དབུས་སུ་མིང་ནི་བྲིས་སུ་ཞེས་པ་ལ་སོགས་པ་སྟེ་གྱོ་མོའི་སྣོད་གཉི་ག་ལ་ཡང་དབུས་སུ་བསྒྲུབ་བྱའི་མིང་བྲི་བར་བྱའོ། །ཇི་ལྟར་བྲི་ཞེན་གསུངས་པ། ས་བོན་གྱིས་ནི་དེ་བཞིན་དུ་བསྐོར ་ཞེས་པ་སྟེ། སྔགས་ཀྱི་ཡི་གེའི་བར་དུ་བྲི་བར་བྱའོ་ཞེས་པའི་དོན་ཏོ། །དེ་ཁོ་ན་གསལ་བར་བྱེད་འདོད་པས་གསུངས་པ། ཕྱག་འཚལ་སྐྲ་ནི་སྔོན་དུ་སྟེ་ཞེས་པ་ལ་སོགས་པའོ། །ཕྱག་འཚལ་སྒྲ་ནི་ཡི་གེ་ཨོའོ། །དེ་ནི་བསྒྲུབ་བྱའི་མིང་གི་འོག་ན་བྲི་བར་བྱའོ? ་ཞེས་པའོ། །བསྲུང་བའི་ངག་གི་གོང་དུ་བཞག་ཅེས་པ་ནི་རཀྵ་རཀྵ་ཅེས་པ་ངག་གི་གོང་དུ་བསྒྲུབ་བྱའི་མིང་བྲི་བར་བྱའོ་ཞེས་པའོ། །མཛའ་རུ་ཞག་པའི་ས་བོན་ནི་ཞེས་པ་ནི་གོང་དུ་གསུངས་པ་དེའི་མཛའ་ན། སངས་རྒྱས་ལྔ་ཡིས་མདོན ་པར་བརྒྱན་ཅེས་པ་སྟེ། ཡི་གེ་ཧཱུཾ་དྲི་བའོ། །བསྲེག་པའི་ཡི་གེ་མཐར་བཞག་སྟེ་ཞེས་པ་ནི་སངས་རྒྱས་ལྔ་ཡིས་མངོན་པར་བརྒྱན་པའི་མཛའ་ན་བསྲེག་པའི་ཡི་གེ་སྭཱ་ཧཱ་བཀོད་པར་བྱའོ། །དེ་ལྟར་དབུས་སུ་ཡི་གེ་བཀོད་ནས། མུ་ཁྱུད་འཁོར་བ་ལ་བཀོད་པ ་གསུངས་པ་སྒྲ་ཡིག་སྟེང་སོགས་མུ་ཁྱུད་ལ་ཞེས་པ་སྟེ། སྟེང་གི་མུ་ཁྱུད་འཁོར་བ་ལ་གྱོ་མོའི་སྣོད་གཉིས་པ་ལམ་ནིང་སྤངས་པའི་སྒྲ་ཡིག་བཅུ་གཉིས་བཀོད་པར་བྱའོ། །ཞེས་ཇི་སྙེད་པའོ། །ད་ནི་འོག་གི་གྱོ་མོའི་སྣོད་རེའུ་མིག་དགུ་ལ་བཞག་པའི་ས་བོན ་གསུམ་སྟེ། ཀ་ཕ་གཉིས་འགྱུར་ས་བོན་དང་ཞེས་པ་ལ། དེ་ལ་ཀ་ཞེས་པ་ནི་ས་སྟེ་དེའི་ས་བོན་ཡི་གེ་ཧཱུཾ་ངོ། །ཕ་ཞེས་པ་ནི་རླུང་སྟེ། དེའི་ས་བོན་ཡི་གེ་ཡུཾ་ངོ། །གཉིས་འགྱུར་ས་བོན་དང་ཞེས་པ་ནི་ཡི་གེ་ཀྵུཾ་སྟེ། ཀ་དང་ཤ་བརྩེགས་པའི་ཕྱིར་རོ། །རྔོ་མའི ་ལྷ་ཆོས་མཚན་ཞེས་པ་ནི་ཡི་སུཾ་ངོ། །ལྔ་ལྡན་མའི་ས་བོན་ནི་ཡི་ཧཱུཾ་དེ་ཁོ་ན་ཐཾ་ཅད་དུ་བསྐྱི་རེའུ་མིག་ལ་བཀོད་པའི་རིམ་པ་ཁོ་ནས་སྔགས་བཀོད་པ་བཤད་འདོད་པས་གསུངས་པ། ཕྱག་འཚལ་བསྲེགས་པ་མཛའ་མ་རུ་ཞེས་པ་སྟེ། སྦྱོར་བ་ནི་འདི་ལྟ་སྟེ། ཨོཾ་ཆེག་མོ་རཀྵ་རཀྵ ་སྲུཾ་སྲུཾ་ཞེས་དེ་ལྟར་བཀོད་པར་བྱའོ། །དེ་ལྟར་ཡི་གེ་ཀྵུཾ་ལ་སོགས་པ་རྣམས་ལ་ཡང་སྦྱར་བར་བྱའོ། །སངས་རྒྱས་ལྔའི་མངོན་པར་བརྒྱུན་ཅེས་པས་ལྔ་ལྡན་མའི་ས་བོན་ཞེས་གསུངས་པས་དེ་བཤད་འདོད་པ་གསུངས་པ། དབྱུག་པ་འཇིག་རྟེན་དབང་ཕྱུག་པོ། ་ཞེས་པ་ལ་སོགས་པ་སྟེ། ཚག་བཤད་དེ་ཡིས་ཡི་གེ་ཧཱུཾ་ཁོ་ན་རྣམ་པར་བཤད་པའོ། །དེ་ཡང་དབྱུག་པ་ནི་ཡི་གེ་ཧའི་འོག་ན་རི་མོ་དྲང་པོ་སྟེ། དེ་ནི་འཇིག་རྟེན་དབང་ཕྱུག་གོ་།བརྟན་པ་ཕྱིན་ཕྱོགས་རྡོ་རྗེའི་ཕྱག་།ཞེས་པ་ནི་ཡི་གེ་ཧཱུཾ་གི་ཞབས་བསྐྱེད་དེ། དེ་ནི་ཕྱག ་ན་རྡོ་རྗེའོ། །ལུས་ནི་ཞེས་པ་ནི་ཧའི་ཁོག་པ་སྟེ་དེ་ནི་འཇམ་པའི་མགོན་ནོ། །དྲིལ་བུའི་མཆོག་ཅེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟེ་དེ་གཉིས་ཀྱི་རང་བཞིན་གཅིག་ཉིད་ཀྱི་ཕྱིར་རོ། །ཡི་གེ་ཧ་ནི་འཇམ་པའི་དཔལ་གྱི་རང་བཞིན་ཡང་ཡིན་ལ། ཤེས་རབ་ཀྱི་ཕ ་རོལ་ཏུ་ཕྱིན་པའི་རང་བཞིན་ཡང་ཡིན་ནོ་ཞེས་རྣམ་པར་རྟོག་གོ་།དེ་བཞིན་མགོ་ནི་བྱམས་པ་དང་ཞེས་པ་ནི་ཡི་གེ་ཧཱུཾ་གི་གང་མགོའི་རི་མོ་སྟེ་ངེ་ནི་བྱམས་པ་སྟེ། མ་ཞེས་བྱ་བ་སྟེང་འབར་བ་ཅེས་པ་ནི་དེ་ལ་མ་ཞེས་བྱ་བ་སྟེང་འབར་བ་ཞེས་པ་ནི་ཟླ་བ་ཕྱེད་འདྲ་བའི་རི ་མོའོ། །སྟེང་འབང་ཞེས་པ་ནི་དེ་ནི་དེའི་དཀྱིལ་འཁོར་གྱི་ཐིག་ལེའོ། །རྣམ་སྣང་འཁོར་བ་སྒྲོལ་བར་མཛད་ཅེས་པ་ནི་དེ་གཉིས་རྣམ་པར་སྣང་མཛད་ངེ་གོང་དུ་གསུངས་པ་རྣམས་ཁོ་ནའོ། །དེ་ནི་ཁ་ཕ་ལ་སོགས་པའི་ས་བོན་རྣམས། རེའུ་མིག་གི་གོ་རིམས་ཀྱི་དབང་གིས ་གསུངས་པ། ཤར་གྱི་ཕྱོགས་སུ་བཞག་པ་ནི་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཤར་གྱི་རེའུ་མིག་ལ་སུམ། རྡོ་རྗེ་མཁའ་འགྲོ་མའོ། །བྱང་དུ་ཀྵུཾ་དྲག་པོའི་མཁའ་འགྲོ་མའོ། །ནུབ་ཏུ་ཡུམ་རོ་ལངས་མའི་ས་བོན་ནོ། །ལྷོ་རུ་ཧཱུཾ་གདོལ་པའི་མཁའ་འགྲོ་མའོ། །དེ་ལྟར་ཕྱོགས་ཀྱི ་བཀོད་པ་བྱས་ནས། ད་ནི་མཚམས་ལ་བཀོད་པ་གསུངས་པ། དབང་ལྡན་ཕྱོགས་སུ་སེང་གེ་མ་ཞེས་པ་ལ་སོགས་ཏེ། དབང་ལྡན་རེའུ་མིག་ལ་སྨྲཾ་སེང་གེ་མའོ། །མེའི་རེའུ་མིག་ལ་ཧམྲཡུཾ་སྟག་མོའོ། །ཡེར་ན་བྲལ་གྱི་རེའུ་མིག་ལ་ཡམྲཡུཾ་ཅེས་སྤྲུང་མའོ། །རླུང་ཀི་རེའུ་མིག་ལ་ཀླམྲཡུཾ?་འུག ་པ་མ་རྣམས་བཀོད་པའོ། །གྲའི་དེ་དག་ཁོ་ནའི་ས་བོན་རྣམས་ཀྱི་ངོ་བོ་རྣམས་ཀྱི་ངོ་བོ་རྣམས་བཤད་འདོད་པས་གསུངས་པ་བཞི་པའི་ཡི་གེ་དྲུག་ལ་ཞེས་པ་སྟེ། དོན་ནི་འདི་ལྟ་སྟེ། ས་དང་ཀྵ་དང་ཡ་ངང་ཧ་རྣམས་ནི་ཡི་གེ་བཞི་རྣམས་རྣམ་པར ་བཞག་སྟེ། དེ་རྣམས་ཀྱི་འོག་ན་ཡི་གེ་མའོ། །དེའི་འོག་ན་ཡི་གེ་རའོ། །དེའི་འོག་ན་ཡང་ཡཾ་གི་ཡའོ། །དེའི་འོག་ན་ཡང་ཡི་གེ་ཨུ་ཞབས་བསྐྱེད་དོ། །དེ་དག་གི་སྟེང་དུ་ཐམས་ཅད་ལ་ཟླ་བ་ཕྱེད་དང་ཐིག་ལེའོ། །དེ་ལྟར་ཟིན་མ་ཐག་ཏུ་ཡི་གེ་ས་ལ་སོགས་པ ་བཞི་སོ་སོར་རེ་རེ་ལ་བརྟག་པའི་ཡི་གེ་དྲུག་དང་ལྡན་པར་འགྱུར་རོ་ཞེས་པའོ། །ཇི་སྙེད་ནི་འོག་གི་གྱོ་མོའི་ཁམ་ཕོར་ཨུ་འཇུག་ནས་དྲི་ན་དེའི་རྩ་ལ་འཇུག་ན་ཏེང་གྱི་གྱོ་མ་མོག ་དང་ཁམ་ཕོར་གྱི་འཁོར་ལོ་ལ་ས་བོན་བཀོད་པ་ཉེ་བར་སྟོན་འདོད་པས་གསུངས་པ། སྟེང་གི་བཅུས?་གན་དེ་ལ་ཞེས་པ་ལ་སོགས་པ་སྟེ། དོན་ནི་འདི་ལྟ་སྟེ། གོང་དུ་གསུངས་པའི་རེའུ་མིག་བཅུ་གཉིས་པའི་འཁོར་ལོའི་ཕྱོགས་སུ་སྒྲའི་ས་བོན་བཞག་པར་བྱའོ། །ཕྱག་འཚལ་བསྲེག་པ་མཐར་བཞག་སྟེ་ཞེས་པ་ནི་གོང་མ ་བཞིན་དུ་དང་པོར་ཡི་གེ་ཨོཾ་མཛའ་མ་ནི་ཡི་གེ་སྭཱཧཱ་དང་ལྡན་པ་ནི་མ་ནིང་གི་ཡི་གེ་བཞག་པར་བྱའོ་ཞེས་པའོ། །མ་ནིང་གི་ཡི་གེ་ནི་རི་རཱི་དང་ལི་ལཱི་ཞེས་སྒྲ་ཡིག་བཞག་པའོ། །མ་ནིང་གི་ཡི་གེ་དེ་དག་ཁོ་མཁའ་འགྲོ་མ་ལ་སོགས་པའི་རང་བཞིན་ཞེས་བྱ་བ ་གསུངས་པ། འབར་བྱེད་མ་དང་འཇིག་བྱེད་མ་དང་ཞེས་པ་ལ་སོགས་པའོ། །དེ་ལ་འབར་བྱེད་མ་ནི་ཡི་གེ་རིའོ། །འཇིབ་བྱེད་མ་ནི་ཡི་གེ་ལིའོ། །འཕྲོག་བྱེད་མ་ནི་ཡི་གེ་ལཱིའོ། །མཁའ་འགྲོ་མ་ནི་ཡི་གེ་རཱིའོ། །ད་ནི་ཡི་གེ་དེ་དག་གི་རིམ་པར་བཀོད་པ་གསུངས་པ། ་ཤར་དུ་ནམ་མཁའ་འགྲོ་མའི་གནས་ཞེས་པ་ལ་སོགས་པ་སྟེ། ཤར་གྱི་རེའུ་མིག་ལ་རི་ནི་ནམ་མཁའ་འགྲོ་མའོ། །བྱང་གི་རཱི་ནི་འབར་བྱེད་མའོ། །ནུབ་ཀྱི་ལི་ནི་འཇིབ་མའོ། །ལྷོའི་ལཱི་ནི་འཕྲོག་བྱེད་མ་བཀོད་དོ། །གྲཝ་ལ་ཡང་བླ་མའི་མན་ངག་གིས་བཀོད་པ་གསུངས ་ལ་དབང་ལྡན་གྱི་གྲཝའི་རེའུ་མིག་གཉིས་ལ་ཨི་ཨའིའོ། །མེའི་གྲཝའི་རེའུ་མིག་གཉིས་ལ་ཨུ་ཨའུའོ། །བདེན་བྲལ་གྱི་རེའུ་མིག་གཉིས་ལ་ཨེ་དང་ཨེའོ། །རླུང་གི་གྲཝའི་རེའུ་མིག་གཉིས་ཨོ་དང་ཨཽའོ། །དབུས་སུ་མིང་ནི་བྲི་བ་སྟེ་ཞེས་པས་ནི། འོག་ག་འག? ་འཁོར་ལོ་བཞིན་དུ་དབུས་ཀྱི་རེའུ་མིག་ལ་བཀོང་པ་དང་བྱིའི་མུ་ཁྱུང་འཁོར་བ་ལ་སྒྲ་ཡི་གེ་བཀོད་པ་དྲན་པར་བྱེད་པའོ། །དེ་ལྟར་བྲིས་པཱི་བསྲུང་བའི་འཁོར་ལོ་ཇི་ལྟར་བསྒོམ་པར་བྱ་ཞེ་ན་གསུངས་པ། མཁའ་འགྲོ་ལྔ་ཡིས་བྱིན་བརླབས་པ་ཞེས་པ་མདོན? ་ནི་འདི་ལྟ་སྟེ། མཁའ་འགྲོ་ལྔ་ཡིས་ཕྱིན་གྱིས་བརླབ་པར་བྱ་སྟེ། དཀྱིལ་འཁོར་དེ་ཁོ་ན་བསྒོམ་པར་བྱའོ། །རྡོ་རྗེ་སློབ་དཔོན་གྱི་ཀྱང་རང་བཞིན་གང་བསྒོམ་པར་བྱ་ཞེ་ན་གསུངས་པ། བདག་ཉིད་རྡོ་རྗེ་ཅན་སྦྱོར་བས་ཞེས་པ་སྟེ། དེ་ལ་ཡང་མན་ངག་ཉེ་བར་སྟོན་པ་ནི ་འདི་ལྟ་སྟེ། དཀྱིལ་འཁོར་གྱི་ནོ་པོ་ཀི་ལས་གསུངས་པའི་རམ་བས་རྡོ་རྗེ་སེམས་དཔའ་སྦྱོར་བ་བྱའོ། །རྡོ་རྗེ་སེཾས་དཔའ་བདག་ཅེས་བརྗོད་ཅེས་པ་ནི། ཨོཾ་བཛྲ་སཏྭ་ཨ་ཧཾ་ཞེས་ང་རྒྱལ་བྱས་ནས་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །རྡོ་རྗེ་ལག་གི་ལག་རྩེ་ཡིས་ཞེས་པ ་ནི་གསུངས་པའི་རིམ་པས་རྡོ་རྗེ་སེམས་དཔའ་ཨི་སྦྱོར་བ་བྱས་ནས། ལག་རྩེར་རང་གི་ལག་པའི་མཐིལ་རྡོ་རྗེ་རྩེ་ལྔ་པར་བསྒོམས་ནས་ལག་པ་དེས་གྱོ་མོའི་ཁམ་ཕོར་ལ་རེག་པར་བྱའོ། །དབུས་སུ་བརྟན་པའི་ས་བོན་ནི་ཞེས་པ་ནི་ཡི་གེ་ཧཱུཾཱོ། །བརྒྱ་དང་བརྒྱད་དུ་བཟླ་བར་བྱ ་ཞེས་པ་ནི་དྲི་ལ་སོགས་པས་མཆོད་ནས་འགྱུང་པའི་གཏོར་མ་ཡང་དབུལ་ཏེ། བསྒྲུབ་བྱའི་མགོ་ཕྱོགས་ན་བཞག་ནས་སྔགས་བཏབ་པའོ། །དེ་དག་ནི་ཕྱི་རོལ་བསྲུང་བའི་ཆོ་གའོ། །ད་ནི་མཚན་མ་འདྲི་བ་པོའི་གནས་དང་བདག་ཉིད་མཉམ་པ་ཉིད་དང། མི་མཉམ ་པ་ཉིད་ཀྱི་ས་དགེ་བ་དང་མི་དགེ་བསྟན་འདོད་པས་གསུངས་པ། གཞན་ཡང་དབུགས་ཀྱི་བདག་ཉིད་ནི་ཞེས་པ་ལ་སོགས་པའོ། །དབུགས་དང་མཉམ་པར་གནས་པ་ཡིས་ཐམས་ཅད་གྲུབ་པར་བཤད་པ་ཡིན་ཞེས་པ་ནི། དེ་ལ་མཉམ་པའི་དབུས་ནི། མཚན་མ ་འདྲི་བ་པོ་ཏེ་བར་འོངས་ནས་རྡོ་རྗེ་སློབ་དཔོན་གྱི་གཡས་ཀྱི་བློ་ནས་འདྲི་ན་དེའི་ཚེ་གཡས་ཀྱི་རྩར་འཇུག་ན་དགེ་བར་བརྟག་པར་བྱའོ། །གལ་ཏེ་གཡོན་དུ་འཇུག་ནས་དྲི་ན་དེའི་རྩ་ལ་འཇུག་ན་དགེའོ། །དེ་ཁོ་ན་གསལ་བར་བྱེད་འདོད་པས་གསུངས་པ། གྲམས? ་ཀྱི་གཡས་གཉིད་ཀྱི་གནས་ཞེས་པ་ལ་སོགས་བ་སྟེ། གཡས་པའི་དབུགས་གཡས་སུ་གནས་ན་དགེའོ། །གཡོན་གྱི་དབུགས་ལ། གཡོན་དུ་གནས་ན་དགེའོ། །ཞེས་ཇི་སྙེད་པའོ། །དེ་ཕྱིན་ཅི་ལོག་ནས་ཡང་མི་དགེ་བ་གསུངས་པ། དབུགས་དང་མི་མཐུན་པའི་ཚིམ ་ཅེས་པ་ནི། མི་མཐུན་པ་ཞེས་པ་ནི་ཕྱིན་ཅི་ལོག་པར་འཇུག་པ་སྟེ། དེ་ལ་ངེས་པ་གཡས་ཀྱི་དབུགས་ལ་འཇུག་པ་ན་གཡོན་དུ་གནས་པ་དང་གཡོན་དུ་དབུགས་འཇུག་པ་ན་གཡས་སུ་གནས་ན་མི་དགེའོ། །དབུགས་དང་མཉམ་དུ་གནས་ན་ཡང་འབྱུང་དང ་འཇུག་པའི་རྣམ་པའི་ཆ་ཡིས་འདོད་པ་དང་མི་འདོད་པའི་ཁྱད་པར་སྟོན་འདོད་པས་གསུངས་པ། འབྱུང་དང་འཇུག་པའི་སྦྱོར་བ་ཡིས་ཞེས་པ་ལ་སོགས་པ་སྟེ། དེ་ལ་འཇུག་པ་ནི་དབུགས་འཇུག་པའོ། །འབྱུང་བ་ནི་དབུགས་སུ་འབྱུང་བའོ། །དབུགས་དང་གནས་གཉིས ་གཅིག་ཏུ་དྲི་བ་ཟིན་ན་ཡང་གལ་ཏེ་འཇུག་པ་ན་འདྲི་ན་དེའི་ཚེ་དགེའོ། །གལ་ཏེ་འབྱུང་བ་ན་འདྲིན་དེ་ལས་གཞན་མི་དགེའོ། །དེ་ཁོ་ན་གསལ་བར་གསུངས་པ་ཞུགས་པ་ཐམས་ཅད་བྱ་བ་ནི་རྒྱས་པར་ཡོངས་སུ་གྲགས་པ་ཡིན་ཞེས་པ་ནི། རྒྱས་པ་ཞེས་དོན་ཐམས་ཅད ་གྲུབ་པོ་ཞེས་བསམ་པའོ། །ད་ནི་ཟོས་པའི་བསྲུང་བ་དང། དུག་སྦྱོར་བའི་ཐབས་ཀྱི་སྦྱོར་བ་སྟོན་འདོད་པས་གསུངས་པ། དུག་སེམས་ཀྱིས་ནི་ཟོས་པ་ལ་སོགས་པ་སྟེ། དེ་ལ་གསོ་དཔྱད་བྱ་བར་བྱ་ཞེས་པ་ནི་གསོ་དཔྱད་བྱའོ། །གཞན་ཡང་ནི་དུས་བཞི་ལ་སོགས་ཟོས་པའི ་ཞེས་པ་ལ་སོགས་པ་ནི་དུས་བཞི་ནི་ཡི་གེ་ར་ཅན་བཞིའོ། །དེ་དག་ལ་ཟོས་པ་རྣམས་གསོ་དཔྱད་མི་བྱའོ་ཞེས་པའོ། །དེ་ལ་གཞན་ནི་ཟོས་པ་རྣམས་གསོ་དཔྱད་བྱའོ་ཞེས་པ་དང་འབྲེལ་ཏོ། །དེ་ཁོ་ན་གསལ་བར་བྱ་བ་ནི། གསོ་དཔྱད་གཞན་ནི་ཐམས་ཅད་ལ་ཞེས་པ་ལ་སོགས ་པའོ། དེ་ལྟར་ཟོས་པའི་འདུས་པ་ཡོངས་སུ་གཅོད་པ་མངོན་པར་བརྗོད་ནས་གཟུང་བའི་བསྲུང་བ་མངོན་དུ་བྱས་ནས་གསོ་དཔྱད་བཤད་འདོད་པས་དང་པོ་བསྲུང་བ་མངོན་པར་བཤད་དེ། ཡི་གེ་རྣམ་བཀོད་བཀོད་བྱས་ནས་ཞེས་པ་ལ་སོགས་པའོ། །དེ་ལ་ཡི་གེ་བརྒྱད ་ཀྱི་སྔགས་དག་ནི། ཡན་ལག་བརྒྱད་ལ་བཀོད་པར་བྱ་ཞེས་བརྗོད་པའི་དོན་ནི་འདི་ལྟ་སྟེ། ཡི་གེ་བརྒྱད་སྔགས་སུ་གྱུར་པ་རྣམས་ནི་ཡི་སུ་ལ་སོགས་པ་མཁའ་འགྲོ་མ་བརྒྱད་ཀྱི་ས་བོན་ནོ། །ཡན་ལག་བརྒྱད་ལ་བཀོད་པར་བྱ་ཞེས་པ་ནི་སྤྱི་བོར་ཡི་གེ་གྷཱུཾ་སེར་པོ་དང་མིག ་གཉིས་ལ་ཡི་གེ་ཧཱུཾ་སྔོན་པོ་དང། རྣ་བ་གཉིས་དང་སྣའི་བུ་ག་གཉིས་ལ་ཡི་གེ་ཡུམ་དམར་པོ་དང། ལྕེ་ལ་ཡི་གེ་སྲུཾ་དཀར་པོ་དང། མགྲིན་པ་ལ་ཡི་གེ་སྨྲཡུཾ་སེར་དཀར་དང། དཔུང་པ་གཉིས་ལ་ཡི་གེ་ཧམརཾ་དཀར་ནག་དང། ཐོད་ཀ་ལ་ཡཱཾ་ནག་དམར་དང། ལྟེ་བ་ལ་ཀམྲཾ་ནག་དམར་སེར ་རྣམས་རང་གི་མདོག་དང་ལྡན་པ་ཁ་ནས་གནས་གོ་རིམས་བཞིན་དུ་དང་པོ་བཀོད་ནས་དུག་འཕྲོག་པའི་རྣམ་པར་ཕྱེ་བ་ལ་ཡང་ཐམས་ཅད་ཁོ་ན་དཀར་ཡུ་བོར་གྱུར་ནས། བསྒོམ་པ་ཞེས་པ་ཐེ་ཡུ་ཚོམ་མེད་པའོ། །དེ་ཁོ་ན་ཡུ་གསུངས་པ། ཁ་དོག་དཀར་ཡུ་བོ་ཀུན ་བསམས་ནས་སྙིང་པོས་དུག་ནི་འཕྲོག་བར་ཞེས་པའོ། །དེ་ལྟར་ཡན་ལག་ཡོངས་སུ་བསྲུངས་ནས་རྣམ་པར་ཤེས་པ་ཡང་དག་པར་བསྲུང་བ་གསུངས་བ། དཀྱིལ་འཁོར་དབུས་སུ་བཞག་ནས་སུ། །ཤེས་དང་རྣམ་ཤེས་ཀྱིས་འགག་སྟེ། །ཞེས་པ་སྟེ། དཀྱིལ ་འཁོར་དབུས་སུ་བཞག་པ་ནི། སྙིང་གར་ནམ་མཁའ་ཨི་ཕྱོགས་ལ། ཨོཾ་ཀ་མ་ལ་བེ་སྭཱཧཱ་ཞེས་སྔགས་དེ་དང་སྦྱིན་སྲེག་ལས་གསུངས་པའི་མཚན་ཉིད་པདྨའི་ཕྱག་རྒྱས་ཡོངས་སུ་བསྐྱེད་པར་འགྱུར་བ་འདབ་བརྒྱད་སྙིང་ལ་བསམས་ནས་དེའི་སྟེང་དུ་ཡི་གེ་ཨ་ལས ་བསྐྱེད་པ་ཟླ་བའི་དཀྱིལ་འཁོར་དེའི་སྟེང་ན་འདི་སྐར་དང་འདྲ་བཱི་ཀུན་གཞི་རྣམ་པར་ཤེས་པ་དང་ནི་ཡེ་ཤེས་ཏེ་ཡི་གེ་ཧཱུཾ་ངོ། །རྣམ་ཤེས་ཀྱང་དེའི་ཕྱིར་ན་དོན་ནི་འདི་ལྟ་སྟེ། ཐབས་དང ་ཤེས་རབ་གཉིས་སུ་གྱུར་པ་ཡི་གེ་ཧཱུཾ་གི་འོད་དམར་པོར་གྱུར་པ་རྣམ་པར་ཤེས་པའི་གློ་ན་གནས་པས་དཀར་པོར་གྱུར་པ་རྣམ་པར་ཤེས་པ་སྟེ། ཁ་ན་གནོན་པར་བྱའོ་ཞེས་མན་ངག་གོ། ད་ནི་གསོ་དཔལ་གསུངས་པ། ལུས་བསྲུངས་ཐག་ཏུ་ནི་ཞེས ་པ་ལ་སོགས་པའོ། །དེ་ལ་ཡང་མན་ངག་ནི་འདི་ལྟ་སྟེ། བྱོ་མོའི་སྣོད་དམ་ཐངས་མའི་གཞོང་པ་འོ་མ་དད་ཆུས་གང་བ་ཡོངས་སུ་བཟུང་ནས་ཟོས་པའི་རྐང་པའི་རྩ་ན་བདག་གི་མདུན་དུ་བཞག་ནས། དེའི་དབུས་སུ་གོང་ནས་གསུངས་པའི་སྔགས་དང ་ཕྱག་རྒྱ་བཀོད་པ། འདབ་བརྒྱད་དམིགས་ཏེ། དེའི་སྟེང་ན་ཡི་གེ་ཨ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཡང་ཡི་གེ་སུམ་ལས་བསྐྱེད་པ། རྡོ་རྗེ་དེའི་བུམ་པ་ལ་ཡི་གེ་སུམ། དེའི་འོད་ཟེར་གྱི་ངོ་ལས་མཁའ་འགྲོ་མ་ཐམས་ཅད་ཀྱི ་འཁོར་ལོ་འགྲོས་ནས་ཡང་འདུ་བར་བྱ་སྟེ། ཨོཾ་བཛྲ་ཤུད་དྷ(རྒྱུད་འགྲེལ་སྦྲུལ་གྱི་རྒྱན་གྱིས་བརྒྱན་པ། གོས་དཀར་པོས་སྟོད་གཡོགས་སྨད་གཡོག་པ། གདུགས་དཀར་པོས་སྟེང་ནས་བཀབ་པ། གཡས་ཀྱིས་ཁ་ཊཝཱཾ་ག་དང་དྷ་འཛིན་མ། འདབ་མ་བརྒྱད་ལ་གནས་པ། ནོར་རྒྱས་ཀྱི་བུ་ལ་སོགས་པ་ཀླུ་བརྒྱད་ཀྱི ་མགོ་བསྡུ་བར་བྱས་ནས་གདན་བྱེད་པར་བསྒོམ་པར་བྱའོ། །དེ་ལ་ཀླུ་རྣམས་བཀོད་པ་ནི། ཤར་གྱི་འདབ་མ་ལ་ནོར་རྒྱས་ཀྱི་བུ་དང། ཕྱེད་གི་འདབ་མ་ལ་འཇོག་པོ་དང། ནུབ་ཀྱི་འདབ་མ་ལ་སྟོབས་ཀྱི་རྒྱུ་དང། ལྷོའི་འདབ་མ་ལ་པདྨ་དང། ་དབང་ལྡན་གྱི་མཚམས་ན་པདྨ་ཆེན་པོ་དང། མེའི་མཚམས་ན་དུད་སྐྱོང་དང། བདེན་བྲལ་གྱི་མཚམས་ན་རིགས་ལྡན་དང། རླུང་གི་མཚམས་སུ་ལིནད་ཀ་ཞེས་དགོད་པར་བྱའོ། །དེ་དག་ཀྱང་གོང་དུ་གསུངས་པའི་ཟོས་པའི་ཡན་ལག་ལ ་བཀོད་པའི་ས་བོན་བརྒྱད་དཔ་འདྲ་བའི་མདོག་གོ། དེ་ཁོ་ན་གསུངས་པ། སྣོད་ལ་ཆུ་ཡིག་བཀད་ནས་སུ་ཤེས་པ་ལ་སོགས་པའོ། །སྔོན་དུ་རྡོ་རྗེ་སེམས་དཔའ་ཨི་སྦྱོར་བ་བྱས་པ་རྡོ་རྗེ་སློབ་དཔོན་ཁོ་ནས་དེ་ཀུན་བརྩམ་པར་བྱའོ་ཞེས་སྟོན་པ། བདག ་གིས་ལུས་ནི་རྡོ་རྗེ་སྟེ། རྡོ་རྗེ་སེམས་དཔའ་བསམ་པར་བྱ་ཞེས་པ་སྟེ། དེ་ལ་ཡང་མན་ངག་ནི་འདི་ལྟ་སྟེ། རྒྱས་པའི་སྒྲུབ་ཐབས་ལས་གསུངས་པའི་རིམ་པ་དང། ཡང་ན་ཡུད་ཙམ་གྱི་ཚུལ་གྱིས་རྡོ་རྗེ་སེམས་དཔའ་བདག་བསྒོམ་པར་བྱའོ། ། ་དེ་ལ་ཡུད་ཙམ་གྱི་ཚུལ་ཞེས་པས་ནི་རང་གི་སྙིང་གར་ཟླ་བ་ལ་གནས་པའི་ཡི་གེ་ཨ་ལས་བསྐྱེད་པ་རྡོ་རྗེ་དེ་གནས་གྱུར་ནས་ཕྱག་རྒྱ་ཆེན་པོར་དམིགས་པའོ། །ཡང་ན་ཡུད་ཙམ་ནི་ཕྱག་རྒྱ་ཆེན་པོའི་ཕྱག་རྒྱ་དམིགས་པ་ཙམ་མོ། །དེ་ལྟར་ལྷ་ཡིད་ལ་བྱེད ་ལ་བྱས་པའི་རྣལ་འབྱོར་པས་གང་གིས་དུག་འཕྲོག་པར་བྱ་ཞེ་ན་གསུངས་པ། རྨ་བྱ་ཡི་ནི་མདོངས་ཀྱིས་སུ་ཞེས་པ་ལ་སོགས་པ་སྟེ། དེ་ལ་རིམ་པ་ནི་འདི་ལྟ་སྟེ། རང་གི་ལག་པས་གཟུང་བཱི་རྨ་བྱའི་མདོངས་ཡེ་ཤེས་མཁའ་འགྲོ་མའི་ཕྱག་གིས་བསྣམས ་པ་ཁོ་ན་བསྒྲུབ་བྱའི་དཔྲལ་བ་ལ་སོགས་པ་ནས་ཇི་སྙེད་རྐང་མཐིལ་གྱི་བར་ཡན་ལག་ཐམས་ཅད་ལ་དུག་དྲངས་ནས་འོག་ཏུ་ཡང་ཆུའི་དཀྱིལ་འཁོར་དུ་གཏོར་མ་ཡེ་ཤེས་མཁའ་འགྲོ་མ་བསམ་པར་བྱའོ་ཞེས་ཇི་སྙེད་པའོ། །དེ་ཀུན་ཡང་རིག་པ་བཟླས་པ་ཁོ ་ནའི་རྡོ་རྗེ་སློབ་དཔོན་གྱིས་བྱའོ་ཞེས་པ་སྟེ། བཟླས་པའི་སྔགས་གསུངས་པ། ཨོཾ་ཧྲི་ད་ད་ནདཱ་ར་ཧཱུཾ་ཕཊ་ཅེས་པ་ནི་ནོར་རྒྱས་ཀྱི་བུ་ལ་སོགས་པ་ཀླུའི་རྒྱལ་པོ་བརྒྱད་པོ་འདི་དག་གི་སྙིང་པོ་སྟེ། ཟློས་པའི་དུས་ན་མིང་བཅུག་པ་མེད་པ་དེ་ཙམ་བཟླ་བར ་བྱའོ་ཞེས་པའི་དོན་ཏོ། །སྙིང་པོ་དེ་ཡང་སྦྱོར་བ་གང་གི་ཚད་དུ་བཟླ་ཞེ་ན་གསུངས་པ། རྡོ་རྗེ་སེམས་དཔའ་མངོན་སྦྱོར་བའི་ཞེས་པ་ལ་སོགས་པ་སྟེ། དོན་ནི་འདི་ལྟ་སྟེ། སྔོན་དུ་བསྙེན་པའི་དུས་ནི་རྡོ་རྗེ་སེམས་དཔའ་ཨི་སྦྱོར་བ་བྱས་པས་འབུམ ་ཕྲག་གཅིག་བཟླས་པར་བྱས་པའོ། །ཡང་སྔགས་དེ་ཁོ་ན་མིང་བཅུག་པ་གསལ་བར་བྱས་པས་གསུངས་པ། ཨ་བ་སུ་ཀྲི་ཧྲི་དང་མདྷ་ར་སྭཱཧཱ་ཞེས་པ་ལ་སོགས་པ་སྟེ། ཨོཾ་ཧྲཾ་ད་དནདྷ་ར་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཆེ་གེ་མོ་དུག་མེད་པར་གྱིས་ཤིག་ཧཱུཾ་ཕཊ ་སྭཱཧཱ། དེ་ལྟར་ནོར་རྒྱས་ཀྱི་བུ་ལ་སོགས་པ་ལ་ཡང་སྦྱོར་རོ། །ཡུངས་ཀར་དཀར་པོའི་མེ་ཏོག་དང། །ཙན་དན་གྱིས་ནི་བསྲེགས་པ་ཡིས་ཞེས་པ་ནི། དེ་ལ་དཀར་པོའི་སྒྲ་ནི་སོ་སོར་རེ་རེ་ལ་མངོན་དུ་སྦྱར་བར་བྱའོ། །སྙིང་ནི་གཡོས་མ ་ཐག་ཏུ་ནི། །རྣམ་ཤེས་དེ་ནི་བསྡམས་ཏེ་གཟུང། །གོང་ནས་གསུངས་པས་སྙིང་གར་བརྡེག་མ་ཐག་ཏུ་མགུལ་བའི་སྲོག་གི་དབང་པོ་ཇི་ལྟར་གསུངས་པའི་ས་བོན་གྱིས་བསྡམས་ནས་གཟུང་བར་བྱའོ་ཞེས་པའོ། །དབུགས་ནི ་རྒོད་མ་ཐག་ཏུ་ནི། །རང་གི་དབུགས་ཀྱིས་བརྩེ་བར་བྱ་ཞེས་པ་ནི། རང་གི་དབུགས་ཀྱིས་བསྒྲུབ་བྱའི་དབུགས་སློང་བར་བྱའོ་ཞེས་པའོ་བསམ་པ་ནི་འདི་ལྟ་སྟེ། བསྒྲུབ་བྱའི་སྲོག་གི་དབང་པོ་རླུང་གི་ས་བོན་གྱིས་གཙེ་བར་བྱའོ་ཞེས་ཇི་སྙེད་པའོ། །རྐང ་ལག་ཐམས་ཅད་གཡོས་པ་དང། བདག་ཉིད་དབྱངས་ནི་བླང་བར་བྱ་ཞེས་པ་ནི། ཡི་གེ་ཧཱུཾ་གི་དབྱངས་ཀྱིས་བསྒྲུབ་བྱའི་ཡེ་ཤེས་དབབ་པ་ནི་བྱའོ་ཞེས་མངོན་ནོ། །དུས་པ་ཀླུའི་གནས་སུ་ནི། འོ་མ་དེ་རུ་བླུག་པར་བྱ། ཞེས་པ་ནི་འོ་མ་ལ་སོགས་པ་ཉེ ་བར་སྤྱོད་པ་རྣམས་ཀླུའི་གནས་སམ་གཙང་པོ་ཆེན་པོ་ལ་བོར་བར་བྱའོ་ཞེས་པའོ། །ཟོས་པ་ཡོངས་སུ་རྟགས་པ་ལ་གསོ་དཔྱད་མི་བྱ་བའི་རྣམ་པའི་ཆ་གསུངས་པ། གདོད་དང་ཐིག་ལེ་མིང་དང་ནི་ཞེས་པ་ལ་སོགས་པའོ། །གཞན་གྱི་དོན་གྱིས་བཅིང་བའི ་ཐུགས་ཀྱིས་ཕྱག་ན་རྡོ་རྗེའི་སེམས་ལ་བསམ་པ་ཡོངས་སུ་རྟོག་ནས་མཁྱེན་ཏེ། བཅོམ་ལྡན་འདས་ཉིད་ཁོ་ནས་བཤད་འདོད་པས་གསུངས་པ། ཆར་དབབ་པའི་ཆོ་གའི་མཆོག། ཉིན་གཅིག་དེ་ཉིད་རྒྱལ་པོ་ཆེ་ཞེས་པ་ལ་སོགས་པ་སྟེ། ཆུའི་འགྲམ ་དང་ཉེ་བ་ཡི། །ཡིད་དུ་འོང་བའི་ས་ཕྱོགས་སུ་ཞེས་པ་ནི་ཆུ་དང་ཉེ་བ་ཁོ་ན་ལ་བྱིན་བརྗོད་པའི་ཆར་པ་དབབ་པའི་དཀྱིལ་འཁོར་བྲི་བར་བྱེད་ཀྱི་གཞན་དུ་ནི་མ་ཡིན་ནོ་ཞེས་ཇི་སྙེད་པའོ། །གྲུ་བཞི་པ་ལ་སྒོ་བཞི་པ། །གླུ་བརྒྱད་ཀྱིས་ནི་ཀླུབས ་བརྒྱན་ཏེ། ཞེས་པ་ནི་རྡུལ་ཚོན་ལྔ་ཡིས་ནོར་གྱི་བུ་ལ་སོགས་པ་ཀླུ་བརྒྱད་རྣམ་པར་བཀོད་པར་བྱའོ་ཞེས་མངོན་ནོ། །མགོ་གཉིས་ཀྱིས་ནི་སྒྲོ་བྱས་ནས། ཞེས་པ་ནི་ཀླུ་གཉིས་འཕགས་པ་ཁོ་ནས་མགོ་སྒྲོལ་བཀོད་པར་བྱའོ་ཞེས་སོ། ། ་??་གྲཝ་རུ་དཀྲི་བར་བྱ་ཞེས་པ་ནི། མཇུག་མི་གཉིས་དཀྲིས་པ་ཡིས་གྲཝལ་རྣམ་པར་དགོད་པར་བྱའོ་ཞེས་སོ་ཀླུ་བརྒྱད་ཀྱིས་ནི་རབ་སྟེ་ཞེས་པ་ནི། རྒྱལ་བ་བཟང་པོ་ལ་སོགས་པ་ཀླུ་བརྒྱད་ཀྱི་ར་བ་ལ་སོགས་པ་བྱའོ། །ཕྱོགས་སུ་རིགས་ནི་བརྒྱད ་པ་ཡིན་ཞེས་པ་ལ་སོགས་པས་ནི་དེ་དབུས་སུ་རྣམ་པར་བཀོད་པ་གསུངས་ཏེ། དེ་ལ་ཡང་ཉེ་བར་སྟོན་པ་ནི་འདི་ལྟ་སྟེ། དཀྱིལ་འཁོར་གྱི་དབུས་སུ་པདྨ་འདབ་བརྒྱད་པ་བྲིས་ཏེ། དེ་ལ་ཤར་གྱི་འདབ་མ་ནོར་རྒྱས་ཀྱི་བུ་སྟེ་མདོག་དཀར་པོའོ། །བྱང་དུ་འཇོག ་པོ་སྟེ་སེར་པོའོ། །ནུབ་ན་སྟོབས་ཀྱི་རྒྱུ་དམར་པོའོ། །ལྷོ་ན་པདམོ་ནག་པོ། དབང་ལྡན་པདྨ་ཆེན་པོ་སྟེ་མདོག་དཀར་སེར། མེའི་གྲཝ་ལ་དུང་སྐྱོང་དཀར་ནག་བདེན་བྲལ་ནི་རིགས་སྐྱོང་དམར་ནག་གོ། ཧུ་ལིནདྡ་ཀ་སེར་དམར་རོ། དེ་ལྟར་ར་བ་ལ་སོགས་པ་ལ་ཡང་རིགས་ཀྱི་རིམ་པས ་མདོག་གི་ཁྱད་པར་ཤེས་པར་བྱའོ། །སྤྲིན་གྱི་དབང་ཕྱུག་རྒྱལ་ཆེན་པོ། ཕྱོགས་བརྒྱད་ནས་ནི་དགུག་པར་བྱ་ཞེས་པ་ནི་ཀླུའི་ཕྱོགས་བརྒྱད་ནས་སྤྲིན་གྱི་ལྷ་ཆེན་པོ་རྣམས་དགུག་པར་བྱའོ་ཞེས་པའི་དོན་ཏོ། ། བ། ཙར་ཅན་དང་ང་རོ་ཙན། །དྲག་པོ་ཅན ་དང་དཀྲིགས་པ་ཅན། །སྲ་བ་ཅན་དང་གཏུམ་པོ་ཅན། །ཆར་འབེབས་ཅན་དང་རབ་གང་ཅན་ཞེས་པ་ནི་སྤྲིན་གྱི་རྒྱལ་པོ་དེ་རྣམས་གོ་རིམས་བཞིན་ཕྱི་རོལ་གྱི་དཀྱིལ་འཁོར་དུ་ཤེས་པར་བྱའོ། །དེ་ཁོ་ན་གསལ་བར་བྱེད་འདོད་པས་གསུངས་པ། ཇི་ལྟར ་སོགས་བཞག་པ་ནི། ཕྱོགས་ཀྱི་མདོག་དུ་ཤེས་པར་བྱ་ཞེས་པ་སྟེ། དེ་ཀུན་རྡོ་རྗེ་མཁའ་འགྲོ་མའི་ང་རྒྱལ་བྱེད་པའི་རྣལ་འབྱོར་པས་བྱའོ་ཞེས་གསུངས་པ། དབུས་སུ་རྡོ་རྗེ་མཁའ་འགྲོ་མ། །པདྨའི་སྟན་གྱི་སྟེང་དུ་བཞུགས་ཞེས་པ་ལ་སོགས་པ་སྟེ། སྤྲུལ་གྱིས་པདྨ ་བསྐོར་བ་ཡི། །སྤྲུལ་གྱི་གདན་དུ་སྦྱོར་བ་ཡིས་ཞེས་པ་ནི། སྤྲུལ་གྱིས་དཀྲིས་པ་པདྨའི་གདན་ལ་བཞུགས་པ། རྡོ་རྗེ་མཁའ་འགྲོ་མའི་བཀའ་ཡིས་ཀླུ་བརྒྱད་ཀྱི་རྒྱལ་པོ་ཆེན་པོ་ལ་བཀའ་སྩལ་པར་བྱེད་པ་མངོན་པར་བྱའོ་ཞེས་ཇི་སྙེད་པའོ། །དེ་ཁོ་ན་གསལ་བར་བྱས ་པ་ནི། །རྣལ་འབྱོར་ཡེ་ཤེས་གསལ་བྱས་ལ། །ཡེ་ཤེས་མཁའ་འགྲོའི་བདག་ཉིད་དོ་ཞེས་སོ། །ོཾ་བྷུ་རྟ(རྒྱུད་འགྲེལ་བྱའོ། །ོཾ་གི་ལི་གི་ལི་བ་རི་ཤ་བ་རི་ཤ་པ་ཡ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཐ་ཐ་ཐ་སྭཱ་ཧཱ། ཞེས་པ་ནི་སྤྲིན་གྱི་རྒྱལ་པོ་བརྒྱད་ཀྱི་སྔགས་སོ། །ོཾ་བཛྲ་ཏ་ཀྲི་ནི་བརཤ་ཧཱུཾ་བྷུ་རྟ་སྭཱཧཱ་ཞེས་པ་ནི་བཟླས་པའི་རྩ་བའི་སྔགས་སོ། །དེ་དག་ནོར་རྒྱས་ཀྱི་བུ་ལ་སོགས་པའི་སྔགས་སོ། །དེ་ཀུན་ཡང ་མཚན་མ་ཐོབ་པའི་རྣལ་འབྱོར་པ་ཁོ་ནས་བྱའོ་ཞེས་གསུངས་བའོ། །གཞན་ཡང་ཕོ་ཉའི་མཚན་མ་བསྟན་པར་བྱའོ། །ཞེས་པ་ལ་སོགས་པ་ལ་སོགས་པ་ནི་དེ་ལའོ། །མིག་གཡོན་ནི་མིག་བག་ཙམ་ཡོ་བའོ། །ཇི་ལྟར་བདག་གི་ཕོ་ཉ་ཡི། །གཉི་གའི་རྒྱུ་ནི་བརྟག་པར་བྱ། ཞེས ་ཕོ་ཉ་བཞིན་དུ། བདག་ཀྱང་ཡོངས་སུ་བརྟག་པར་བྱའོ་ཞེས་པའི་དོན་ཏོ། །དེ་དག་ནི་དཔ་ལྡན་གདན་བཞི་པའི་རྣམ་པར་བཤད་པའི་ལེའུ་གཉིས་པའོ།། །།བྱང་ཆུབ་ཀྱི་སེམས་མ་སྐྱེས་ན་སྔགས་ལ་སོགས་པའི་དངོས་གྲུབ་དུ་མི་འགྱུར་ཞེས་དགོངས་པ་བཅོཾ ་ལྡན་འདས་ཀྱི་རྣལ་འབྱོར་བརྩོན་པའི་བྱེ་བྲག་ཉིད། གང་གིས་སྔགས་འཚལ་བགྱི་ཞིང་ཞེས་པ་ལ་སོགས་པས་བྱང་ཆུབ་སེམས་ཀྱི་ལེའུ་གསུམ་པ་བརྩམས་སོ། །དེ་ང་པོར་སྟོང་པ་བསམ་བྱས་ཏེ་ཞེས་པ་ལ་སོགས་པས་ནི་ཆོས་ཐམ་ཅད་རང་བཞིན་མེད་པ་གསུང་བའོ། ། ་གཟུགས་སྟོང་ལ་སོགས་དང་པོ་ནས། །ཇི་སྙེད་བཅོ་བརྒྱད་ཡིས་ཀྱི་བར་ཞེས་པ་ནི་ཡིད་ཀྱི་ཁམས་དང། ཆོས་ཀྱི་ཁམས་དང། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སོ་དེ་ལྟར་མིག་ལ་སོཌ་པ་རྣམས་ལ་ཡང་སྦྱར་བར་བྱའོ། །གཟུགས་ཀྱི་ཁམས་ཉིད་སྡོད་པ་ཞུས ་པ་ནི་གཟུགས་ནི་རང་བཞིན་གྱིས་སྟོང་པ་ཉིད་ཞེས་པའི་དོན་ཏོ། །དེ་ཞིན་བཞི་སྤྲ་ཡང་ཞེས་པ་ནི་སྒྲ་ལ་སོགས་པ་རྣམས་ཡང་ཤེས་པར་བྱའོ་ཞེས་ཇི་སྙེད་པའོ། །ཡིད་ནི་ནམ་ཁར་ཐིམ་བསམ་ན་ཞེས་པ་ནི། ཡིད་ནི་ནམ་ཁའའདྲ་བར་བསྒོམ་པར་བྱའོ། ཞེས་བྱ་བའི་དོན་ཏེ། ་གསུངས་པ་ནམ་མཁའ་ཨི་དབུས་བདག་མེད་ཅིང། བདག་དབུས་ལ་ཡང་ནམ་མཁའ་བགྱིས། དེ་གཉིས་དབྱེར་མེད་ཤེས་པ་ནི། གང་གིས་མཐོང་བདེ་གྲོལ་ལོ། །ཁམས་གསུམ་ཞེས་པ་ནི་འདོད་པ་དང། གཟུགས་དང། གཟུགས་མེད་པ་རྣམས་སོ། །དེ་ཡི་དབུས་སུ་མཐོང་བ་ནི་ཞེས་པ་ནི། དེ་ལ ་དེའི་ཞེས་པ་ནི་སྟོང་པ་ཉིད་ཅེས་པའོ། །དེ་ལ་ཡོངས་སུ་བརྟག་པའི་རྟགས་པའི་རྒྱུ་ཞེས་པ་ནི། འདོད་པ་དང་མི་འདོད་པ་གསུངས་པའི་མཚན་མ་ཡོངས་སུ་བརྟག་པར་བྱའོ། །ཞེས་པའི་དོན་ཏོ། །འབར་བ་ཡིས་ནི་ཞི་བ་དང། ཞེས་པ་ལ་སོགས་པས་ནི། ཞི་བ་ལ ་གསུངས་པའི་མཚན་མ་གསུངས་སོ། །ཚག་ཚིག་ཁྲིགས་པས་རྒྱས་པ་སྟེ་ཞེས་པ་ནི་དེ་ལ་ཚག་ཚིག་ཞེས་པ་ནི་རྡུལ་ཕྲ་རབ་པོ། །ཕྱིན་སྦྱོར་བ་འབྱུང་བ་ནི། མྱུ་གུ་ལ་སོགས་པའི་སེམས་ཤེས་པ་ལ་སོགས་པས་ནི། མཚན་མའི་འབྲས་བུ་ལ་ལོང་སྤྱོད་པ་གསུངས་སོ། །ཤེས ་བྱའི་འགྲོ་བ་བརྟག་པར་བྱ་ཞེས་པ་ནི། བླ་མའི་མན་ངག་ལས་ཤེས་པར་བྱའོ། །རབ་ཏུ་བྱེད་པ་འདི་ལ་དེ་བཞིན་ཉིད་ཁོ་ན་གསལ་བར་བྱེད་འདོད་པས་གསུངས་པ། ཕ་དང་མ་ནི་གསད་པ་དང་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཕ་ནི་གཏི་མུག་མ་ནི་སྲེད་པའོ། །གྱལ་པོ་ནི་ང་རྒྱལ ་ལོ། བྲམ་ཟེ་གཙང་སྦྲ་ཅན་ནི་རྣ་པའི་དབང་པོ་ལ་སོགས་པའོ། །ཡུལ་ཕྱོགས་ནི་ཕུང་པོ་ལྔའོ། །རྒྱུ་བ་ནི་རྣམ་པར་རྟོག་པའི་རྣམ་པར་ཤེས་པའོ། །བསད་པ་ནི་ཤེས་རབ་ཀྱི་རལ་གྲི་ཁོ་ནས་དེ་དག་བསད་པར་བྱའོ་ཞེས་ཇི་སྙེད་པའོ། །དེ་དག་ནི་དཔལ་ལྡན་གདན་བཞི་པ་ལས་བདག་གི་གདན་ལེའུ ་གསུམ་པའི་རྣམ་པར་བཤད་པ་རྫོགས་སོ།། །།དེ་ལྟར་དེ་བཞིན་ཉིད་ཆེར་དམིགས་པའི་རྣལ་འབྱོར་པའི་ལྷའི་ང་རྒྱལ་མེད་པར་ལས་ཀྱི་དངོས་གྲུབ་མི་འགྱུར་བས་ལྷའི་སྦྱོར་བ་དང། རྨུག་པ་དང་གསོད་བ་ལ་སོཌ་པའི་ལས་བརྗོད་འདོད་པས། གསུངས་པ་ཉོན་ཅིག་ཇི ་ལྟར་དེ་ཉིད་ལཾ་ཞེས་པ་ལ་སོཌ་པས་ནི། ལེའུ་བཞི་བ་བརྩམས་སོ། །གཉིས་དང་གཉིས་མིན་རབ་སྤངས་པ་ཞེས་པ་ནི་གཅིག་དང་དུ་མ་ཉིད་སྤངས་པ་ཉིད་སྤངས་པ་ཉིད་དོ་ཞེས་མངོ་ནོ། །ཆུ་བོའི་སྒྲ་ཡིས་ཞེས་པ་ནི་ཆཌ་པ་ལ་སོཊ་པའོ། །འཁོར་བའི་རྒྱ་མཚོ་ལ་བྱིང་བ་རྣམས་དྲང་བའི་ཐབས་གསུངས་པ། མཚན ་བྱ་མཆོན་པའི་མཚན་ཉིད་ཅན་ཞེས་པ་ནི། མཚན་བྱ་ནི་གང་ཟག་གོ། མཚོན་པ་ནི་ཐབས་སོ། །མཚན་ཉིད་ནི་མངོན་པར་མཚན་ཞེས་པའི་དོན་ཏོ། །རྣམ་ཤེས་ཡེ་ཤེས་ཀྱིས་བསམ་བྱ་ཞེས་པ་ནི་དེ་ལ་རྣམ་པར་ཤེས་པ་ལ་ཡེ་ཤེས ་བཞག་ནས་གསུངས་པའི་མཚོན་བྱའི་ཡེ་ཤེས་མཚོན་པས་སེམས་ལ་ལས་འདུ་བའོ། །དེ་ལྟར་འཕགས་པ་ལང་ཀར་གཤེགས་པ་ལས་གསུངས་ཏེ། ལས་ནི་སེམས་ཀྱིས་འདུ་བར་བྱེད། ཡེ་ཤེས་སྐྱི་ནི་རྣམ་པར་རྟོག། རྣམ་ཤེས་ཀྱིས་ནི་རྣམ་པར་ཤེས ་ཞེས་པའོ། །དཀྱིལ་དུ་བྱིང་བའི་ལུས་ཅན་རྣམས། །གྲོལ་བ་མཚན་མ་ཞེས་བྱའོ་ཞེས་པ་ནི། གོང་མའི་ཐབས་ཀྱིས་གྲོལ་བར་བྱའོ་ཞེས་པའི་ཐ་ཚིག་གོ། དེ་ཁོ་ན་གསལ་བར་བྱེད་འདོད་པས་གསུངས་པ། ཡེ་ཤེས་ཀྱིས་ནི་ཤེས་བྱ་བརྟག། ཤེས ་བྱའི་འགྲོ་བ་བརྟག་པར་བྱ། །ཞེས་པ་ལ་སོགས་པའོ། །ཚེ་རབ་ལྔ་པས་རྟོགས་ཆུབ་པ། །རྣལ་འབྱོར་པ་ནི་གཏོང་ལ་དགའ་ཞེས་པ་ནི། དེ་ལ་ཚེ་རབས་ལྔ་པ་རྟོགས་ཆུབ་པ་ཞེས་པ་ནི། དེ་བཞིན་གཤེགས་པའི་ལམ་གསུངས་སོ། །བསམ་པ་ནི་འདི་ལྟ་སྟེ། ་རྣལ་འབྱོར་པ་སྟོང་ཕྲག་བརྒྱའི་ནང་ན་འགའ་ཞིག་ཀྱང་འགྲོ་བ་འམ་མི་འགྲོ་ཞེས་པ་ཇི་སྙེད་པའོ། །སྟོང་པ་ཉིད་བསྒོམ་པ་ཡིས་འདོད་ཆགས་ལ་སོགས་པ་མེད་པར་བྱས་པའི་ལུས་ཀྱི་འོག་ནས་འབྱུང་བའི་ས་བོན་གདབ་པར་བྱའོ་ཞེས་གསུངས་པ། ་སྟོང་པའི་ཞིང་ལ་སོགས་ལུས་ལ། བློ་དང་ལྡན་པས་ས་བོན་བཏབ་ཅེས་པའོ། །དེ་ཁོ་ན་རྒྱས་པར་བྱེད་འདོད་པས་གསུངས་པ། དཔེར་ན་གདོལ་བའི་ཁང་པ་མེས་བསྲེགས་ནས་ཞེས་པ་ལ་སོགས་པ་སྟེ་དེ་ལ་ལྷ་ལ་སོགས་པའི་ཆེ་རུ་གནས་བྱས་ལ ་ཞེས་པ་ནི། ཆེ་རུ་ཞེས་པ་མང་པར་བྱའོ། །དོན་ནི་འདི་ལྟ་སྟེ། ཇི་ལྟར་གདོལ་བའི་ཁྱིམ་བསྲེགས་ནས་མཆོག་ལྷ་ལ་སོགས་པའི་ཁྱིམ་བྱས་པ་བཞིན་དུ། དེ་ལྟར་འདོད་ཆགས་ལ་སོགས་པས་བྱིན་གྱིས་བརླབས་པའི་ལུས་ཡེ་ཤེས་ཀྱི་མེས་བསྲེགས ་ཉེ། སེམས་ཅན་གྱི་དོན་རྒྱུར་གྱུར་བའི་སྙིང་རྗེ་ཞེས་བྱིན་གྱིས་བརླབ་པའི་ལུས་བསྐྱེད་པར་བྱ་བའི་དོན་ཁོ་ནས་ཆོས་ཀྱི་དབྱིངས་ཀྱི་ས་བོན་བཏབ་པར་བྱའོ་ཞེས་པའོ། །དགེ་དང་རིགས་ཅན་མཁས་པ་ཀུན་ཏུ་གནས་ཞེས་པ་ནི་དེ་ལ་དགེ་དང་རིགས་ཅན་ཞེས་པ་ནི་སྙིང་རྗེ་ཅན་རྣམས ་སོན་མཁས་པ་ཞེས་པ་ནི་རྣལ་འབྱོར་པའོ། །དེ་ལ་རྣལ་འབྱོར་པས་སྙིང་རྗེ་ལ་སོགས་པ་བསྐྱེད་པར་བྱའོ་ཞེས་མངོན་ཏོ། །དགོད་བྱ་ཡེ་རྣམས་དགོད་པ་ཞེས་པ་ལ་སོཌ་པས་ནི་ས་བོན་རྣམ་པར་བཀོད་པར་བྱའོ་བར་གསུངས་པ། སྤྱི་བོར་མེ་ནི་བརྟག་བྱ་སྟེ་ཞེས་པ་ནི་སྤྱི་གཙུག་ན ་ཡི་གེ་ཀྵུཾ་བཀོད་པའོ། །ས་གཉིས་དག་གིས་ས་བོན་གྱིས། མིག་ཏུ་དེ་ཡིས་སྦྱོར་བར་བྱ་ཞེས་པ་ནི་ཡི་གེ་ཧཱུཾ་མིག་གཉིས་ལ་བཀོད་པའོ། །སྟོང་པ་རླུང་གི་ས་བོན་གྱིས། །སྣ་དང་རྣ་བདག་ལ་བསམ་ཞེས་པ་ནི་རྣ་བ་དང་སྣ་གཉིས་ལ་ཡི་གེ་ཡུམ་བསམ་པར་བྱའོ། ། ་ཞེས་བྱའོ་བདུད་རྩི་ཆུ་ཡི་ས་བོན་གྱིས། ལྕེ་ཡི་དབང་པོ་དབང་ཕྱུག་གཙོ་ཞེས་པ་ནི། ལྕེ་ལ་ཡི་གེ་ཧཱུཾ་དཀོད་པའོ། །གང་དག་ཞེས་པ་ནི་སྨྲཾ་ལ་སོགས་པ་སྟེ། དེ་དག་ཁོ་ན་ནི་བརྩེགས་པའི་གཟུགས་ཀྱིས་གཟུང་བར་བྱའོ་ཞེས་པ་ཇི་སྙེད་པའོ། །གནས་བཞི་དག་ཏུ་སྦྱར ་བར་བྱ་ཞེས་པ་ནི་མགྲིན་པ་ལ་སྨྲཡུཾ། དཔུང་པ་གཉིས་ལ་ཧམྲཡུཾ་ཐོང་ཀ་ལ་ཡམྲཡུཾ། ལྟེ་བ་ལ་ཀྵྨརྱུཾ་ངོ། ཡན་ལག་བརྒྱད་ལ་བཀོད་པར་བྱ་ཞེས་པ་ཡུ་ནི་དེ་ལྟ་བུ་ཡི་རྣམ་པས་སོ། །ས་བོན་དང་ལྡན་ལུས་ཀྱི་ནི་ཞེས་པ་ནི། དེ་དག་གི་ས་བོན་རྣམ་པར་བཀོད་པའོ། །བདག་ཉིད་ཡཻས ་མཁའ་གྲོ་མ་ཞེས་པ་ནི་ཡེས་ཀྱི་མཁ་འགྲོ་མའི་ཡུ་རང་བཞིན་བདག་ཉིད། བསྒོམ། པར་བྱའོ། ཨཱ་ལི་ཀཱ་ལི་རབ་སྦྱོར་པ་ཞེས་པ་ནི། དེ་ལ་ཨ་ལི་ནི་ཡི་གེ་ཨ་ལ་སོགས་པའོ། །ཀཱ་ལི་ནི་ཡི་གེ་ཀ་ལ་སོགས་པའོ། །སྨིན་མར་ཐིགས་པ་གནས་དག་ཏུ་ཞེས་པ་ནི། དེ་ལ་ཐིག ་ལེའི་གནས་ནི་ཡི་གེ་ཧཱུཾ་སྟེ། སྨིན་མའི་བར་དུ་བསྒོམ་མོ་ཞེས་པའི་དོན་ཏོ། །སངས་རྒྱས་ལྔ་ཡིས་མངོན་པར་བརྒྱན་ཞེས་པ་ནི་དེ་ཁོ་ནའོ། །དེ་ཁོ་ནའི་ངོ་བོ་བཤད་འདོད་པས་གསུངས་པ། མེ་དང་རླུང་གྱི་བདུན་དོན་ལ་ཞེས་པ་ནི། དེ་ལ་མེ་ནི་ཡི་གེ་རའོ། །རླུང་ནི་ཡི་གེ ་ཡའོ། །དེ་གཉིས་གཅིག་ཏུ་གྱུར་པ་ནི་མེ་དང་རླུང་ཞེས་སོ། །དེ་ལས་བདུན་པའི་དོན་ནི་ཡི་གེ་ཧའོ། །རྡོ་རྗེ་ས་བོན་ནི་ཞབས་སྐྱེད་ཨུ་སྟེ། འགུག་པ་ཕྱིན་ཕྱོགས་རྡོ་རྗེའི་ཕྱག་ཅེས་པའི་ལུང་གི་ཕྱིར་རོ། །ཐིག་དང་འདྲེན་ལས་ཡང་དག་ལྡན་ཞེས་པ ་ནི། ཟླ་ཚེས་ཀྱི་ཚུལ་གྱི་དཀྱིལ་ན་ཐིག་ལེའི་རི་མོས་ཡང་དག་བཞོན་པ་ཞེས་སྟེང་ན་བཀོད་པའོ། །བདུད་རྩིའི་ཆར་རྒྱུན་བཤད་པ་ཡིན་ཞེས་པ་ནི་བདུད་རྩི་འཛག་པའི་རང་བཞིན་ཉིད་ཀྱི་ཕྱིར་རོ། །ལས་བརྒྱད་ལ་སོགས་སྔོན་དུ་ནི་ཞེས་པ་ནི་དེ་ལ་ལས་བརྒྱད་ནི ་ཞི་བ་དང། རྒྱས་པ་དང། དབང་དང། མངོན་སྤྱོད་དང། དགང་བ་དང། རྨུགས་པ་དང་བསྐུལ་བ་དང། དབབ་པ་ལ་སོགས་གཟུང་བར་བྱའོ། །སོགས་པའི་སྒྲ་ཡིས་ཀྱང་རལ་གྲི་དང། ས་འོག་དང། རོ་ལངས་དང། མི་སྣང་བར་བྱ་བའི་མིག་སྨན་དང། གི་ཝཾ་བསྒྲུབ་པའི ་དོན་དང། སྐར་མ་དང། བརྩག་དང་སྣམ་བུ་དང། གཞན་ཡང་བའི་འདོད་པ་རྣམས་སོ། །སྔོན་དུ་བསྙེན་པ་ལ་སོགས་བྱ་ཞེས་པ་ནི་སྔོན་དུ་བསྙེན་པ་ཞེས་པ་ནི་བཟླས་པ་དང་བསྒོམ་པའོ། །འདིར་ཡང་སོགས་པའི་སྒྲ་ནི་བརྟུལ་ཞུགས་པ་དང་དམ་བཅས་པ་དང ་ཟས་སྤགས་པ་ལ་སོགས་པ་རྣམས་སོ། །ཉོན་ཅིག་རྡོ་རྗེ་དེ་ཁོ་ན་ཞེས་པ་ལ་སོགས་པས་ནི་སྡིགས་སྤས་ཕྱུང་བ་གསུངས་སོ། །དང་པོ་རྡོ་རྗེ་ངག་དང་ནི་ཞེས་པ་ནི། དེ་ལ་རྡོ་རྗེ་ངག་ནི་བཛྲའི་སྒྲའོ། །དང་པོའི་སྒྲ་ནི་གང་མའི་ཚིག་གོ་།སྡེ་ཚན་གོང་མའི་ཡི་གེ ་དང་ཞེས་པ་ནི་ཡི་གེ་ཀའོ། །ཇི་ལྟར་སྡེ་ཚན་བཞི་པའི་ཞེས་པ་ནི། ཀའི་སྡེ་ཚན་དང་པོར་གཟུང་ནས་སྡེ་ཚན་བཞི་པ་ནི་ཏའི་སྡེ་ཚན་ནོ། །དང་པོའི་ཡི་གེ་ཞེས་པ་ནི། ཡི་གེ་ཏ་གཟུང་བར་བྱའོ་ཞེས་སོ། །གཉིས་འགྱུར་ར་ཡིག་སྟེང་དུ་དང་ཞེས་པ་ནི་དེ་ལ་གཉིས ་འགྱུར་ནི་ཡི་གེ་ཏ་དེ་ཁོ་ན་གཉིས་བརྩེགས་པའོ། །ར་ཡིག་སྟེང་དུ་དང་ཞེས་པ་ནི་ཡི་གེ་ཏེ་དེ་ཁོ་ནའི་མགོ་ན་ཡི་གེ་ར་བྱིན་པའོ། །ི་ཞེས་པ་དང་ར་ཡིག་སྦྱར་ཞེས་པ་ནི་གུ་གུ་དང་ལྡན་པའི་ཕྱིར་རོ། །ཇི་ལྟར་སྡེ་ཚན་གཉིས་པ་ཡི། །ཡི་གེ་གཉིས་བཟུང ་ཐིགས་པ་ལ། ཞེས་པ་ནི་སྟེང་ན་ཐིག་ལེ་ཅན་ཡི་གེ་ཚའོ། །ལྕགས་ཀྱུ་ཡིས་ནི་བརྩེ་བྱས་ཏེ་ཞེས་པ་ནི། ཚ་ཁོ་ན་ལ་གུ་གུ་ཨི་སྦྱིན་པར་བྱའོ་ཞེས་པའི་དོན་ཏོ། །བཞི་པའི་ཡི་གེ་གསུམ་པའི་ཞེས་པ་ནི་ཡི་གེ་དའོ། །གཉིས་ཀ་གཉིས་བུན་བསྒྱུར་བར་བྱ་ཞེས ་པ་ནི། ཚིན་དང་དེ་གཉིས་ལན་གཉིས་བརྗོད་པར་བྱའོ། །ལྔ་པ་དག་ནི་སྦྱིན་པ་དང་ཞེས་པ་ནི། ལྔ་པ་ཅན་ཡི་གེ་ཧཱུཾ་གིས་སྦྱོར་བར་ལྡན་པར་བྱའོ་ཞེས་ཇི་སྙེད་པའོ། །གོང་དུ་ཕྱག་འཚལ་ཡི་གེ་དང་ཞེས་པ་ནི། ས་དང་པོར་ཡི་གེ་ཨོཾ་བཀོད་པར་བྱའོ་ཞེས་མངོན ་ཏོ། ཡི་གེ་དྲག་པོ་ཐ་མར་བཞག་ཅེས་པ་ནི་མཇུག་དུ་ཡི་གེ་ཕཊ་བཀོད་པར་བྱའོ་བཀོད་པའོ། །དེ་ལྟར་སྦྱོར་བ་ནི། ཨོཾ་བཛྲ་ཀརྟ་རི་ཙྪིནད་ཙྪྣད་ཧཱུཾ་ཕཊ་ཞེས་པའོ། །ལག་པ་གཉིས་ག་བསྡམ་བྱ་ཞིང་ཞེས་པ་ནི། རྡོ་རྗེ་བཅིང་བ་བཅིངས་ནས། དེ་ཉིད་ཁ་ལ་སྦྱར ་བྱས་ཏེ་ཞེས་པ་ནི་ཁའི་དྲུང་ཁོ་ནར་བཞག་པར་བྱའོ་ཞེས་པའོ། །ཁྲོ་བོ་དབུ་མ་རྐྱང་པའོ་ཞེས་པ་ནི་མཛུབ་མེ་དང་གུང་མོ་བརྐྱང་བའོ། །གཉིས་ཀ་རེག་ཅིང་རེག་པར་བྱ་ཞེས་པ་ནི། ཆན་པའི་ཚུལ་དུ་ལན་དུ་མ་རུ་གཅོད་པར་བྱའོ་ཞེས་པའོ། །དེ ་ནས་ཆར་གཅོད་བཤད་པར་བྱ་ཞེས་པ་ལ་སོགས་པ་ནི་ཆར་པ་ལ་སོགས་པ་གཅོད་པ་གསུངས་སོ། །དེ་ལ་ཡང་སྔགས་སྦས་ཕྱུང་བ་སྟེ། ཇི་ལྟར་སྡེ་ཚན་ཐ་མ་ཡི། །ཡི་གེ་གསུམ་པ་གཟུང་བྱ་སྟེ། །ཞེས་པ་ནི་ཡི་གེ་པའོ། །དེ་ལྟར་སྡེ་ཚན་གསུམ ་པ་ཡི། །དེ་བཞིན་ཡི་གེ་གསུམ་པ་ལ། ཞེས་པ་ནི་ཡི་གེ་ཌའོ། །གོང་གི་ས་བོན་གསུམ་གྱི་ཆ། །ཡི་གེ་ཨེ་དང་ལྡན་པར་བྱ་ཞེས་པ་ནི། གོང་མའི་ཡི་གེ་བ་ལ་ཨེ་དང་ལྡན་པའི་འགྲེང་བུ་བྱའོ། །གང་ཞིག་ལྔ་པའི་དང་པོ་ལ། །ལྕགས་ཀྱུ་ཡིས ་ནི་བརྩེ་བྱས་ཏེ། ཞེས་པ་ནི། ཡི་གེ་ཨི་གུ་གུ་དང་ལྡན་པའི་ཡི་གེ་བའོ། །གསུམ་པའི་ཆུ་ཡི་ས་བོན་དང། ཚེག་དྲག་པ་ཡི་བར་དག་ཏུ་ཞེས་པ་ནི། ཡི་གེ་བ་ལ་གྲོ་ཐིག་ལེ་བཞག་པའོ། །རྡོ་རྗེ་ས་བོན་ཐ་མ་ཡི་ཞེས་པ་ནི་རྡོ་རྗེ་མཁའ་འགྲོ་མའི་ས་བོན ་ཡི་གེ་ས་སྟེ། དེའི་མཛའ་མ་ཡི་གེ་ཧ་ལ་ཤེས་པར་བྱའོ། །ར་ཡག་ལྕགས་ཀྱུ་ཞགས་པ་དང་ཞེས་པ་ནི། ཡི་གེ་ཧ་དེའི་འོག་ན་ཡི་གེ་ར་བཏགས། མགོ་ན་ཨི་གུ་གུས་གློ་ན་ཕྱིན་ཕྱོགས་སུ་འདྲེན་པའོ། །འཇོམས་པའི་ཡི་གེ ་མཐར་བཞག་སྟེ་ཞེས་པ་ནི། འཇུག་ཏུ་ཡི་གེ་ཕཊ་དགོང་པར་བྱའོ། །ཕྱག་འཚལ་གོང་དུ་བཞག་བྱ་སྟེ་ཞེས་པ་ནི་གོང་དུ་ཡི་གེ་ཨོཾ་བཀོད་པར་བྱའོ་ཞེས་པའོ། །དེ་དག་སྦྱོར་བ་ནི། ཨོཾ་བ་ཌ་པེ་བི(རྒྱུད་འགྲེལ་ལྟ་སྟེ། འཕགས་པ་རྟ་མཆོག་གི་ང་རྒྱལ་རྣལ་འབྱོར་པས་བརྩམ་པར་བྱའོ། །རྒྱུད་གཞན་གྱི་བི་བཱ་བི་བཱ་ཞེས་ལན་གཉིས་ཤེས་པར་བྱའོ། །ལག་གཉིས་ཐལ་མོ་སྦྱར་བྱས་ཏེ་ཞེས་པ་ནི། ལག་པ་གཉིས་རྡོ་རྗེ་ཐལ་མོ་བྱས་པའོ། །སྲིན་ལག་གཞན་དང ་གཞན་དུ་བྱ། །ཁྲོ་བོ་ཡིས་ནི་ཀུན་མནོན་ཏེ་ཞེས་པའོ། །སྲིན་ལག་གཉིས་ཀྱིས་ཞེས་པ་ནི། །སྲིན་ལག་ལ་གཉིས་ཀྱིས་གུང་མ་གཉིས་ཆོ་རོལ་ཏུ་དཀྲི་བར་བྱའོ་ཞེས་པའོ། །དེ་ཉིད་དུ་ནི་མཐེ་བོ་སྦྱོར། །རྟ་རྒོད་མ་ཡི་ཕྱག་རྒྱའོ། །ཞེས་པ་ནི་གུང་མོ ་གཉིས་དང་མཐེ་བོ་གཉིས་ཀ་སྦྱར་བ་བྱས་པ་ཡིས། །རྟ་རྒོད་མའི་ཁའི་ཕྱག་རྒྱ་ཡིན་ནོ། །འབར་བའི་ཕྲེང་བ་མཉམ་པའི་འོད། །ཕྱོགས་བཅུའི་གནས་སུ་འབར་བྱེད་པ། །སྤྲིན་ལྷ་སོགས་པ་བསྲེག་པར་འགྱུར། ཞེས་པ་ནི་འོད་ཟེར་ཕྲེང་བ་ལང་ལོང ་གི་འོད་ཀྱིས་དཔལ་རྟ་མཆོག་གི་ང་རྒྱལ་གྱིས་ཕྱོགས་བཅུ་ན་གནས་པའི་སྤྲིན་གྱི་ལྷ་རྣམས་ཟོས་པ་མཐོང་བར་བྱའོ་ཞེས་པའོ། །རྡོ་རྗེ་སློབ་དཔོན་དགེ་བའི་གོ་ཆས་མཛད་པ་དཔལ་ལྡན་གདན་བཞི་པ་རྣམ་པར་བཤད་པ་ལས། བདག་གིས་གདན ་རྫོགས་སོ།། །།ད་ནི་གཟུགས་བརྙན་རྣམས་བསྐྱེན་པ་དང། ཞི་བ་ལ་སོགས་པའི་སྦྱིན་སྲེག་དང། གཏོར་མའི་ངོ་བོ་ཉིད་དང། སློབ་མ་ཡོངས་སུ་གཟུང་བ་ཇི་ལྟར་ཡིན། ཤེས་འདོད་པས་ཕྱག་ན་རྡོ་རྗེས་ཞུས་པ། གཟུགས་དང་ནི་ཅི ་འདྲ་དང་ཞེས་པ་ལ་སོགས་པས། གཞན་གྱིས་གདན་བརྩམས་པ་ལ་ཆེར་གནས་སོ། །ཧོཾ་ཁུང་གི་རིམ་པར་ཕྱེ་བ་ལ། ཁྲུ་གང་ཙམ་ལས་བརྩམས་ནས་སུ། །ཅི་སྙེད་ཁྲུ་སྟོང་བར་དུའོ་ཞེས་པའོ། །ལས་ཀྱི་རིམ་པ་ཡིས་སོར་བརྒྱད་ནས་བརྩམས་ནས། ་ཇི་སྙེད་སོར་ཉི་ཤུའི་བར་དུ་འཕེལ་བར་བྱའོ། །འདི་ལ་མུ་ཁྱུད་ཞེས་པ་ནི་ཧོཾ་ཁུང་གི་སྤྱི་ལ་ཞེས་པའོ། །ཚད་གྱི་ཆ་ནི་གསུམ་ལས་ནི། །ཆ་གཉིས་སུ་ནི་བརྐོ་བར་བྱ་ཞེས་པ་ནི། ཇི་ལྟར་གསུངས་པའི་ཧོཾ་ཁུང་གི་ཚད་གསུམ་དུ་བྱ་སྟེ། ཆ་གཉིས་སུ་འོག་བརྐོ ་བར་བྱའོ། །བརྐོས་པ་ལས་ཀྱང་བརྒྱད་ཀྱི་ཆ། །ཁུང་གི་ཁ་རན་དུ་ཡང་བྱ་ཞེས་པ་ནི་ཧོཾ་ཁུང་བརྐོ་བའི་ཚད་ཆ་བརྒྱད་དུ་བྱས་ཏེ། ཆ་གཅིག་གི་ཚད་ནི་ཧོཾ་ཁུང་གི་ཁ་རན་བྱའོ་ཞེས་པའོ། །ཁ་རན་ལས་ཀྱང་ཕྱེད་ཀྱི་ཆར། །ཕྱི་རོལ་ཏུ་ཡང་མུ་ཁྱུད་བྱ་ཞེས་པ ་ནི་ཁ་རན་གྱི་ཕྱེད་ཀྱི་ཆ་ཡིས་ཕྱི་རོལ་དུ་མུ་ཁྱུད་བརྐོ་བར་བྱའོ་ཞེས་པའོ། །མུ་ཁྱུད་བརྒྱད་དུ་ལྡན་བྱས་པའི། །པདྨ་འདབ་མ་བརྒྱད་པ་སྟེ། ཞེས་པ་ནི་མུ་ཁྱུད་འཁོར་བའི་ཚད་ཆ་བརྒྱད་དུ་བསྐྱེད་པ་པདྨའི་འདབ་མའི་ཚད་བྱ་བའོ། །པདྨ་དག་གི་ཕྱི་རོལ་ཏུ། ་སོར་གཅིག་པ་ཡི་ར་བ་བྱ་ཞེས་པ་ནི། པདྨའི་ཕྱི་རོལ་ན་ར་བ་སོར་གཅིག་བྱས་པའོ། །ཁུང་གི་དབུས་སུ་རྡོ་རྗེ་ནི། །པདྨའི་ནང་དུ་བཞག་པར་བྱ་ཞེས་པ་ནི། ཧོཾ་ཁུང་གི་དབུས་སུ་ཇི་ལྟར་མཛེས་པ་དང། པདྨའི་སྟེང་ན་རྡོ་རྗེ་བཀོད་པར་བྱའོ་ཞེས་པའོ། །མུ་ཁྱུང ་གསུམ་ནི་མངོན་སྤྱོད་དེ། ཞེས་པ་མངོན་པར་སྤྱོད་པའི་ལས་ལ་ཧོཾ་ཁུང་ཟུར་གསུམ་མོ། །ཞི་བ་ལ་ནི་གྲུ་བཞི་པ་ཞེས་པ་ནི། ཞི་བའི་ལས་ལ་ཧོཾ་ཁུང་ཟུར་བཞི་བྱས་པའོ། །ཡོངས་སུ་གང་བ་དབང་དུ་ལྡན། །རྒྱས་པ་ལ་ཡང་དེ་བཞིན་ནོ། །ཞེས་པ་ནི་དབང་དང ་རྒྱས་པ་ལ་ཧོཾ་ཁུང་ཟླུམ་པོ་ཟླ་གམ་དག་ནི་བསྐྲད་པ་དང་ཞེས་པ་ནི། བསྐྲད་པ་ལ་སོགས་པའི་ལས་ལ་ཧོཾ་ཁུང་གཞུའི་ཚུལ་ལོ། །ཟུར་བརྒྱད་འགུག་དང་རྨོངས་པའི་ལས་ལ་ཧོཾ་ཁུང་ཟུར་བརྒྱད་པ་ཡིན་ནོ། །གོ་རིམས་རིམ་པར་སྦྱར་བར་བྱ། །ཞི་བརྒྱས་པ ་དབང་ལ་སོགས་པ་ཞེས་པ་ནི། ཇི་ལྟར་གསུངས་པ་དེ་ཁོ་ན་ཞི་ལ་སོགས་པ་རྣམས་བྱ་སྟེ། གཞན་དུ་ནི་མ་ཡིན་ནོ། ཞེས་པའོ་སངས་རྒྱས་ལྔ་ཡི་རྟག་དག་གི། ཇི་ལྟར་ཕྱོགས་དང་ཕྱོགས་སུ་དགོང་ཞེས་པ་ནི། གཡོན་དུ་འཁོར་ནས་རྡོ ་རྗེ་སེམས་མ་ལ་སོགས་པ་ཕྱོགས་ལ་དགོད་པར་བྱ་སྟེ། ཤར་གྱི་ཕྱོགས་ན་སེམས་མ་རྡོ་རྗེ་མའོ། །བྱང་ན་རིན་ཆེན་རྡོ་རྗེ་མའོ། །ནུབ་ན་ཆོས་ཀྱི་རྡོ་རྗེ་མའོ། །ལྷོ་ན་ལས་ཀྱི་རྡོ་རྗེ་མའོ། །ཕྱག་མཚན་དེ་དག་ཁར་ན་ལ་བཞག་པར་བྱའི་གཞན་དུ་མ་ཡིན་ནོ ་ཞེས་གསུངས་པ་གནས་རྣམ་བཞི་ཡི་ཁ་རན་དུ། སངས་རྒྱས་རྟགས་ཀྱིས་མངོན་པར་བརྒྱན་ཞེས་པའོ། །ཟླ་གམ་རྡོ་རྗེ་རབ་མཛེས་རྣམས། །གྲཝ་དང་གྲཝ་རུ་བཞག་པར་བྱ་ཞེས་པ་ནི། ཇི་ལྟར་མཛེས་པར་ཟླ་བ་རྡོ་རྗེས་གྲཝ་དང་གྲཝ་ལ་བཞག་བར་བྱའོ། །ཅི་རིཌ ་སྟན་གྱི་གནས་སུ་ནི། །མཐེ་བོ་བཅུ་གཉིས་ཚད་དག་གིས། །སྐྱེས་བུ་ཕྱེད་དུ་ལྡན་པ་དང། །ཏི་སི་གང་རི་བརྩེགས་ཏེ་དགེ་ཞེས་པ་ནི། རང་གི་སྟན་གྱི་མདུན་དུ་མུ་ཁྱུད་གྱི་བར་ན། ཏི་སི་གངས་རི་བཞག་པར་བྱ་སྟེ་སྐྱེས་བུ་བྱེད་དུ་ཞེས་པ་ནི། སྐྱེས་བུའི ་ཁྲུ་གང་གི་ཚད་དེའི་ཕྱེད་མཐོ་གང་སྟེ། ཡང་མཐེ་བོང་བཅུ་གཉིས་ཀྱི་ཚད་དང་ལྷན་ཅིག་ཏུ་བསྲེགས་མ་ཐག་ཏུ་སོར་ཉི་ཤུ་རྩ་བཞིར་བསྒྱུར་ཏེ། དེའི་ཚད་ཀྱིས་ཏི་སེ་གངས་རིའི་ཚད་ཡིན་ནོ་ཞེས་ཇི་སྙེད་པའོ། འདབ་མ་བརྒྱད་ལ་སོགས་པའི་གནས། ་རིམས་བཞིན་ལྷ་ནི་བཞུགས་སུ་གསོལ་ཞེས་པ་ནི། འདབ་བརྒྱད་ཇི་ལྟར་གོ་རིམས་ཀྱིས་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་བཞག་པར་བྱའོ། །ཚད་ཀྱི་ཚད་མ་ནི་གདོན་མི་ཟ་བར་བྱའོ་ཞེས་གསུངས་པ། རྣལ་འབྱོར་པ་ཡིས་དེ་ཆེད་ཁྱད་པར་དུ་ཡང་སྦྱར ་བར་བྱ་ཞེས་པའོ། །དེ་དག་ནི་དཔལ་ལྡན་གདན་བཞི་པ་འཇིགས་པ་ལས་གདན་ལས་རྣམ་པར་བཤད་པའི་ལེའུ་དང་པོའོ།། །།ཆུའི་སྦྱིན་སོགས་ཇི་ལྟར་ལགས། །ཆུའི་སྦྱིན་སོགས་དེ་ལ་ཡང། །ཞེས་པ་ལ་སོགས་གསུངས་སོ ་པས་ནི། ཆུའི་སྦྱིན་སྲེགས་ལ་སོགས་པ་ཉན་འདོད་པ་ཕྱག་ན་རྡོ་རྗེས་གཞན་གྱི་གདན་ལེའུ་གཉིས་པ་ཡོངས་སུ་ཞུས་སོ། །ཆུའི་སྦྱིན་སརྒཅེས་པ་ནི། ཆུའི་སྦྱིན་སྲེག་པས་ན་ཆུའི་སྲི་སྲེག་གོ། འདི་ལ་སོགས་པའི་སྒྲ་ནི། གཏོར་མ་དང། ཉེ་བར་མཆོད་རྫས་ལ་སོགས ་པ་རྣམས་གཟུང་བར་བྱའོ། །མཚན་ཉིད་ཇི་ལྟར་མཚོན་པར་བགྱི་ཞེས་པ་ནི་ཆུའི་སྦྱིན་སྲེག་གི་ངོ་བོ་ཇི་ལྟར་ཡིན་ཞེས་པའི་དོན་ཏོ། །དབུས་སུ་ཆུའི་སྣོད་ལ་སོགས་ཞེས་པ་ནི་འོག་ནས་གསུངས་པའི་བུམ་པ་བརྒྱད་ལ་གཞན། པདྨའི་ཚུལ་དུ་གསེར་ལ་སོགས་པ ་ལས་བྱས་པའི་ཆུའི་སྣོད་ཅེས་པའོ། །དཀར་པོ་རྫས་ཀྱིས་བསྐུ་བར་བྱ་ཞེས་པ་ནི་དཀར་པོ་དྲི་ཞིམ་པོ་ལ་སོགས་པས་བསྐུ་བར་བྱའོ། །དེ་ནས་ཕྱི་རོལ་གནས་པ་ནི། ཆུའི་ལས་ལ་སོགས་ཞེས་པ་ནི། ཡུད་ཙམ་གྱིས་རྡོ་རྗེ་མཁའ་འགྲོ་མའི་བདག་ཉིད་བསྒོམས་ཏེ། ་ཕྱིན་བདག་གི་དབུགས་ཀྱིས་གོང་ནས་གསུངས་པའི་བཀོད་པའི་རིམ་པས་ཕྱུང་ནས་ཕྱི་རོལ་གྱི་གནས་ལ་ཆུའི་དབུས་སུ་ཡེ་ཤེས་མཁའ་འགྲོ་མ་ལས་ཀྱི་རིམ་པས་སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་དང་ལྡན་པར་བསྐྱེད་ནས་ཞི་བ་ལ་སོགས་པའི་སྦྱིན ་སྲེག་བྱའོ། །སོ་སོར་རྟགས་ནི་བརྟན་པ་ནི། རང་གི་གཟུགས་ཀྱིས་ཁ་དོག་ལྡན། དམ་ཚིག་ཀུན་གྱི་ཕྱག་རྒྱ་ནི། །སྔགས་དང་ཕྱག་རྒྱ་ལ་སོགས་བསྟན་ཞེས་པ་ནི། ཡེ་ཤེས་མཁའ་འགྲོ་མའི་དམ་ཚིག་གི་ཕྱག་རྒྱ་བཞིན་དུ་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་རྣམས ་ལ་སྟོན་པར་བྱའོ་ཞེས་སོ། །སྔགས་པས་རྟག་ཏུ་ཆུ་གཏོར་ན། །བྱད་པར་དག་ནི་རྒྱས་པར་འགྱུར་ཞེས་པ་ནི། མདུན་ན་བསྒོམ་པའི་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱི་དབུ་རྒྱན་གྱི་རྡོ་རྗེ་རྩེ་མོར་ཉིན་རེ་བཞིན་དུ་ཆུ་གཏོར་ནས་ཕུལ་པས་རྒྱས་པ་ཆེན་པའི ་སྐྱེ་བའོ་ཞེས་པའོ། །དེ་དག་ནི་དཔལ་ལྡན་གང་ན་བཞི་པའི་རྣམ་པར་བཤད་པས་ལས་གཞན་གྱི་གདན་གྱི་ལེའུ་གཉིས་པའོ།། །།འདི་ལྟར་བསྒོམ་པའི་རྣལ་འབྱོར་པའི་དཀྱིལ་འཁོར་བྲི་བ་མེད་པར་མཆག་གི་དངོས་གྲུབ་མི་འགྱུར་པས་འཁེར ་པ་ལས་མཚན་ཉིད་དག་།ཉོན་ཅིག་རྒྱལ་པོ་རྡོ་རྗེ་ཆེ། །ཞེས་པ་ལ་སོགས་པས་དཀྱིལ་འཁོར་གྱི་ལེའུ་བརྩམས་མོ། །ཕུང་པོ་ལྔ་ལ་སོགས་པ་རྣམས་རང་བཞིན་མེད་པ་ནི་སྟོང་པ་ཉིད་ཀྱི་ལེའུ་བཤད་ཟིན་པས་ན་འདིར་མ་བཀྲོལ་ལོ། །ཇི་ལྟར ་མཉམ་པར་བལྟ་བ་དང་ཞེས་པ་ལ་སོགས་པ་ནི་གོ་སླའོ། །གཉིས་མེད་ཡེ་ཤེས་མཚན་ཉིད་དག་།ཉོན་ཅིག་རྡོ་རྗེ་དེ་ཁོ་ན། ཞེས་པ་ལ་སོགས་པའི་དངོས་པོ་རྣམ་པར་དག་པ་གསུངས་སོ། །བླ་མེད་ཉིད་དུ་བྱ་བའི་ཕྱིར། །ཐལ་སྦྱར་འདི་གསུམ་བརྗོད་པར་བྱ། ཞེས་པ་ནི་བྱང ་ཆུབ་སེམས་བསྐྱེད་ནས་བླ་ན་མེད་པའི་སངས་རྒྱས་ཀྱི་མཆོད་པ་བྱའོ་ཞེས་པའི་དོན་ཏོ། །ཧཱུཾ་ཞེས་བྱ་བ་ལ་སྦྱོར་བ། ཕྱག་འཚལ་འཛེམས་པ་མཐར་བཞག་སྟེ་ཞེས་པ་ནི། དེ་ལ་ཧཱུཾ་ཞེས་བྱ་བ་རབ་སྦྱོར་བ་ཞེས་པ་ནི། ཕྱག་འཚལ་དང་འཇོམས་པ་གཉིས་ཀྱི་བར་དུ་ཡི་གེ ་ཧཱུཾ་སྦྱོར་བར་བྱའོ་ཞེས་པ་ཇི་སྙེད་པའོ། །དེ་ལྟར་ཟིན་མ་ཐག་ཏུ། ཨོཾ་ཧཱུཾ་ཕཊ་ཅེས་པའི་སྔགས་སུ་འགྱུར་རོ། །སྔགས་དེས་རང་གི་ལག་པ་རྡོ་རྗེར་བསམས་ནས་དེ་བཞིན་གཤེགས་པ་ལྔའི་གནས་སུ་བརྟག་པར་བྱས་ནས་ས་སྦྱང་བར་འགྱུར་རོ་ཞེས་པའོ། །དེ་ནས་ཤིན་ཏུ་དྲི་ཞིམ ་པའི་དྲིས་གྲུ་བཞིའི་དཀྱིལ་འཁོར་བྱས་ཏེ། རྡུལ་ཚོན་ལྔ་ཡིས་པདྨ་འདབ་མ་བརྒྱད་བྲིས་ཏེ། དེའི་དབུས་སུ་དངོས་གྲུབ་ཐམས་ཅད་ཀྱི་བུམ་པ་དང། ཤར་གྱི་འདབ་མ་ལ་ཚོན་སྣ་ལྔའི་ཐིག་ལེ་དང། ལྷོའི་འདབ་མ་ལ་རྡོ་རྗེ་དང། བྱང་གི་འདབ་མ་ལ་དྲིལ་བུ། ནུབ་ཀྱི ་འདབ?་མ་ལ་བདུད་རྩིས་གང་བའི་དུང་ཆེན་པོ་ལ་སོགས་པའི་སྣོད་རྣམས་ཀྱི་དཀྱིལ་འཁོར་བྲིས་ཏེ། སྐུད་པ་དམ་པོས་དེའི་གློར་ཀུན་ཡོངས་སུ་དཀྲིས་ནས་བཞག་པར་བྱའོ། །དེའི་འོག་ཏུ་རྡོ་རྗེ་སློབ་དཔོན་གྱིས་ཡེ་ཤེས་མཁའ་འགྲོ་མའི་ང་རྒྱལ་གྱིས་མེ་ཏོག་དང ་དྲི་དང། སྤོས་མེ་དང། མེ་ཏོག་གི་ཕྲེང་བ་དང། ལྷ་བཤོས་དང། གཏོར་མ་དང། ཉེ་བར་སྤྱོད་པ་ལ་སོགས་པས་མཆོད་པ་རྣམས་བྱའོ། །དེའི་འོག་ཏུ་ཡང་ལག་པ་གཉིས་ཀྱི་རྡོ་རྗེ་ཁུ་ཚུར་བཅིངས་ཏེ། སྣའི་རྩེ་ལ་ཕྱིན་ཅི་ལོག་ནས་བཞག་སྟེ། ཕྱོགས་སུ་བརྐྱང་ནས་བགེཊ ་རྣམས་སྔགས་འདིས་གཞོམ་པར་བྱའོ། །རེ་ཞིག་གང་དང་གང་ཞིག་ཁྱེད་ཅག་བདག་རྣམས་ལྷ་དང། ཀླུ་དང། གནོད་སྦྱིན་དང། དྲི་ཟ་དང། འབྱུང་པོ་དང། འབྱུང་མོ་དང། མཁའ་འགྲོ་མ་ལ་སོགས་པ་རྣམས་སེམས་ཅན་གྱི་དོན་དུ་འདིར་དཀྱིལ་འཁོར་རྩོམ་གྱིས་མྱུར་བ ་ཁོ་ནར་སོང་ཞིག། ཧཱུཾ་ཕཊ་ཕཊ་སྭཱཧཱ་ཞེས་པ་ནི་བགེགས་བསྐྲད་པའི་སྔགས་དང་ཕྱག་རྒྱའོ། །དེ་ནས་སྒེག་མོའི་སྔགས་དང་ཕྱག་རྒྱ་བཅིངས་ནས། ཨོཾ་པྲ་སཱ་དཱ་ཀུ་རུ་པདམེ་ཏི་སུནདྷ་རཱི་ད་ཡ་ཙི་ཏ་ཏཾ་ཧཱུཾ་ཛུཾ་ཛུཾ་ཛུཾ་སྭཱཧཱ། དེ་ནི་སའི་ལྷ་མོ་ལ་གསོལ་བ་གདབ་པའི་སྔགས ་དང་ཕྱག་རྒྱའོ། །དེའི་འོག་ཏུ་རྡོ་རྗེ་དེ་བཞིན་ཉིད་ཀྱིས་གཟུང། །དྲིལ་བུ་ཆོས་ཀྱི་དཀྲོལ་བར་བྱའོ། །དེ་ནས་པདྨའི་དབུས་ན་གནས་པའི་བུམ་པ་ཡེ་ཤེས་མཁའ་འགྲོ་མ་སྐུ་མདོག་དཀར་བ། རྡོ་རྗེ་དང་དྲིལ་བུ་བསྣམས་པ་དམིགས་ཏེ་འོག་ཏུ་མཆོད་པར་བྱའོ། ། ་རྡོ་རྗེ་བཅིང་བ་བཅིངས་ནས་སུ་མཛུབ་མོ་གཉིས་བརྐྱང་སྟེ་བཀུག་ནས་རྩེ་དང་རྩེ་མོར་སྦྱར་ཏེ་སྙིང་གར་བཞག་པར་བྱའོ། །ོཾ་ཨཱ(རྒྱུད་འགྲེལ་དེ་ནས་སངས་རྒྱས་ལྔའི་བདག་ཉིད་ཀྱི་ས་བོན། ཨོཾ་ཧཱུཾ་ཧྲཱི་སྭཱཧཱ། ཞེས་ཚོན་ལྔ་ལ་མངོན་པར་བསྔགས་བཏབ་པར་བྱའོ། །སེང་གེ་མའི་ས་བོན་ཨོཾ་སྨྲཾ་སྭཱཧཱ་ཞེས་པས་རྡུལ་ཚོན་ལྔ་ལ་བཟླ་བར་བྱའོ། །དེ་ནས་འབྱུང་བོའི་གཏོར་མ་བྱིན་ནས་གཟུང་བའི་དོན་དུ་ཇི་སྙེད ་པའི་ཉེ་བར་སྦྱང་པ་ལྔས་མཆོད་པར་བྱ་སྟེ། དཔུང་པ་ལ་སོགས་པ་གཡས་ཀྱི་མཚམས་ལ་བཞག་པར་བྱའོ། །དཀྱིལ་འཁོར་བྲི་བའི་ལས་ལ་ཡུ་སོགས་པ་བཅོལ་བ་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་སྦྱོར་ཏེ། ཡང་དྲི་ཞིམ་པོའི་ཆུས་བསྐུས་ཏེ་ཐིག ་གདབ་པར་བྱའོ། །དེ་དག་ནི་ས་བསྲུང་བའི་ཆོ་གའོ། །དེ་ནས་ཐིག་གདབ་པར་བྱ་བ་ནི། དེ་ལྟར་ཉེ་བར་སྦྱོར་བའི་སྐུད་པ་རྒྱུད་ལྔ་བྱས་ཏེ་ཆོན་ངས་བཙོ་བར་བྱའོ། །དེའི་འོག་ཏུ་དཀྱིལ་འཁོར་གྱི་སའི་དབུས་སུ་ཕྱོགས་མཚམས་བརྒྱད་ལ་ཐིག་ལེ་བྱས་ནས ་ཡེ་ཤེས་མཁའ་འགྲོ་མའི་ང་རྒྱལ་བསྐྱེད་དེ། ཐལ་མོའི་ཕྱག་གཉིས་ཀྱིས་ཚོན་ལྔའི་ཐིག་རྣམས་གཟུང་ནས་མཁའ་འགྲོ་མ་ཡི་ལྔའི་ས་བོན་གྱིས་སྔགས་གདབ་པར་བྱའོ། །སྔགས་ནི་ཨོཾ་ཨ་ཨ་ཨ་ཨོཾ་ཨཱཾ(རྒྱུད་འགྲེལ་གཅིག་ལ་གཟུང་སྟེ། སློབ་མ་སྣ་ཕར་སྣ་གཟུང་ནས་ཐིག་གདབ་པར་བྱའོ། །དེ་ལ་རིམ་པ་འདི་ལྟ་སྟེ། བདེན་བྲལ་གྱི་མཚམས་ན་སློབ་དཔོན་བཞུགས་ལ་སློབ་མ་དབང་ལྡན་གྱི་མཚམས་ན་གནས་པར་བྱའོ། །ཡང་སློབ་དཔོན་གཡས་སུ་བསྐོར་ནས་འོང་བ་རླུང་གི ་མཚམས་ན་བཞུགས་ན། དེ་ཁོ་ན་བཞིན་སློབ་མས་མེའི་མཚམས་སུའོ། །སློབ་དཔོན་ནུབ་ཕྱོགས་སུ་གནས་ན་སློབ་མ་ཤར་ཕྱོགས་སུའོ། །དེ་ནས་སློབ་དཔོན་ལྷོ་ཕྱོགས་སུ་གནས་ན་སློབ་མ་ཡང་དེ་ཁོ་ན་བཞིན་དུ་བྱང་ཕྱོགས་སུའོ། །ཕྱི་མ་ཕྱོགས་ཀྱི་ཐིག་གདབ་པར ་བྱའོ། དེ་ནས་དཀྱིལ་འཁོར་གྲུ་བཞི་པ་ཆ་ལྔ་བྱ་སྟེ།། །།དབུས་ཀྱི་རེའུ་མིག་ནས་རེའུ་མིག་གསུམ་གྱི་ཕྱེད་ཆ་ཡིས་བཀྲི་བར་བྱའོ། །དཀྱིལ་འཁོར་སྙིང་པོ་རེའུ་མིག་དགུ་བ་ལ་རྡོ་རྗེ་ཀ་བས་བརྒྱན་པར་བྱའོ། །གྲཝ་དང་གྲཝ ་ཐམས་ཅད་ལ་རྡོ་རྗེ་རྒྱ་གྲམ་ཁོ་ནས་བརྒྱན་པར་བྱའོ། །འཁོར་རྣམས་ཀྱི་ཆ་ཡིས་སྒོ་རྣམས་ཏེ་གྲཝ་བཞིའོ། །དེའི་ཕྱེད་ཀྱི་ཆ་དེ་ཁོ་ནས་བྲང་ངོ། །བྲང་གི་ཕྱེད་ཀྱིས་མུ་ཁྱུད་དོ། །མུ་ཁྱུད་ཀྱི་ཕྱེད་ཀྱིས་ཚོན་ལྔའི་སའོ། །ནང་གི་ཤར་དང། བྱང་དང། ནུབ་དང། ལྷོའི་རེའུ ་མིག་ལ་དཀར་པོ་དང། སེར་པོ་དང། དམར་པོ་དང། ལྗང་གུ་རྣམས་རྡུལ་ཚོན་གདབ་པར་བྱའོ། །དབུས་སུ་ནི་སྔོན་པོ་རྡོ་རྗེ་ཕྲེང་བའི་ཕྱི་རོལ་ཏུ་ཕྱིའི་རྣལ་འབྱོར་མའི་གདན་ལ་དམར་པོ་ཆེན་བོའི་མདོག་གོ་།ལྷ་མོ་པུཀྐ་ས་ལ་སོགས་པའི་ཕྱི་རོལ་ཏུ་ར་བ་ལྔས་བསྐོར་བར ་བྱའོ། །དེའི་ཕྱི་རོལ་གྱི་ཚོན་ནག་པོའི་གནས་ནམ་མཁའ་སྔོན་པོ་བཞིན་ནོ། །ལྷའི་སྣམ་བུ་ལ་ནི་གསེར་བཙོ་མའི་མདོག་གདབ་པར་བྱའོ། །ཕྱི་རོལ་ན་ཏྭ་ར་ན་བཞི་དང་བཅས་པའོ། །དེ་ལྟར་གསུངས་པ་གྲུ་བཞི་དང་ནི་སྒོ་བཞི་དང། ཏྭ་ར་ན་བཞིས་བརྒྱན་པ་སྟེ། དྲིལ་བུ ་དྲ་འཕྱད་འབར་བ་ཕྲེང། །དྲ་བ་དྲ་ཕྱེད་ལ་སོགས་དཀྲིས། །གྲཝ་ཡི་ཆ་ནི་ཐམས་ཅད་དང། །སྒྲོ་ཡི་ཁྱམས་དང་མཚམས་དག་ལ། །རྡོ་རྗེ་རིན་ཆེན་བཀོད་པ་ནི། །ཕྱི་ཡི་དཀྱིལ་འཁོར་བརྟག་པ་ཡིན་ཞེས་སོ། །སྒོ་བཞི་གློ་རུ་བུམ་པའི་སྟེང་ན། ཤར་དང་བྱང་དང། ནུབ ་དང། ལྷོ་རུ། རྡུལ་ཚོན་གྱིས་སེང་གེ་དང། རྨ་བྱ་དང་དང་པ་དང། ཆུ་སྲིན་གྱིས་མཚོན་པའི་རྒྱལ་མཚན་བཀོད་པའོ། །དེ་ཁོ་ནའི་རྩན་བུམ་པ་བརྒྱད་བཞག་པའོ། །གྲཝ་བཞི་ལ་ཡང་བུམ་པ་བཞི་དགོད་པར་བྱའོ། །དེ་འདྲའི་དཀྱིལ་འཁོར་ཁྲུ་གང་ནས་བརྩམས ་ནས་ཇི་སྙེད་དུ་སྟོང་གི་བར་དུ་བྲི་བར་བྱའོ། །དཀྱིལ་འཁོར་ལ་ཡང་ཧོཾ་ཁུང་བཞིན་དུ་ཚད་དམ་བཅས་པ་གདོན་མི་ཟ་བར་བྱའོ། །དེ་ནས་འཕེན་པའི་ཆོ་ག་གསུངས་ཏེ། རྡོ་རྗེ་མཁའ་འགྲོ་མའི་ང་རྒྱལ་གྱིས་ཧཱུཾ་སྒྲ་དང་ལྡན་པར་བྱས་ཏེ། རྡོ་རྗེ་དང་དྲིལ་བུར ་བཅས་པས་བགེགས་རྣམས་བསྐྲད་བར་བྱའོ། །བསྐོར་བའི་ཐབས་དང། འཕེན་པའི་ཐབས་བྱ་བ་དང། མཉམ་པའི་ཐབས་དང། དབྱེ་བའི་ཐབས་དང། རྐང་གཅིག་པ་དང། གཡོན་གཅོད་པ་རྣམས་ཀྱིས་ཤར་གྱི་སྒོར་གནས་ཏེ། རྡོ་རྗེ་མཁའ་འགྲོ་མ་བདག ་ཅེས་བརྗོད་ནས་སྔགས་འདིས་བགེགས་རྣམས་གཞོམ་པར་བྱའོ། །ོཾ་ཧཱུཾ་ཧ་ན་མཱ་ར་ཡ་དུཥྚཾ་གྷཱ་ཏ་ཡ་གྷཱ་ཏ་ཡ་ཨ་ཨ་ཧྲཱི(རྒྱུད་འགྲེལ་བཞག་སྟེ། གཡས་བརྐྱང་བ་དང། གཡོན་བརྐྱང་བ་དང། ས་ག་དང། ཟླུམ་པའི་སྟབས་ཀྱིས་གནས་ནས་བགེགས་རྣམས་སྔགས་འདིས་གཞོམ་པར་བྱའོ། །ོཾ་ཧཱུཾ(རྒྱུད་འགྲེལ་བ་གཡོན་གྱི་རྐང་བ་བཞག་ནས་འཁོར་བའི་སེང་གེའི་སྟབས་ཀྱི་གནས་པས་བགེགས་རྣམས་སྔགས་འདིས་གཞོམ་པར་བྱའོ། །ོཾ་ཧཱུཾ་ཨ་ཕཊ་ཅེས་སོ། །དེའི་འོག་ཏུ་ལྷོ་རུ་གདོལ་པ་མོའི་ང་རྒྱལ་གྱིས་རྡོ་རྗེ་བཅིངས་པ་སྤྱི་བོར་བཞག་སྟོ་པུས་མོའི་སྟབས ་དང། ཅོག་བུའི་སྟབས་དང། བསྐོར་བའི་ཐབས་དང། བཟློག་བའི་ཐབས་ཀྱིས་གནས་ནས་སྔགས་འདིས་བགེགས་གཞོམ་པར་བྱའོ། །ོཾ་ཧཱུཾ(རྒྱུད་འགྲེལ་དཔའ་ཨི་ཕྱག་རྒྱ་ཆེན་པོ་བཅིངས་ནས། གཡས་བརྐྱང་བ་དང། འདུག་པ་དང། འདུས་པ་དང། གནས་པས་རྣམ་པ་དུ་མར་ཡི་གེ་ཧཱུཾ་བརྗོད་པར་བྱའོ། །དེ་ནས་ས་སྦྱང་བའི་སྔགས་དང་ཕྱག་རྒྱ་ཁོ་ནས་ཕུར་བུ་གདབ་པར་བྱའོ། །སྤྱི་བོར་རྡོ་རྗེ་ཐལ་མོ་ཕྱེ་ནས་རྡོ་རྗེ་དྲ་བའི་སྔགས་འདི་གདབ ་པར་བྱའོ། །ོཾ་ཧཱུཾ་ཕཊ་ཅེས་སོ། །རྡོ་རྗེ་བཅིངས་པ་བཅིངས་ནས་མཐེའུ་ཆུང་དང་མཐེ་བོང་བསྒྲེང་སྟེ། ཕྱོགས་སུ་བསྐོར་ནས་སྔགས་འདིས་ར་བ་སྨིན་པར་བྱའོ། །ོཾ་ཛ་བ་ནི་ཧཱུཾ་ཕཊ་ཅེས་སོ། །སྔོན་གྱི་བུམ་པ་ཇི་ལྟར་བརྒྱན་བཞག་སྟེ། གཡོན་གྱི་ལག་པ་མཐེའུ་གིས་མཐེ་བོ་མནན་པར་རེག་སྟེ། ་བུམ་པ་ལ་བརྒྱད་སྔགས་འདིས་བཟླ་བར་བྱའོ། །ོཾ་ཏཔཏེ་ཏཔཏེ་མཧཱ་ཏཔཏེ་སྭཱཧཱ་ཞེས་སོ། །རོལ་མཆོའི་ཆུས་དགང་བའི་སྔགས་དང་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཁོ་ན་དང་སྔགས་འོག་ནས་འབྱུང་བ་ཁོ་ནས་བདུད་རྩི་ལྔར་བཅུག་སྟེ། ལན་ཅིག་ཇི་ལྟར་གསུངས་པ་བཞིན་དུ་སྔགས་འདི་བཟླ་བར ་བྱའོ། ཨོཾ་སུཾ་ཀྵུཾ་ཧཱུཾ་ཕཊ་སྭཱཧཱ་ཞེས་སོ། །དེ་དག་ནི་བུམ་པ་ས་བོན་ལ་གནས་པའི་སྔགས་སོ། །དེ་ནས་ཇི་ལྟར་གསུངས་པའི་གོས་དང་རྒྱན་གྱིས་བརྒྱན་ཏེ། བྱམས་པ་ལ་སོགས་པ་དང་ལྡན་ནས་གོ་ཆ་ཁོ་ནས་བསྐོར་བར་བྱས་སོ། །ལག་པ་གཉིས་ནི་རབ་བྱེ་སྟེ། །མཐེ་བོ་གཉིས་ཀྱང་བཀྲིས ་བྱས་ནས། ངང་བའི་གཤོག་པའི་ཚུལ་བྱས་ཏེ། །ཕྱིར་བཟློག་ནས་ནི་སྙིང་ཁར་གཞག་།ཕྱག་རྒྱ་དེ་བཅིངས་ནས་སྔགས་འདིས་གོ་བསྐོན་པར་བྱའོ། །ོཾ་ཧཱུཾ་ཧོ(རྒྱུད་འགྲེལ་མེ་ཏོག་དང། སྤོས་དང། མར་མེ་དང་དྲི་དང། མེ་ཏོག་ཕྲེང་བ་དང། ཉེ་བར་སྦྱོང་བ་ལྔས་མཆོད་ནས་སྐུ་གསུམ་གྱི་བདག་ཉིད་སྔགས་འདིས་བྱའོ། །ོཾ་བཛྲ་ཀཱ་ཡ་ཧོ་ཨོཾ་བཛྲ་བཀ་ཨ(རྒྱུད་འགྲེལ་ཤུདྡྷོ་ཧཾ། ཡོ་ག་ཤུདྡྷ(རྒྱུད་འགྲེལ་གི་སྙིང་གའི་དཀྱིལ་འཁོར་ལ་བཀུག་ནས་བཅུད་དེ་བཅིངས་ནས་དབང་དུ་བྱས་ནས་བསྒྲུབ་པར་བྱའོ། །དེ་ལ་སྔགས་ནི་འདི་ལྟ་སྟེ། ཨོཾ་བཛྲ་ཨཾ་ཀུ་ཤཛ(རྒྱུད་འགྲེལ་པར་མདུང་པ་མཛུབ་གཉིས་ནི། གདུ་བུ་རྒྱབ་སྦྱོར་གཟིར་བར་བྱ་ཞེས་གསུངས་སོ། །དགུག་པའི་སྔགས་དང་ཕྱག་རྒྱའོ། །དེ་དག་ནི་ཉེ་བར་བསྟན་པའི་སྦྱོར་བ་དང་པོའོ། །དེ་དག་མ་ལུས་པར་བསྐྱེད་ནས། ལྷའི་ང་རྒྱལ་ཅན་རྣལ་འབྱོར་པས་རི་རབ་ཀྱི་རྩེ་མོན་རྣམ་པར་བསྒོམ་མོ ་ཞེས་གསུངས་པ། ཕྱག་རྒྱ་ཀུན་གྱི་ཐོག་མ་རུ། དམ་ཚིག་ཕྱག་རྒྱ་བཅིང་བར་བྱ། ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། གཡོན་པ་སྙིང་གར་བཞག་ནས་སུ། །གཡས་པའི་ཁུ་ཚུར་གཡོན་གྱི་མཆན་ཁུད་དུ་བཅུག་པ་དེ་ནི་དམ་ཚིག་གི་ཕྱག་རྒྱའོ། ། ་ཇི་ལྟར་ས་བོན་རྡོ་རྗེ་དངོས་ཞེས་པ་ནི་ཡི་གེ་ཧཱུཾ་ངོ། །ཕྱག་འཚལ་བསྲེགས་པ་མཐར་བཞག་པའི་ཞེས་པ་ནི་གོ་སླའོ། །ོཾ་ཧཱུཾ་སྭཱཧཱ་ཞེས་པ་ནི་དམ་ཚིག་གི་སྔགས་དང་ཕྱག་རྒྱའོ། །ནང་གི་དཀྱིལ་འཁོར་རེའུ་མིག་ལྔ་ལ་སེང་གེའི་གདན་ཡོངས་སུ་བརྟག་པར་བྱའོ་ཞེས ་གསུངས་པ། སེང་གེའི་གདན་ནི་ལྔ་དག་གིས། །གདན་ལྔ་རུ་ནི་སྦྱོར་བར་བྱ་ཞེས་སོ། །གདུག?་དཀར་པོ་ཡིས་བརྒྱན་པ་ཡིས། །ཉི་མིའི་དཀྱིལ་འཁོར་བསམ་པར་བྱ་ཞེས་པ་ནི། དེ་ལྟ་བུ་ལ་སོགས་པས་མངོན་པར་བརྒྱན་པར་བྱའོ་ཞེས་ཇི་སྙེད་པའོ། །བདག་གིས་དབུགས་ལས ་བྱུང་ནས་ནི། དབུས་སུ་ཡེ་ཤེས་མཁའ་འགྲོ་མ་ཞེས་པ་ནི། རང་གི་ས་བོན་ལས་བསྐྱེད་པ་སྣ་ནས་ཕྱུང་སྟེ། གདན་ལ་ཡེ་ཤེས་མཁའ་འགྲོ་མ་བཞག་པར་བྱའོ་ཞེས་པའི་དོན་ཏོ། །ཞལ་གསུམ་ཕྱག་ནི་དྲུག་པ་ལ་ཞེས་པའི་དོན་ནི་གསལ་ལོ། །ད་ལྟར་ཀུན་ཏུ་ཡང་ཤེས་པར་བྱའོ ་བདག་གི་ཆུ་ལས་བྱུང་བ་ཞེས་པ་ནི་ཆུའི་རྩ་ལས་ཤེས་པའོ། །བདག་གི་རླུང་ལས་བྱུང་བ་ཞེས་པ་ནི་རླུང་གི་རྩ་ལས་ཤེས་པའོ། །རང་གི་ས་ལས་བྱུང་བྱ་བ་ཞེས་པ་ནི། སའི་རྩ་ལས་ཤེས་པའོ། །དེའི་ཕྱི་རོལ་བཞི་པ་ནི་ཞེས་པ་ནི་ཕྱི་རོལ་གྱི་མཁའ་འགྲོ་མ་ལ ་སོགས་པ་བཞི་ཡང་ནང་བཞིན་སྒོ་བཞི་ལ་བཞག་པར་བྱའོ་ཞེས་པའི་དོན་ཏོ། །དེ་དག་གཟུགས་སོགས་མདུན་ན་ནི། །དམ་ཚིག་ཀྱང་ནི་བསྟན་པར་བྱ་ཞེས་པ་ནི། ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པའི་མདུན་དུ་དམ་ཚིག་བསྟན་པར་བྱའོ། ཞེས་པ་སྟེ། ཡེ་ཤེས་མཁའ་འགྲོ་མའི་མདུན་དུ ་དེའི་དམ་ཚིག་བསྟན་པར་བྱའོ་ཞེས་པའོ། །ོཾ་ཧཱུཾ་སྭཱཧཱ་ཞེས་སོ། །ས་བོན་དེ་ཉིད་ལ་ལྡན་པ་ཞེས་པ་ནི། དང་པོ་ཀུན་ལ་ཡང་གོང་ནས་གསུངས་པ་ཁོ་ནས་གཟུང་བར་བྱའོ། །དབྱུག་པ་གློ་རུ་གཞག་ནས་སུ་ཞེས་པ་ནི་གུག་ཀྱེད་གསུམ་པའོ། །དེས་སྦྱོར་བ་ནི་འདི་ལྟ་སྟེ། ཨོཾ་ཨ་སྭཱཧཱ། ཨོཾ ་ཨཱ་སྭཱཧཱ། ཨོཾ་ཨ་སྭཱཧཱ། ཨོཾ་ཨཱཾ་སྭཱཧཱ་ཞེས་སོ། །གྲཝ་ཡི་ལྷ་མོ་བཞི་ཡི་ནི། ཨོཾ་རི་སྭཱཧཱ། ཨོཾ་རཱི་སྭཱཧཱ། ཨོཾ་ལི་སྭཱཧཱ། ཨོཾ་ལཱི་སྭཱཧཱ། ཞེས་སོ། ནང་གི་སྒོ་སྲུངས་མ་ལྷ་མོ་རྣམས་ཀྱིས་ནི། ཨོཾ་ཕུཾ་སྭཱཧཱ། ཨོཾ་ཕེཾ་སྭཱཧཱ། ཨོཾ་པྲོཾ་སྭཱཧཱ། ཨོཾ་ཕྲིཾ་སྭཱཧཱ། ཞེས་སོ། བདུད་རྩི་ཐིག་ལེར་ཡི་གེ་ཞེས་པ་ནི་ཡི་གེ་སྲུཾ་དོ ་དགུ་ཐ་མའི་ས་བོན་གཟུང་ནས་ནི་ཞེས་པ་ནི། ཡི་གེ་ཡ་དང་པོ་གཟུང་ནས་དགུ་ཐ་མ་ནི་ཡི་གེ་ཀྵའོ། །དང་པོའི་ཚན་ལས་གསུམ་པ་དང། ང་རོའི་ཐིགས་པ་སྦྱར་བ་ཡི་ཞེས་པ་ནི། ཡི་གེ་གུཾ་ངོ། གཉིས་མིན་གཏོར་མ་གང་བ་ཡིས། །དེ་དེ་ཉིད་ཀྱིས་མཆོད་པར་བྱ་ཞེས་པ་ནི། འོག་ནས་འབྱུང ་བ་གསུངས་ཏེ། བདུད་རྩི་ལྔ་དང། ལྕགས་ཀྱུ་ལྔ་དང། བཟའ་བཏུང་ལ་སོགས་པ་དང། ལྡན་པ་འབྱུང་བའི་གཏོར་མ་སྦྱིན་པར་བྱའོ། །པདམོ་བསྐོར་བས་བསྐོར་བྱ་ཞིང། །གཡས་སུ་པདྨ་བསམ་པར་བྱ། །གཡོན་པ་རྡོ་རྗེ་བསྒྲེང་ནས་ནི། །ཕྱག་རྒྱ་ཆེན་པོ་བསྟན་པར་བྱ་ཞེས་པ་ནི། ལག་པ་གཡས ་པ་ལ་པདྨའི་བནདྷ་བསམས་ཏེ། གཡོན་པས་རྡོ་རྗེ་བསྒོམས་ནས་ལན་གསུམ་གྱི་ཕྱག་རྒྱ་བཅིངས་སྟེ། ཨོཾ་ཧ་ཧོ་ཧྲཱི(རྒྱུད་འགྲེལ་བཏགས་པ་ཡིན། ཞེས་གསུངས་ཏེ། དོན་དེ་ལྟར་འགྱུར་བར་གསུངས་ཏེ། ཤིན་ཏུ་རྣམ་པར་བཟླས་པའི་མཆོད་པ་རྣམས་འོས་པ་ཉིད་ཀྱི་ཕྱིར་ན། འཇིག་རྟེན་ལས་འདས་བའི་ལྷ་མོ་དགོད་པར་བྱ་སྟེ། དེའི་དེ་མ་ཐག་ཏུ་ཁོ་ན་ཡང་འཇིག་རྟེན་ལ་སོགས་པའི་ལྷ་མོ་རྣམས་ཕྱིའི་དཀྱིལ་འཁོར ་ལ་བཀོད་བར་བྱའོ་ཞེས་པའོ། །དེ་ལ་བཀོད་པའི་རིམ་པ་ནི་འདི་ལྟ་སྟེ། ནང་གི་དཀྱིལ་འཁོར་གྱི་རྡོ་རྗེ་ཕྲེང་བའི་ཕྱི་རོལ་ཤར་ཕྱོགས་སུ་པུཀྐ་སི་དང། ཁྲོ་གཉེར་མ་དང། གཏུམ་མོ་རྣམས་བདུད་རྩིའི་ཆུའི་སྣོང་ཕྱག་གིས་འཛིན་པ་དམར་པོ་དང། སེར་པོ་དང། ནག་པོའི་སྐུ་མདོག་དུ་དགོད ་དོ། བྱང་ན་དྲག་མོ་དང། ཁྲག་འཐུང་མ་དང། ཤ་ཟ་མ་རྣམ་པ་གསུམ་ལྕགས་ཀྱུ་ལྔ་ལ་སོགས་པས་གང་བའི་སྣོད་ཕྱག་གིས་འཛིན་པ་སེར་པོ་དང། དཀར་པོ་དང། དམར་པོའི་སྐུ་མདོག་གོ། ནུབ་ཏུ་ཁྲོ་མོ་དང། འབར་མ་དང། འཇིགས་བྱེད་མ་མ་རྣམས་གཏོར་མའི་སྣོང་ཕྱག་གིས ་འཛིན་པ་དམར་པོ་དང། སེར་པོ་དང་ནག་པོའི་མདོག་གོ། ལྷོར་ཐོང་ཕྲེང་མ་དང་རྡོ་རྗེ་མ་དང། བུམ་པ་རྣམས་བཟའ་བ་དང། བཏུང་བ་ལ་སོགས་པའི་སྣོང་འཛིན་བ། ནག་པོ་དང་དམར་པོ་དང། དཀར་པོའི་སྐུ་མདོག་གོ། དབང་ལྡན་ན་སྒེག་མོ་དང་དྲི་ཆབ་མ་སྟེ་དཀར་པོ་དང། སེར ་པོའི་མདོག་གོ། མེའི་མཚམས་ན་པི་ཝང་མ་འཁྲུཊ་ཤིང་འབར་བ། སྐྲ་སིལ་བུར་བཏང་བ། སྦྲུལ་གྱི་རྒྱན་གྱིས་བརྒྱན་བ་སྣ་ཚོགས་ཀྱི་ན་བཟའ་དང། རྒྱན་གྱིས་ཀླུབས་བ། དབང་པོའི་སྐྱིལ་མོ་ཀྲུང་གི་གནས་པའོ། །དེའི་ཕྱིར་དུ་འཁོར་བའི་ས་ལ་ཕྱིན་འབྱུང་པོའི་གཏོར་མའི་སྔགས་ཀྱི་རིམ ་པས་ཕྱོགས་བརྒྱད་ལ་ཡོངས་སུ་བརྟགས་པའི་དུར་ཁྲོད་བརྒྱད་ལ་ནག་པོ་དྲག་པོ་ལ་སོགས་པའི་དུར་ཁྲོད་ཀྱི་བདག་པོ་རྣམས་དགོད་པར་བྱའོ། །དེ་ལ་རིམ་པ་ནི་འདི་ལྟ་སྟེ། ཤར་དུ་ནག་པོ་དྲག་པོའོ། །བྱང་དུ་དྲག་ཆེན་པོའོ། །ནུབ་ཏུ་ལྷ་བྱིན་ནོ། །ལྷོར་ནག་པོའོ། ། ་དབང་ལྡན་ན་གཙིགས་བྱེད་དོ། །མེའི་མཚམས་ན་འཇིགས་བྱེད་དོ། །བདེན་བྲལ་ན་དགའ་བ་ལས་འདས་སོ། །རླུང་གི་མཚམས་ན་བགེགས་ཀྱི་རྒྱལ་པོའོ། །དེ་དག་ཐམས་ཅད་ཀྱང་མིག་གསུམ་པ་ལག་པ་བཞི་པ། ཇི་ལྟར་གསུངས་པའི་ལག་ཆ་དང། གོས་དང་རྒྱན་གྱིས ་བརྒྱན་བ་ནག་པོ་དང། སེར་པོ་དང་དཀར་པོ་དང་དམར་པོའི་གཟུགས་ཀྱི་མདོག་གོ། དབང་ལྡན་ལ་སོགས་པའི་གྲཝ་བཞི་ལ་གནས་བ་ནི། དཀར་སེར་དང། དཀར་ནག་དང། དམར་ནག་དང། སེར་དམར་གྱི་གཟུགས་ཀྱི་མདོག་གོ། དེ་དག་གི་འཁོར་གསུངས་བ། རྒན་བྱད ་མ་དང་དྲག་མོ་དང། འཇིགས་བྱེད་མ་དང། ཨུ་མས་བསྟོང་ཅེས་པ་སྟེ། ནག་པོ་དྲག་པོའི་མདུན་དུ་རྒན་བྱང་མ་དང། གཡོན་དུ་དྲག་མོ་དང། རྒྱབ་ཏུ་འཇིག་བྱེད་མ་དང། གཡས་སུ་ཨུ་མའོ། །བསྟོད་ཅེས་པ་ནི། ལྷ་མོ་དེ་དག་མཁའ་འགྲོ་མ་ལ་སོགས་པའི་མདོག་སྟེ། ཉེ་བར་སྦྱད་པ་ལྔ་ལ་སོགས ་བས་ལག་པ་བྲེལ་བ། ཉེ་བར་སྦྱད་པ་ལྔ་ཡིས་ཡང་དག་པར་མཆོད་པའོ།། །།དེ་བཞིན་དུ་བྱང་དུ་ཡང་རྒྱལ་མོ་རྣམ་པར་རྒྱལ་མོ་དང། ཐུབ་མེད་གཞན་གྱིས་མི་ཐུབ་མ་ཞེས་པ་སྟེ། དྲག་ཆེན་པོའི་འཁོར་རྣམས་མར་མེ་ལ་སོགས ་པའི་སྐུ་མདོག་དང་མཐུན་ནོ། །དེ་བཞིན་དུ་ནུབ་ཏུ་ཡང་ནག་མོ་བཟང་མོ་ནག་ཆེན་མོ། །ནག་དྲག་མོ་དང་རྣལ་འབྱོར་མ་ཞེས་པ་སྟེ་ལྷ་བྱིན་གྱི་བྱན་མོ་བཞི་པ་ནི་འཇིག་བྱེད་མ་ལ་སོགས་པའི་མདོག་གོ། དེ་བཞིན་དུ་ལྷོ་ན་ཡང་དབང་བྱེད་མ་དང་ཟླ་བ་མོ། དྲག་མོ་སྡང་བ་ལམ་བ་ནི། ཞེས་བསྟེ ་ནག་མོའི་ལྷ་མོ་སྟེ། འཕྲོག་བྱེད་མ་ལ་སོགས་བའི་མདོག་གོ། དབང་ལྡན་ན་ནི་འཕྲོག་བྱེད་མ་དང་མེ་མར་མ། འཇིགས་བྱེད་གཡུལ་གནས་རྣལ་འབྱོར་མ་ཞེས་པ་སྟེ། གཙིགས་བྱེད་ཀྱི་མཁའ་འགྲོ་མ་རྣམས་ཏེ་རྒན་བྱེད་མ་ལ་སོགས་པའི་མདོག་གོ་།མེ་མཚམས་ན་དྲག་མོའི་གཟུགས ་དང་གཟུགས་ཆེན་པོ། མཆེ་བ་གཙིགས་མ་ཐོད་ཅན་མ། ཞེས་པ་སྟེ། འཇིགས་བྱེད་ཀྱི་རྣལ་འབྱོར་མ་སྟེ། དབང་བྱེད་མ་ལ་སོགས་པའི་མདོག་གོ་།བདེན་བྲལ་ན་ཐོང་ཕྲེང་ཕྲེང་བ་ཁ་ཊཝཱཾ་མ། སྤྲུལ་ཆེན་ཞེས་པ་སྟེ། དགའ་བ་ལ་འདས་ཀྱི་བྱན་མོ་སྟེ། ནག་པོ་བཟང་པོ་ལ་སོགས ་བའི་མདོག་གོ། རླུང་གི་མཚམས་ན་རལ་གྲི་སྐྲ་ཅན་དང། རྡོ་རྗེ་དེ་བཞིན་གཞུ་ལག་དང་ཞེས་བསྟེ། བགེགས་རྒྱལ་གྱི་བྱན་མོ་རྣམས་ཏེ། རྒྱལ་མོ་ལ་སོགས་པའི་མདོག་གོ། དེ་ནས་ཤར་གྱི་སྒོ་ན་ཁྱབ་འཇུག་སྟེ། དབྱུག་ཐོ་འཛིན་པའོ། །བྱད་ན་ཚངས་པ་སྟེ་སྒྲང་ཡབ་འཛིན་པའོ ་ནུབ?་ན་འཛིན་པ་སྟེ། མཚན་ཉིད་ཀྱི་སྒྲ་བརྗོད་བ་ལ་བརྩོན་པའོ། །ལྷོ་ན་བརྒྱ་བྱིན་ཏེ་གདུགས་འཛིན་པའོ། །དེ་བཞིན་དུ་ལྷོའི་སྣམ་བུའི་གྲཝ་ལ་དབང་ལྡན་གྱི་མཚམས་ནང་བང་ལྡན་ནོ། །མེ་མཚམས་ན་ནོར་ལྷ་ཀུ་བེ་རའོ། །བདེན་བྲལ་ན་འབྱུང་པོའི་བདག་པོ། རླུང་གི་མཚམས་ན་རླུང ་ག་བདག་པོ་ཞེས་པའོ། །དེ་དག་ཀྱང་བུ་དང་བུད་མེད་འཁོར་དང་བཅས་པ། མདོག་དང་ལག་ཆ་དང་ལྡན་རིམ་པར་བྲིའོ་ཞེས་ཤེས་པར་བྱའོ། །དེའི་ཚོམ་བུའི་གློ་ལ་ཤར་ཕྱོགས་ན་ཀེད་རུས་འཇིགས་བྱེད་དང། ཁྭ་དང་སྲིན་པོ་དང་ཚོགས་ཀྱི་དབང་ཕྱུག་དང། དྲིལ་སྣའོ། །དེ་དག ་མཁའ་འགྲོ་མ་ལ་སོགས་པའི་མདོག་གོ་།དེ་བཞིན་དུ་བྱང་ཕྱོགས་ན་གཏུམ་མོ་དབང་ཕྱུག་དང། བདུན་པའི་ལྷ་དང། ཚ་བའི་དབང་ཕྱུག་དང། ཧཱུཾ་སྒྲ་འཇིགས་བྱེད་དོ། །དེ་དག་ནི་མར་མེ་ལ་སོགས་པའི་མདོག་གོ། དེ་བཞིན་དུ་ནུབ་ཕྱོགས་ན་འདོད་པའི་དྲག་པོ་དང་ཐ་དེའི་དབང ་ཕྱུག་དང། ཅང་ཏེའུ་ཕྱི་བཞག་དང། རྔ་ཆེན་འཇིགས་བྱེད་དོ། །དེ་དག་ནི་འཇིགས་བྱེད་མ་ལ་སོགས་བའི་མདོག་གོ། དེ་བཞིན་དུ་ལྷོ་ཕྱོགས་ན་པི་ཝང་དབང་ཕྱུག་དང། ད་རོ་ཆེན་པོ་དང། མཆེ་བ་གཙིགས་པ་དང། གཞུ་འཛིན་པའོ། །དེ་དག་ནི་འཕྲོག་བྱེད་མ་ལ་སེགས ་པའི་མདོག་གོ། དེ་དར། ཀྱང་ཕྱག་བཞི་བ་ཁ་ཊཝའཾ་ག་དང་བན་དྷ་དང། ལྷ་མོ་འཁྱུད་བ་དང། ཏྲི་ཤཱུ་འཛིན་པ་དང། སྤྱན་གསུམ་པ། སྟག་ལྤགས་ཀྱིས་སྨད་གཡོགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་བ། ཐོང་ཕྲེང་གི་བཅིངས་པ་རྣམས་སོ། །དེའི་ཕྱི་རོལ་ནང་གི་མུ་ཁྱུད་ཀྱིས ་ལ་འབྱུང་པོ་དང། ཤ་ཟ་ལ་སོགས་པ་རོལ་ཅིང་རོལ་བར་བྱེད་པ་དེའི་འཁོར་རྣམས་ཤེས་པར་བྱའོ་ཞེས་པའོ། །དྲག་པོ་ནག་པོ་དང། ཀེང་རུས་འཇིགས་བྱེད་ལ་སོགས་པའི་རང་རང་གི་མིང་གི་དང་པོ་ཡིག་འབྲུ་ཁོ་ན་ཆོས་ཀྱི་ཡི་གེའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། ་སྡིགས་མཛུབ་དབུ་མ་བརྐྱང་བར་བྱ། དབུ་མའི་ཚིགས་གསུམ་ལ་སྡིགས་འཛུབ་ལྕགས་ཀྱུའི་ཚུལ་གྱིས་སྦྱོར། ཨོཾ་ཨཱ་ཀརཥ་ཡཧཱུཾ་ཕཊ་ཅེས་སོ། །འཇིག་པའི་ལྷ་རྣམས་དགུག་པའི་ཕྱག་རྒྱ་དང་སྔགས་སོ། །གོང་ནས་གསུངས་བའི་བདུད་རྩི་འོད་ཟེར་གྱི་ཕྱག་རྒྱ་དང། སྔགས་ཁོ་ན ་བུཀྐ་སཱི་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་དང་སྔགས་སོ། །སྙིམ་པའི་ཐལ་མོ་བྱས་ནས་དེ་ཁོ་ན་གཡས་སུ་གཡོ་བར་འཛིན་པའོ། །ོཾ་གྷྲི་སྭཱཧཱ་ཞེས་པ་དྲག་མོ་ལ་སོགས་པའོ། །ལག་པ་གཉིས་ནི་བརྐྱང་ནས་སུ། རྒྱབ་དང་རྒྱབ་གཉིས་སྦྱར་བར་བྱ། སོ་སོར་རེ་རེ་ནི་སོར ་མོའི་རྩེ་མོ་དཀྲི་བར་བྱའོ། །ོཾ་བཏྟེ་ལཱི་ཧཱུཾ་ཞེས་པ་ནི་དྲག་མོ་ལ་སོགས་པ་རྣམས་ཀྱིའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། སྟ་ཟུར་གཉིས་སུ་གཞག་པར་བྱ། ཨོཾ་ཧཱུཾ་སྭཱཧཱ། སྒེག་མོ་ཡིའོ། གཡོན་པའི་ལག་པ་ཕྱེ་ནས་སུ། མཐེ་བོ་སྲིན་ལག་བསྒྲེང་བར་བྱ། གཡས་བ་ཡིས་ནི་གཟུང་ནས་སུ ་དུང་གི་ཕྱག་རྒྱ་དྲི་སྦྱིན་ནོ། །ོཾ་དྷཱུ་པྲ་པྲི་གནདྷེ་ཧཱུཾ། དྲི་ཆབ་མའི་འོ། །པི་བང་གིས་ནི་པི་བང་སྟེ། ཨོཾ་ཧཱུཾ་ཧོ་སྭཱཧཱ། པི་བང་མའི་འོ། །སྙིང་པ་གཉིས་ཀྱི་ཐལ་མོ་ནི། བསྐོར་ཞིང་གྱེན་དུ་གཏོར་བར་བྱ། ཨོཾ་སྭཱཾ་སྭཱཧཱ། གཏོར་མའི་འོ། །རྡོ་རྗེ་ཁུ་ཆུར་གཉིས་བཅིངས་ཏེ། །མཛུབ་མོ་བསྒྲེངས་ནས་ཁ་ལ ་བསྒུལ། ཨོཾ་ཧཱུཾ་ཧཱུཾ་ཧཱུཾ་སྭཱཧཱ། དབྱངས་མཁན་མའི་འོ། །རྡོ་རྗེ་ཁུ་ཚུར་དམ་བཅིངས་ཏེ། །མཁྲིག་མ་གཡོན་པས་གཟུང་བར་བྱའོ། །ོཾ་ཨི་སྭཱཧཱ། སྤོས་མའི་འོ། །གཡས་ཀྱི་སྟ་ཟུར་གྱི་ཕྱོགས་སུ་ལག་པ་འགྱིང་བག་གིས་བཏང་ནས་གཡས་པ་དཔུང་པ་ལ་ཡང་བགྲེངས་ནས། ཨོཾ་སུ་ནརི ་ཏྱེ་སྭཱཧཱ། གར་མཁས་མའོ། །ཐལ་མོ་སྦྱར་ནས་སྤྱི་བོར་བཞག་སྟེ། ཨོཾ་ཀྵུཾ་སྭཱཧཱ། མར་མེ་མའི་འོ། །རྡོ་རྗེ་ཁུ་ཚུར་གཡས་བཅིངས་ཏེ། །སྡིག་མཛུབ་དབུ་མ་བསྒྲེངས་ནས་སུ། །དཔྲལ་བ་ལ་ནི་རེག་པར་བྱ། །ོཾ་མུ་མུ་ཧཱུཾ་སྭཱཧཱ། དབང་ལྡན་གྱིའོ་རྡོ་རྗེ་བཅིངས་ནས་སྡིག་མཛུབ་གཉིས་བསྒྲེངས ་ལ་རིན་ཆེན་གྱི་ཚུལ་དུ་སྦྱར་པར་བྱའོ། །ོཾ་ད་ན་གྷཾ་ཧཱུཾ་སྭཱཧཱ་ནོར་གྱི་ལྷའི་འོ། །གཡས་པ་རྡོ་རྗེ་ཁུ་ཚུར་བཅིངས་ནས་སྡིག་མཛུབ་བསྒྲེང་བར་བྱའོ། །ོཾ་ཁྲ་ཏེ་ནི་ཧཱུཾ་ཕཊ་སྭཱཧཱ། འབྱུང་པོའི་བདག་པོའི་འོ། །གཡས་པ་ཁུ་ཚུར་བཅིངས་ནས་སྡིགས་མཛུབ་ཤིན་ཏུ་བརྐྱང་བར་བྱའོ། །ོཾ་བྷུར ་བྷུ་བ་སྭཱཧཱ། ཀླུའི་རྒྱལ་པོའི་འོ། །རྡོ་རྗེ་ཁུ་ཚུར་ཡར་།གྲངས་མེད་སྣ་ཚོགས་མཛེས་པའི་གཟུགས། སང་གིའོ། །གཡས་པ་འཕན་གསུམ་གྱི་ཕྱག་རྒྱ་ཡར་བསྒྲེངས་ནས། ཨོཾ་ཧཱུཾ་སྭཱཧཱ། དྲག་པོའི་འོ། །གཡས་པ་རྡོ་རྗེ་ཁུ་ཚུར་སྙིང་གར་བསྐུལ་བར་བྱ་སྟེ། ཨོཾ་ཨོཾ་སྭཱཧཱ། ཚང་པའོ། ལག་པ ་གཡས་པ་ཕྱེ་ནས་ཁ་མར་སྦུབ་པར་བྱ་སྟེ། གཡོན་པའི་ཁུ་ཚུར་ལས་ཁྲོ་བོ་སོར་མོ་བསྒྲེངས་ནས་གདུགས་གྱི་ཚུལ་གྱིས་དཀྱིལ་དུ་རེག་པར་བྱའོ། །ོཾ་ཨཾ་མུ་མུ་སྭཱཧཱ། བརྒྱ་བྱིན་གྱིའོ། །ལག་པ་ཀྲི་ཤུལ་དམ་ཚིག་གི་ཕྱག་རྒྱའི་སྔགས་ཁོ་ན་ནག་པོ་དྲག་པོ་ལ་སོགས ་པ་དང། ཀེང་རུས་འཇིགས་བྱེད་ལ་སོགས་པ་རྣམས་ཀྱི་སྤྱིའི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ། །ལྷ་རྣམས་བཀོད་པའི་དེ་མ་ཐག་ཏུ་མཆོད་པ་ཉིད་ཤུ་པས་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་རྣལ་འབྱོར་མ་མཆོད་པར་བྱའོ་ཞེས་གསུངས་པའོ། །དེ་ནས་མཆོད་པ་ཉི་ཤུ ་པས་??་མཁས་པ་ཡིས་ནི་མཆོད་པར་བྱ་ཞེས་པ་ལ་སོགས་པ་སྟེ། སྒེག་མོའི་ཕྱག་རྒྱ་བཅིངས་ནས་ཡི་གེ་ཧཱུཾ་གི་དབྱངས་བླངས་པས། ཡི་གེ་ཧཱུཾ་གི་སྒྲས་གང་སྟེ། མཉེས་པ་ཆེན་པོ་འདིས་བྱའོ། །ཧཱུཾ་ཧཱུཾ་ཧཱུཾ་གྷུཾ། ཧཱུཾ་ཧཱུཾ་ཧཱུཾ། ཨོཾ་གྷོཾ་ཨོཾ་གོ། ཨོཾ་གྷོ་ཧཱུཾ། ག་ཏྲུཾ་ག་ཏྲུཾ། ་ག་ཏྲུཾ་ཧཱུཾ་སྭཱ་ཞེས་སོ། །དེ་ནས་རྡོ་རྗེ་དེ་བཞིན་ཉིད་ཀྱིས་གཟུང་ནས། དྲིལ་བུའི་ཆོས་ཀྱིས་དེ་རྣམས་བརྗོད་པར་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། རྒྱབ་དང་རྒྱབ་དུ་སྦྱར་བར་བྱ། །མཐེའུ་ཆུང་གཉིས་ནི་དཀྲོས་བྱས་ནས། བག་ཙམ་འགུལ་བར་བྱེད་པ་ཡིས། །ོཾ ་བཛྲ་གྷཎྜ་ཧོ། །ོཾ་བཛྲ་ཏ་ར་མེ། ཨོཾ་བཛྲ་གྷཎྜེ་ར་ནི། ཏ་པྲ་ར་ཎི་ཏེ་སརྦ་བུད་དྷ་བྲ་ཙ་ལི་ཏེ་པྲ་ཛྙཱ་པཱ་ར་མི་ཏཱ་སྭ་བྷ་བེ་བཛྲ་སརྦ་ཧྲི་ད་ཡཱ་བ་ཏོ་ཥ་ནི་ཧཱུཾ་ཧཱུཾ་ཧཱུཾསྭཱ་ཧཱ་ཞེས་སོ། ། ། །རྡོ་རྗེ་དང་དྲིལ་བུའི་དེ་ཁོ་ན་ཉིད་དོ། །དེ་ནས་དཔལ་མཆོག་དང་པོའི་རྒྱུད་ལས་གསུངས་པ། ་སེམས་དཔའ་ཆེན་པོ་དང་པོའི་མཆོག་ཅེས་པ་ལ་སོགས་པ་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་པར་བྱའོ། །དེའི་འོག་ཏུ་ཡང་ཧཱུཾ་ཧཱུཾ་ཧཱུཾ་འཁོར་བ་ལས་བསྒྲལ་སྐུ་འཇིན་པ། ཕན་ཚུན་འཁྱུད་པའི་སྦྱོར་འཆང་བ། །ཀྱེ་རྡོ་རྗེ་ཁྱོད་ཧཱུཾ་ལ་ལ་ཧཱུཾ་ཧཱུཾ་ལ་ལ་ལོ ་གཅིག་ཧཱུཾ། ལྷ་མིས་ཕྱག་འཚལ་ཞབས་ཀྱིས་མཆོག་།དྲི་མེད་མེ་ཏོག་དགའ་འཆང་བ། །ཀྱེ་རྡོ་རྗེ་ཁྱོད་ལ་ལ་ལ་ཧཱུཾ་ལ་ལ་ལ་ཧཱུཾ་ལ་ལ་ལོ་གཅིག་ཧཱུཾ། དངོས་པོ་དང་བྲལ་བསྙེན་མཛད་པ། །གསང་བ་ལས་གསང་ཆེན་པོ་འདི། །རོལ་ཅིག་རོལ་ཅིག ་རྡོ་རྗེ་ཁྱོད། །གསང་བར་གཟིར་ཁྱོད་ཀྱི་དོན། །བདུད་རྩི་མཛའ་ཡས་གསོལ་མཛད་པ་ཧཱུཾ། སེམས་ཅན་རྣམ་པར་བསམ་མཛད་འདི། །འཁོར་བ་འདི་ལས་རྣམ་བརྐལ་བ། །མཆོག་འགྱུར་གང་དེ་ཕྱག་འཚལ་ལོ། །ཀླུ་དབང་མཆོག་གིས་དབུ་བརྒྱན་པ། །རི་བོང་འཛིན་དཀར ་བརྒྱན་པའི་སྐུ། །གྲངས་མེད་སྣ་ཚོགས་མཛེས་པའི་གཟུགས། །སངས་རྒྱས་རྡོ་རྗེ་མ་ཕྱག་འཚལ། །གསེར་གྱིས་མདོག་ཆེན་སྐུ་ཡི་མཆོག། ཤིན་ཏུ་དྲག་པོའི་སྦྲུལ་གྱིས་བརྒྱན། །ཐོད་པ་གསར་པར་ཁྲག་འཐུང་པ། །རྒྱལ་ཅིང་བྱང་གི་ལྷ་མོའི་ཞབས། །མ་རཱ་གཏར་དམར་ཞིང་མཛེས། །སྒྲ་སོགས ་ཧཱུཾ་མཛད་ང་རོ་འཇིགས། །དྲག་པོའི་དབྱུག་པ་ཐོད་པ་འཛིན། །ནུབ་ཀྱི་ལྷ་མོ་ཞབས་ཕྱག་འཚལ། །མཛེས་པའི་སྔོན་པའི་རྣམ་བཀོད་མཛོད། །ལྷ་ཆེན་ཁྱབ་འཇུག་མགོ་བླའི་ཞབས། །བདུད་རྣམས་འཇོམས་པའི་ཁྲོ་འཛིན་པ། །ཕྱག་འཚལ་ཧཱུཾ་མཛད་ལྷ་ཆེན་མོ། །དེ་དག་ལ་སོགས་པ ་རྣམ་པ་སྣ་ཚོགས་རྡོ་རྗེ་དབྱངས་ཀྱིས་བསྟོང་པ་མཛད་ནས་དྲིལ་བུ་དཀྲོལ་བར་བྱའོ། །དེ་ནས་རྡོ་རྗེ་ཐལ་མོ་སྙིང་ཁར་གཞག་ནས། །ོཾ་ཤུདྡྷ་ར་མེ་ཧཱུཾ། ཨ་ཨ་ཨ་ཨ་སྭཱཧཱ་ཞེས་སོ། །ལྷའི་ང་རྒྱལ་བྱེད་པ་བརྟན་པོར་བྱས་ནས། ཕྱིའི་གཏོར་མ་སྦྱིན་པར་བྱའོ། །དེ་ལ་རེ་ཞིག་བརྒྱ་བྱིན་ལ་སོགས ་པའི་འཁོར་ལ་གཏོར་མ་སྦྱིན་པ་ནི། ཇི་ལྟར་གསུངས་པའི་གོས་དང་རྒྱན་གྱིས་བརྒྱན་ནས། རྡོ་རྗེ་དྲིལ་བུ་དང་ལྡན་པས་རྐང་པ་གཡས་པ་སེམས་དཔའ་ཨི་སྐྱིལ་མོ་ཀྲུང། གཡོན་པ་རབ་ཏུ་བརྐྱང་ནས་རོལ་པའི་སྐྱིལ་མོ་ཀྲུང་ལ་གན་སྟེ། འདིའི་དཀྱིལ་འཁོར་གྲཝ་བཞི་བ་བྱས་ཏེ། མེ་ཏོག་དཀར་པོ་ལ ་སོགས་པས་མཆོད་ནས། དྲི་ཞིམ་པོ་སཱ་ལུ་འབྲས་ཅན་དང། ཞོ་དང། འདབ་བུ་ཁ་ར་དང། སྦྲང་རྩི་དང། མར་དང་ལྡན་པ་ཤར་གྱི་སྒོ་རུ་གཏོར་མའི་ཟས་ཕུལ་ཏེ། འདོར་བའི་རྒྱལ་པོའི་ཕྱག་རྒྱ་བཅིངས་ནས་ལྷ་རྣམས་སྔགས་འདིས་དགུག་པར་བྱའོ། །ོཾ་བཏ་ལི་མཧཱ་བཏ་ལི་ཧཱུཾ་ཧཱུཾ ་ཧཱུཾ་ཛ(རྒྱུད་འགྲེལ་ཨུ་བ་གལ། །ལྷ་མིན་ལྷ་ཡི་རྒྱལ་པོ་རྣམས། །བུཀྐ་སྲི་དང་པུས་ཀིས་ཆེ། །ཧཱུཾ་ཧེ་ཧོ་ཨཱ་ཀརཥ་ཡ་ཨཱ་ཀརཥ་ཡ་ས་མ་ཡ་དེ་བི་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཛ(རྒྱུད་འགྲེལ་བྷཀྵ་སམ་ཏིཥྛ་རྫུཾ་ཧཱུཾ་ཕཊ་སྭཱཧཱ་ཞེས་སོ། །ཚིག་པར་བྱེད་པར་སྔགས་དང་ཕྱག་རྒྱའོ། །སེ་གོལ་གསུམ་བརྡབས་ནས་བཏང་བར་བྱའོ། །དེ་དག་ནི་ལྷ་ཡི་གཏོར་མའི་ཆོ་གའོ། །གོང་མ་གསུངས་པའི་རིམ་པ་ཁོ་ནས་རྣམ་པར་བཀོད་བའི་དཀྱིལ་འཁོར་ལ། འོ་མ་ལ་སོགས་པས ་ལྷ་བཤོས་བྱས་ཏེ་དབུལ་བྱར་བྱའོ། །མངར་གསུམ་དང། ཁྲག་གིས་བསྲེས་པའི་འོ་མ་དང། འོ་མས་བཀང་བའི་གསེར་གྱི་སྣོད་ལ་སོགས་པ་བཞག་པར་བྱའོ། །གོང་མའི་སྔགས་དང་ཕྱག་རྒྱ་དེ་ཁོ་ནས་དགུག་སྟེ། ཀླུའི་རྒྱལ་པོ་མཐཱ་ཡས་དང་ནི་ནོར་རྒྱས་བུ། །འཇོག་བོ་དང ་ནི་སྟོབས་ཀྱི་རྒྱུ། །པདྨ་པདྨ་ཆེན་པོ་དང། །དུད་སྐྱོད་དང་ནི་རིགས་ལྡན་རྣམས། །ལྷ་མོ་ལྷ་མོ་ཆེན་པོ་དང། །ཟླ་བའི་སྤྱི་གཙུག་བེ་ཅོན་དང། །བེ་ཅོན་ཆེན་པོ་ཧུ་ལུན་དྷ། །དགའ་བོ་དང་ནི་ཉེ་དགའ་བོ། །རྒྱ་མཚོ་རྒྱ་མཚོ་ཆེན་པོ་དང། །ཆབ་ཆེ་བ་ཆེན་པོ་དང། །དཔལ་གྱི་འོད་དང་འོད ་ཆེན་པོ། །རྗེས་སུ་འདོད་དང་མཛེས་བ་དང། །མཛེས་ཆེན་པོ་དང་སྦྲུལ་བཟང་དང། །སྟོབས་པོ་ཆེ་དང་ཚིལ་ལི་དང། །ཚི་ལི་ཆེན་པོ་རྣམ་དག་ནི། །ོཾ་ཨཱ་གཙྪ་ཨཱ་གཙྪ་མཧཱ་ནཱ་གཱ་དྷི་པ་ཏི་སརྦེ་བྷུར་བྷུ་བ(རྒྱུད་འགྲེལ་མཐེ་བོང་མཐེའུ་ཆུང་བསྒྲེང་བར་བྱ། །ལག་པ་ཡས་ནི་རབ་ཕྱེ་སྟེ། །སྦྱོར་གྱིས་གདུགས་ཀྱི་ཚུལ་དུ་སྦྱོར། །ཞེས་པའི་ཕྱག་རྒྱ་དེ་དང། །ོཾ་བཀྵ་ཡ་བཀྵ་ཡ་ས་མ་ཡ་ཏཥྛི་ཛུཾ་ཧཱུཾ་ཕཊ་སྭཱཧཱ། བྱ་བའི་སྔགས་ཀྱིས་ཀླུ་རྣམས་དགའ་བར་བྱ་སྟེ། གོང་མ་བཞིན་དུ་གཏོར་བར ་བྱའོ། དེ་དག་ནི་ཀླུ་གཏོར་མའི་ཆོ་གའོ། །དེ་ནས་ནུབ་ཏུ་ཁ་བལྟས་ནས་ཟླུཾ་བོའི་སྟང་ཐབས་ལ་གནས་ཏེ། ཙན་ངན་དམར་པོ་ལ་སོགས་པས་དཀྱིལ་འཁོར་ཟུར་གསུམ་བྱས་ནས། མེ་ཏོག་དམར་པོ་ལ་སོགས་པས་ཉེ་བར་བརྒྱན་ནས། གོང་མ་བཞི་དུ་ཞོ་དང་སྦྲང་རྩི ་དང་ལྡན་པའི་སཱ་ལུ་ཅན་བདུད་རྩི་ལྔ་དང་ལྡན་པ་བྱས་ཏེ། མདུན་དུ་སྣོད་བཞག་ནས་གོང་མ་བཞིན་དུ་ཊཀྐི་རཱ་ཛའི་ཕྱག་རྒྱ་དང་སྔགས་འདིས་དགུག་པར་བྱའོ། །ོཾ་མ་ཎི་བྷ་དྲཱ་ཡ་སྭཱཧཱ། ཨོཾ་པུ་རྞ་བྷ་དྲཱ་ཡ་སྭཱཧཱ། ཨོཾ་དཱ་ན་ད་ཡ་སྭཱཧཱ། ཨོཾ་བཻ་ཤྲ་བ་ཎ་ཡ་སྭཱཧཱ། ཨོཾ་ཛི་བི་ཀུཎྜ་ལི་ནི ་སྭཱཧཱ། ཨོཾ་མུ་ཁེནྟ་ཡེ་སྭཱཧཱ། ཨོཾ་ཙ་ལེནྡྲ་ཡ་སྭཱཧཱ། ནོར་བུ་བཟང་དང་གང་བ་བཟང། ནོར་སྦྱིན་བདག་དང་རྣམ་ཐོས་སྲས། །རྒྱལ་བ་བཟང་པོ་རོལ་པའི་ཕྲེང། །བཞིན་གྱི་དབང་པོ་འགྲོ་བའི་དབང། །དེ་དག་ལ་སོགས་འཁོར་དང་བཅས། ཨོཾ་ཧེ་ཧོ་ཨཱ་ཀརཥ་ཡས་མ་ཡ་དི་བ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ་ཞེས་དེ་རྣམས ་དགུག་པར་བྱ་བའི་སྔགས་དང་ཕྱག་རྒྱའོ། །རྡོ་རྗེ་བཅིང་བ་བཅིངས་ཏེ། བསྐོར་ནས་སྙིང་གར་བཞག་པར་བྱ་བའི་ཕྱག་རྒྱ་དེ་དང་སྔགས་འདིས་ཨོཾ་ད་ནི་དི་བ་བཏ་ལི་ཧཱུཾ་སྭཱཧཱ་ཞེས་པས་མཉེས་པར་བྱས་ཏེ། གོང་ཁོ་ན་བཞིན་དུ་བཏང་བར་བྱའོ། །དེ་དག་ནི་གནོད་སྦྱིན་གྱི་གཏོར་མའི་ཆོ་གའོ། །ཡང ་དེ་ཁོ་ན་ལྷོ་རུ་ཁ་བལྟས་ཏེ། རྡོ་རྗེའི་སྟོབས་ཀྱིས་གནས་ཏེ། ཙན་དན་དམར་ལ་སོགས་པས་ཕྱི་རོལ་གྱི་དཀྱིལ་འཁོར་ཟུར་གསུམ་པ་བྱས་ཏེ། མེ་ཏོག་དམར་པོ་ཆེར་བཀྲམ་སྟེ། ལྷ་བཤོས་ལ་སོགས་པས་འདྲེན་ནས། ཉ་ཤ་སྐམ་པོ་དང། ཤ་སྐམ་པོ་དང། སྒོག་པ་བྱི་སྐུ་ཁྲག་གི་སྣོར ་རྣམས་ཏལ་གྱི་ཚ་མིག་དང་ཁུ་བ་རྣམས་དང། ཁྱད་པར་དུ་བདུད་རྩི་རྣམ་པ་ལྔ་དང། རྣམ་པ་སྣ་ཚོགས་བཐར་པའི་ཟས་དང། སྲན་མ་ལྔ་དང་ལྡན་པ། སྲན་མ་བཅོས་པ་དང། གང་བའི་སྣོད་མདུན་དུ་བཞག་སྟེ། གོང་མའི་སྔགས་པ་ཏ་ལི་ལ་སོགས་པ་དང། ཊཀྐི་ར་ཇའི་ཕྱག་རྒྱ་གཉིས ་ཀྱིས་དགུག་པར་བྱ་སྟེ། སྣོད་ལ་གཡོན་པས་རེག་ནས་སྔགས་འདི་བཟླའོ། །ོཾ་ཤིང་གཅིག་དང་ནི་དུར་ཁྲོད་དང། །རི་དང་བྲག་དང་ཕུག་གིས། །ཡུལ་གྱི་འདབ་དང་ལམ་དང་ཞིང། །ཁྱད་པར་དུ་ནི་ཁྱིམ་སྟོང་ལ། །སྣོད་དང་ཐད་དང་ས་སྟེང་དང། །ཁྱད་པར་གདོལ་པའི་ཁྱིམ་གནས ་པ། ནག་པོ་དྲག་པོ་དྲག་ཆེན་པོ། །ལྷས་བྱིན་མཉམ་དུ་བསྟེན་པ་དང། །ནག་པོ་གཙིགས་བྱེད་འཇིགས་བྱེད་པ། །དགའ་བ་ལས་འདས་བགེགས་རྒྱལ་པོ། །རྒན་བྱད་མ་དང་དྲག་མོ་དང། །འཇིགས་བྱེད་མ་དང་ཨུ་མས་བསྟོད། །རྒྱལ་མོ་རྣམ་པར་རྒྱལ་མོ་དང། །ཐུབ་མེད ་གཞན་གྱིས་མི་ཐུབ་པ། །ནག་མོ་བཟང་མོ་ནག་ཆེན་མོ། །ནག་སྦོམ་མ་དང་རྣལ་འབྱོར་མ། །དབང་མོ་དང་ནི་ཟླ་བ་མོ། །དྲག་མོ་སྡང་བ་ལམ་པ་ཀི། འཕྲོག་བྱེད་མ་དང་མེ་མར་མ། །འཇིག་བྱེད་ཡུལ་གནས་རྣལ་འབྱོར་མ། །དྲག་མོའི་གཟུཌ་དང་གཟུཌ་ཆེ་མ། མཆེ་པ་གཙིགས་མ་ཐོང་ཆེན ་མ། ཐོང་ཕྲེང་ཕྲེང་མ་ཁ་ཊཝཱཾ་མ། །སྒྲུལ་ཆེན་རབ་ཀྱི་དགྲ་སྟ་ཅན། །རྡོ་རྗེ་དེ་བཞིན་གཞུ་ལག་དང། །ལྷ་ཡི་དབང་ཕྱུགས་མ་རྣམས་དང། །མཁའ་འགྲོ་ལྔ་ཡི་དེ་ཉིད་དང། །ལས་ཀུན་རྗེས་སྒྲུབ་བྱེད་པ་ཡི། །སྦྱོར་བ་རི་དཀྱིལ་འཁོར་རྒྱལ་ཆེན་མོ། །དེ་བཞིན་རྡོ་རྗེ་དབང་ཕྱག་གཙོ། །དེ ་བཞིན་གཤེགས་པའི་སྐུ་ཆེན་མོ། །རྡུལ་མེད་སྦྱོར་བ་སྐྱེ་མེད་མ། །རྡོ་རྗེ་དབང་ཕྱུག་མའི་བཀའ་ཡིས། །ཐམས་ཅད་ཐམས་ཅད་འགུགས་འགྱུར་ཏེ། ཨོཾ་ཀཀྐ་དྷ་ན། བ་བབནདྷ་ན། །ཁ་ཁྑཱ་ང་ན། སརྦ་དུ་ཥྚ་ན། ཧ་ན་ཧ་ན། ཀ་ཏ་ཡ་ཆེ་གེ་མོ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་ཇ(རྒྱུད་འགྲེལ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ཏེ། མཛུབ་མོ་གཉིས་ལུ་གུ་རྒྱུད་དུ་བྱས་པའི་ཕྱག་རྒྱ་དེ་དང། ཨོཾ་ཏིཥཐ་ཧཱུཾ་བྷཀྵ་བཀྵ་ཕཊ། ཛཇ(རྒྱུད་འགྲེལ་དག་ནི་འབྱུང་པོའི་གཏོར་མའི་ཆོ་གའོ། །རྔ་ལ་སོགས་པ་བརྡུང་བ་དང་ལྡན་པ་དང། དྲིལ་བུའི་སྒྲས་ཡོངས་སུ་གང་བས་འབྱུང་པོའི་གཏོར་མ་ཉེ་བར་སྤྱོད་པའི་སྔགས་དང་ཕྱག་རྒྱ་ཁོ་ནས་བྱིན་ནས་དཀྱིལ་འཁོར་བྱེད་པའི་ས་དགང། དེའི་ཕྱི་རོལ་ཏུ་ཉེ་བ་ན། སློབ་མ་རྣམ་པར་བརྟབ ་པའི་དོན་དུ་ཨོཾ་ཨ་ཛི་ཧྭ་སཾ་བརྟ་ནི་ཧཱུཾ་ཕཊ་ཞེས་པའི་སྔགས་དེས་ལན་བདུན་མངོན་པར་བསྔགས་གདབ་སྟེ། སོ་ཤིང་དང་ཆུ་སྦྱིན་ནས་དམ་ཚིག་གི་སྡོམ་པ་སྦྱིན་པར་བྱའོ། །དེ་ལ་རེ་ཞིག་སློབ་མས་ཞུས་པའི་ཚིག་ནི། བདག་ལ་དགོངས་ཤིག་ཐམས་ཅད་ཀྱི་རྟག་པ་དང་མི ་བསྐྱོད་པ་དང། རིན་ཆེན་ཞེས་བྱ་བ་དང། འཇིག་རྟེན་དབང་ཕྱུག་དང། དོན་ཡོང་གྲུབ་པ་ལ་སོགས་པ་རྣམས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ཆེ་གེ་མོ་ཞེས་བྱ་བས་དུས་འདི་གནས་ཉེ་བར་བཟུང་ན་སུ་ཇི་སྙེད་བྱང་ཆུབ་ལ་གནས་པའི་བར་དུ་བླན་མེད་པའི ་བྱང་ཆུབ་ཀྱི་སེམས་མཆོག་བསྐྱེད་པར་བྱའོ། །ཇི་ལྟར་དུས་གསུམ་མགོན་པོ་ཡིས། །བྱང་ཆུབ་ཉིད་དུ་དེས་བྱས་ཏེ། །ཚུལ་ཁྲིམས་རྣམས་གསུམ་བསླབ་པ་དང། །དགེ་བའི་ཆོས་ནི་བསྡུ་བ་དང། སེམས་ཅན་དོན་བྱའི་ཚུལ་ཁྲིམས་ཏེ། །སོ ་སོར་བདག་གིས་བརྟན་པོར་གཟུང། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་མེད་དཀོན་མཆོག་གསུམ་གྱི་མཆོག། སྡོམ་པ་སངས་རྒྱས་སྦྱོར་སྐྱེས་པ། །དང་པོར་རེ་ཤིག་གཟུང་བར་བགྱི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དང། །སོ་སོར་དེ་བཞིན་ཉིད་དུ་གཟུང། །རྡོ་རྗེ ་ཆེན་པོའི་རིགས་མཆོག་ལ། །སློབ་དཔོན་ཉིད་དུ་གཟུང་བར་བགྱི། །དམ་ཚིག་ཉིད་དུ་དག་པ་ཡི། །རིན་ཆེན་འབྱུང་བའི་རིགས་མཆོག་ལ། །ཉིན་རེ་དུས་དྲུག་བྱས་ནས་སུ། །སྦྱིན་པ་རྣམ་བཞི་སྦྱིན་པར་བྱ། །བྱང་ཆུབ་ཆེན་པོ་འབྱུང་བ་ཡི། །པདྨ་ཆེན་པོའི་རིགས ་དག་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །སྡོམ་པ་ཐམས་ཅད་དང་ལྡན་པ། །ཇི་ལྟར་ནུས་པ་མཆོད་པའི་ལས། །ལས་ཀྱི་རིགས་མཆོག་ཆེན་པོ་ལས། །དེ་བཞིན་ཉིད་དུ་སོ་སོར་གཟུང། །བླ་ན་མེད་པའི་བྱང་ཆུབ ་སེམས། །མཆོག་ཏུ་བསྐྱེད་པར་བྱས་ནས་སུ། །སེམས་ཅན་ཐམས་ཅད་དོན་བྱེད་ཕྱིར། །སྡོམ་པ་མ་ལུས་གཟུང་བར་བགྱི། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་བགྲོལ་བ་རྣམས་བདག་གིས་དགྲོལ། །དཔུགས་མ་ཕྱིན་རྣམས་དབུགས་དབྱུང་སྟེ། ་མྱ་ངན་འདས་ལ་སེམས་ཅན་དགོད་པར་བགྱི། །ཞེས་སོ། སློབ་མས་ཞུས་པའི་ཚིག་གོ་སློབ་དཔོན་གྱིས་ལན་བཏབ་པ། །ཐེག་པ་ཆེན་པོའི་འབྲས་འབྱུང་བའི། །དཔལ་ལྡན་མཆོག་གི་ལམ་འདི་ཡིན། །གང་གིས་ཁྱོད་རྣམས་འགྲོ་འགྱུར་བ། །དེ་བཞིན ་གཤེགས་པར་འགྱུར་བ་ཡིན་ཞེས་པའོ། །ལན་བཏབ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཟབ་མོའི་ཆོས་བསྟན་པར་བྱས་ཏེ། ཕྱི་ནས་དཀྱིལ་འཁོར་དུ་བཞག་པར་བྱའོ། །དེ་དག་ནི་སློབ་མ་སྟ་གོན་ལ་གནས་པའི་ཆོ་གའོ། །དེ་ནས ་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེ་སློབ་དཔོན་གྱིས། མཆོད་པ་ཉི་ཤུ་བ་བདུན་དུ་བྱས་ནས་དྲིལ་བུ་དཀྲོལ་ཏེ། རྡོ་རྗེའི་དབྱངས་འདིས་བསྟོད་པར་བྱའོ། །ལྷ་ཆེན་མགོ་ཡི་མགོ་བརྒྱན་ཅོད་པན་ནོར་བུའི་འོད་ཀྱིས་ཕོག་པའི་ཞབས་གཉིས་པ། རྟག་པར་གདན ་ལ་ཤིན་ཏུ་བརྟན་པར་བཞུགས་པར་མགུལ་པར་འཁྱུད་པའི་སྐུ་འཆང་བའི། །འོད་ཟེར་འཕྲོ་བའི་དྲ་བ་བསྐྱོད་པར་མཛད་པ་གསང་བ་ལས་འབྱུང་སྐུ་འཛིན་པ། །དབང་ཕྱུག་དམ་པ་གོ་འཕང་མཆོག་འགྱུར་རྡོ་རྗེ་སེམས་ལ་བདག་གིས་ཕྱག་འཚལ་ལོ། །དེ་ནས ་གོང་དུ་གསུངས་པའི་རིམ་པས་སྦྱིན་སྲེག་བྱ་སྟེ། རྡོ་རྗེ་དང་དྲིལ་བུ་བླངས་ལ་དཀྱིལ་འཁོར་གྱི་ཁང་པར་བཞུགས་ཏེ། མཆོད་པ་ཉི་ཤུ་པ་ལ་སོགས་པས་སྔོན་དུ་མཆོད་ནས། མཚན་བརྒྱ་རྩ་བརྒྱད་དང། སྣ་ཚོགས་པའི་རྡོ་རྗེའི་དབྱངས་བླངས་ནས་བསྟོང ་དེ། དེ་ནས་དམ་ཚིག་ལ་སོགས་པ་སྦྱིན་པར་བྱའོ། །ཞེས་གསུངས་པ། བདུད་རྩི་ལྔ་ནི་བསྲེས་ནས་སུ། །ཉ་ཕྱི་ལ་སོགས་བསྒོམ་པར་བྱ། །ཞེས་པ་ནི། དོན་ནི་འདི་ལྟ་སྟེ། བདུད་རྩི་ལྔ་དང། ལྕགས་ཀྱུ་ལྔ་དང་བསྲེས་པའི་བདུད་རྩིའི་འོད་ནས་གསུངས་པའི ་རྣམ་པས་ཡང་དག་པར་སྦྱང་སྟེ། དམ་ཚིག་ཡོངས་སུ་བརྟག་པར་བྱའོ། །ཞེས་སོ། །དེ་གསལ་བར་བྱས་པས་གསུངས་པ། ཧ་ཞེས་པ་ཡིས་ཁ་དོག་འཕྲོག་ཧོ་ཞེས་པས་ནི་དྲི་མེད་ཅིང། །ཧྲཱི(རྒྱུད་འགྲེལ་བདུད་རྩི་འོད་སྦྱང་བར་བྱ་བ་གསལ་བར་བྱས་པའོ། །རྣམ་གསུམ་ལན་གསུམ་བརྗོད་པ་ནི། ཞེས་པ་ནི། ལན་གསུམ་བརྗོད་པར་བྱའོ། ཞེས་པའོ། །བསམ་པ་ནི་འདི་ལྟ་སྟེ། རང་བཞིན་གསུམ་གྱིས་སྔགས་བཟླས་ཏེ། འོག་ནས་འབྱུང་བའི་ས་བོན་གྱིས ་བསྐྱེད་པ་རི་རབ་ཀྱིས་ལན་གསུམ་བསྲུངས་ཏེ། ལྷག་པར་སྔགས་བཏབ་ཟིན་མ་ཐག་ཏུ་བདུད་རྩིའི་འོད་ཀྱང་རང་བཞིན་གསུམ་ཁོ་ནར་བསྒོམ་པར་འགྱུར་རོ་ཞེས་པའོ། །གཟུགས་དང་མཛེས་པའི་མདོག་ནི་པདྨའི་དབང་ཕྱུག་སྟེ་ཞེས་པ་ནི་སྣང་བ་མཛའ་ཡས ་སྣོ། །དྲི་ཆུའི་ངོ་བོ་ཤིན་ཏུ་མཛེས་པ་སྣང་མཛད་དང། ཞེས་པ་ནི་རྣམ་པར་སྣང་མཛད་དོ། །དྲི་ནི་རྡོ་རྗེའི་དབང་ཕྱུག་རྡོ་རྗེའི་ཕྱག་ཅེས་པ་ནི་མི་བསྐྱོད་པའོ། །ལྷ་དག་གསུང་གི་རྣམས་ཀྱིས་ནི། །ཆོ་ག་གསུམ་གྱིས་ཤེས་པར་བྱ་ཞེས་པ་ནི་ལྷ་གསུཾ ་གྱི་རང་བཞིན་གྱིས་བདུད་རྩིའི་འོད་ནི་བསྒོམ་པར་བྱའོ། །ཞེས་པའི་དོན་ཏོ། །གཡོན་པ་ཟླ་བའི་ལག་པ་ལ། །ཟླ་བའི་དབུས་སུ་ཡི་གེ་ནི། །ཞེས་པ་ནི་གཡོན་པའི་ལག་པའི་མཐིལ་བདུད་རྩིའི་ཡི་གེས་བསྐྱེད་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་ཡང་བདུད་རྩིའི་ཡི ་གེ་རྣམ་པར་བཀོད་པའོ། །བདུད་རྩི་ཀུན་རིག་རི་མོ་ཅན་ཞེས་པ་ནི། དེ་ལ་ཀུན་རིག་ནི་རྣམ་པར་སྣང་མཛད་དོ། །དེའི་རི་མོ་ནི་ཡི་གེ་ཨོཾཱོ། །དེས་བདུད་རྩི་ཡི་གེ་ལ་བཏགས་ནས། ཡི་གེ་ཨོཾ་དུ་འགྱུར་རོ། །ཡི་གེ་ཨོཾ་དེ་ཁོ་ན་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་བསྒོམ་པར ་བྱའོ། ཞེས་པའི་ཐ་ཚིག་གོ། །དེ་བཞིན་མཐེ་བོས་དང་ནི་ཞེས་པ་ནི་ཡི་གེ་ཧཱུཾ་གིས་གཡོན་པའི་མཐེ་བོ་བསྒོམ་པར་བྱའོ་ཞེས་པའོ། །སྲིན་ལག་གིས་ཀྱང་རི་རབ་སྟེ། །བདུད་རྩི་བསྲུབས་པའི་སྟོབས་དག་ནི། ཞེས་པ་ནི་གཡོན་པའི་སྲིན་ལག་བདུད་རྩིའི་རང་བཞིན་རི ་རབ་ཏུ་བསྒོམས་ཏེ། དེའི་སྟེང་དུ་ཡི་གེ་གསུམ་བཀོད་པ་ནས་བསྲུང་བར་བྱའོ། །ཞེས་པའོ། །ཆུ་ནི་རྣམ་གསུམ་ཤེས་པར་བྱ་ཞེས་པ་ནི། དེ་ལ་ཆུ་ནི་བདུད་རྩིའི་འོད་དོ། །རྣམ་གསུམ་ཤེས་པར་བྱ་ཞེས་པ་ནི་བསྲུབས་མ་ཐག་ཏུ་གསུཾ་གྱི་ཚུལ་གྱིས་བསམ་པར་བྱའོ། །ཞེས ་པའོ། །རྣལ་འབྱོར་མ་ཀུན་སོ་སོ་རུ། །མཐེ་བོས་ཐིག་གཏོར་དབུལ་བར་བྱ། །ཞེས་པ་ནི་སོ་སོར་རྣལ་འབྱོར་མ་ཐམས་ཅད་ལ་མཐེ་བོང་དང་སྲིན་ལག་གིས་འཐོར་ནས་བདུད་རྩིའི་ཐིགས་པ་དབུལ་བར་བྱའོ་ཞེས་པའོ། །དེ་ནས་བདག་གིས་ངོ་བོ་ཡིས། །རང་སེན ་ཀྱི་ནི་བྱ་བ་ནི། ཞེས་པ་ནི། ཕྱིས་ནི་རང་གི་ལུས་ལ་བྱིན་གྱིས་བརླབས་པར་བྱའོ་ཞེས་པའོ། །སྒྲོགས་པ་ལྔ་ཡིས་མཆོད་རྟེན་ལ། །རྣམ་པ་གསུམ་གྱིས་བཀྲུ་བར་བྱ། ཞེས་པ་ནི་རང་གི་ཕུང་པོའི་གྲེ་བར་ཡི་གེ་ཧྲི་ལས་ཡོངས་སུ་བསྐྱེད་པའི་པདྨའི་སྟེང་ན། ཡི་གེ་ཧཱུཾ་གིས ་བསྐྱེད་པའི་ཡེ་ཤེས་མཁའ་འགྲོ་མ་མཆོད་རྟེན་གྱིས་ཚུལ་དུ་སྒྲིབ་པ་ལྔའི་གནས་སུ་བསྒོམས་ཏེ། ཉོན་མོངས་པ་བཀྲུ་བར་འདོང་པའི་ཕྱིར་བདུད་རྩིའི་ཐིག་ལེ་ཕབ་པས་ལན་གསུམ་བཀྲུ་བར་བྱའོ། །ལྕེའི་རྩེར་ཐིགས་པ་དེ་རྣམས་ཀྱིས། །བློ་དང་ལྡན་པར་གནས ་གསུམ་པའོ། །ཞེས་པ་ནི་ལྕེ་དང་དཔྲལ་བ་དང། སྤྱི་གཙུག་དང། དེ་ཁོ་ནར་བདུད་རྩིའི་ཐིགས་པ་དབུལ་བར་བྱའོ། །དེ་ནས་སྟ་གོན་ལ་གནས་ཟིན་པའི་སློབ་མ་རྣམས་ལ་དབྱངས་ཚིག་འདིས་རི་ཚིག་སྦྱིན་པར་བྱ་སྟེ། གཟིགས་ཤིག་མཛེས་པ་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱར ་མི་རུང། །བྲམ་ཟེ་ཁྱི་དང་གདོལ་པ་དང། །རང་བཞིན་གཅིག་ཏུ་དགོངས་ནས་གསོལ་ཞེས་པའོ། །སློབ་མ་རྣམས་ཀྱིས་ཀྱང་ཕྱག་རྒྱས་པདྨ་བསྐོར་བ་མདུན་དུ་བྱས་པའི་ལན་གསུམ་གྱིས་ཕྱག་རྒྱ་བཅིངས་ཏེ། དབྱངས་ཚིག་འདིས་བླང་བར་བྱའོ། །བདེ་བར་གཤེགས ་ཤིང་ཆོས་ཀྱི་མཆོག་།འདོད་ཆགས་དྲི་མ་མེད་པ་འདི། །གཟུང་འཛིན་རྣམ་པར་གྲོལ་བ་ཡི། །དེ་བཞིན་ཉིད་ནི་བདག་ཕྱག་འཚལ། །ཞེས་པའོ། །དེ་ནས་སློབ་མ་གཞུག་པ་རྣམས་ནི་དྲི་ཆུས་མངོན་དུ་བསང་གཏོར་བྱས་ཏེ། མེ་ཏོག་གིས་ཐལ་མོ་ཡང་དག་པར་འཆིང་དུ ་བཅུག་ནས་དར་གྱིས་གདོང་གཡོགས་ཏེ་དཀྱིལ་འཁོར་གྱི་སྤོར་བཞག་ནས་སྡོམ་པ་བྱིན་པར་བྱའོ། །དེ་ལ་རེ་ཞིག་སློབ་མས་ཞུས་བ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འཁོར་བའི་བསོད་ནམས་ཡི་རང ་སྟེ། སངས་རྒྱས་བྱང་ཆུབ་ཡིད་ལ་བཀོད་ཅེས་པའོ། །དེ་ནས་གོང་དུ་གསུངས་པའི་སྭཱཧཱ་བ་ཤུདྡྷ(རྒྱུད་འགྲེལ་འཚལ་བ་གསུམ་བྱ་སྟེ་ཨོཾ་པཉྩ་ཌཱ་ཀི་ནི་པུ་ཛཾ་པསྠ་ནཱ་ཡ་ཨཱ་ཏྨ་ནཱ་ནི་རྱ་ཏ་ཡཱ་མི། ཨོཾ་ཨ་ཙརྱ་པཱུ་ཛོ་པ་སྠ་ནཱི་ཡི་ཨཱ་ཏཔ་ནཱཾ་ནིརྱ་ཡཱ་མི། ཨོཾ་ས་ཀ་ལ་སཏྭ་པ་རི་ཏྲ་ནཱ་ཡ། ཨཱ་ཏྨ་ནོ་ནིརྱ་ཏ་ཡཱ་མི་ཞས་བརྗོད་ནས། ཕྱག་འཚལ་བ་གསུམ་བྱ་བའོ། །སློབ ་དཔོན་གྱིས་ནི་སྡོམ་པ་བྱིན་ནས་ས་མ་ཡ་སྟཝཾ་ས་མ་ཡ་ཧོ་ཞེས་ལན་གསུམ་བརྗོད་ནས། ལུས་ཀྱི་རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབས་པ་འདི་བྱའོ། །ཱ(རྒྱུད་འགྲེལ་བྱས་ནས། སྙིང་གར་རྡོ་རྗེ་བྱིན་གྱིས་བརླབས། །ཡེ་ཤེས་འདྲེན་པའི་ཨོཾ་གྱིས་ནི། །ལུས་ཀྱང་རྡོ་རྗེ་བྱིན་གྱིས་བརླབས་ཞེས་པ་དང། ཨོཾ་ཧི་ཧི་མན་གུརྞི་ཏ་བཛྲ་ཙ་ལེ་ཡུཾ་ཡུཾ་སྭཱཧཱ། །ཡེ་ཤེས་ཅན་གྱིས་ཡེ་ཤེས་འདི། །དི་རིང་བདུད་རྩིར་མྱང་བར་བགྱིས། ཞེས་པ་བརྗོད་ནས། ་ཨོཾ་ཨ་སྭཱ་ཧཱ་ཞེས་པའི་སྔགས་ཀྱིས་ལན་གསུམ་སྔགས་བཏབ་སྟེ། བདུད་རྩི་ལྔ་དང་ལྕགས་ཀྱུ་ལྔ་བསྔགས་པའི་བདུད་རྩིའི་འོད་ཁ་ལ་སྦྱིན་པར་བྱའོ། ཞེས་པའོ། །དེ་ནས་སློབ་མ་དབབ་པར་བྱ་བ་ནི་སློབ་མའི་སྙིང་གར་ཡི་གེ་ཡུམ་ལས་གྱུར་པ་རླུང་གི་དཀྱིལ ་འཁོར་དེའི་སྟེང་དུ། ཡི་གེ་ཡུཾ་ཁོ་ན་བསམ་ཏེ། དེ་བཞིན་དུ་རྐང་མཐིལ་གཉིས་ལ་ཡང་བཀོད་ནས་སློབ་དཔོན་གྱིས་ཡེ་ཤེས་མཁའ་འགྲོ་མའི་ང་རྒྱལ་གྱིས་རྡོ་རྗེ་དྲིལ་བུ་དང། ང་རོས་འཇིགས་པར་བྱེད་དེ། དེ་བཞིན་དུ་རང་གི་སྙིང་གནས་གཏུམ་མོ་ཆེན་པོ ་རླུང་བྱུང་ནས་སྔགས་འདིས་འགུལ་བར་བྱའོ། །ོཾ་ལེ་ལེ་ཧཱུཾ་ཨ་སྭཱཧཱ་ཞེས་པའོ། །གལ་ཏེ་འདིས་འགུལ་བར་མ་གྱུར་ན། དེའི་ཚེ་གོང་དུ་གསུངས་པའི་རིམ་པས་ཡང་དག་པར་བྱའོ། །དབབ་ཟིན་མ་ཐག་ཏུ་སྣ་ཚོགས་རྡོ་རྗེའི་དབྱངས་སྒྲས་དཀར་སྟེ། དེའི་འོག ་ཏུ་དབབ་པ་དེ་ཞི་བར་བྱ་བར་སྔགས་འདིས་བྱའོ། །ོཾ་ཏིཥྛ་བཛྲ་ས་མ་ཡ་པྲ་ཏི་བ་ལེ་ཏེ། ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་སྭཱཧཱ་ཞེས་སོ། །དེ་ནས་མེ་ཏོག་གཏོར་དུ་བཅུག་སྟེ། གར་ལྷུང་བའི་ལྷའི་དངོས་གྲུབ་ཐོབ་པ་ཡིན་པའོ། །དེ་ནས་ཛྙཱ་ཙཀྲ་ཧཱུཾ་ཞེས་པའི་སྔགས་ཀྱིས་གདོང་གཡོགས ་བཤུ་བར་བྱས་ཏེ། ལྷའི་དེ་ཁོ་ན་ཉིད་བསྟན་ནས་སོ་སོ་རུ་ཀེང་རུས་འཇིགས་བྱེད་དང་པོ་གཟུང་ནས་ཡེ་ཤེས་མཁའ་འགྲོ་མའི་མཐར་ཐུག་པའི་བར་བསྟན་པར་བྱའོ། །དེ་ནས་བླ་མའི་ཞབས་དྲུང་དུ་མགོས་གཏུགས་ཡོན་དབུལ་ཏེ། ཅི་འདོད་པའི་དངོས་གྲུབ ་ཞུ་བར་བྱའོ། །གོང་མ་བཞིན་དུ་སྙིང་ཁར་ཐལ་མོ་བཞག་པའི་སློབ་མས། ཨོཾ་བཛྲ་མཎྜ་ལ་པྲ་བེ་སོ་ཨ་ཧཾ། ཨོཾ་གུ་ཧཡ་མངཌལ་མཧཱ་མཎྜལ་དྲིཥྚི་ཧི་ཨ་ཧཾ། ས་མ་ཡ་ཧོ་ཞེས་ལན་གསུམ་བརྗོད་དུ་བཅུག་ནས། གོང་མ་བཞིན་དུ་ཡན ་ལག་བརྒྱད་པ་བཀོད་པར་བྱའོ། །དེ་ནས་ས་མ་ཡ་ཨ་ཧཾ། ཧཱུཾ་བཛྲ་ཨ་ཧཾ། ཨོཾ་ཧུདྒ་ཏོ་ཨ་ཧོཾ། ཨ་ཨ(རྒྱུད་འགྲེལ་ལྷོའི་སྒོའི་བུམ་པའི་ནི་སློབ་མ་དབང་བསྐུར་བའོ། །ནུབ་ཀྱིས་ནི་སྔགས་ཀྱིས་དབང་བསྐུར་བའོ། །བྱང་གིས་ནི་རྒྱུད་ཀྱི་དབང་བསྐུར་བའོ། །འཁོར་ལོས་སྒྱུར་བའི་འགྱིད་བག་གིས་ཤར་ཕྱོགས་སུ་ཁ་བསྟན་ནས་གདན་ལ་གནས་པས་སློབ་མ་བྱང་ཆུབ་ཀྱི་སེམས་བསྐྱེད ་པར་བྱས་པ་ལས། ཨོཾ་ཡེ་ཤེས་ཆུ་ཡི་བུམ་པ་ཡིས། །རྡོ་རྗེ་ལྕགས་ཀྱུའི་རྒྱུན་གྱིས་ནི། །དབང་བསྐུར་ནས་ནི་བྱང་ཆུབ་ཐོབ། །དི་རིང་འཁོར་བ་ལས་གྲོལ་ལོ། །ོཾ་ཨ(རྒྱུད་འགྲེལ་རྡོ་རྗེ་སྒྲོག་གི་ཕྱག་རྒྱ་བཅིངས་ནས། ཨོཾ་བཛྲ་ཀཱ་ཡ་ཧཱུཾ་ཨ(རྒྱུད་འགྲེལ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ནས། མཛུབ་མོ་གཉིས་བཀུག་ནས་ཁ་སྤྲད་པར་བྱ་སྟེ། ཨོཾ་ཧཱུཾ་ཨ་སྭཱཧཱ་ཞེས་པས། སངས་རྒྱས་ལྔའི་དབུ་རྒྱན་གྱིས་དབང་བསྐུར་བར་བྱའོ། །དེ་ནས་ལུང་སྟོན་པ་སྦྱིན་པར་བྱ་སྟེ། དེ་ནས་ཤར་དུ་གོམ་པ་བདུན་སོང་ནས་གོས་གྱོན་ཏེ། དེ ་ཁོ་ན་ལས་ཕྱིར་ལོག་ནས། ཐེག་པ་གསུམ་མཆོག་ཏུ་གྱུར་བ་སྟོན་པར་བྱ་སྟེ། བྱིན་བརླབས་ཀྱི་རིམ་པ་ཡང་བསྟན་པར་བྱའོ། །དེ་ལྟར་རིམ་པས་གཞན་ཡང་གཞུག་པར་བྱའོ། །དེ་ནས་སློབ་མའི་གང་གཏོང་དཀའ་བའི་རྫས་དེ་དང། འདོད་ཆགས་བའི་རྫས་དེ་ནི ་བླ་མ་ལ་ཡོན་དུ་དབུལ་བར་བྱའོ། །དེ་ལྟར་ཡང་གསུངས་པ། གང་དག་ཡོངས་སུ་གཏོང་དཀའ་ཨི་རྫས། །ཡང་ན་ཤིན་ཏུ་ཁྱད་པར་ཅན། །དེ་དང་དེ་ནི་བླ་མ་ལ། །དེ་ཉིད་མི་བཟད་འདོད་པས་དབུལ་ཞེས་སོ། །དེ་ནས་དཔའ་བོའི་འཁོར་ལོའི་མཆོད་པ་བརྩམས ་པའོ། དེ་ལ་རིམ་པ་འདི་ལྟ་སྟེ། དཀྱིལ་འཁོར་གྱི་ཕྱོགས་བརྒྱད་ཀྱི་ཆ་རུ་བོར་ནས། སྣ་ཚོགས་རྣམ་པར་དཀོད་པའི་གདན་བཏིང་སྟེ། དེ་ལ་ལྷ་མོ་དང་བཅས་པའི་ཚོགས་ཀྱིས་འཁོར་ལོར་གནས་པས་སྣ་ཚོགས་ཀྱི་མེ་ཏོག་དང། སྤོས་དང། དྲི་དང། མེ་ཏོག་གི ་ཕྲེང་བ་དང། བཀྲུས་པ་དང། སྣ་ཚོགས་ཀྱི་ཟས་དང། བཏུང་བ་དང། གོས་དང། རྒྱན་ལ་སོགས་པ་རྣམས་ཇི་ལྟར་འབྱོར་བཞིན་དུ་འདུ་བར་བྱའོ། །དེ་ལ་དང་པོ་ནི་དཔའ་བོའི་འཁོར་ལོ་ཉེ་བར་སྤྱོད་པ་ལྔ་ལ་སོགས་པས་མཆོད་མ། རྫས་བཅུ་དང་ལྡན་པའི་བདུད་རྩིའི ་འོད་གོང་དུ་གསུངས་པའི་རིམ་པས་སྦྱངས་ཏེ། སྔགས་བཏབ་ནས་ཕྱག་རྒྱ་དེ་ཁོ་ནས་དམ་ཚིག་སོ་སོར་རེ་རེ་དབྱངས་ཚིག་འདིས་དབུལ་བར་བྱའོ། །གཟིགས་ཤིག་མཛེས་པ་དམ་པའི་ཆོས་ཞེས་པ་ལ་སོགས་པས་སོ། །གཞན་རྣམས་ཀྱིས་ཀྱང། བདེ་བར་གཤེགས ་ཤིག་ཆོས་ཀྱི་མཆོག་ཅེས་པ་ལ་སོགས་པ་བླང་བར་བྱ་སྟེ། དབྱངས་ཚིག་བརྗོད་ནས་ཕྱག་འཚལ་བ་དང། ལག་བསྐོར་སྔོན་དུ་བྱས་ཏེ། ལན་གསུམ་གྱིས་ཕྱག་རྒྱ་དང་ལྡན་པའི་དབྱངས་ཚིག་གིས་ཤིན་ཏུ་མཉམ་གཞག་དག་པའི་སེམས་ཀྱིས་སྔགས་རྒྱུད་ལ་མ?? ་བས་དབང་པོ་བཏུལ་ནས་སེམས་ཅན་གྱི་ཁམས་ཀུན་ལ་སྙིང་རྗེ་བསྐྱེད་ནས་དམ་ཚིག་གི་ཕྱག་རྒྱའི་སྔགས་ཙམ་པར་བྱའོ། གཞན་དུ་ནི་མ་ཡིན་ནོ། །དེ་གསུངས་པ། ཇི་ལྟར་དེ་བཞིན་ཉིད་སྤྱོད་ལ། ཐམས་ཅད་གཙང་མའི་རྣལ་འབྱོར་པས་ཤེས་སོ། །རང་གི་རིག་པའི ་ལྟ་སྦྱོར་ནས། མཐེ་བོད་སྲིན་ལག་ཁ་གཉིས་ཀྱིས། །བཟའ་བའི་བཏུང་བ་མྱང་བྱས་ནས། །རྟག་ཏུ་བདེ་བའི་དངོས་གྲུབ་ཐོབ་ཅེས་པའོ། །དེ་ཁོ་ན་བཅོམ་ལྡན་འདས་ཀྱིས་གསལ་བར་མཛད་པས། ཇི་ལྟར་སྦྱོར་ཅིག་སྨྲ་ཞེས་པ་ལ་སོགས་པའོ། །དེ་ལ་ཇི་ལྟར་བདེ ་བཞེས་པ་ནི་རྣམ་པ་གང་གིས་བདེ་བར་གྱུར་པ་ཞེས་པའི་དོན་ཏོ། །འདིར་ཡང་བདེ་བའི་སྒྲ་ཡིས་ནི་ཆེན་པོར་བརྗོད་པའོ། །དེ་བཞིན་ཉིད་ཀྱིས་དགའ་བའི་དངོས་པོ་ཉིད་ཀྱི་མཆོག་།ཚངས་པ་མྱ་ངན་འདས་པར་གྲོལ་བ་ཡིས་ཞེས་ཇི་སྙེད་པའོ། །འདིལ་ནི་རྡོ་རྗེ་རབ་ཏུ་བསྒོམ་པས ་ཐོབ་པ་སེམས་རྩེ་གཅིག་པ་དེ་ཉིད་དོ། དེ་བས་ན་བསམ་པ་ནི་འདི་ལྟ་སྟེ། རྩེ་གཅིག་ཏུ་གྱུར་བའི་དེ་ཁོ་ན་གཞན་མི་འགྱུར་བ་དེ་ལྟར་བརྩམ་པར་བྱའོ། །ཁ་རན་གྲཝ་གསུམ་བརྩམས་པ་ཡི། །དམར་བའི་དཀྱིལ་འཁོར་ཕྱི་རོལ་ཏུ་ཞེས་པ་ནི། འཁོར་ལོའི་ཕྱི་རོལ་ཏུ ་ཙན་དན་དམར་པོ་ལ་སོགས་པས་གྲུ་གསུམ་པའི་དཀྱིལ་འཁོར་བྱས་ཏེ། ཤར་གྱི་སྒོ་ནས་དགུག་པར་བྱའོ། །མེ་ཏོག་དམར་པོ་སྤོས་མེད་དང་ཞེས་པ་ལ་སོགས་པ་ནི་དན་གོ་སླའོ། །ོཾ་ཤིང་གཅིག་དང་ནི་དུར་ཁྲོད་དག། ཞེས་པ་ལ་སོགས་པས་???གསུངས ་པ་རི་རིམ་པས་འབྱུང་པོའི་གཏོར་མ་ཡོངས་སུ་བརྟག་པར་བྱ་སྟེ། གང་དེ་ལ་སོགས་པ་བརྩམ་པ་ནི་ཞེས་པ་ནི། རྫས་བཅུ་དང་ལྡན་པ་བདུད་རྩིའི་འོད་རང་གི་ཁ་བཀང་བར་བྱ་སྟེ། ཇི་ལྟར་འདོད་པའི་ལས་བསམ་པ་སྔོན་དུ་བྱས་ནས་ཡི་གེ་གྲུ་གིས་གཏོར་མའི་སྟེང་དུ་གཏོར ་མར་བྱའོ། །དེ་ནས་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། རྒྱབ་དང་རྒྱབ་ཏུ་སྦྱོར་ནས་སུ། །སྲིན་ལག་གཉིས་ཀྱིས་དཀྲི་བྱས་ནས། །ཁྲོ་བོ་ལུ་གུ་རྒྱུད་ཀྱི་ཚུལ་ཞེས་པ་དང། ཨོཾ་གྷ་ཀྵ་ཡཁ་ཀྵ་ཡ། ས་དྲ་ཡོ་ག་ཡོ་གཱི་ཤྭ་རི་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་སྭཱཧཱ། ཞེས་བརྗོད་ནས། ཞེས་བྱ་ལས?? ་པའི་དོན་དུ་འབྱུང་པོའི་གཏོར་མ་སྦྱིན་པར་བྱའོ་ཞེས་པའོ། །དེ་ནས་མཆོད་པ་བྱེ་བྲག་ཏུ། །རྟོག་དང་མི་རྟོག་རབ་ཏུ་སྤང། །ཞེས་པ་ནི། བཟའ་བ་དང་མི་བཟའ་བ་ལ་སོགས་པའི་རྣམ་པར་རྟོག་པ་ཡོད་པས། །དག་པའི་རང་བཞིན་གྱིས་ཁྱད་པར ་དུ་དམ་ཚིག་གི་མཆོད་པ་བྱའོ། །ཞེས་པའོ། །ལྕགས་ཀྱུ་ལ་སོགས་ལྔ་དག་ནི། །དེ་ཁོ་ན་སྔར་བརྟག་པར་བྱ་ཞེས་པ་ནི། ལྕགས་ཀྱུ་ལྔ་དང། སོགས་པའི་སྒྲ་ལས་བདུད་རྩི་ལ་ཡང་འོག་ནས་འབྱུང་བའི་མཚན་ཉིད་ཀྱིས་དེ་བཞིན་ཉིད་ལྔར་བྱའོ་ཞེས་བ་སྟེ། སངས ་རྒྱས་ལྔའི་བདག་ཉིད་བསྒོམ་པར་བྱའོ་ཞེས་པའི་དོན་ཏོ། །ལྕགས་ཀྱུ་ཆེན་པོ་ཞེས་བྱ་བ་ཞེས་པ་ནི་མིའི་ཤའོ། །ཡེ་ཤེས་ལྷའི་ཞེས་པ་ནི། དེའི་རང་བཞིན་ཉིད་དུ་འདོད་པའི་དོན་ཏོ། །རྡོ་རྗེ་ལྕགས་ཀྱུ་མི་འཁྲུག་པ་ཞེས་པ་ནི་གླང་པོ་ཆེའི་ཤའོ། ། ་མི་བསྐྱོད་པའི་རང་བཞིན་ཞེས་པའོ། །ཡུམ་གྱི་ལྕགས་ཀྱུ་རིན་ཆེན་ལྡན་ཞེས་པ་ནི། ཁྱི་ཤ་སྟེ་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་ནོ། །རྒྱལ་བའི་ལྕགས་ཀྱུ་དོན་ཡོང་པ་ཞེས་པ་ནི་གླང་གི་ཤ་སྟེ། དོན་ཡོང་གྲུབ་པའི་རང་བཞིན་ནོ། །གཡོ་བའི་ལྕགས་ཀྱུ་འོད ་དཔག་མེད་ཅེས་པ་ནི། །རྟའི་ཤ་སྟེ་འོད་དཔག་མེད་ཀྱི་རང་བཞིན་ནོ། །ལྕགས་ཀྱུ་ལྔ་ལ་སོགས་པ་ཡི། །ཐམས་ཅད་དེ་ཉིད་རབ་ཏུ་སྦྱར་ཞེས་པ་ནི། དེ་ལ་ཐམས་ཅད་དེ་ཉིད་ཅེས་པ་ནི། མྱ་ངན་ལས་འདས་པ་སྟེ། དེ་སྦྱོར་བ་ནི་རྐྱེན་ཞེས་པའི་དོན་ཏོ། །དེ་དག ་ཡང་རྣམ་པར་སྣང་མཛད་དང་མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན་དང། འོད་དཔག་མེད་དང། དོན་ཡོད་གྲུབ་པའི་རང་བཞིན་དུ་གསུངས་པ། གང་ཞིག་འདོད་པའི་ལྷ་ཀུན་དང། ཞེས་པ་སྟེ། སངས་རྒྱས་ལྔའི་རང་བཞིན་ཉིད་ཀྱི་ཕྱིར་འདོད་པ་སྒྲུབ་པོ། ། ་དེ་དག་ཐམས་ཅད་ཁོ་ནས་ནི། །རྣལ་འབྱོར་མ་རྣམས་ཚིམ་པར་བྱའོ། །གཞན་ནི་མ་ཡིན་ནོ་ཞེས་གསུངས་པ། རྣལ་འབྱོར་མ་ཀུན་མཉེས་པར་བྱ། །དེ་བཞིན་འདོད་དགའ་མ་ཡིན་ཞིང། །ཞེས་པ་ལ་སོགས་པའོ། །རང་འདོད་ཅེས་པ་ལ་སོགས་པ་ནི། །གསལ ་བར་བཤད་ཟིན་ཏོ། །དེ་དབུས་སུ་ནི་དཔའ་བོ་རྣམས། །ཱ་ལི་ཀཱ་ལི་རབ་ཏུ་སྦྱར་ཞེས་པ་ནི། འོག་ནས་འབྱུང་བའི་ཨཱ་ལི་ཀཱ་ལི་སྦྱར་བ་ཡིས། །ཤིན་ཏུ་ཡོངས་དག་པའི་དཔའ་བོའི་ཚོགས་ཀྱི་འཁོར་ལོའོ། །ཟིམ་མ་ཐག་ཏུ་གཉིས་མེད་པའི་སྙོམས་པར་ཞུགས ་པའི་སྦྱོར་བ་བྱའོ་ཞེས་མངོན་ཏོ། །ཱ་ལི་ཀཱ་ལི་རབ་སྦྱར་བས། །ཐམས་ཅད་ལྟ་ནི་མཉེས་པར་བྱ་ཞེས་པ་ནི། དེ་ལ་རབ་ཏུ་སྦྱར་བ་ཁོ་ནས་སངས་རྒྱས་ཐམས་ཅད་རྗེས་སུ་ཆགས་པ་གསང་བའི་མཆོད་པ་བྱས་ཏེ། ཚིམ་པར་བྱའོ་ཞེས་པའོ། །དེ་ཡི་དབུས་ནས ་འབྱུང་བ་ཡི། །བདུད་རྩིའི་རོ་ཀུན་མྱང་བར་བྱ་ཞེས་པ་ནི་སྦྱོར་བའི་བདག་ཉིད་དེ་ལས་བྱུང་བའི་བདུད་རྩིའི་རྣལ་འབྱོར་པ་དང། རྣལ་འབྱོར་མ་ཐམས་ཅད་ཀྱིས་མྱངས་ནས་ཚིམ་པར་བྱའོ་ཞེས་པའི་དོན་ཏོ། ལྷག་མའི་དངོས་པོ་ཐམས་ཅད་ནི་ཞེས་པ་ནི། དཔའ་བོའི ་འཁོར་ལོས་ཟོས་པ་དང་འཐུངས་པའི་ལྷག་མ་ཞེས་པ་ཇི་སྙེད་པའོ། །ཕྱི་ཡི་དཀྱིལ་འཁོར་དུ་ནི་སྦྱར། །ཞེས་པ་ནི་དཀྱིལ་འཁོར་གྱི་ཕྱི་རོལ་གྱི་ལམ་བཞི་མདོ་ལ་སོགས་པ་དང། ལྷག་མའི་གཏོར་མ་བསྐྱལ་བར་བྱའོ། །དེ་ལ་ཡང་རིམ་པ་ནི་འདི་ལྟ་སྟེ། རྡོ་རྗེ་ཁུ ་ཚུར་གཉིས་བཅིངས་ནས། །མཛུབ་མོ་གཉིས་ནི་བསྒྲེང་བར་བྱ། །རྩེ་མོ་བཀུག་ནས་ཁ་རུ་ནི། །མཆེ་བའི་ཚུལ་དུ་སྦྱར་བར་བྱ། །ཞེས་པའི་ཕྱག་རྒྱ་དང། ཨོཾ་བྱ་བ་བྷ་ཏ་ལི་བྷ་ཏ་ལི་ཚེ། དུར་ཁྲོད་གནས་མོ་དངོས་གྲུབ་ཞལ། །གཏུམ་མོ་འཇིགས་བྱེད་ཡི་དགས ་ཁར་དམ་ཚིག་སྲུང་མོ་ཁྲག་དག་འམ། །ཀི་ལི་སྒྲ་སྒྲོགས་སྦྱོར་ཟིན་མ། །དུར་ཁྲོད་རོ་ཡི་ཚལ་དབུས་སུ། །ཚོགས་དང་ཕོ་ཉ་བཅས་པ་རུ། །གཅིག་བྱེད་གཏུམ་མོ་དུད་སོལ་མ། །བཞེས་ཤིག་གསོལ་ཅིག་དམ་ཚིག་ལ། །གནས་དང་དཔང་དུ་མཛད་གསོལ། ། ་ཨོཾ་གྲི་ཧྞ་གྲི་ཧྞ་སརྦ་དུཥྚན་པྲ་ཏུཥྚན་བྷཀྵ་བྷཀྵ་ཕྲུཾ་ཕྲུཾ་ཕྲུཾ་ཕཊ་སྭཱཧཱ་ཞེས་པའི་གཏོར་མ་བྱིན་གྱིས་བརླབ་པའི་ཕྱག་རྒྱ་དང་སྔགས་སོ། །ཉེ་བར་སྤྱོད་པ་ལྔས་མཆོད་ནས། །སེ་གོལ་གསུམ་བརྡབས་ཏེ་གཏང་བར་བྱའོ། །དེ་ནས་རྡོ་རྗེ་དང་དྲིལ་བུ་བཟུང་ནས། མ་ལུས་པའི ་དཔའ་བོའི་འཁོར་ལ་བསྟོད་པ་གསུངས་པ། ཧཱུཾ་ཞེས་པ་ཡིད་བྱང་བླངས་ཏེ་དཀྲིས་སྒྲོགས་ནི་དགའ་བར་བྱ་ཞེས་པའོ། །རིན་པ་ནི་འདི་ལྟ་སྟེ། ཕན་ཚུན་འཁྱུད་པའི་སྦྱོར་ལྡན་པའི། ཞེས་པ་ལ་སོགས་པའོ། །སྣ་ཚོགས་པའི་རྡོ་རྗེའི་དབྱངས་ཀྱི་བསྟོད་པ་བརྗོད་པས་བསྟོང ་ནས་དམ་མཆོད་པ་ཉི་ཤུ་པས་ཀྱང་མཆོད་པར་བྱ་སྟེ། སེམས་དཔའ་ཆེན་པོའི་དང་པོ་མཆོག་ཅེས་པ་ལ་སོགས་པས་མཚན་པ་རྒྱ་རྩ་བརྒྱད་ཀྱིས་ཀྱང་བསྟོད་ནས་ཡོན་དབུལ་ཏེ། དགེ་བའི་རྩ་བ་ཡོངས་སུ་བསྔོ་བར་བྱ་བ་གསུངས་པ། བདག་གིས་ཆོ་གའི་ཆོ་ག་གང། །བཅོམ ་ལྡན་འདས་ཀྱིས་བཟོད་པར་གསོལ་ཞེས་པས་ཞུས་ནས། རྡོ་རྗེ་ཐལ་མོ་བཅིངས་པ་སྙིང་གར་བཞག་སྟེ། མ་ལུས་མི་ལུས་པའི་སེམས་ཅན་གྱི་ཁམས་ཡོངས་སུ་གྲོལ་བར་བྱ་བའི་དོན་དུ་ཚིག་འདིས་བསྲུང་བར་བྱའོ། །སེམས་ཅན་ཐམས ་ཅད་ནད་མེད་ཅིང་ཞེས་པ་ལ་སོགས་པའོ། །བསྔོ་བ་བྱས་ནས་གཤེགས་པའི་དོན་དུ་ཚིགས་བཅད་འདིས་བསྐུལ་བར་བྱ་སྟེ། ཁྱེད་ཀྱིས་སེམས་ཅན་ཀུན་དོན་མཛད། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང། །སླར་ཡང་འདི་རུ་གཤེགས་སུ་གསོལ་ཞེས་སོ། །རྡོ ་རྗེ་ཁུ་ཚུར་དམ་བཅིངས་ནས། །གཡོན་པ་སྙིང་གར་བཞག་ནས་སུ། །ལག་པ་གཡས་པ་བརྐྱང་བྱས་ནས། །ས་ལ་བཞག་སྟེ་གཤེགས་སུ་གསོལ། ཞེས་པ་དང་སྔགས་འདིས་བཏང་བར་བྱ་སྟེ། ཨོཾ་ཨཱཏྨ་ཏིཥྛ་ཧཱུཾ་སྭཱཧཱ་ཞེས་སོ། །དེ་ནས་རང་གི་དབུགས་ལ་ཐིམ་པར་བྱ་བ་ནི ་ཕྱི་ནས་བདག་གི་དབུགས་ཁ་ནས་རང་གི་སྙིང་གར་ཚུད་ནས་ཐིམ་པར་བྱས་ཏེ། འོ་མ་དང་ཆུ་འདྲེས་པ་ལྟར་གཅིག་ཏུ་གྱུར་པའི་ངོ་བོར་བྱ་བའི་དོན་ཏོ། །དེ་ལྟར་ཡང་གསུངས་པ། འདུས་པ་ཡིས་སམ་འདྲེས་པ་ཡིས། །དཀྱིལ་འཁོར་ཇི་ལྟར་དེ་བཞིན་གཤེགས། །སྔ ་དྲོ་ཕྱི་དྲོ་བཟླ་བྱས་ཏེ། །གང་དང་དེ་ལ་ཆེར་གནས་སོ། །གང་གང་དབང་པོའི་ལམ་ཉིད་ནི། །གང་གང་དེ་ཉིད་རང་བཞིན་དུ། །མཉམ་པ་མེད་པའི་སྦྱོར་བ་ཡིས། །སངས་རྒྱས་ཐམས་ཅད་མཉམ་པར་འདྲེན་ཞེས་སོ། །ཡུད་ཙམ་གྱི་ནི་སྦྱོར་བ་ཡིས། །བདག་ཉིད་ངོ་བོ་མཆོད ་པར་བྱ་ཞེས་པ་ནི། དེ་ལ་ཡུད་ཙམ་ཡུད་ཙམ་ཞེས་པ་ནི། །ཡེ་ཤེས་མཁའ་འགྲོ་མའི་བདག་ཉིད་བདག་ལ་བསམས་ཏེ། ཉེ་བར་སྤྱོད་པ་ལ་སོགས་པར་མཆོད་ནས་ཡན་ལག་བརྒྱད་པ་བཀོད་པར་བྱ་སྟེ། སྔོན་བཞིན་དུ་དམ་ཚིག་ཀྱང་བསྟན་ནས། དེ་ནས་ཕྱིའི ་ལྷ་རྣམས་ཀྱང་དེ་ཁོ་ན་བཞིན་དུ་མཆོད་ནས་སྔགས་འདིས་བཏང་བར་བྱའོ། །ོཾ་དུཥྚ་པྲ་དུཥྚ་ན་ཧ་ན་གྲིཧྞ་གྲིཧྞ་ཁ་ཁ་ཁཱ་ཧི་ཁཱི་ཧ་གཙྪ་གཙྪ་ཧཱུཾ་ཕཊ་ཞེས་སེ་གོལ་གསུམ་བརྡབས་ནས་བཏང་བར་བྱའོ། །ོཾ་ཀི་ལི་ཀི་ན་ཏྱ་ཧཱུཾ། ཛ(རྒྱུད་འགྲེལ་ཏེ་གཙང་པོ་ལ་དོར་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ས་ལ་དྲི་ལ་སོགས་པས་བྱུགས་ནས་རྡུལ་ཚོན་སེར་པོས་པདྨ་འདབ་བརྒྱད་བྲིས་ཏེ། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀླག་པ་དང་མཆོད་པ་ལ་སོགས་པ་བྱའོ། །དཔལ་ལྡན་གདན་བཞི་པ་གཟིགས་པ ་ལས་གཞན་གྱི་གདན་དཀྱིལ་འཁོར་གྱི་ཆོག་ལེའུ་གསུམ་པའི་རྣམ་པར་བཤད་པ་རྫོགས་སོ།། །།ད་ནི་བདུད་རྩི་ལྔ་དང། ལྕགས་ཀྱུ་ལྔ་དང། ཨཱ་ལི་དང་ཀཱ་ལི་དང། བདུད་རྩིའི་འོད་དང། ཕྱིའི་ཕྱག་རྒྱལ་སོགས་པ་རྣམས་ཁྱད་པར་གྱི་ངོ་བོ ་ཉིད་མངོན་དུ་གྱུར་འདོད་པ་ཕྱག་ན་རྡོ་རྗེས་བདུད་རྩི་ལྔའི་བྱེ་བྲག་དང་ཞེས་པ་ལ་སོགས་པས་གཞན་གྱིས་གདན་ལེའུ་བཞི་པ་བརྩམས་སོ། །ཐོག་མ་བདུད་རྩི་རྡོ་རྗེ་ཆུ། །ལྔ་ནི་བདག་ཉིད་འབྱུང་བ་སྟེ། ཞེས་པ་ནི། དེ་ལ་ཐོག་མ་ཞེས་པ་ནི། དང་པོ་བྱང་ཆུབ་སེམས ་བཤད་པར་བྱའོ་ཞེས་པའི་དོན་ཏོ། །བདུད་རྩི་རྡོ་རྗེ་ཆུ་ཞེས་པ་ནི། བྱང་ཆུབ་སེམས་སོ། །ལྔའི་ཞེས་པ་ནི། ངོ་བོ་ཉིད་ལྔ་ཞེས་པའོ། །བདག་ཉིད་འབྱུང་བ་ཞེས་པ་ནི། བདག་ལ་བསྐྱེད་པ་ཞེས་པ་ནི་དོན་ནི་འདི་ལྟ་སྟེ། བདག་གི་ས་ནས་འབྱུང་བའི་བྱང་ཆུབ་སེམས་ཁམས ་ལྔའི་བདག་ཉིད་ཅེས་པའོ། །དེ་ཁོ་ན་འགྲེལ་བས་གསུངས་པ། རེག་ན་དྲོ་བ་མེ་ཡིན་ནོ་ཞེས་པ་སྟེ། དྲོ་བ་ཉིད་དུ་རེག་པའི་རང་བཞིན་ནི་མེའི་ཁམས་ཞེས་སོ། །དུ་བར་སྣང་བ་རླུང་ཡིན་ཏེ། ཞེས་པ་ནི། རླུང་གི་གཟུགས་ཀྱིས་ཡར་གྲོལ་བར་མཐོང་སྟེ། དེ་བས་ན་རྟག ་པར་འགྲོ་བའི་མཚན་ཉིད་དོ། །གཤེར་བའི་དངོས་པོ་ཆུ་ཡིན་ཏེ་ཞེས་པ་ནི། གཤེར་བ་ཉིད་ཀྱང་ཡོད་པ་དེ་བས་ན་ཆུའི་ཁམས་སོ། །གཟུགས་སུ་སྣང་བས་ཡིན་པས་ཞེས་པ་ནི་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་དམིགས་པ་ཉིད་ཀྱི་ཕྱིར་ན་རྩུབ་པ་ཉིད་ཀྱང་ཡོད་དེ ་དེ་བས་ན་སའི་ཁམས་སོ། །ཡེ་ཤེས་རྡོ་རྗེར་བྱིན་བརླབ་ནས་ཞེས་པ་ནི། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་རོ་མཉམ་པ་ཉིད་ཀྱི་ཕྱིར་ན་ནམ་མཁའ་ཨི་ཁམས་ལྷ་ཉིད་ལྔ་ནི་བསྒོམ་པར་བྱ་ཞེས་པ་ནི། ཁམས་ལྔའི་བདག་ཉིད་དེ་བཞིན་གཤེགས་པ་ལྔའི་ངོ ་བོ་ཉིད་དུ་བསྒོམ་པར་བྱའོ་ཞེས་པའི་དེན་ཏོ། །ཐམས་ཅད་ཆུ་ཡི་དབྱིངས་དང་ནི། །ཟད་པར་ཞེས་པ་ནི། དེ་ཡང་མ་ལུས་པར་གཙོར་ནི་ཆུའི་དངོས་གནས་ཏེ། རྟེན་ཅིང་འབྲེལ་པ་ལས་འབྱུང་བ་ཉིད་ཀྱི་ཕྱིར་ན་སྟོང་པ་ཉིད་དུ་ཆེར་དམིགས ་པར་བྱའོ། །མེ་ཡང་དེ་བཞིན་ཏེ་ཞེས་པ་ནི་མེའི་དབྱིངས་ཀྱང་རྟེན་ཅིང་འབྲེ་པར་འབྱུང་བའི་རང་བཞིན་ཉིད་ཀྱི་ཕྱིར་ན་སྟོང་པའོ། །ཡང་ཞེས་པའི་སྒྲས་ནི། ལས་སོགས་པ་རྣམས་ཀྱང་དེ་བཞིན་དུ་ནན་ཏན་གྱིས་རང་བཞིན་ཤེས་པར་བྱའོ། །ད་ནི་དེ་ཁོ་ན་བཀོད་པར ་བྱ་བའི་ས་བོན་གསུངས་པ། ཇི་ལྟར་དག་པ་རླུང་དག་དང། ཞེས་པ་ལ་སོགས་པ་སྟེ། དེ་ལ་ཇི་ལྟར་དག་པ་ཞེས་པ་ནི། ཡི་གེ་ཡའོ། རླུང་ངག་དང། ཞེས་པ་ནི་ཡི་གེ་ཡའོ། །དང་པོའི་དོན་དང་ཞེས་པ་ནི་ཡི་གེ་སའོ། །སའི་ཞེས་པ་ནི་ཡི་གེ་ཧའོ། །དབང་ཞེས་པ ་ནི་ཡི་གེ་ཀྵའོ། །ཡེ་ཤེས་ཡི་གེ་ལྔ་རྣམས་ལ། །ཐེག་པ་འདྲེན་པས་ཀུན་སྦྱར་ཞིང། །ཞེས་པ་ནི་ཆོས་ཀྱི་ཡི་གེ་དེ་དག་ལྔ་རྣམས་ལ་ཐིག་ལེ་སྟེང་གི་ཐིག་ལེ། །ང་རོ་ཞབས་སྐྱེད་ཡི་གེ་ཨུ་དང་ཡང་དག་པར་སྦྱང་བར་བྱའོ་ཞེས་པའི་དོན་ཏོ། །དེ་ཡི་དབུས་སུ་ཟླ་བ ་ལ། བདུད་རྩི་ཡི་གེ་དབུས་སུའོ། །ཞེས་པ་ནི་དེ་ལ་དེའི་ཞེས་པ་ནི། དེ་དག་གི་ཞེས་པའི་དོན་ཏོ། །དབུས་སུ་ཟླ་བ་ཞེས་པ་ནི། །མགོའི་དབུས་སུ་གནས་པའི་ཟླ་ཚེས་སོ། །བདུད་རྩི་ཡི་གེ་དབུས་སུའོ། །ཞེས་པ་ནི་ཡི་གེ་ས་གནས་གྱུར་པ་ཐིག་ལེ་ཟླ་ཚེས་ངོའི་བསྐྱ? ་སུ་བསམ་པར་བྱའོ། །ཞེས་པའོ། །ལྔ་པ་ལྔ་ཡི་བསྟན་པ་ལ། །བདག་ཉིད་དག་པའི་རྡོ་རྗེ་ཆུ། ཞེས་པ་ནི་དེ་ལ་ལྔ་པ་ཞེས་པ་ནི་སངས་རྒྱས་ལྔའི་རང་བཞིན་ནོ། །ཡང་ལྔའི་ཞེས་པ་ནི་ས་བོན་ལྔའོ། །བསྟན་པ་ཞེས་པ་ནི་བཟླས་པའོ། །བདག་ཉིད་དག་པ་ཞེས་པ་ན? ་རང་གི་ལུས་ངག་པ་བྱའོ་ཞེས་སོ། །རྡོ་རྗེ་ཆུ་ཞེས་པ་ནི་བྱང་ཆུབ་སེམས་སོ། །དེས་ཅིར་འགྱུར་ཞེ་ན། ཁམས་ལྔའི་བདག་ཉིད་བྱང་ཆུབ་སེམས་ཤེས་པའོ། །ཕྱི་གསུངས་པའི་བདུད་རྩིའི་རྣམ་པར་སྣང་མཛད་ལ་སོགས་པའི་བཞི་དང། ལྷན་ཅིག་ཏུ་གོང་ནས་གསུངས ་པའི་ས་བོན་ལྔ་དང། འདོད་ཆགས་ལ་སོགས་པའི་བྱིན་གྱིས་བརླབས་པའི་ལུས་རྣམ་པར་ཤེས་པས། ཤེས་པར་བྱ་བ་ཉེ་བར་སྦྱོར་བ་ཡིས་འདིར་ཡང་བདུད་རྩིའི་ཡི་གེ་བྱང་ཆུབ་སེམས་ཁོ་ནས་མ་འབྲེས་པའི་སྦྱོར་བ་གསུངས་ཏེ། བཤད་གཅི་ལ་སོགས་པ ་རྣམས་བཀོད་པའི་ཕྱིར་ན་སྙིང་པོར་གསུངས་པའོ། །ས་གསུམ་བསྐྱེད་པའི་རྒྱུར་གྱུར་པ་ཉིད་ཀྱི་ཕྱིར་ན། བྱང་ཆུབ་སེམས་གཙོ་བོར་རྣམས་པར་དག་པ་གསུངས་ཏེ། གཞན་རྣམས་ནི་མ་ཡིན་ནོ། །དེ་སྟར་ཡང་གསུངས་པ། བདུད་རྩི་བྱང་ཆུབ་སེམས་ཞེས ་གསུངས་ཏེ། དེ་ལས་བསྐྱེད་དེ་འགྲོ་བ་གསུམ་ཞེས་སོ། །བཤད་པའི་དོན་ཁོ་ནས་གསལ་བར་བྱེད་པས་གསུངས་པ། དངོས་དང་དངོས་མེད་ངེས་འབྲེལ་པས། །དེས་ན་རྨོངས་པ་རིང་དུ་སྤངས་ཞེས་པ་སྟེ། དེ་ལ་དངོས་པོའི་སྒྲ་ཡིས་ནི། ཆོས་ཐམས་ཅད་ཡོད་པ ་ཉིད་ཀྱིས་དམིགས་པའོ། །དངོས་མེད་ཅེས་པའི་སྒྲ་ཡིས་ཀྱང། །དེ་རྣམས་ཁོ་ནས་ལ་མེད་པ་ཉིད་ཀྱི་དམིགས་པའོ། །ངེས་བྲལ་ཞེས་པ་ནི། དེ་གཉིས་ཡོངས་སུ་སྤངས་གནས་པ་ཇི་སྙེད་པའོ། །དེ་ནས་རྨོངས་པ་ལ་སོགས་པ་དེ་དག་རིང་དུ་སྤངས་པར་འགྱུར་རོ ་ཞེས་པའི་དོན་ཏོ། །དེ་ལྟར་ཡང་གསུངས་པ་ཇི་ལྟར་མིའི་ཟས་ལ་ཐུན་མོང་དུ་སྤྱོད་པ་བཞིན་དུ། ཉི་མ་ཇི་ལྟར་མཐོང་བ་ཐུན་མོང་མཐོང་བ་བཞིན་དུ། རླུང་ཡང་ཇི་ལྟར་དྲི་ལ་ཐུན་མོང་བ་རྣམས་བཞིན། །རྣམ་རྟོག་རྨོངས་པའི་རྒྱ་མཚོ་རིང་དུ་སྤང་བར་བྱ་ཞེས ་སོ། དེ་ལྟར་རྣམ་པར་སྦྱང་བའི་རྫས་ཟས་དང། ཟས་མ་ཡིན་པའི་རྣམ་པར་རྟོག་པ་མེད་པ་ཡིས་འོག་ནས་བྱུང་བའི་མཚན་ཉིད་ཀྱིས། གསུངས་པའི་ཧོམ་ཁུར་སྦྱིན་སྲོག་བྱ་ཞེས་གསུངས་པ། ཕྱིའི་བདུད་རྩི་ཟས་བཟང་པོ། །འཁྲུགས་པའི་མེ་ཡིས་བཅོས་པ ་བཞིན་ཞེས་པ་སྟེ། དེ་ལ་ཕྱིའི་བདུད་རྩི་ཞེས་པ་ནི། མར་དང་སྦྲང་རྩི་དང། འོ་མ་དང་འདབ་བུ་ཁ་ར་ལ་སོགས་པའོ། །འཁྲུགས་པ་ཞེས་པ་ནི་འཇུག་པའོ། །མེ་ཡིས་བཙོས་པ་ཞེས་པ་ནི་ཕྱིའི་མེ་ཁོ་ནའོ་ཞེས་པའོ། །བསམ་པ་ནི་འདི་ལྟ་སྟེ། ཇི་ལྟར་ཕྱིའི་མེས ་མིན་ཞིང་བསྐྱེད་པར་བྱ་བའི་འབྲས་བུ་ལ་སོགས་པ་དང། བུ་རམ་ལ་སོགས་པའི་དོན་ལྷག་པར་དག་པའི་དེ་ཉིད་མངོན་པར་འདོད་ནས་ཁས་བླངས་པ་བཞིན། འདིར་ཡང་ཡེ་ཤེས་ཀྱི་མེ་ཡིས་སྨིན་ཞིང་བསྐྱེད་པར་བྱས་པའི་བཤད ་གཅི་ལ་སོགས་པའི་དོན་ཉེ་བར་དང་དུ་བླངས་ནས་དམ་པ་རྣམས་ཀྱིས་ཁས་བླངས་པ་ནི་འགལ་བ་མེད་དོ། ཞེས་པ་སྟེ། དངོས་པོ་ཐམས་ཅད་མ་བརྟགས་པ་གཅིག་པུ་ཁོ་ནས་རུང་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཡང་གསུངས་པ། དངོས་གཅིག་དེ་ཉིད་སུས་མཐོང་ན། ། ་དངོས་ཀུན་དེ་ཉིད་མཐོང་བ་ཡིན། །དངོས་ཀུན་རང་བཞིན་གང་ཡིན་པ། །དངོས་གཅིག་རང་བཞིན་དེ་ཡིན་ནོ་ཞེས་སོ། །གཞན་ཡང་གསུངས་པ། ཐབས་དང་ཤེས་རབ་སྟོབས་ཀྱིས་ནི། །མི་བྱ་བ་ཡང་འགའ་ཡང་མེད་ཅེས་པའོ། །གསུངས་པའི་དོན་ཁོ་ན་གསལ ་བར་གསུངས་པ། ལྟ་བ་ལ་སོགས་ཡེ་ཤེས་མེས། ཞེས་པ་ལ་སོགས་པ་སྟེ། དེ་ལ་ལྟོ་ཞེས་པ་ནི་ཁོང་པའི་ནང་ངོ། །སོགས་པའི་སྒྲས་ནི་མིག་ལ་སོགས་པའི་སྐྱེ་མཆེད་དོ། །ཡེ་ཤེས་མེ་ཡིས་ཤེས་པ་ནི་ལྟོ་ལ་སོགས་པའི་མེ་ཞེས་པའོ། །བསྲེགས་པ ་ཞེས་པ་ནི་སྦྱིན་པར་བྱས་པའོ། །བཤད་པ་དང་གཅི་ཞེས་པ་ནི་དྲི་ཆེན་ལ་སོགས་པའོ། །དེས་ནི་འདི་ལྟར་གསུངས་པར་འགྱུར་ཏེ། ལྟོ་ལ་སོགས་པས་ཡེ་ཤེས་མེས་ཡོངས་སུ་སྨིན་པར་བྱས་པའི་བཤད་གཅི་ལ་སོགས་པ་ཤིན་ཏུ་ཁྱད་པར་ཅན་དུ་འགྱུར་ཏེ། དེ་བས ་ན་བཤད་གཅི་ལ་སོགས་པ་ནི་ལྷ་ཤོས་མཁས་པས་ཤིན་ཏུ་འགལ་ལོ་ཞེས་རྟོག་པ་མི་བྱའོ། །མི་གཙང་བ་ལ་སོགས་པའི་རྣམ་པར་རྟོག་པ་ཉིད་འཇོམས་པའི་དོན་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཡང་སྒྱུ་འཕྲུལ་དྲ་བ་ལས་གསུངས་པ། འབྱུང་བ་ཆེན་བོས་འབྱུང ་ཉིད་ཕྱིར། །ཇི་ལྟར་མི་གཙང་ཉིད་དུ་གསུངས་ཞེས་སོ། །མེ་ཡིས་དབུས་སུ་བཅོས་བྱས་པའོ། །དེ་ཡི་དབུས་སུ་བསྲེག་བྱ་བ། ཞེས་པ་ནི། དེ་ལ་མེ་ཡིས་སྨིན་པ། ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །མེ་ཡིས་ཞེས་པ་ནི། ཡེ་ཤེས་ཀྱི་མེའོ། ། ་དེའི་དབུས་སུ་ཞེས་པ་ནི། ཡེ་ཤེས་ཀྱི་མེའི་དབུས་སུ་བསྲེག་བྱ་བ་ཞེས་པ་ནི། སྦྱིན་སྲེག་བྱའོ། །དོན་ནི་འདི་ལྟ་སྟེ། ཇི་ལྟར་ཕྱི་མའི་ལྷན་ཅིག་འབྱུང་བའི་རྐྱེན་དྲི་ཞིམ་པའི་འབྲས་སཱ་ལུ་ལ་སོགས་པ་བསྐྱེད་པར་བྱ་བ་འབྲས་ཆན་ལ་སོགས་པ་ཁྱད་པར་གྱི་རྐྱེན་ཁྱད ་པར་བསྐྱེད་པ་ཤིན་ཏུ་ཁྱད་པར་གྱུར་པ་བཞིན། དེ་བཞིན་འདིར་ཡང་བཤད་གཅི་ལ་སོགས་པའི་དོན་ཡང་ཡེ་ཤེས་མེ་ལྷན་ཅིག་འབྱུང་བའི་རྐྱེན་གྱིས་བསྐྱེད་པར་བྱ་པ་འབྲས་སཱ་ལུ་ལ་སོགས་པའི་ཆན་ཞེས་སོ། །རྣམ་པར་དག་པ་དེ་མེལ་སྦྱིན་སྲེག་བྱ་བའོ། ། ་དེས་ན་ཡེ་ཤེས་ཀྱི་མེ་ལ་རྣམ་པར་སྣང་མཛད་ལ་སོགས་པ་རྣམ་པར་རྟོག་པ་མེད་པ་ཡིས་སྦྱིན་སྲེག་དབུལ་བར་བྱའོ་ཞེས་པའོ། །གང་གི་རྡོ་རྗེ་ཆུ་ས་བོན། །ས་བོན་དེ་བཞིན་བཟླ་བར་བྱ། །ཞེས་པ་ནི། དེ་ལ་རྡོ་རྗེ་ཞེས་པ་ནི། ནང་གི་ཧོམ་ཁུང་ལ་བསམ་པའི་རྡོ་རྗེ་ཞེས ་པའི་དོན་ཏོ། །རྡོ་རྗེ་ས་བོན་ཞེས་པ་ནི་དེ་ལྟར་ཡི་གེ་ཧཱུཾ་བཟླས་པའོ། །ས་བོན་དེ་བཞིན་ཞེས་པ་ནི་རྡོ་རྗེའི་བུམ་པའི་དབུས་སུ་ཡི་གེ་ཧཱུཾ་བསམ་པར་བྱ་སྣས། དེ་ཚེ་ས་བོན་དང་བཅས་པར་འགྱུར་རོ་ཞེས་པ་ཇི་སྙེད་པའོ། །དེ་དབུས་འབར་བའི་ཉི་མ་ཡི། །མེ་ཡི་ཡི་གེ་རྣམ་པར་བསཾ། ་ཞེས་པ་ནི། མེའི་ཡི་གེ་ཀྵུཾ་འབར་བའི་རང་བཞིན་དུ་འདུག་པའི་མཁའ་འགྲོ་མ་བསམས་ཏེ། དེ་འབར་བའི་ཉི་མའི་དབུས་སུ་སྦྱིན་པ་བྱའོ་ཞེས་པའོ། །གཟུགས་དང་མཛེས་པའི་མདོག་ནི་པདམོའི་དབང་ཕྱུག་སྟེ། ཞེས་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །ད་ནི་བྱང་ཆུབ་སེམས་ཁོ ་ན་ཐབས་དང། ཤེས་རབ་ལས་འབྱུང་བ་ཉིད་ཀྱིས་ཆོས་ཀྱིས། །དབྱིངས་ཀྱི་རང་བཞིན་གྱི་ཕྱིར་ན། རྡོ་རྗེ་སྒྲས་མངོན་པར་བརྗོད་དོ་ཞེས་གསུངས་པ། ཨཱ་ལི་ཞེས་བྱ་བུད་བ་སྟེ་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཨཱ་ལི་ནི་བུང་བ་དང། རྡོ་རྗེ་དང་འཇིགས་བྱེད་ཅེས་རྣམ ་གྲངས་སོ། །དེ་ཁོ་ན་ནམ་མཁའ་མཛའ་ཐུག་པ་བཞིན་དུ་ཆོས་ཀྱི་རང་བཞིན་གྱིས་ཐམས་ཅད་ཁྱབ་པ་ཉིད་དུ་གསུངས་པ། ཨཱ་ལི་ནམ་མཁའ་མཛའ་ཀླས་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །རྒྱུ་དང་མི་རྒྱུ་གསང་འཛིན་པ། །ལུས་རྣམས་ཐམས་ཅད་དེ་ལས་འགྱུར་ཞེས་པ་སྟེ ་ཐམས་ཅད་གསང་བའི་རང་བཞིན་གསང་བའི་གཟུགས་ཀྱི་ས་འཛིན་པའི་ཕྱིར་གསང་འཛིན་ནོ། །བདུད་རྩི་དེ་ཡང་གང་ལ་གནས་ཤེས་ན། གསུངས་པ། ལུས་ཀྱི་ཡན་ལག་བཅོ་བརྒྱད་ལ་ཞེས་པ་སྟེ། ནུ་མ་ལ་སོགས་པའི་གནས ་བཅོ་བརྒྱད་ཆེར་གནས་སོ། །ཞེས་པའི་དོན་ཏོ། །དེ་ཁོ་ན་ལ་གསུངས་པ། དབང་པོ་ཀུན་གྱི་བདུད་རྩི་ལྔ་དག་ཅེས་པ་སྟེ། དབང་པོ་ཐམས་ཅད་ལ་གནས་པ་ཉིད་ཀྱི་ཕྱིར་ན་དེ་དག་གི་རང་བཞིན་ཞེས་པའི་དོན་ཏོ། །དེ་ནི་དབུས་ནས་དྲངས་བྱས་ཏེ། ཨཱ་ལི་དབུས་སུ་ཐིམ ་པར་བྱ། །ཞེས་པ་ནི་དབང་པོ་དེ་དག་ལས་དྲངས་ཏེ། །ཱ་ལི་དབུས་སུ་གསང་བའི་རྡོ་རྗེ་ལ་གནས་པར་བྱའོ་ཞེས་པའོ། །དོན་ནི་འདི་ལྟ་སྟེ། གནས་བཅོ་བརྒྱད་ནས་ཉེ་བར་བསྡུས་ནས་མཚན་མ་བརྒྱད་བྱའོ་ཞེས་པའོ། །འཇིགས་བྱེད་ཅེས་པ་ནི། རྡོ་རྗེ་བདུད་རྩི་ལ ་བརྗོད་དེ། །དེའི་རང་བཞིན་ཡིན་ནོ། །འཇིགས་བྱད་ནི་བཀང་བ་ཞེས་ཏེ། བདུད་རྩིའི་རང་བཞིན་སེམས་ཅན་ཐམས་ཅད་བཀང་ནས་ཤིན་ཏུ་རོལ་ཅིང་ཐམས་ཅད་རི་གོ། ཁམས་གསུམ་ལ་ཁྱབ་ཅིང་གནས་པར་གྱུར་པས་ན། འཇིགས་བྱེད་ཞེས་པའོ། །དེ་ལྟར་ཡང ་གསུངས་པ། ཐམས་ཅད་ལ་ནི་བཀང་བྱས་ཏེ། །ཐམས་ཅད་དུས་ལ་རོལ་པར་བྱེད། །ཐམས་ཅད་དུ་འང་གནས་བྱེད་པས། །དེ་བས་འཇིགས་བྱེད་ཞེས་སུ་བཤད། །རྡོ་རྗེ་ང་རོ་ཡིས་ཞེས་པ་ནི་ཡི་གེ་ཧཱུཾ་ངོ། །སྦྱོར་བའི་རྫས་ནི་འབྱུང་བར་འགྱུར་ཞེས་པ་ནི། ཡི ་གེ་ཧཱུཾ་གི་སྒྲས་བཀང་ནས་དབྱུང་བར་བྱའོ། །རྣལ་འབྱོར་པའི་རྫས་རིག་པའི་རིམ་པས་སྐྱེས་མ་ཐག་ཏུ་དམ་པའི་ཚངས་པའི་ངོ་བོ་ཉིད་སྐྱེ་བར་འགྱུར་རོ། །ཞེས་པའོ། །དེ་ལྟར་ཡང་གསུངས་པ། རྡོ་རྗེ་པདྨ་མཉམ་སྦྱོར་བས། །རྡོ་རྗེ་སེམས་དཔའ་བདག་མཉམ་ཞེས ་སོ། དེ་ནས་རྡོ་རྗེའི་ང་རོལ་ངོ་བོ་ཉིད་ཀྱིས་བཤད་འདོད་པས་གསུངས་པ། མེ་དང་རླུང་གི་བདུན་པ་ཡིས་ཞེས་པ་ལ་སོགས་པ་སྟེ། དེའི་དོན་ནི་བཤད་ཟིན་ཏོ། །སྒྲ་སོགས་གོང་མའི་ས་བོན་ནི། ཞེས་པ་ནི་ཡེ་གེ་ཨའོ། །དེའི་དབུས་སུ་གཟུང་བར་བྱ། །ཞེས་པ་ནི ་རྡོ་རྗེའི་དབུས་སུ་ཡི་གེ་ཨ་ཞུ་བ་ལྭ་གྱུར་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་ཡི་གེ་ཧཱུཾ་བསམ་པར་བྱའོ་ཞེས་པའོ། །དེ་ལྟར་ཨཱ་ལིའི་ངོ་བོ་བཤད་ནས། ད་ནི་ཀཱ་ལིའི་དེ་བཞིན་ཉིད་བཤད་པར་འདོད་བས་གསུངས་པ། ཀཱ་ལི་མེ་ཏོག་ཀུན་ཏུ་ཤེས་ཞེས་པ་སྟེ། དེ་ལ་ཀཱ་ལི་ཞེས་པ ་ནི་ཆོས་ཀྱི་འབྱུང་གནས་སོ། །མེ་ཏོག་ཀུན་ཏུ་ཤེས་ཞེས་པ་ནི། དེ་ཁོ་ན་མེ་ཏོག་ཅེས་པ་དང། ཀུན་ཏུ་ཤེས་པ་ཞེས་ཇི་སྙེད་པའོ། །མེ་ཏོག་ཐུགས་པ་རྡོ་རྗེ་ཅན་ཞེས་པ་ནི། པདྨའི་རང་བཞིན་ཉིད་ཀྱི་ཕྱིར་ན་དེ་ལ་ཐུགས་པར་བྱེད་པ་རྡོ་རྗེ་ཐུག་པར་བྱས་ནས་རྡོ་རྗེའོ། །དེ་ཁོ་ནས ་མེ་ཏོག་ལ་ཐུག་པའི་ཕྱིར་བུང་བའི་སྒྲ་ཡིས་གོང་དུ་བཤད་ཟིན་ཏོ། །འཁོར་བ་ལས་བྱུང་ཐམས་ཅད་དུ། །མེ་ཏོག་ཐམས་ཅད་ས་ཡིན་ནོ་ཞེས་པ་ནི། འཁོར་བ་པ་ལ་སྐྱེ་བ་ཅན་ཐམས་ཅད་དེ་ཁོ་ནའི་སྐྱེད་པ་པོ་ཉིད་ཀྱི་ཕྱིར་ན་མའོ། །དེ་ཁོ་ནའི་ཐམས་ཅད་སའི་རྣམ་ཤེས ་པས་ཁྱད་པར་བྱས་ཏེ། ཐམས་ཅད་ཁོ་ན་སྐྱེ་བའི་གནས་ཞེས་པའོ། །ཡང་ནས་ཡང་དུ་ཁྱད་པར་གསུངས་པ། ཡེ་ཤེས་ཆུ་ཡི་རྒྱ་མཚོ་འདི། །ཤེས་རབ་ཆུ་སྲིན་ཉ་དག་དང། ཞེས་པ་སྡེ། དེ་ལ་ཡེ་ཤེས་ཆུའི་རྒྱ་མཚོ་འདི་ཞེས་པ་སྟེ། དེ་ལ་ཡེ་ཤེས་ཆུའི་རྒྱ་མཚོ་འདི་ཞེས་པ ་ནི། བདུད་རྩི་ཆུས་བསྐང་བའི་རྒྱ་མཚོ་ཞེས་པའི་དོན་ཏོ། །ཡང་ན་རྡོ་རྗེ་འཛིན་དེ་ཁོ་ན་ཉིད་ཀྱི་རྒྱུར་གྱུར་པ། སྣ་ཚོགས་ཐབས་དང་ལན་པའི་བྱང་ཆུབ་སེམས་རིན་ཆེན་གྱི་གཞི་ཉེད་ཕྱིར་ན་རྒྱ་མཚོའོ། །ཤེས་རབ་ཆུ་སྲིན་ཉ་དག་དང་ཞེས་པ་ནི། སེམས་ཅན་གྱི་ཁམས་སུམ? ་འཁོར་བ་ལས་དྲངས་པའི་མཐུ་གང་ཡིན་པ་དེ། ཤེས་རབ་ཀྱི་ཕ་སྒྲ་བརྗོད་དོ། །དེ་ཡང་སྣ་ཚོགས་ཀྱི་གཟུགས་སུ་ཆུ་སྲིན་དང་ཉ་ལ་སོགས་པ་ལྟ་བུའོ། །གཉིས་མེད་འདམ་པའི་དབུས་དག་ལ། །ཐབས་ཀྱི་མྱུ་གུ་དག་གེས་ནི། ཞེས་པ་ནི་དེ་ལ་གཉིས་མེད་ཞེས་པ་ནི་སྙོམས་པར ་སྦྱོར་བའི་པདྨའོ། །འདམ་པ་ནི་ཐབས་ཀྱི་མཚན་མའོ། །དེ་ཁོ་ན་མྱུ་གུ་ཞེས་ཇི་སྙེད་པའོ། །བནདུ་ཀ་ནི་རྒྱས་པ་བཞིན་ཞེས་པ་ལ་སོགས་པས་ནི། ཀཱ་ལི་དེ་ཁོ་ནའི་དབུས་སུ་མདོག་གི་རྣམ་པའི་ཆ་གསུངས་སོ། །སྦྲང་རྩི་བདུད་རྩི་གནས་ཡིན་ཏེ། ཞེས་པ་ནི་སྦྲང་རྩིའི་ངོ་བོ ་བདུད་རྩིའི་གཞི་ཞེས་པའི་དོན་ཏོ། །ཀཱ་ལི་བདུད་རྩི་དེ་ཉིད་ཀྱི་ཞེས་པ་ནི། བདུད་རྩི་དེའི་རྟེན་ཉིད་ཀྱི་ཕྱིར་ན། ཀཱ་ལི་ཡང་བདུད་རྩིའི་རང་བཞིན་ཡིན་ནོ། །ཞེས་ཇི་སྙེད་པའོ། །དེ་ལྟར་བསྒོམས་པའི་པདྨ་ཇི་ལྟར་རྒྱས་པར་བྱ་ཞེས་གསུངས་པ་མེ་ཏོག ་རྒྱས་པའི་ཆུ་སྐྱེས་པ་སྟེ། དེ་ལ་མེ་ཏོག་ཅེས་པ་ནི། པདྨའི་ཁྱབ་པར་ལ་བྱའོ། །རྒྱས་པ་ཞེས་པ་ནི། །བརྒྱས་པའོ། །ཆུ་སྐྱེས་ཞེས་པ་ནི་པདྨའོ། །དེ་བས་ན་གསང་བའི་མེ་ཏོག་པདྨ་ཁ་རྒྱས་པར་བྱ་བ་ཞེས་བཤད་པར་འགྱུར་རོ། །གང་གིས་ཁ་རྒྱས་པར་བྱ་ཞེས་ན་གསུངས ་པ། ཡི་གེ་གཉིས་འགྱུར་ཐིགས་པ་དང། ཞེས་པ་ལ་སོགས་པ་སྟེ། དོ་ལ་ཡི་གེ་གཉིས་འགྱུར་ནི་ཀཱའོ། །ཐིགས་པ་དང་ཞེས་པ་ནི། མགོན་ཟླ་ཆོས་ཀྱི་ཚུལ་སྟེང་ན་ཐིག་ལེའི་རི་མོའོ། །རྩ་བར་འདྲེན་པར་སྦྱོར་བར་བྱ་ཞེས་པ་ནི། འོག་ན་ཞབས་སྐྱེད་ཡི་གེ་ཨུ ་དང་སྦྱར་བར་བྱའོ་ཞེས་པའོ། །དོན་ནི་འདི་ལྟ་སྟེ། པདྨའི་སྙིང་པོ་ཡི་གེ་ཨ་ལས་གྱུར་བའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྐྱེ་གནས་ཀྱི་ས་བོན་བཀོད་པར་བྱའོ་ཞེས་པའོ། །དེ་ཡི་ཡི་གེ་ས་བོན་དག་།ལྷ་མོ་ཉིད་གྱི་རིགས་ཀྱི་ཡུམ་ཞེས་པ་ནི། ཡི་གེ་ས་བོན་དེ་བཀོད ་པ་ཡིས་དྲག་པོའི་མཁའ་འགྲོ་མའི་ངོ་བོར་གྱུར་པར་འགྱུར་རོ་ཞེས་ཇི་སྙེད་པའོ། །རིགས་ཀྱི་ཡུམ་ཞེས་པ་ནི། དེ་ལྟར་སྐྱེས་མ་ཐག་ཏུ་རིགས་ཀྱི་ཡུམ་ཉིད་དུ་འགྱུར་རོ་ཞེས་པའི་དོན་ཏོ། །དེ་ལྟར་ཡང་གསུངས་པ། སྒྲོལ་མན་བཟའ་དཀར་མོ་དང། །སངས་རྒྱས་སྤྱན་དང ་མཱ་མ་ཀཱི། །ཤེས་རབ་ཕ་རོལ་ཕྱིན་མ་དག་།ལྷ་མོ་དེ་ལ་རིགས་ཀྱི་ཡུམ་ཞེས་པའོ། །ཟླ་བའི་དབུས་སུ་ལེགས་བསམ་པ། །བདུད་རྩི་ས་བོན་བསམ་པར་བྱ་ཞེས་པ་ནི། །ལྷ་མོ་ཡིས་ཀྱང་ཆོས་ཀྱི་འབྱུང་གནས་ལ་ཡི་གེ་ཨ་ལས་གྱུར་པའི་ཟླ་བའི་དཀྱིལ་འཁོར་གྱི ་སྟེང་ན་ཡི་གེར་རྣམ་པར་བསྒྲོམ་པར་བྱའོ། ཞེས་པའོ། །ཱ་ལི་ཞེས་བྱ་བར་བ་སྟེ། །ཀཱ་ལི་དེ་བཞིན་གཤེགས་པ་ཡིན། ཞེས་པ་ནི། ཇི་ལྟར་བུང་བའི་སྒྲའི་དོན་དེ་ལྟར་དེ་བཞིན་གཤེགས་པ་བརྗོད་པར་བྱའོ། །མེ་ཏོག་གི་སྒྲ་དང་ཀཱ་ལིའི་སྒྲ་ཇི་ལྟར་ཐུན་མོང་གི ་དོན་དེ་བཞིན་གཤེགས་པ་ཡང་བརྗོད་པར་བྱའོ། །གཉི་ག་ལས་ནི་འབྱུང་བ་སྐྱེ་བ། །བདུད་རྩིའི་ཆོ་ག་མཆོག་ཡིན་ནོ། །ཞེས་པ་ནི། དེ་ལ་གཉི་ག་ཞེས་པ་ནི་ཐབས་དང་ཤེས་རབ་པོ། །འབྱུང་སྐྱེ་བ་ནི་དེ་ལས་འབྱུང་བའི་ལས་སོ། །བསམ་པ་ནི་འདི་ལྟ་སྟེ། ཐབས་དང་ཤེས་རབ ་འདུས་པ་ལ། །སྐྱེ་བར་བྱེད་པ་ཤིན་ཏུ་ཁྱད་པར་ཅན་རྡོ་རྗེ་བདུད་རྩིར་བྱས་པའི་དོན་ཏོ། །སྒྲར་བརྗོད་པར་བྱའོ། །དེ་བས་མདོར་ཡང་ཐབས་དང་ཤེས་རབ་ཏུ་འགྱུར་བའི་པདྨ་དང། རྡོ་རྗེ་སྦྱོར་བ་ལས་བསྐྱེད་པ་བྱང་ཆུབ་ཀྱི་སེམས་གྱི་བདུད་རྩི་ཞེས་བྱ་བ། མྱ་ངན་ལས་འདས་པའི་རྐྱེན་ཉིད ་ཀྱི་ཕྱིན་ན་བདུད་རྩི་དགུར་བརྗོད་པར་བྱ་སྟེ། རྐྱེན་ལ་དོན་དུ་ཉེ་བར་བརྟགས་པའི་ཕྱིར་རོ། །དེ་ཡང་ལྷའི་བདག་ཉིད་ཀྱི་ཕྱིར་ན། ཆོས་ཀྱི་ཡིག་འབྲུ་གསུངས་པ། ཇི་ལྟར་སྡེ་ཚན་གསུམ་པ་ཡིས། ཞེས་པ་ལ་སོགས་པ་སྟེ། ཇི་ལྟར་སྡེ་ཚན་གསུམ་པ་ཡི། །ཡི་གེ་གསུམ་པ ་གཟུང་བྱ་ཞིང། །ཞེས་པ་ནི་ཡི་གེ་དའོ། །གློ་རུ་དབྱུག་པ་རྡོ་རྗེ་དང། །ཞེས་པ་ནི། དེའི་གློ་རུ་ཡི་གེ་རའི་དབྱུག་པའི་རི་མོ་སྦྱིན་པར་བྱའོ། །ལུ་གུ་རྒྱུད་ཀྱིས་དཀྲི་བར་བྱ་ཞེས་པ་ནི། །དེ་དང་དབྱུག་པ་གཉིས་ཀྱི་བར་དུ་ལུ་གུ་རྒྱུད་ཀྱི་རི་མོས་སྤྲོལ་བར་བྱའོ་ཞེས་པའོ། །དེས ་ན་ཡི་གེའི་གཟུགས་སུ་འགྱུར་རོ། །ཡི་གེ་ཨ་ནི་ཆོས་ཐམས་ཅད་སྐྱེ་བ་ལ་རྐྱེན་དུ་གྱུར་པ་ཅིའི་ཕྱིར་དེ་བས་ན་ཡི་གེ་ཨ་ནི་རྒྱུད་ཐམས་ཅད་ལ་རབ་ཏུ་གྲགས་སོ། ། ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་རྱ་ནུཏལ་ནྣ་ཏྲཝཱ་ཏ་ཞེས་སོ། །རིམ་པ་ཁོ་ནར་གསུངས་པ། དེ་བདུད་རྩི་ལྔའི ་དེ་བཞིན་ཉིད་ཞེས་པ་སྟེ། དེ་ལ་དེ་ཞེས་པ་ནི་ཡི་གེ་ཨའོ། །ཡི་གེ་ཨ་གནས་གྱུར་ནས། བསྐྱེད་པ་ཉིད་ཀྱི་ཕྱིར་ན་བྱང་ཆུབ་སེམས་ལ་སོགས་པ་བདུད་རྩ་ལྔ་དེ་བཞིན་ཉིད་དུ་འགྱུར་རོ། །དེ་བཞིན་གཤེགས་པ་ལྔའི་རང་བཞིན་དུ་བསྒོམ་པའི་ཕྱིར་རོ་ཞེས་མངོན་ཏོ། །ཡང ་ན་ཡི་གེ་ཨ་ཁོ་ན་བདུད་རྩི་ལྔའི་དེ་བཞིན་ཉིད་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་ན་ལྟ་བ་ངན་པ་རྣམས་ཀྱིས་བདག་ཏུ་ལྟ་བ་ལ་སོགས་པ་སྤང་བའི་དོན་དུ་སྐལ་པ་དང་ལྡན་ནོ་ཞེས་གསུངས་པ། །བདག་ཉིད་ལུས་ནི་བཤལ་བར་བྱ་ཞེས་པའོ། །བདུད་རྩི་ཤར་གིས་མངོན་ཤེས་ན། ། ་བདུད་རྩི་ལྔའི་ཁྱད་པར་གྱིས་ཞེས་པ་ནི། བདུད་རྩི་ཞེས་བྱ་བ་བྱང་ཆུབ་སེམས་བདུད་རྩི་ལྔའི་ཁྱད་པར་གྱི་ངོ་བོ་གང་དག་གིས་ཤེས་པར་གྱུར་ན་དེ་དག་གིས་ནི་དེ་བཞིན་གཤེགས་པའི་ལམ་མངོན་པར་འགྱུར་རོ་ཞེས་པའོ། །དེ་བས་གསུངས་པ། ་འགྲོ་བའི་སྒྲ་ནི་ཀུན་བལྟས་ནས། །གང་ལ་ལུས་ནི་དག་པའོ། །ཞེས་པ་སྟེ། དེ་ལ་གང་ཞིག་དག་པའི་ལུས་བྱང་ཆུབ་ཀྱི་ལུས་ཀྱི་སྙིང་པོ་ཀ་ལ་དག་པའི་ལུས་ཞེས་པ་སྟེ། །སངས་རྒྱས་ཉིད་དང་རྡོ་རྗེ་འཛིན་པ་ཉིད་དུ་ཐོབ་པར་འགྱུར་རོ་ཞེས་པའི་དོན་ཏོ། །དེ་ཁོ་ན་གསལ་བར ་བྱེད་པས་གསུངས་པ། གང་གིས་བདུད་རྩི་བཀའ་ཡིས་སུ། །རང་དགར་བདུད་རྩི་མྱང་བར་བྱ་ཞེས་པ་སྟེ། རཀྟ་ལ་སོགས་པ་རྣམ་པར་དག་པ་བྱའོ། །ད་ནི་བདུད་རྩི་རྣམ་པ་ལྔ་དང། ལྕགས་ཀྱུ་རྣམ་པ་ལྔའི་ཁྱད་པར་བཤད་འདོད་པས་གསུངས་པ། ཉོན་ཅིག་རྡོ་རྗེ་དེ་ཁོ་ན། ། ་བཟའ་བ་ལྔ་ཡི་བྱེ་བྲག་གིས། །ཞེས་པ་སྟེ། རྫས་བཅུ་པོ་དེ་དག་ནི་བཟའ་བ་ལྔ་ཞེས་ཇི་ལྟར་ཡིན་ཞེ་ན། དོན་འདི་ལྟར་ཏེ། ལྔ་དང་ལྔ་ཉིད་ཅིག་ཏུ་བྱས་ནས། ཉེ་བར་སྦྱོར་བ་ཉིད་ཕྱིར་ན་བཟའ་བ་ལྔ་ཞེས་གསུངས་སོ་།གང་གིས་ཤེས་པས་ཟིན་འགྱུར་ན། །ལམ་ནི་མྱུར་དུ ་མཐོང་བར་འགྱུར་ཞེས་པ་སྟེ། གང་གིས་ཤེས་པ་ནི་སྒྲུབ་པའི་ངོ་བོ་ཉིད་ཤེས་པར་བྱའོ། །གལ་ཏེ་སྒྲུབ་པ་པོས་ལྷ་བསྒོམས་ཏེ་བརྩམས་པར་གྱུར་ན། ལམ་ནི་མྱུར་དུ་མཐོང་ནས་དེས་བདེ་བ་ཆེན་པོར་མྱུར་དུ་མཐོང་བའོ་ཞེས་པའི་དོན་ཏོ། །བློ་གྲོས་ཆེན་པོ་ཞེས་པ་ནི། བྱང ་ཆུབ་སེམས་སོ། །ངག་དག་དང་ཞེས་པ་ནི་རཀྟའོ། །རིག་ལྡན་ཞེས་པ་ནི་རྡོ་རྗེ་ཆུའོ། །བསྐྱེད་པ་ནི་རྣམ་པར་སྣང་མཛད་དོ། །ཤེལ་ཞེས་བ་ནི་འདིའི་གནས་སྐབས་སུ་སྣབས་ལ་སོགས་པ་ལ་བྱའོ། །སྤྱད་པར་བྱ་ཞེས་པ་ནི་གཟུང་འཛིན་རྣམ་པར་རྟག་པ་མེད་པར་དག ་བའི་རང་བཞིན་གྱིས་བརྩམ་པར་བྱའོ་ཞེས་པའོ། །རྣལ་འབྱོར་པ་ཞེས་པ་ནི། རྣལ་འབྱོར་པ་རྣམས་ཀྱིས་སྤྱོད་དོ། །ཞེས་པའི་དོན་ཏོ། །ལྕགས་ཀྱུ་ཆེ་ཞེས་པ་ནི་ཤ་ཆེན་ནོ། །རྣམ་ཤེས་ས་བོན་བཟླས་པ་ཡིས། །དེ་ཡི་ས་བོན་གཟུང་བྱས་ཏེ་ཞེས་པ་ནི། དེ་ལ ་རྣམ་པར་ཤེས་པའི་ས་བོན་ཞེས་པ་ནི་ཡི་གེ་ཨའོ་དེས་ཡོངས་སུ་བསྐྱེད་པ་བདུད་རྩི་ལྔ་དང། ཤ་ཆེན་ཞེས་པའོ། །དེ་བས་ན་བདུད་རྩི་ལྔ་དང། ཤ་ཆེན་གྱི་ས་བོན་གཅིག་པས་ཤ་ཆེན་གྱི་འོག་ཏུ་ས་བོན་གསུངས་སོ། །བཟླས་པ་ཡིས་ཞེས་པ་ནི། སྔགས་དེས་བཀུར ་ནས་སྔགས་བཟླ་བར་བྱའོ་ཞེས་པའི་དོན་ཏོ། །ལྕགས་ཀྱུ་ལྔའི་ཆོས་ཀྱི་ཡི་གེ་ནི་གོང་དུ་བཤད་ཟིན་ཏོ། །ད་ནི་དེ་ངག་རྣམ་པར་སྤྱང་བའི་ས་བོན་བཀོད་པར་གསུངས་པ། བགེགས་ཀྱི་ལྕགས་ཀྱུ་གཅིག་གིས་ནི། དེ་ཡི་ལམ་དུ་སྦྱར་བྱས་པ། ཞེས་པ་ལ་སོགས་པ ་སྟེ། དེ་ལ་བགེགས་ཀྱི་ལྕགས་ཀྱུ་ནི་གླང་པོ་ཆེའི་ཤ་སྟེ། ཡི་གེ་ཧཱུཾ་གིས་སྦྱང་བར་བྱའོ་ཞེས་པ་སྟེ། ཡུལ་གྱི་བདག་པོ་ལྕགས་ཀྱུ་ཆེ་ཞེས་པ་ནི་ཁྱི་ཤ་སྟེ། ཡི་གེ་གྷི་གིས་སྦྱང་བར་བྱའོ། །རྟའི་ཤའི་ཡི་གེ་ཛཾ་གིས་སྦྱང་བར་བྱའོ་ཞེས་གསལ་བར་བྱའོ་ཞེས་གསུངས ་པ། རྟའི་ལྕགས་ཀྱུ་བྱིན་རླབས་པ་ཞེས་པ་ལ་སོགས་པའོ། །བ་ལང་གི་ཤ་ཡི་གེ་སྲིཾ་གིས་སྦྱང་བར་བྱའོ་ཞེས་གསུངས་པ། རྡོ་རྗེ་ལྕགས་ཀྱུས་བྱིན་བརླབས་ཤེས་པ་ལ་སོགས་པའོ། །ལྕགས་ཀྱུ་ཆེན་པོའི་ས་བོན་ནི། །བདུད་རྩི་ལྔའི་བཤད་པ་ལ་གསལ་བར ་བཤད་ཟིན་ཏོ། །བར་འདིར་ནི་མ་བཀྲལ་ལོ། །བདུད་རྩི་ལྔ་དང་ལྕགས་ཀྱུ་ལྔ་བསྲེས་པའི་དྲི་ཞིམ་པོ་ལ་སོགས་པ་དེ་དག་ཁོ་ནའི་ཆོས་ཀྱི་འབྲས་སོ་སོར་རེ་རེ་མཆན་ཁུང་སྦྱོར་བའི་ཚུལ་གྱིས་ཕྱག་འཚལ་བ་དང་བསྲེག་པ་བཅས་པར་བཟླ་སྟེ། དུ་བས་བསྒོས་པར ་བྱ་བ་དང། བསྐུས་པ་དང། ཐུལ་བ་དང། ཐིག་ལེར་བྱས་པ་ལ་སོགས་པ་སྦྱོར་བར་བྱའོ་ཞེས་གསུངས་པ། རྫས་བཅུ་དག་དང་སྦྱར་བྱས་ཏེ། ཞེས་པ་ལ་སོགས་པའོ། །རྣལ་འབྱོར་མ་བཞི་སྐབ་པ་དང། ཞེས་པ་དེ་ནས་བརྩམས་ནས། རྣལ་འབྱོར་མ་རྣམས་དབུས ་སུ་བདག་མེ་མཆེའོ་སྒོ་དབྱེར་གསོལ་ཞེས་པའི་ཚིགས་བཅད་ཇི་སྙེད་མཐར་ཐུག་པ་ནི་མེད་མར་མ་ལ་སོགས་པའི་སྒྲུབ་པ་གསུངས་སོ་།གཞན་ཡང་དག་གི་ཕྱག་རྒྱའི་མཚན་ཉིད་ཅེས་དང་པོ་གཟུང་ནས་རྣལ་འབྱོར་པ་དང། རྣལ་འབྱོར་མ་དགའ་ནས་རྩེ་ཞིང ་འདི་དག་ནི། ངག་དང་བརྡའི་ཕྱག་རྒྱའི་ཞེས་ཏེ། མཐར་ཐུག་པའི་བར་ནི་ཕྱག་རྒྱའི་བརྡ་བསྟན་པའོ། །དཔལ་རྡོ་རྗེ་སློབ་དཔོན་དགེ་བའི་གོ་ཆས་མཛད་པའི་དཔལ་ལྡན་གདན་བཞི་པའི་གཟིགས་པ་ལས་གཞན་གྱིས་གདན་རྫོགས་སོ།། །། ་