CLOSE WINDOW

N1256: ro bsreg bya ba
Wyliee-texts based on the ACIP/ALL Input

ཁྲུས་ཁོར་གསུམ་དུ་བདུན་ཕྲག་བདུན་དུ་བྱའོ། །ཡི་གེ་བརྒྱ་པ་བཟླས་ཤིང་བྱ་གསུང།། །།རྒྱ་གར་སྐད་དུ། ཥྨ་ཤཱ་མེཥྚ། བོད་སྐད་དུ། རོ་བསྲེག་བྱ་བ། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ།། ་མངོན་སུམ་རྡོ་རྗེ་འཛིན་མཛད་པ། །རྡོ་རྗེ་སློབ་དཔོན་ཕྱག་འཚལ་ནས། །དེ་ཡི་ཡོངས་སུ་བོར་བའི་རོ། །འདུས་བྱས་ཆོ་ག་བཤད་པར་བྱ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །མ་ཤེས་པར་ནི་བསྲེག་གྱུར་ན། །མཆོད་རྟེན་བཤིག ་བ་ལྟ་བུར་འགྱུར། །གང་ཡང་བསོད་ནམས་མ་ཡིན་ཞེས། །མཁས་པ་རྣམས་ཀྱིས་རྒྱུད་རིམ་བཞིན། །དེ་རྣམས་ལེགས་པར་འདུས་བྱ་སྟེ། །གཞན་དུ་ན་ནི་དམྱལ་བར་ལྟུང། །རྡོ་རྗེ་སློབ་དཔོན་འགའ་ཞིག་ནི། ཤི་སྟེ་རོ་རུ་གྱུར་ནས་ཀྱང། ། ་མཆོད་པ་ཡང་དག་སྔོན་འགྲོ་འདི། །དུར་ཁྲོད་དུ་ནི་གཞུག་པར་བྱ། །དེ་ནས་གནས་པའི་ས་ཡི་ནི། །དག་བྱེད་སྔགས་ཀྱིས་འདུས་བྱས་ཏེ། །སླར་ཡང་ཆོ་ག་བཞིན་བསྒྲུབ་པ། །དཀྱིལ་འཁོར་ཡང་དག་བྲི་པར་བྱ། །དེ་ཡི་གཙོ་བོ་དེ་ཉིད་ཀྱིས། ་དབང་བསྐུར་ལྔ་ནི་སྦྱིན་པར་བྱ། །རྡོ་རྗེ་སློབ་དཔོན་དབང་བསྐུར་ཡང། །ཕྱི་ནས་ཆོ་ག་མཁས་བས་སྦྱིན། །མེ་ཏོག་སྤོས་ལ་སོགས་པས་མཆོད། །ཡང་དག་མཆོད་ནས་བསྟོད་པར་བྱ། །མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་ཞེས་བྱ་བ་ལ་སོགས ་པའི་ཚུལ་གྱིས་སོ། །དེ་ལྟར་མཆོད་ཅིང་བསྟོད་ནས་ཀྱང། །བཛྲ་མུ(རྒྱུད་འགྲེལ་ཀུན་བྱེད་པའི་ཐབ་ཁུང་དུ། །ལྟེ་བར་བགེགས་དགྲའི་མཚན་མའི་རྣལ་འབྱོར་པ། །སྔགས་ཀྱིས་སྦར་བའི་མེ་ནང་དུ། །མཐེའུ་ཆུང་ཁྲུ་གང་ཚད་ཀྱི་ཤིང། །དབུལ་ཞིང་མར་དཀར་བླུགས་པར་བྱ། །དེ་ལ་འདི་ནི་མེ་སྦར་བའི་སྔགས་སོ། །ོཾ་ཛཝཱ་ལ་ཛཝཱ ་ལ་ཧཱུཾ། ཀུ་ཤ་ཤར་ཕྱོགས་རྩེ་བསྟན་ནས། །ཧཱུཾ་བཟླས་གཡས་སྐོར་ཉིད་དུ་དགྲམ། །དེ་བཞིན་དུ་ནི་སྔར་གྱི་མེ། །ཐབ་ཁུང་ཀུ་ཤ་དབུལ་བར་བྱ། །ཐབ་ཁུང་བདག་མེད་པར་དམིགས་ལ། །རཾ་སྐྱེས་ཞི་བ་བསམ་པར་བྱ། །དཀར་པོ་ཞལ་རས་དཀར་བ་དང ་གཡས་གཡོན་སྔོ་དང་དམར་བའོ། །སྦོམ་ཐུང་རལ་བའི་ཅོད་པན་ཅན། །གཡོན་པ་སྤྱི་བླུགས་བེ་ཅོན་བསྣམས། །གཡས་ཀྱིས་མི་འཇིགས་བགྲང་ཕྲེང་འཛིན། །པདྨ་ར་སྐྱེས་མེ་དཀྱིལ་དུ། །མེ་ལྷ་བཞུགས་པར་བལྟས་ནས་ཀྱང། །ཡེ་ཤེས་མེ་ལྷ ་སྤྱན་དྲངས་བྱ། །དེ་ལ་འདི་ནི་མེ་ལྷ་སྤྱན་དྲང་བའི་སྔགས་སོ། །ོཾ་ཨེ་ཧཡེ་ཧི་མཧཱ་བྷཱུ་ཏ་དེ་བ་རི་ཥི་དྭི་ཛ་སཏྭ་མ་གི་ཧྲི་ཧྲི་ཏྠ་ཏུ་ཏི་མཧཱ་རསྨི་ཨསྨི་ས་ནི་ཧི་ཏོ་བྷ་བ་ཛ(རྒྱུད་འགྲེལ་བསིལ་སོགས་ཕུལ་ནས། །གཅིག་ཉིད་དམ་ཚིག་ལ་གཞུག་གོ་།ལྷ་ཡི་སྐུ་རུ་འཁྲུངས་པ་ཡི། །མེ་ལྷའི་ལྕེ་ལ་རཾ་བཀོད་དེ། །དགང་བླུགས་ཕུལ་ཏེ་ཕྱིན་ནས་ནི། །མཁས་པས་གསང་སྔགས་འདི་བསྔག་གོ་།དེ་ལ་འདི་ནི་སྔགས་སོ། །ོཾ་ཨགན། ་ཡེ་ཨིནདྷ་བྱཱ་བི་ཤ་མཧཱ་ཤྲཱི་ཡེ་ཧ་བྱ་ཀ་སྱ་བཱ་ཧ་ན་ཡ་སྭཱཧཱ། བསང་གཏོར་འཐོར་ཐུང་ཕུལ་ནས་ཀྱང། །མེ་ཏོག་ལ་སོགས་མཆོད་པར་བྱ། །བདག་ཉིད་འདོད་པའི་ལྷ་ཡི་སྐུ། །མི་ཡི་ཐུགས་ཀར་བསྒོམ་པར་བྱ། །མཆོད་པ ་དམ་པ་སྔོན་འགྲོ་བ། །ཡོན་ཆབ་ཞབས་བསིལ་ལ་སོགས་དབུལ། །དེ་ཕྱིར་མར་གྱི་དགང་བླུགས་རྣམས། །བདུད་རྩིར་བསམས་ནས་དབུལ་པར་བྱ། །ཤི་བའི་རོ་ལ་དྲི་ཞིམ་ཆུས། །ཁྲུས་གསོལ་མར་གྱིས་བྱུགས་པ་ནི། །ནྱ་གྲོ་དྷ་སོགས ་ཡམ་ཤིང་ལྷ། །སྔགས་འདི་བརྗོད་ཅིང་བསྲེག་པར་བྱ། །ོཾ་ཨཱ(རྒྱུད་འགྲེལ་ནས་སུ། །བསྟོད་པ་དང་ནི་མཆོད་པ་བྱ། །དེ་ནས་སྔགས་པ་མཉམ་བཞག་པས། །ཐུགས་ཀར་མེ་ཏོག་ཐལ་སྦྱར་ཏེ། །དམར་སོགས་སྐྱོན་རྣམས་ཞི་བའི་ཕྱིར། །བཟོད་པར་གསོལ་ཞེས་ཡང་དག་བརྗོད། །གང་ཡང་བདག་བློ་གཏི་མུག་པས། ། ་ལྷག་པ་མ་ཚང་གང་བྱས་པ། །གང་ཡང་ལུས་ཅན་སྐྱབས་གྱུར་པའི། །དཔལ་ལྡན་དེ་ཉིད་ཀྱིས་བཟོད་མཛོད། །གུས་པས་བཟོད་པ་གསོལ་བའི་མཐར། །རང་གི་གནང་བ་བསྒོམ་པར་བྱ། །ཡི་གེ་བརྒྱ་པ་བརྗོད་ནས་ཀྱང། །མེ་ལྷ་མངའ་བདག ་གཤེགས་སུ་གསོལ། །ཉི་མ་དེ་ཡང་གཉིས་པ་ལ། །འོ་མས་མེ་ལ་བླུགས་བྱས་ནས། །འབད་པ་རུས་བུ་ཀུན་བཏུས་ཏེ། །གཙང་མའི་སྣོད་ཏུ་བཅངས་བྱས་ནས། །དེ་ནས་རུས་བུ་བཏུས་པ་རྣམས། །མཁས་པས་པ་ཡི་འོ་མས་བཀྲུ། །འཇིམ་པ ་བསྲེས་ནས་སཱ་ཚ་གདབ། །སྙིང་པོ་མཆོད་རྟེན་བརྩིག་པར་བྱ། །དེ་ལ་སྐུ་གདུང་རྒྱལ་པོའི་མཆོད་རྟེན་བརྩིག་།སངས་རྒྱས་མཛའ་ཡས་མཆོག་གིས་བྱིན་གྱིས་བརླབས། །གཙང་མའི་སྣོད་དུ་ལེགས་པར་བཅངས་བྱས་ནས། །སངས་རྒྱས་ཀྱིས ་གསུངས་རིམ་པར་རབ་གནས་མཛད། །ཚངས་པ་ལ་སོགས་རྣམས་ཀྱང་གུས་པས་འདུད། །དེ་བས་སྐྱེ་པོ་བཤེས་གཉེན་སྤྱན་སྔར་འདུད། །བྱང་ཆུབ་ཆོ་ག་ཡིས་ནི་ཁས་འཆེས་པས། །དེ་ནི་མཆོད་རྟེན་རྒྱས་པ་ཆེན་པོ་སྟེ། །དོན་ཆེའི་རྒྱུ་རུ་གུས་པས ་ཡང་དག་མཆོད། །དུར་ཁྲོད་མཆོད་རྟེན་བྱས་པས་རི་བོ་ཅན་ལས་ཁྱད་པར་འཕགས་པ་དེ་ཡིས་ནི། །དགེ་བ་གང་ཞིག་བསགས་པ་དེ་ཡིས་འགྲོ་བ་གསུམ་དུ་སོན་པའི་སྐྱེ་བོ་རྣམས། །དངོས་པོ་དགྲ་སོགས་བཏུལ་བའི་ཤེས་རབ་མཆོག་མངའ་ཐུགས ་རྗེས་སྐྱེ་བ་མཆོག་ཏུ་བརྩེ། །འཇིག་རྟེན་གསུམ་གཙུག་དཔལ་ལྡན་རྡོ་རྗེ་སེམས་དཔའ་རིང་པོར་མི་ཐོགས་འགྲུབ་པར་ཤོག་།རོ་སྲེག་པ་དགེ་སློང་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ ་ཉིད་དང། ལོ་ཚ་བ་དགེ་སློང་དར་མ་བློ་གྲོས་ཀྱིས་བསྒྱུར་བའོ།། །།དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ལག་ན་རྡོ་རྗེ་དྲིལ་བུ་བྱིན་ནས་ནི། །དབུ་ལ་ལག་པའི་དབུ་རྒྱན་ནི། །བྱིན་ནས་རྡོ་རྗེ་སྡོམ་པ་ཡང། །སྡོམ་པ ་