| Wylie | e-texts based on the ACIP/ALL Input |
རྡོ་རྗེ་གུར་ལས་བྱུང་བ་གྲུབ་ཐོབ་ཆེན་པོ་སྣ་ཚོགས་དམར་པོ་ཞབས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་དཱ་ན་ཤཱི་ལས་རང་འགྱུར་དུ་མཛད་པའོ།། །།རྒྱ་གར་སྐད་དུ། བཛྲ་ཏཱ་ར ་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས། བཅོམ་ལྡན་འདས་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྦྱིན་སྲེག་དང་ནི་ལས་ཀྱི་ཆོ་ག་ཡིས། །འདོད་པའི་དོན་ཀུན་སྒྲུབ་པར་བྱེད་པ་ཡི། །རྡོ་རྗེ་སྒྲོལ་མ་སྒྲུབ་པའི་ཐབས། །དེ་ནས་ཡང་དག་བཤད་བྱ་བ།། ་དེ་ལ་སྔགས་ཀྱི་ཚིག་འདི་ཡིན་ཏེ། འདི་ལྟ་སྟེ། ན་མོ་རཏན་ཏྲ་ཡཱ་ཡ། ན་མ(རྒྱུད་འགྲེལ་ཡ། བནདྷ་ཡ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། སརྦ་དུཥྚ་སྟཾ་བྷ་ནི་ཏཱ་རེ་སྭཱཧཱ། དེ་ལ་ཡང་དང་པོ་རེ་ཞིག་རང་གི་སྙིང་གར་ཟླ་བ་ལ་ས་བོན་ཏཱཾ་བསམས་ཏེ། དེའི་འོད་ཟེར་གྱིས་ཨབླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྱན་དྲངས་ཏེ། མཆོད་པ་རྣམ ་པ་སྣ་ཚོགས་ཀྱིས་ཡང་དག་པར་མཆོད་ལ། སྡིག་པ་བཤགས་པ་ལ་སོགས་པ་བྱ་ཞིང། གསུམ་ལ་སྐྱབས་སུ་འགྲོ་བའི་ཚིགས་བཅད་རྫོགས་པར་བྱའོ། །དེ་ནས་ཚངས་པའི་གནས་བཞི་བསྒོམས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་སྭ་བྷ་བ་ཨཱཏྨ་ཀོ་ཧཾ། ་ཞེས་བྱ་བའི་སྔགས་བརྗོད་པར་བྱའོ། །དེ་ནས་བཾ་ལས་སྐྱེས་པའི་པདྨ་དང་ཟླ་བའི་སྟེང་དུ་ཏཱཾ་གི་ས་བོན་བསམས་ཏེ། དེ་ཡོངས་སུ་གྱུར་པ་ལས། མ་མོའི་དཀྱིལ་འཁོར་དབུས་གནས་པའི། །ལྷ་མོ་སྒྲོལ་མ་བསྒོམ་པར་བྱའོ། །ཞལ་བཞི་མ་ལ་ཕྱག ་བརྒྱད་མ། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་ཡི། །གསེར་གྱི་མདོག་ཅན་བསྒོམ་པར་བྱ། །གཞོན་ནུ་མ་ཡི་མཚན་ཉིད་འབར། །སྣ་ཚོགས་པདྨར་མཉམ་གནས་པའི། །ཟླ་བའི་གདན་ལ་ཡང་དག་བཞུགས། །སེར་དང་དཀར་དང་དམར་དང་ནག་། ་གཡས་སྐོར་གྱི་ནི་ཞལ་བཞིའོ། །སྤྱན་གསུམ་རྡོ་རྗེ་སྐྱིལ་དཀྲུང་གནས། །འོད་དམར་སངས་རྒྱས་བཞིས་དབུ་རྒྱན། །རྡོ་རྗེ་མངའ་དུང་མཆོག་སྦྱིན་ནི། །གཡས་པའི་ཕྱག་ན་བསྣམས་པའོ། །ུཏཔལ་གཞུ་དང་རྡོ་རྗེ་ཡི། ། ་ལྕགས་ཀྱུ་རྡོ་རྗེ་ཞགས་པ་དང། །སྡིགས་མཛུབ་གཡོན་པའི་ཕྱག་ན་འཕྱར་བའོ། །རྡོ་རྗེ་སྐྱིལ་ཀྲུང་རྣལ་འབྱོར་གྱིས། །ས་གསུམ་པོ་ཡང་བསྒྲུབ་པར་བྱ། །དེ་མདུན་མེ་ཏོག་སྒྲོལ་མ་ནི། །མདོག་ནི་དཀར་ཞིང་ཡིད་འོང་མ། །ོཾ་ཡིག་ལས ་ནི་ཡང་དག་རྫོགས། །མེ་ཏོག་སྣོད་ནི་ཕྱག་ན་བསྣམས། །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །རྒྱན་རྣམས་བདུན་གྱིས་རྣམ་བརྒྱན་པའོ། །ལྷོ་ཕྱོགས་བདུག་སྤོས་སྒྲོལ་མ་ནི། །གཟུགས་མཛེས་མདོག་ནི་གནག་པ་སྟེ། །བདུག་སྤོས་སྣོད་ནི་ཕྱག ་བསྣམས་ཤིང། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ནུབ་ཕྱོགས་མར་མེ་སྒྲོལ་མ་ཡང། །མདོག་ནི་སེར་ཞིང་ཡིད་འཕྲོག་མ། །བཟང་པོ་མར་མེའི་སྣོད་བསྣམས་ཤིང། །གསེར་གྱི་རྣ་ཆ་རབ་ཏུ་ག-ཡོ། །བྱང་ཕྱོགས་དྲི་ཡི་སྒྲོལ ་མ་ནི། །དྲི་ཡི་དུང་ཆོས་ཕྱག་ན་བསྣམས། །ལྷ་མོ་མདོག་ནི་དམར་འདྲ་བ། །སྙིང་པོའི་དཀྱིལ་འཁོར་ལ་བསྒོམ་བྱའོ། །འདི་ཀུན་ཞལ་གཅིག་ཕྱག་གཉིས་མ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །རྡོ་རྗེ་སྐྱིལ་མོ་ཀྲུང་གིས་ནི། །ལྷ་མོ ་དྲུག་པོ་འདི་ཀུན་བཞུགས། །ཅུང་ཟད་ཞལ་ནི་གཙིགས་པ་སྟེ། །འགྱིང་བག་བཅས་པས་ཡང་དག་གནས། །འདི་ལྟར་དཀྱིལ་འཁོར་ཀུན་བསམས་ལ། །རང་གི་སྙིང་གའི་ས་བོན་གྱི། །འོད་ཀྱིས་ཡེ་ཤེས་སྤྱན་དྲངས་ཏེ། ཛ(རྒྱུད་འགྲེལ་སྔགས་ཀྱིས་ནི། །དགུག་པ་ལ་སོགས་བྱ་བའོ། །ཤར་གྱི་སྒོ་རུ་བསམ་པ་ནི། །རྡོ་རྗེ་ལྕགས་ཀྱུ་འོད་དཀར་མ། །ཕྱག་ན་རྡོ་རྗེ་ལྕགས་ཀྱུས་མཚན། །ཡིད་དུ་འོང་བའི་བདག་ཉིད་དོ། །ལྷོ་སྒོར་རྡོ་རྗེ་ཞགས་པ་མ། །གནག་ཅིང་ཤིན་ཏུ་འདོད་ལ་དགའ་ ་བཟང་མོའི་རྒྱན་གྱིས་བརྒྱན་པའི་ལུས། །རྡོ་རྗེ་ཞགས་པ་འཆང་བའི་མཆོག་།རྡོ་རྗེ་ལྕགས་སྒྲོག་དམར་སེར་མ། །རྡོ་རྗེ་ལྕགས་སྒྲོག་ཕྱག་བསྣམས་ཤིང། །སྣ་ཚོགས་རྒྱན་གྱིས་བརྒྱན་པ་ནི། །ནུབ་ཀྱི་སྒོ་རུ་བསམ་པར་བྱ། །བྱང་སྒོར་རྡོ་རྗེ་དྲིལ ་བསྣམས་མ། །མདོག་དམར་བཟང་པོ་ཡི་ནི་གཟུག། །དགེ་ཞིང་བརྟན་པར་བལྟ་བར་བྱ། །སྟེང་དུ་གཙུག་ཏོར་རྣམ་རྒྱལ་མ། །གཟུགས་བཟང་མདོག་ནི་སེར་བ་སྟེ། །བྱང་ཆུབ་འབྲས་བུ་སྦྱིན་བྱེད་པས། །དེས་ནས་སྔགས་པས་འཁོར་ལོ་འཆང།། ་སྙིང་པོའི་དཀྱིལ་འཁོར་འོག་ཏུ་ནི། །དགེ་ཞིང་འོད་འབར་བ་ཡི་གཟུགས། །ཀླུ་ཡི་ཞགས་པ་ཕྱག་ན་བསྣམས། །ཞལ་གཅིག་ཕྱག་ནི་གཉིས་མ་སྟེ། །ཐམས་ཅད་མཁྱེན་པའི་ཡིད་འོང་མ། །མདོག་གནག་རྣམ་བར་བསྒོམ་པར་བྱའོ། །ཡི་གེ་བཅུ་པ ་འདི་ཡིས་ནི། །ལྷ་མོ་བཅུ་ནི་རྣམ་པར་སྤྲུལ། །ཕ་རོལ་ཕྱིན་བཅུ་དག་པ་སྟེ། །ཆོས་ཀུན་རབ་ཏུ་སྒྲུབ་པར་བྱེད། །དེ་ལ་ཡི་གེ་བཅུ་པ་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། དེ་བཞིན་དུ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང། དབང་བསྐུར་བ་དང། ཐིག་ལེ ་དང། ཕྲ་མོ་དང། བཟླས་པ་ལ་སོགས་པ་བསྒོམ་པར་བྱའོ། །སངས་རྒྱས་ཀུན་གྱིས་ཕྱག་བྱས་པ། །སྔགས་མཆོག་འདི་ནི་གཙོ་བོ་སྟེ། །བཟང་པོ་བརྗོད་པས་འགྲུབ་པར་འགྱུར། །རྡོ་རྗེ་གུར་ལས་གསུངས་པའོ། །འདིར་སྔགས་འདི་ཡི་ཉེ་བར་སྤྱོད ་བ་ནི་སྔགས་འདི་ཡིས་གོས་ཀྱི་ཐུ་བ་གཟུང་སྟེ། ལན་བདུན་བསྔགས་ལ་མདུད་པ་བྱ་སྟེ། འཇིགས་པ་དང་བཅས་པའི་ས་གང་དུ་འགྲོ་ཡང་འཇིགས་པར་མི་འགྱུར་རོ། །སྟག་དང་རྐུན་མ་དང་ཆུ་སྲིན་དང་སེང་གེ་དང་སྤྲུལ་དང་གླང་པོ་དང་མ་ཧེ་དང། ་དྲེད་དང་པ་ལ་སོགས་པས་ཀྱང་གནོད་པ་བྱེད་མི་ནུས་སོ། །དེ་བཞིན་དུ་སྔགས་འདིས་ཨུཏཔལ་ལ་ལན་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་ན་གང་འདོད་པ་དེ་དབང་དུ་འགྱུར་རོ། །ོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀཾ་མེ་བ་ཤ་མ་ནཱ་ཡ་སྭཱཧཱ། དེ་བཞིན་དུ་སྔགས་འདིས ་ཁྲའི་སྒྲོ་ལ་ལན་སུམ་ཅུ་རྩ་གཉིས་བཟླས་ནས་དགྲ་བོའི་ཁང་པར་སྦས་ན། དེ་ཞག་བདུན་གྱི་སྐྲོད་པར་འགྱུར་རོ། །ོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཙ་ལ་པྲ་ཙ་ལ་ཤཱི་གྷྲཾ་གཱ་མི་ནི་དེ་བ་དཏྟ་ཡ་ཨུཙྪ་ཊ་ཡ་ཧཱུཾ་ཕཊ་ཅེས་པ་ནི་བསྐྲད་པའི ་ཆོ་གའོ།། །།དེ་བཞིན་དུ་སྦྱོར་བ་གཞན་ཡང་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀཾ་ཨ་བྷི་ནི་དྷ་ནཾ་ཀུ་མ་རི་མཧཡ་མུ་དྲ་ཐ་ཧེ་ན་ཧ་སྱ(རྒྱུད་འགྲེལ་ཀྱི་མེ་ཏོག་ལ། །སྟོང་ཕྲག་ལྔ་ནི་སྦྱིན་སྲེག་བྱ། །མར་དང་སྦྲང་རྩི་བུ་རམ་གྱིས། །སྦྱིན་སྲེག་བུ་མོ་སྒྲུབ་ལ་བསྔགས། །དེ་ནས་ཞག་བདུན་སྦྱོར་བ་ཡིས། །རང་འདོད་བུ་མོ་ཐོབ་པར་འགྱུར། །དེ་ནས་སྦྱོར་བ་གཞན་ཡང་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀཾ་ཨ་མུ ་ཀཱ་ཨ་བྷི་དྷཱ་ནཾ་སྭ་ན་ཏ་ཨཱ་ཀརཥ་ཡཱ་མ་མེ་ཨནྟི་ཀེ་ཛ(རྒྱུད་འགྲེལ་བ་འདི་ཡིན་ཏེ། རང་བྱུང་གི་མེ་ཏོག་གིས་བསྐུས་པའི་རས་ལ་བཅོམ་ལྡན་འདས་ཞལ་གཅིག་ཕྱག་གཉིས་མ། ལྕགས་ཀྱུ་དང་ཨུཏཔ་ལའི་ཞགས་པ་ཕྱག་ན་བསྣམས་པ་བྲིས་ལ་དེའི་མདུན་དུ་ལྷ་རྫས་བཟང་པོ་འདི་ཞེས་བྱ་བ་ལ་སོགས་པ ་མཆོད་པ་བྱས་ལ་བཅོམ་ལྡན་འདས་ལ་བཟླས་པ་བྱའོ། །ོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀི་མི་པ་སིདྷཾ་སྭ་པ་ནཾ་ཀ་ཐཱ་ཧཱུཾ་ཕཊ། སྟོང་ཕྲག་ལྔ་བཟླས་པས་འོང་བར་འགྱུར་རོ། །ཞགས་པས་སྐེ་ནས་བཅིངས་ཏེ། ལྕགས་ཀྱུས་ཕུག་ལ་རྐང་པ་གཉིས་ནས ་ཨུཏཔ་ལ་ཡིས་བཅིངས་ལ། བསྒྲུབ་བྱ་ཀུན་ཏུ་བཀུག་སྟེ། རྐང་པའི་འོག་ཏུ་བསམས་ལ། བྲན་མོའི་གཟུགས་ཀྱིས་ལོངས་སྤྱད་པར་བྱའོ། །དེ་ནས་སྦྱོར་བ་གཞན་ཡང་སྒྲོལ་མའི་གཟུངས་ཀྱིས་ལན་བདུན་བསྔགས་ཏེ། བདག་ཉིད་ཀྱི་མིག་གཉིས ་ལ་བྱུགས་ལ། རྒྱལ་པོའི་རིགས་ཀྱིས་ནང་དུ་ཞུགས་ན་རྒྱལ་པོ་དང་བཅས་པས་བླ་མར་བྱེད་དོ། །དབང་དུ་བྱེད་པར་འགྱུར་རོ། །དེ་ནས་གཞན་ཡང་སྦྱོར་བ་ནི་སྒྲོལ་མའི་གཟུངས་ཀྱིས་བརྒྱ་རྩ་བརྒྱད་བརྗོད་དོ། །སྦྲུལ་གྱི་རྒྱལ་པོ་མགོ་གཉིས་པོའི་མགོ་ཐལ་བར ་བྱས་ཏེ། བ་དམར་མོའི་མར་ལ་ཨརྐའི་སྤྲ་བའི་སྡོང་བུ་བྱས་ཏེ། མེ་སྦར་ལ་དུད་པས་བསགས་པར་བྱའོ། །དུད་པ་དེ་དང་རྡོ་རྗེ་ཉི་མ་དང་རྡོ་རྗེ་ཆོས་དང་བསྲེས་ཤིང་མཉེས་ལ་རྟ་མཆོག་གིས་བདུག་པར་བྱའོ། །དེ་ནས་ཐལ་བ་དང་ལྷན་ཅིག་ཏུ་མིག་ལ་བསྐུས ་ནས་གང་རྡོ་རྗེ་མིག་གིས་བལྟས་པ་དེའི་པདྨ་རཱ་ག་འཛག་པར་འགྱུར་རོ། །གལ་ཏེ་དེ་ལྟར་མ་གྱུར་ན་ནི་བདག་ཉིད་སྒྲོལ་མས་སངས་རྒྱས་བཅོམ་ལྡན་འདས་ངེས་པར་སྤོང་བ་ཡིན་ནོ། །དེ་ནས་སྦྱོར་བ་གཞན་ཡང་ལྟོ་བའི་སྲིན་བུ་ལ་གཟུངས་ཀྱིས་ལན ་བདུན་བཟླས་ལ་རྡོ་རྗེ་ཆོས་དང་གཅིག་ཏུ་བྱས་ལ་སག་རྩི་དང་སྦྱར་ལ་སྦྱིན་ནོ། །དེ་ལོངས་སྤྱོད་ན་ཆོ་ག་མཆོག་འདིས་རང་གི་ཆུང་མ་བཞིན་དུ་གཏོང་བར་མི་འགྱུར་རོ། །དེ་ནས་སྦྱོར་བ་གཞན་ཡང་སོ་མ་བརྫེས་པའི་བུ་ཆུང་གི་ལྕེ་བླངས་ལ་སྒྲོལ་མའི་གཟུངས ་ཀྱིས་ལན་བདུན་བསྔགས་ལ། འབྲིང་ཀ་ར་ཙ་དང་གི་ཝཾ་གཅིག་ཏུ་བྱས་ཏེ་དཔྲལ་བར་ཐིག་ལེ་བྱས་ལ་དེ་གང་ལ་བསྟན་པ་དེ་དབང་དུ་འགྱུར་རོ། །སྦྱོར་བ་གཞན་ཡང་ཞག་ཆེན་པོས་རང་གི་ལུས་ལ་བྱུགས་ཏེ་བསྒོམ་པ་དང་ལྡན་པས་སྒྲོལ་མའི་གཟུངས ་ཁྲི་ཚོ་གཅིག་བཟླས་པར་བྱའོ། །བཟླས་པའི་མཐར་འབྲས་སཱ་ལེའི་ཟན་གྱིས་དྲིལ་ཕྱིས་བྱས་ལ་དེ་གང་ལ་བྱིན་པ་དེ་ཇི་སྲིད་འཚོའི་བར་དུ་དབང་དུ་འགྱུར་རོ། །སྦྱོར་བ་གཞན་ཡང་ཟླ་བ་གཟས་ཟིན་པའི་དུས་སུ་སྒྲོལ་མའི་གཟུངས་བཟླས་ཤིང་སྔོན་དུ ་བསྙེན་པ་བྱས་ལ་དེ་ལས་བྱུང་བའི་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཏུ་དུང་གི་ཕྱེ་མས་དགང་བར་བྱའོ། །དེ་གང་ལ་བྱིན་པ་དེ་ཇི་སྲིད་འཚོའི་བར་དུ་རྗེས་སུ་འཇུག་པར་འགྱུར་རོ། །སྦྱོར་བ་གཞན་ཡང་སྒྲོལ་མའི་གཟུངས་སྨྱོ་བྱེད་ཀྱི་འབྲས་བུ་ལ་ལན་བརྒྱ་རྩ་ ་བརྒྱད་བསྔགས་ཏེ། འབྲས་བུ་དེ་དང་རྟ་མགྲིན་དང་ལྷན་ཅིག་ཏུ་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །སྦྱོར་བ་གཞན་ནི་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀ་ས་བནདྷ་ན་མུག་ཏི་ཀུ་རུ་སྭཱཧཱ། སྔགས་འདིས་ཨརྐའི་འདབ་མ་ལ་བསྒྲུབ ་བྱའི་མིང་བར་དུ་བཅུག་སྟེ་བྲིས་ལ་སྲིན་བུ་ཀ་ཀ་རུའི་ཁུང་བུར་སྦས་ན་བཅིངས་པ་ལས་གྲོལ་བར་འགྱུར་རོ། །རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་སྐད་དུ། ཤྲཱི་བཛྲ་ཏཱ་ར་སཱདྷ་ནཾ། བོད་སྐད་དུ། དཔལ་རྡོ་རྗེ་སྒྲོལ ་