CLOSE WINDOW

N1244: ku ru ku l+le'i sgrub pa'i thabs
Wyliee-texts based on the ACIP/ALL Input

རྒྱ་གར་སྐད་དུ། ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། ཀུ་རུ་ཀུལླེའི་སྒྲུབ་པའི་ཐབས། །ོཾ་བཅོམ་ལྡན་འདས་འཕགས་མ་ལྷ་མོ་སྒྲོལ་མ་ལ་ཕྱག་འཚལ་ལོ། །རེ་ཞིག་དང་པོ་ཁོ་ནར་སེམས་དཔའ་ཨི་སྐྱིལ་ཀྲུང་བཅས་ལ། བགེགས་བསལ་བར་བྱའོ། །སྔགས ་ནི་འདི་ཡིན་ཏེ། ཨོཾ་ཨ་མྲི་ཏ་ཧཱུཾ་ཕཊ་སྭཱཧཱ། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནམ་མཁའ་ཨི་དཀྱིལ་དུ་དམིགས་ལ། དེ་མ་ཐག་ཏུ་སྐྱབས་སུ་འགྲོ་བར་བྱ་སྟེ། ཨོཾ་རཏན་ཏྲ་ཡཾ་སྨ་ཤ་ར་ནཾ་ཀྲེ་ཧྭ། ཨོཾ་སྭ་བྷཱ་བ་ཤུདྡྷ(རྒྱུད་འགྲེལ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཨཱཏྨ་ཀོ་ཧཾ། དེ་ནས་ཡི་གེ་པཾ་ལས་པདྨ། དེའི་སྟེང་དུ་ཡི་གེ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེ་ལས་ཡི་གེ་ཏཱཾ་རེ་ཡོངས་སུ་གྱུར་པ་ལས་ཨུཏཔ་ལ། དེའི་རྗེས་ལ་དྲངས་པར་བྱ་སྟེ། ཨོཾ་བྷ་ག་བ་ཏི་ས་མ་ཡ་ཤྭ་རེས་རྦོད་དམཏི་ཏ་ཛ(རྒྱུད་འགྲེལ་ཀུ་རུ་སྭཱཧཱ། དེ་ལས་བཅོམ་ལྡན་འདས་མ་ཞལ་གསུམ་པ་ཕྱག་དྲུག་པ། གཡས་པ་དང་གཡོན་པ་ཡང་རྩ་བའི་ཞལ་ནི་གནག་པ་དང་སེར་བ་དང་དམར་པའོ། །གཡས་པའི་ཕྱག་རྣམས་ཀྱི་དང་པོ་མི་འཇིགས་པ་སྦྱིན་པ་ལ་འཁོར་ལོ་དཀར་པོས་མཚན་པའོ། །གཉིས ་པ་ལ་མདའ། གསུམ་པ་ལ་ལྕགས་ཀྱུའོ། །ཕྱག་གཡོན་པ་རྣམས་ཀྱི་དང་པོ་ལ་ཨུཏཔ་ལ་དམར་པོ་རིན་པོ་ཆེའི་སྙེ་མ་དང་བཅས་པའོ། །གཉིས་པ་ལ་བཞུ། གསུམ་པ་ལ་ཞགས་པའོ། །སྐུ་མདོག་དམར་པོ། པདྨ་དམར་པོའི་གདན ་ལ་བཞུགས་པ། དེ་བཞིན་གཤེགས་པ་ལྔའི་ཅོད་པན་ཙམ། སྐུ་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཤར་གྱི་ཕྱོགས་སུ་གསལ་བའི་སྒྲོལ་མ། ལྷོ་དུ་རྫོགས་བྱེད་སྒྲོལ་མ། ནུབ་ཏུ་སྣང་བྱེད་སྒྲོལ་མ། བྱང་དུ་ཀར་ན་སྒྲོལ་མ། མེའི་མཚམས་སུ་རིན ་ཆེན་སྒྲོལ་མ། བདེན་བྲལ་གྱི་མཚམས་སུ་རྒྱལ་བ་སྒྲོལ་མ། རླུང་གི་མཚམས་སུ་དཔའ་བོའི་སྒྲོལ་མ། དབང་ལྡན་གྱི་མཚམས་སུ་དཔའ་བོའི་སྒྲོལ་མའོ། འདི་རྣམས་ནི་ཕྱག་བཞི་པ་མཆོག་སྦྱིན་པ་དང། ཨུཏཔ་ལ་དང་མངའ་དང་གཞུ་བསྣམས་པའོ།། ་སྐུ་མདོག་དམར་པོ་པདྨ་དམར་པོའི་གདན་ལ་བཞུགས་པ། དེ་བཞིན་གཤེགས་པ་ལྔའི་ཅོད་པན་ཅན། །སྐུ་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེ་རྣམས་ཀྱི་སྔགས་ནི། ཨོཾ་ཀུ་རུ་ཀུལླེ་ཧཱུཾ་ཧྲི(རྒྱུད་འགྲེལ་ཧྲཱིཾ་སྭཱཧཱ། ཨོཾ་དི་པ་ཏཱ་རི་ཧཱུཾ་ཧྲཱིཾ་སྭཱཧཱ། ཨོཾ་ཀརྣ་ཏཱ་རི་ཧཱུཾ་ཧྲིཾ་སྭཱཧཱ། ཨོཾ་མ་ནེ་ཏཱ་རི་ཧཱུཾ་ཧྲཱིཾ་སྭཱཧཱ། ཨོཾ་ཛ་ཡ་ཏཱ་རི་ཧཱུཾ་ཧྲཱི་སྭཱཧཱ། ཨོཾ་གཽ་རི་ཏཱ་རི་ཧཱུཾ་ཧྲཱི་སྭཱཧཱ། ཨོཾ་ཝ་ར་ཏཱ་རི་ཧཱུཾ་ཧྲི་སྭཱཧཱ། །ཤར་ཕྱོགས་ཀྱི་སྒོར་ནི་རྡོ་རྗེ་རོ་ལངས་མ། །མཆེ་བ་རྣམ་པར་གཙིགས་པ། ཞལ་རྣམ ་པར་འགྱུར་བ། འཇིགས་སུ་རུང་བའི་ཆ་བྱེད་ཅན། ཕྱག་བཞི་པ་ལ། མདའ་དང་གཞུ་དང་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པ་པི་བང་བསྣམས་པ་མི་བསྐྱོད་པའི་ཅོད་པན་ཅན། ལྷོའི་སྒོར་ནི་རྡོ་རྗེ་གྲི་འཛིན་མ། ཞལ་རྣམ་པར་གཙིགས་པ། དབུ་སྐྲ་འཁྱིལ་པ། ་གསུས་པ་འཕྱང་བ། ཕྱག་བཞི་པ། རྡོ་རྗེ་དང་དྲིལ་བུ་དང་ལྕགས་ཀྱུ་དང་ཞགས་པ་བསྣམས་པ། རིན་ཆེན་འབྱུང་ལྡན་གྱི་ཅོད་པན་ཅན་ནོ། །ནུབ་ཀྱི་སྒོ་རུ་གཞན་གྱིས་མི་ཐུབ་པ། དབུ་སྐྲ་གྱེན་དུ་བརྫེས་པ། གསུས་པ་འཕྱང་བ། ཕྱག་བཞི་པ། སྡིགས ་མཛུབ་དང་ལྕགས་ཀྱུ་དང། ཞགས་པ་བསྣམས་པ། སྣང་བ་མཛའ་ཡས་ཀྱི་དབུ་རྒྱན་ཅན། བྱང་གི་སྒོར་ནི་རལ་པ་གཅིག་མ། དབུ་སྐྲ་གྱེན་དུ་བརྫེས་པ། གསུས་པ་འཕྱང་བ། ཕྱག་བཞི་པ། ཐོ་བ་དང། རྡོ་རྗེ་དང། དགྲ་སྟ་དང། ཞགས་པ་བསྣམས་པ། དོན ་ཡོད་གྲུབ་པའི་དབུ་རྒྱན་ཅན། གཡས་བརྐྱང་གཡོན་བསྐུམ་གྱིས་གནས་པས་བཞུགས་པ། སྒོ་མ་བཞི་པོ་རྣམས་སྐུ་མདོག་དམར་བ་པདྨའི་གདན་ལ་བཞུགས་པའོ། །འདི་རྣམས་ཀྱི་སྔགས་ནི། ཨོཾ་བཛྲ་ཝ་ཏི་ལི་ཧཱུཾ་ཕཊ། ཨོཾ་བཛྲ་གནདྷ་རི་ཧཱུཾ་ཕཊ། ཨོཾ ་བཛྲ་ཨ་པཱ་རི་ཛ་ཏ་ཧཱུཾ་ཕཊ། ཨོཾ་བཛྲ་ཨི་ཀ་ཛ་ཏ་ཧཱུཾ་ཕཊ། ཨོཾ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་ཡ་བོ་དྷི་སཏྭ་ཡ་མཧཱ་སཏྭཱ་ཡ། མཧཱ་ཀ་རུ་ཎི་ཀ་ཡ། ཏདྱ་ཐཱ། ཨོཾ་ཨཱ་གཙྪ་ཨཱ་གཙྪ། བྷ་ག་བ་ཏི་ཏཱ་རེ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་སཏྟཡཾ་ན་སྭཱཧཱ། གུ་གུལ་གྱི་སྤོས་ལ་ལན ་བདུན་ཡོངས་སུ་བཟླས་ནས་སྤྱན་དྲང་བར་བྱའོ། །ན་མ(རྒྱུད་འགྲེལ་སིདྡྷིཾ་མེ་ཀུ་རུ་སྭཱཧཱ། མེ་ཏོག་གི་སྔགས་སོ། །ན་མ(རྒྱུད་འགྲེལ་སྭཱཧཱ། མར་མེའི་སྔགས་སོ། །ན་མ(རྒྱུད་འགྲེལ་མའི་སྔགས་སོ། །ན་མ(རྒྱུད་འགྲེལ་གསོལ་བའི་སྔགས་ནི། ཨོཾ་པྲ་སནྣེ་ནེ་སྤན་པྲ་ཏི་པ་ཀརྞ་པ་ནེ་ཛ་ཡ་གུ་རེ་ས་ཝི་རེ་ཏར་ཝེ་ཏ་ལེ་གནདྷ་རེ་ས་བཛྲ་ཧ་སྟ། ཨ་པ་ར་ཛེ་ཏ་ཨི་ཀ་ཛ་ཊཾ་ན་མ་མེ(རྒྱུད་འགྲེལ་པ་གཡོན་པ་ཉིད་ཀྱིས་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས། བཏབ་ན་དབང་དུ་བྱེད་པར་འགྱུར་རོ།། །།བཅོམ་ལྡན་འདས་མ་ཀུ་རུ་ཀུལླེའི་སྒྲུབ་པའི་ཐབས་རྫོགས་སོ།། །།པཎྜི་ཏ་བིམཔ་དང། ལོ་ཙ ་བ་གཞོན་ནུ་འོད་ཀྱིས་བསྒྱུར་བ། །རྒྱ་གར་སྐད་དུ། ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། མྱུར་མཛད་མའི་སྒྲུབ་ཐབས། ལྷ་མོ་ཀུ་རུ་ཀུལླེ་ལ་ཕྱག་འཚལ་ལོ། །རེ་ཞིག་བསྒོམ་པར་བྱ་བའི་གནས་ཕྱོགས་དབེན་ཞིང་སེམས ་