CLOSE WINDOW

N1240: bla ma'i man ngag
Wyliee-texts based on the ACIP/ALL Input

ནས་གནས་དེར་ཕྱིན་ལ་དེ་བཞིན་དུ་གནས་པར་བྱའོ། །ཀུ་རུ་ཀུལླེའི་གཟུགས་ལ་ཡང་ཡི་གེ་ཧྲཱི(རྒྱུད་འགྲེལ་ལ་ནི་ཡོངས་སུ་བསྒོམས་པས་ཆོས་ཀྱི་ཡི་གེས་དུག་སྦྱོང་འགྱུར། །སྒྲོལ་མའི་སྙིང་པོས་འཇིག་རྟེན་གསུམ་ལས་རྒྱལ་བ་གསེར་ལྡན་རྣམས་ཀྱིས་ཤེས་པར་བྱ། དེ་ནས་གདོན་མི་ཟ་བར་བསྒྲུབ་བྱ་བསྒྲུབ་པ་པོའི་དབང་དུ་གྱུར་ནས་དོན་རྣམས་ཐམས་ཅད་བྱེད་པར ་འགྱུར། །ཀུ་རུ་ཀུལླེའི་སྒྲུབ་པའི་ཐབས། །བྱས་པའི་བསོད་ནམས་གང་ཡོད་དེས། །སྐྱེ་བོ་ཐམས་ཅད་བྱང་ཆུབ་ལ། །དགོད་པའི་དབང་དུ་འགྱུར་བར་ཤོག་།བདག་བྱིན་གྱིས་བརླབས་པ་ཀུ་རུ་ཀུལླེའི་སྒྲུབ་ཐབས་སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ ་རྫོགས་སོ།། །།ོཾ་ཀུ་རུ་ཀུལླེ་ཧྲཱི(རྒྱུད་འགྲེལ་ཕྱེ་མ་དང། གོས་ལ་སོགས་པ་གང་ལ་བསྔགས་ནས་བྱིན་དེ་དབང་དུ་འདུས་པར་འགྱུར་རོ། །དྲི་བཟང་པོའི་བདུག་སྤོས་ཀྱིས་བདག་ལ་བདུགས་ན། སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །གང་གི་མིང་གིས་མེ་ཏོག་དམར་པོ་ལ་སོགས་པས་སྦྱིན་སྲེག་བྱས་ན ་དེ་དབང་དུ་འགྱུར་རོ། །བཟ་བ་དང་བཏུང་བ་ལ་མངོན་པར་བསྔགས་ཏེ་བྱིན་ན་དེ་དབང་དུ་འགྱུར་རོ། །སྐྱེས་བུ་ཆེན་པོ་དབང་དུ་བྱེད་པ་ན། ཡུངས་ཀར་གྱི་སྦྱིན་སྲེག་བྱས་ནས། དེ་ནས་ཚེས་གྲངས་རྒྱུ་སྐར་བཟང་པོ་ལ་བཅོམ་ལྡན་འདས་མའི་མཆོད་པ་བྱས་ནས་གུར ་གུམ་དང། གི་ཝཾ་དང། ག་པུར་ལ་སོགས་པས་གོས་སམ་གྲོ་ག་ལ་ཨུཏཔ་ལའི་འདབ་མའི་རྣམ་པ་ཅན་གྱི་འཁོར་ལོ་རྩི་བས་བཅུ་དྲུག་པ་བྱས་ཏེ། འཁོར་ལོའི་དབུས་སུ་སྔགས་དང་བཅས་པའི་བསྒྲུབ་བྱ་འམ་བསྒྲུབ་བྱ་མོའི་མིང་བྲི་ཞིང། འདབ་མ་རྣམས་ལ་སུ ་རུ་ཀུལླེ་ཞེས་བྱ་བའི་ཡི་གེ་བཞིས་བསྐོར་བའི་བསྒྲུབ་བྱ་འབའ་ཞིག་གི་མིང་བྲི་བར་བྱའོ། །ཕྱི་རོལ་ཏུ་ཨོཾ་ཡིག་གིས་ལན་གསུམ་བསྐོར་བའི་འཁོར་ལོ་སྐུད་པ་དམར་པོས་དཀྲིས་ལ། སྦྲ་ཚིལ་ལས་བྱས་པའི་ལིང་གའི་སྙིང་གི་དབུས་སུ་བཅུག་སྟེ་སེང་ལྡང ་གི་མི་ལ་གདུང་བར་བྱས་ན། རྐང་པ་འགུགས་པར་བྱེད་དོ། །སྐྱེས་པ་འམ་བུད་མེད་དབང་དུ་བྱེད་ན། ཟངས་ཀྱི་ཁབ་ཀྱིས་རྐང་པ་གཉིས་སམ། སྐྱེ་གནས་སུ་ཕུག་སྟེ་གདུང་བར་བྱས་ན་དབང་དུ་འགྱུར་བ་ཐེ་ཚོམ་མེད་དོ། །དད་པ་ཆེན་པོས་བཅོམ་ལྡན་འདས ་མ་ལ་མཆོད་ལ། སྔགས་ཀྱི་རྒྱལ་པོ་?་ཏེ། དེ་ལྟ་བུའི་རིམ་པས་ཐམས་ཅད་འགྲུབ་པར་འགྱུར་རོ། །བླ་མའི་མན་ངག་རྫོགས་སོ།། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང། ལོ་ཙཱ་བ་བ་རི་རིན་ཆེན་གྲགས་པས་བསྒྱུར་བའོ།། །། ་!། །རྒྱ་གར་སྐད་དུ། ཧེ་བཛྲོ་དབྷ?་བ་ཀུ་རུ་ཀུལླ་སཱ་དྷ་ནཱཾ། བོད་སྐད་དུ། དགྱེས་པའི་རྡོ་རྗེ་ལས་བྱུང་བའི་ཀུ་རུ་ཀུལླེའི་སྒྲུབ་ཐབས། ལྷ་མོ་ཀུ་རུ་ཀུལླེ་ལ་ཕྱག་འཚལ་ལོ། །སྔགས་པས་དང་པོར་རེ་ཞིག་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ ་ཡི་གེ་ཧྲི(རྒྱུད་འགྲེལ་འགྲོ་བ་ལ་སོགས་པའི་སྒོ་ནས་ཡན་ལག་བདུན་པ་བྱའོ། །དེའི་རྗེས་ལ་ཚད་མེད་པ་བཞི་སེམས་ཅན་ཐམས་ཅད་ལ་གཡོག་པར་བྱ་སྟེ། དེ་ནས་སྭ་བྷཱ་བའི་སྔགས་ཀྱིས་སྣོད་བཅུད་ཐམས་ཅད་སྟོང་པ་ཉིད་དུ་རྒྱས་བཏབ་སྟེ། དེའི་རྗེས་སུ་སྟོང་པ་ཉིད་ཀྱི་ངང་ལས ་ཡི་གེ་རཾ་ལས་ཉི་མའི་དཀྱིལ་འཁོར་བསམས་པའི་སྟེང་དུ་ཧཱུཾ་སྔོན་པོ་བསྒོམ་པར་བྱའོ། །དེ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེ། དེ་ཡང་གྱུར་པ་ལས་སྟེང་དང་འོག་དང་ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ས་གཞི་དང་རྡོ་རྗེའི་ར་བ་དང་རྡོ་རྗེའི་གུར་གྱིས་བཅིང ་