CLOSE WINDOW

N1236: bdag med ma'i sgrub pa'i thabs
Wyliee-texts based on the ACIP/ALL Input

ཡེ་ཤེས་ཀྱིས་བསྒྱུར་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། ནཻ་རཱ་ཏྨ་སཱ་དྷ་ནཾ། བོད་སྐད་དུ། བདག་མེད་མའི་སྒྲུབ་པའི་ཐབས། རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འཁོར་མིན་མྱ་ངན་འདས་མིན་གང། །གཟུགས་ཅན་མ་ཡིན ་གཟུགས་མེད་མིན། །དེ་ཡི་རང་དངོས་ཀུན་རྫོབ་ཏུ་བྲིས་པ་རྣམས་ཕྱིར་དེ་ལྟར་བྲི། །བསྒོམ་པ་འདི་ལ་དབང་བར་གྱུར་པའི་རྣལ་འབྱོར་པ་ཐོ་རངས་ཀྱི་ཆ་ལ་མལ་ནས་ལངས་ནས། སྙིང་གར་ཟླ་བ་ལ་བདག་མེད་མའི་ས་བོན་བལྟས་ལ། ཨོཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་ལན ་གསུམ་བརྗོད་ནས་གནས་དང་བདག་ཉིད་དང་རྣལ་འབྱོར་བསྲུང་བར་བྱའོ། །ཧཱུཾ་གིས་ལྕི་བ་མངོན་པར་བསྔགས་ལ། ཨོཾ་ཨཱ(རྒྱུད་འགྲེལ་བས་ས་གཞི་རྡོ་རྗེའི་རང་བཞིན་དུ་བལྟས་ལ་མེ་ཏོག་དོར་བར་བྱའོ། །དཀྱིལ་འཁོར་གཞལ་ཡས་ཁང་དུ་ཡིད་ཀྱིས་དམིགས་ལ། ཨོཾ་བཛྲ་པུཥཔེ་ཨཱ(རྒྱུད་འགྲེལ་བཛྲ་པུཥཔེ་ཨཱ(རྒྱུད་འགྲེལ་ཨའུ་པུཀྐ་སཱི་ཞེས་བྱ་བས་སོ། །མེའི་མཚམས་སུ་རི་ཤ་བ་རཱི་ཞེས་བྱ་བས་སོ། །བདེན་བྲལ་མཚམས་སུ་རཱི་ཙཎྜ་ལཱི་ཞེས་བྱ་བས་སོ། །རླུང་གི་མཚམས་སུ་ལི་ཌོམྦི་ནི་ཞེས་བྱ་བས་སོ། །ཤར་གྱི་སྒོར་ནི་ལཱི་གཽ་རཱི་ཞེས་བྱ་བས་སོ། །ལྷོའི་སྒོར་ནི་ཨེ་ཙཽ་རཱི་ཞེས་བྱ་བས་སོ། །ནུབ ་ཀྱི་སྒོར་ནི་ཨེ་བེཏྟཱ་ལཱི་ཞེས་བྱ་བས་སོ། །བྱང་གི་སྒོར་ནི་ཨོཾ་གྷསྨ་རཱི་ཞེས་བྱ་བས་སོ། །འོག་ཏུ་ནི་ཨཽ་བྷཱུ་ཙརྱའི་ཞེས་བྱ་བས་སོ། །སྟེང་དུ་ནི་ཨཱ་ཁེ་ཙརྱཱི་ཞེས་བྱ་བས་བཞག་ལ་ཡང་དག་པར་མཆོད་པ་བྱ་སྟེ། ཨོཾ་བཛྲ་དྷཱུ་པེ་ཨཱ(རྒྱུད་འགྲེལ་བ་བྱས་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་དང། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་ཞེས་བྱ་བ་ལན་གསུམ་བརྗོད་པས་ཕྱག་བྱས་ནས། དཀྱིལ་འཁོར་ལ་ལག་པས་བཞག་ལ། འགྲོ ་བ་ཞེ་སྡང་མནན་མཐོང་ནས། །འགྲོ་བ་ཞེ་སྡང་ཞི་བྱའི་ཕྱིར། །མགོན་པོ་བདག་མེད་མ་གཟུགས་ལྡན། །དེ་ཕྱིར་བདག་མེད་མ་ཕྱག་འཚལ་ཞེས་པས་བསྟོད་ལ། ཨོཾ་བཛྲ་མུ(རྒྱུད་འགྲེལ་ཐམས་ཅད་ལ་ལྷའི་བདེ་བ་སྦྱར་བར་འདོད་པའི་བྱམས་པ་དང། སྡུག་བསྔལ་ཐམས་ཅད་བསལ་བར་འདོད་པའི་སྙིང་རྗེ་དང། ལྷའི་བདེ་བ་རྒྱུན་མི་འཆད་པར་འདོད་པའི་དགའ་བ་དང། བླ་ན་མེད་པའི་ལམ་ཉེ་བར་བསྡུ་བར་འདོད་པའི་བཏང་སྙོམས ་བསྒོམ་པར་བྱའོ། །དེའི་རྗེས་ལ་ཡིད་ཀྱིས་ཆོས་ཐམས་ཅད་ལ་དམིགས་ལ་འདི་དག་སེམས་ཉིད་དེ་ཕྱི་རོལ་གྱི་བདེན་པ་མ་ཡིན་ན་ཡང། དོན་གྱི་རྣམ་པ་ལྟར་འཁྲུལ་བ་སྣང་བ་ཡིན་ཏེ། དཔེར་ན་རྨི་ལམ་ལྟ་བུའོ། ཞེས་ངེས་པར་བྱས་ནས་འཁྲུལ་པས་སྒྲོ་བཏགས ་པའི་ཆོས་ཐམས་ཅད་ཀྱི་རྣམ་པ་སྤངས་ལ། སྟོན་ཀའི་ཉི་མ་གུང་གི་དྲི་མ་མེད་པའི་ནམ་མཁའ་ཨི་དཀྱིལ་ལྟ་བུའི་འོད་གསལ་བ་མངོན་སུམ་དུ་བྱས་ནས་སྔགས་འདིས་བྱིན་གྱིས་བརླབ་པར་བྱའོ། །ོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། །ཡུད་ཙམ་སྟོང ་པའི་ཡེ་ཤེས་ལ་ངལ་བསོས་ལ། དབྱངས་ཡིག་བཅོ་ལྔའི་ཕྲེང་བ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་གསལ་པོར་བསྒོམས་ལ། ས་བོན་ཨའི་འོད་ཀྱིས་དཔག་ཏུ་མེད་ཅིང་མཛའ་མེད་པའི་འཇིག་རྟེན་གྱི་ཁམས་གསལ་བར་བྱས་ནས་འགྲོ་བ ་ཀུན་སངས་རྒྱས་ཀྱི་རང་བཞིན་དུ་བྱས་ནས་བཀུག་པ་ས་བོན་གྱི་ཡི་གེར་ཞུགས་པར་བལྟས་ནས། བདག་མར་རྫོགས་ཡུད་ཙམ་གྱིས་བསྒོམ་པར་བྱའོ། །ཆོས་དབྱིངས་རོ་ཡི་སྟེང་ན་གནས། །མགོ་སྐྱེས་སེར་པོ་གྱེན་དུ་བརྫེས། །ལྷ་མོ་ཕྱག་རྒྱ་ལྔ་འཛིན་མ། ་མགོ་བོའི་ཕྲེང་བའི་རྒྱན་གྱིས་བརྒྱན། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས། །སྟག་གིས་པགས་པའི་ན་བཟའ་མནབས། །ཞལ་ནི་མཆེ་བ་གཙིགས་པ་ཅན། །དྲག་པོའི་གཟུགས་ཅན་སྤྱན་གསུམ་པ། །གཡོན་ན་ཐོད་པ་ཁ་ཊཝཱཾ་ག་།གཡས་པ་ན་ནི་གྲི་གུག་གོ་།མི་ཡི་རུས་པའི་རྒྱན་གྱིས ་བརྒྱན། །རི་བོང་ཅན་འོད་ཟླ་བའི་གདན། །དེའི་རྗེས་ལ་བཅོམ་ལྡན་འདས་མའི་ཐུགས་ཀའི་ཟླ་བ་ལ་གྲི་གུག་དེ་ལ་ཡང་ཡི་གེ་ཨའོ། །མགོ་པོ་ལ་པདྨ་འདབ་མ་སུམ་ཅུ་རྩ་གཉིས་པའི་ལྟེ་བ་ལ་ཧཾ་ངོ། །མགྲིན་པར་འདབ་མ་བཅུ་དྲུག་པ་ལ་ཨོཾ་མོ། །སྙིང ་ཀར་པདྨ་འདབ་མ་བརྒྱད་པ་ལ་ཧཱུཾ་མོ། །ལྟེ་བར་འདབ་མ་དྲུག་ཅུ་རྩ་བཞི་པ་ལ་ཨོཾ་བསྒོམ་པར་བྱའོ། །དེའི་རྗེས་ལ་སྙིང་གའི་ས་བོན་གྱི་འོད་ཀྱིས་བཀུག་པའི་སངས་རྒྱས་ཐམས་ཅད་ནམ་མཁའ་ཨི་དཀྱིལ་དུ་བལྟས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག ་ལ་དབང་བསྐུར་དུ་གསོལ་བ་གདབ་པར་བྱའོ། །དེ་ནས་དེ་དག་གིས་དེ་བཞིན་གཤེགས་པ་ལྔའི་རང་བཞིན་གྱི་བུམ་པས་དབང་བསྐུར་བར་བྱའོ། །མེ་ཏོག་གི་ཆར་དང་རྔ་སྒྲ་དང་གུར་གུམ་གྱི་ཆར་ཡང་འབབ་པར་འགྱུར་རོ། །སྤྱི་བོར་ནི་མི་བསྐྱོད་པ་འབྱུང་བར ་འགྱུར་རོ། །དེའི་རྗེས་ལ་མིག་ལ་རྡོ་རྗེ་མའོ། །རྣ་བ་ལ་ནི་བདག་མེད་མའོ། །སྣ་ལ་ནི་གསང་བའི་གཽ་རཱིའོ། །ལྕེ་ལ་ནི་ཆུའི་རྣལ་འབྱོར་མའོ། །ལུས་ལ་ནི་རྡོ་རྗེ་མཁའ་འགྲོ་མའོ། །ཡིད་ལ་ཡང་བདག་མེད་མ་སྟེ་དེའི་བདག་ཉིད་དུ་བསམ་པར་བྱའོ། །ཡང་ཨོཾ་མགོ ་བོ་ལའོ། །མགྲིན་པར་ཨཱ(རྒྱུད་འགྲེལ་གྱིས་ཀློག་པ་ལྟར་བསྡོགས་ནས་བཟླས་པར་བྱའོ། །ལྡང་བར་འདོད་ན་སྨོན་ལམ་གདབ་པར་བྱ་སྟེ། སངས་རྒྱས་ཀུན་གྱིས་ཐམས་ཅད་ཀྱི། །རྡོ་རྗེ་འཆང་བ་ཆེན་པོའི་གནས། །དགེ་བ་འདིས་ནི་ཐོབ་གྱུར་ནས། །འགྲོ་རྣམས་ཀྱིས་ཀྱང་ཐོབ་པར་ཤོག་།བྱང་ཆུབ་དག ་ཏུ་གང་སྤྱོད་དང། གང་ཡང་རྫོགས་པའི་བྱང་ཆུབ་སྤྱོད། །བྱང་ཆུབ་རྡོ་རྗེས་གང་བསྔགས་པ། །གཉིས་མེད་སྤྱོད་དེ་བདག་གྲུབ་ཤོག་ཅེས་བྱ་བས་སོ། །དེ་བཞིན་དུ་ཐུན་གཞན་ལ་ཡང་ལྷའི་གཟུགས་ཀྱིས་གནས་པར་བྱའོ། །ཉལ་བའི་དུས་སུ་ཡང་ལྷན་ཅིག་སྐྱེས ་པའི་དགའ་བ་མངོན་སུམ་དུ་བྱས་ལ་ཉལ་པར་བྱའོ། །དེ་ལྟར་ཉིན་རེ་ཞིང་ཇི་སྲིད་འགྲུབ་པའི་མཚན་མ་མཐོང་གི་བར་དུ་བྱའོ། །དེ་ནས་རྒྱུད་ནས་ཇི་སྐད་བསྟན་པ་བཞིན་བསྒྲུབ་པར་བྱའོ། །བུད་མེད་སོགས་ཀྱིས་རྒྱས་པ་དག་།ཕལ་ཆེར་གཟུང ་བར་དཀར་བསམས་ནས་ཞི་བའི་ཞབས་སོགས་ཀྱིས་བསྟན་པའི། རྣལ་འབྱོར་བསྡུས་པ་བདག་གིས་བྱས། །བདག་མེད་མའི་སྒྲུབ་པའི་ཐབས་མདོར་བསྡུས་པ་སློབ་དཔོན་ཀྲིཥྞ་པཎྜི་ཏས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། ནཻ་རཱཏྨ ་