CLOSE WINDOW

N1235: bdag med ma dpa' mo gcig pa'i sgrub thabs bskyed pa dang rdzogs par ldan pa zhes bya ba
Wyliee-texts based on the ACIP/ALL Input

པའི་མཐུས། །ང་དང་བདག་ཏུ་ཞེན་པའི་སེམས་ཅན་ཀུན། །བདག་མེད་མ་ཡི་ངོ་བོར་ལྷུན་གྲུབ་ཤོག་།བདག་མེད་མ་སྒྲུབ་པའི་ཐབས་རྒྱས་པར་བསྟན་པ། དཔལ་དཀོན་མཆོག་འབྱུང་གནས་ཀྱིས་མཛད་པ་རྫོགས་སོ།། །།དཔལ་རྡོ་རྗེ་སེམས་དཔའ་ ་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་ཡེ་ཤེས་ལྷན་ཅིག་སྐྱེས། །ཞལ་ཅིག་ཕྱག་གཉིས་གཡོན་བརྐྱང་སྔོ། །རྒྱན་ལྔ་ཐོད་ཕྲེང་མགོ་སྐྱེས་སེང། །གྲི་གུག་ཐོད་ཕྱག་ཁྱོད་ལ་འདུད། །བློ་དམན་བུད་མེད་རྣམས་ཀྱི་ཕྱིར། །མདོར་བསྡུས་རྒྱས་པ་མ་ཡིན་པ། །བསྐྱེད་པ་དང་ནི ་རྫོགས་པ་ཡིས། །དཔའ་མོ་གཅིག་པ་བྲི་བར་བྱ། །དང་པོ་རེ་ཤིག་རྣལ་འབྱོར་པས། །དབེན་པའི་གནས་སུ་སེམས་དཔའ་ཨི་སྐྱིལ་མོ་ཀྲུང་གི་གནས་ལ། ཇི་སྐད་གསུངས་པའི་རིམ་པས་བླ་མཆོད་ནས་ཚངས་པའི་སྒོམ་པ་བྱས་ལ། དེ་ནས་ཨོཾ ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། དེ་རྗེས་སྨོན་ལམ་སྟོབས་ལས་ནི། །ཆུ་སྐྱེས་དམར་པོ་ཉི་དབུས་སུ། །མ་སྐྱེས་མཆོག་གི་ས་བོན་ལས། །ནག་པོ་ཞལ་གཅིག་ཕྱག་གཉིས་མ། །གཡས་པར་གྲི་གུག་འཇིགས་ཆེན་མ། གཡོན་པ་ན་ནི་པདྨའི་སྣོད། །གཡས་པ ་མིན་པར་ཁ་ཊཝཱཾ་ག་།སྟག་གི་པགས་པས་སྨད་དཀྲིས་པ། །སྲོག་སོང་སྟེང་ན་གཡོན་བརྐྱང་གནས། །སྐྲ་སེར་གྱེན་འགྲེང་ཕྱག་རྒྱ་ལྔ། །ཐོད་ཕྲེང་ཐལ་བས་རྣམ་བརྒྱན་ལ། །དེ་རྗེས་ཡེ་ཤེས་སེམས་དཔའ་བཞག་།སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས། །དབང་བསྐུར ་བདུད་རྩི་མཆོད་པར་བྱ། ཨོཾ་ཨཱ(རྒྱུད་འགྲེལ་རྒྱུ། །དེ་ཉིད་འཁོར་བ་ཞེས་བྱ་སྟེ། །དེ་ཉིད་མྱ་ངན་འདས་པ་ཡིན། །འཁོར་བ་ཡོངས་སུ་ཤེས་གྱུར་ན། །མྱ་ངན་འདས་ཤེས་དེ་ལ་རྗོད། །ཇི་ལྟར་ནོར་བུ་རིན་པོ་ཆེ། །མ་ཕུག་པས་ནི་སྦྱོར་བྲལ་འགྱུར། །རྣམ་པར་ཕུག་པས་སྦྱོར་ལྡན་པ། །འཁོར་བའི་རྣམ་པ་དེ་ལྟ་བུ། །བླ ་མ་རྣམས་ཀྱིས་གསུང་བར་འགྱུར། །དཔའ་གཅིག་མའི་སྒྲུབ་པའི་ཐབས་བསྐྱེད་པ་དང་རྫོགས་པར་ལྡན་པ་ཞེས་བྱ་བ་སློབ་དཔོན་བསོད་སྙོམས་པ་སྒྲ་གཅན་འཛིན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་ཨིནྡྲ་རུ་ཙི་དང། དགེ་སློང་ཤཱཀྱ ་ཡེ་ཤེས་ཀྱིས་བསྒྱུར་ཏེ་གཏན་ལ་ཕབ་པའོ།། །།རྒྱ་གར་སྐད་དུ། ནཻ་རཱ་ཏྨ་སཱ་དྷ་ནཾ། བོད་སྐད་དུ། བདག་མེད་མའི་སྒྲུབ་པའི་ཐབས། རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འཁོར་མིན་མྱ་ངན་འདས་མིན་གང། །གཟུགས་ཅན་མ་ཡིན ་