CLOSE WINDOW

N1225: byung po thams cad kyi gtor ma'i cho ga zhes bya ba
Wyliee-texts based on the ACIP/ALL Input

དོན་དུ་བསྔོ། །སློབ་དཔོན་ཆེན་པོ་ཁ་ཆེ་རིན་ཆེན་རྡོ་རྗེས་མཛད་པ་རྫོགས་སོ།། །།རྒྱ་གར་སྐད་དུ། སརྦ་བྷུ་ཏ་བ་ལིཾ་བི་དྷི་ནཱ་མ། བོད་སྐད་དུ། འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་ཆོག་ཞེས་བྱ་བ། དཔལ་ཀྱེའི་རྡོ་རྗེ་ལ་ཕྱག ་འཚལ་ལོ། །ེ་བཾ་རྣམ་པར་ངེས་བཞུགས་པའི། །རྡོ་རྗེ་སེམས་དཔའ་ཕྱག་བྱ་སྟེ། །རྣམ་འཚེ་ལོག་འདྲེན་ལ་སོགས་དང། །སེམས་ཅན་བསྲུང་ཕྱིར་གཏོར་མ་བརྩམ། །རྣལ་འབྱོར་པ་ཡི་བསྒོམ་བྱ་བ། །ཆོས་ཀྱི་འབྱུང་གནས་ནང་དུ་ནི། །པདྨ་འདབ ་བརྒྱད་གསུམ་བརྩེགས་ལ། །དཀར་ནག་དམར་པོའི་ཨོཾ་ཧཱུཾ་ཨཱ:། རིག་པར་ལྷ་ཆེན་བརྒྱད་དང་ནི། །ཕྱོགས་བསྲུང་བརྒྱད་དང་ཀླུ་ཆེན་བརྒྱད། །པདྨའི་འདབ་ལྟར་བསྐྱེད་བྱ་སྟེ། །མདུན་དུ་དབང་ཕྱུག་ཆེན་པོ་བསྐྱེད། །གཡས་སུ་ལྷ་ཡི་དབང་པོ ་བསམ། །རྒྱབ་ཏུ་ཚངས་པ་བསྐྱེད་བྱ་སྟེ། །གཡོན་གྱི་ཕྱོགས་སུ་ཁྱབ་འཇུག་གོ་།མེ་རུ་འདོད་པའི་དབང་ཕྱུག་བསྐྱེད། །སྲིན་པོར་ཚོགས་ཀྱི་བདག་པོ་སྟེ། །བྷྲི་གིཾ་རི་ཏི་རླུང་མཚམས་སུ། །དབང་ལྡན་མཚམས་སུ་གྲི་ཏི་ཀ། མདུན་གྱི་འདབ་མར་བརྒྱ་བྱིན ་བསམ། །གཡས་སུ་མཐར་བྱེད་དགོད་པར་བྱའོ། །ཆུ་ལྷ་རྒྱབ་ཀྱི་འདབ་མ་ལའོ། །དེ་ལྟར་གཡོན་དུ་ནོར་སྦྱིན་དགོང། །མེ་ཡི་མཚམས་སུ་ནི་མེ་ལྷ་ཆེ། །བདེན་བྲལ་དུ་ནི་སྲིན་པོའོ། །རླུང་གི་མཚམས་སུ་རླུང་ལྷའོ། །དབང་ལྡན་མཚམས་སུ་འབྱུང་པོའི་བདག་།སྟོབས ་ཀྱི་རྒྱུ་དང་དུང་སྦྱོང་དང། །མཛའ་ཡས་ནོར་རྒྱས་དེ་བཞིན་ཏེ། །འཇོག་པོ་དང་ནི་རིགས་ལྡན་དང། །པད་ཆེན་ཤིན་ཏུ་པད་ཆེན་པོ། །ཐམས་ཅད་ཞལ་གཅིག་ཕྱག་གཉིས་ཏེ། །རྡོ་རྗེ་དྲིལ་བུ་ཕྱག་ན་འཆང། །རང་འོད་རིག་མས་ཡང་དག་འཁྱུད། །གདན ་ལ་གཡས་བརྐྱང་བ་ཡིས་བཞུགས། །རང་རང་ཐུགས་ཀའི་ས་བོན་ལས། །འོད་ཟེར་ལྕགས་ཀྱུ་ལྟར་འཕྲོས་པས། །ལྷ་ཆེན་བརྒྱད་ལ་གཟུགས་ཁམས་དང། །གཟུགས་མེད་གནས་པའི་ལྷ་བསྡུའོ། །འདོད་པའི་ཁམས་ཀྱི་ལྷ་དང་མི། །ཕྱོགས་བསྲུང ་བརྒྱད་ལ་རབ་ཏུ་བསྡུ། །ངན་འགྲོ་གསུམ་དང་ལྷ་མ་ཡིན། །ཀླུ་ཆེན་བརྒྱད་ལ་བསྡུ་བར་བྱ། །རང་བཞིན་གནས་ལ་བཞུགས་པ་ཡི། །དཀྱིལ་འཁོར་པ་རྣམས་སྤྱན་དྲང་ཕྱིར། །གཽ་རཱི་ཡིས་ནི་དགུག་བྱས་ལ། །ཙཽ་རཱི་ཡིས་ནི་ཞགས་པས་བཅིངས། །བེཏྟཱ་ལི་ཡིས ་ལྕགས་སྒྲོག་བསྡམ། །དྲིལ་བུས་མཉེས་བྱེད་གྷསྨ་རཱི། །རྣལ་འབྱོར་པ་ཡི་ཐུགས་ཀ་ནས། །འོད་ཟེར་ལྕགས་ཀྱུ་ལྟ་འཕྲོས་ནས། །ཕྱོགས་བཅུ་རྒྱལ་བ་སྲས་བཅས་ཀུན། །དེ་ལ་ཕྱི་ནང་གསང་མཆོད་དུ། །དེ་རྣམས་ཀྱིས་ནི་དབང་བསྐུར་མཐར། །རང་རང་བདག ་པོས་དབུ་ལ་བརྒྱན། །ལྷ་ཆེན་བརྒྱད་ལ་རྟག་པ་ཡིས། །རྡོ་རྗེ་ཡིས་ནི་ཕྱོགས་སྐྱོང་བརྒྱད། །གར་དབང་གིས་ནི་ཀླུ་ཆེན་བརྒྱད། །དེ་ལ་ཚོགས་གཏོར་མ་སྒྲུབ། །རླུང་དང་མེ་ཡི་དཀྱིལ་འཁོར་ལས། །ཱ(རྒྱུད་འགྲེལ་གོ་ཀུ་ད་ཧ་ན་ལས། །སངས་རྒྱས་ལྔ་དང་སེམས་ཅན་ལྔ། །ཟླ་བ་ཉི་མའི་བར་དུ་བསམ། །འབར་བ་དང་ནི་སྤྲོས་པ་ཡིས། །འཆི་མེད་རབ་ཏུ་བསྒྲུབ་པར་བྱ། །ཆ་ཡི་རང་བཞིན་འདི་བསྒོམས་ནས། །ོཾ་ཨཱ(རྒྱུད་འགྲེལ་མ་གཏང་བའི་སྔགས། །ོཾ་ཨིནད་ཛ་མ་ཛ་ལ། ཛཀྑ་བྷཱུ་ཏ་བཧྣི་བ་ཨུ་རཀྑ་ཙནད་སཱུཛཛ་མཱ་མ་བཔྤེ་ཏེ་པ་པཱ་ཏཱ་ལེ་ཨཱ་གྷ་སྭཱཧཱ། དེ་ནི་གཏོར་མའི་མགྲོན་ནོ། །ི་དཾ་བ་ལིཾ། པུཉྫ་?་བྷ་ཕུལླ་དྷཱུ་པ་མཱཾ་ས་བི་གྷཾ། །དེ་ནི་གསོལ་བར་ཞུ་བའོ། །མཧ་སརྦ་ཀཱཛཛ་སཱ་དྷ་ཁིནྟ ་ཁུནཎི། ཕེ་ཊ་ག་ད་དེ་ནི་དོན་ཞུ་བའོ། །ོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱ་དྱ་ནུཏཔནྣ་ཏྭཱ་ཏ་ཨོཾ་ཨཱ(རྒྱུད་འགྲེལ་པར་བྱ་སྟེ། གཏོར་མ་འདི་སྦྱིན་ཞིང་རབ་ཏུ་མཆོད་པར་བྱེད་ན། རྣལ་འབྱོར་པ་ལས་འབྱུང་པོ་ཐམས་ཅད་ཀྱིས་ལེགས་པར་བྱེད་པར་འགྱུར་རོ། །དེ་ཚེ་དེ་ལ་བདེ་བ་རྙོག་པ་མེད་པ་ཉིད་དང། ལྷ་མཉེས་པ་དང། འཁོར་དགེ་བར་འགྱུར་རོ། །གལ ་ཏེ་འབྱུང་པོའི་ཚོགས་དེ་ལ་གཏོར་མ་བྱིན་ན། དབང་དང་མངོན་སྤྱོད་དང་དགྲའི་སྡེ་གཞིག་པ་དང། བསྐྲད་པ་དང་དགུག་པ་དང་ཞི་བ་དང་བདེ་བ་དང་རྒྱས་པར་བྱེད་པར་འགྱུར་རོ། །འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་ཆོ་ག་སློབ་དཔོན་ནག་པོ ་ཞབས་ཀྱིས་མཛད་པ་རྫོགས་སོ།། །།ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས། དཔལ་ཐར་པ་གླིང་གི་གཙུག་ལག་ཁང་ཆེན་པོར་ལེགས་པར་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །། ་