| Wylie | e-texts based on the ACIP/ALL Input |
!། (།དཔལ་དགྱེས་པ་རྡོ་རྗེའི་སྒྲུབས་ཐབས་རིན་པོ་ཆེའི་སྒྲོན་མ་བཞུགས།།)་།།རྒྱ་གར་སྐད་དུ། ཤྲཱི་ཧེ་བཛྲ་རཏན་པྲ་ལོ་ཀྱེ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དཔལ་དགྱེས་པ་རྡོ་རྗེའི་སྒྲུབ་ཐབས་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ ་ལོ། ཧེ་རུ་ཀ་དང་བདག་མེད་བཅས། །དེ་ཆོས་འཁོར་ལ་ཕྱག་འཚལ་ཏེ། དེ་འདོད་ཕྱིར་ན་དེ་སྒྲུབ་ཐབས། །དེ་དོན་གཉེར་ལ་སྒྲོན་འདི་བྲི། །ཆགས་མེད་བྱང་ཆུབ་སེམས་དང་ལྡན། །དབང་ཐོབ་བློ་ལྡན་ལུང་བླངས་པས། །དུར་ཁྲོད་ལ་སོགས་གནས་བདེ་བར། །རྣལ་འབྱོར་བརྩོན་པས ་བསྒྲུབ་པར་བྱའོ། །ཐོ་རངས་བྱམས་པས་མལ་ནས་ལངས། །གདོང་ལ་སོགས་པ་དྲི་བཀྲུས་ནས། །རྡོ་རྗེས་མཚན་པའི་སྟན་ལ་འདུག་།བདུད་རྩིའི་རིལ་བུ་ལྕེ་ལ་བཞག་།སྙིང་རྗེས་མ་རྣམས་བཟུང་བྱས་ལ། །ཞལ་བརྒྱད་ང་རྒྱལ་བདག་བསྒོམས་ཏེ། །རཀཤས་ས་སྦྱངས་ནས ་བསྲུང་བ། །མེ་རི་དྲ་གུར་བརྟན་པར་བསྒོམ། །ཧེ་རུ་ཀ་ཡི་སྙིང་ཀ་རུ། །བཾ་དང་རཾ་ལས་གསལ་བར་ནི། །པདྨ་ཉི་མ་དམར་པོ་བསྒོམ། །དེ་སྟེང་ཧཱུཾ་ནག་འོད་ཟེར་ལྔས། །ཕྱོགས་བཅུར་སྤྲོས་པ་བསྐུལ་དང་སྦྱང། །བྱས་ནས་ཐམས་ཅད་མཁའ་ལ་བཞུགས། །བླ་མ་སངས་རྒྱས ་རང་དང་ལྷ། །གསལ་བསྒོམས་ལུས་སྤྲུལ་ཕྱག་བྱའོ། །དེ་ཡང་འོག་ནས་སྟོན་པ་ཡི། །བཅོམ་ལྡན་སྐུ་མདོག་ཕྱག་དང་རྒྱན། །ཕྱག་མཚན་བཅས་པ་བཞུགས་པ་ནི། །བདག་མེད་ཡུམ་དང་ལྡན་པའོ། །དེ་མདུན་གཽ་རི་ནག་མོ་ནི། །བྱང་ཆུབ་སེམས་དགའ་རི་བོང ་ཅན། གཡས་ན་ཙཽ་རི་དམར་མོ་ཡང། །བྱང་སེམས་དམར་པོ་ཉི་འོད་འབུལ། །རྒྱབ་ན་སོར་མོ་བེཏྟཱ་ལཱི། །ལྷུང་བཟེད་ཆུ་བཟད་བཀང་བ་འབུལ། །གཡོན་ན་ལྗང་ཁུ་གྷསྨ་རཱི། །དྲི་བཟང་ཐོད་པ་བཀང་བ་འབུལ། །བྱང་ཤར་པུཀྐ་སཱི་སྔོན་མོ། །ཤ་ལྔས་ཐོད་པ་དགང་བ ་འབུལ། །མེ་ན་མདོག་དཀར་ཤ་བ་རཱི། །རོ་ལྡན་བཏུང་བ་སྣ་ཚོགས་འབུལ། །ལྷོ་ནུབ་མདོག་དམར་ཙཎྜ་ལི། །ཌཱ་མ་རུ་སྒྲོགས་སྒྲ་རྣམས་འབུལ། །རླུང་ན་ཌོམྦི་སྣ་ཚོགས་གཟུགས། །ཕྱག་རྒྱ་བསྣོལ་ནས་མཆོད་པ་འབུལ། །བླ་མ་མི་བསྐྱོད་སྤྱི་བོར་བཞུགས། །བསལ་བར ་བརྟན་པར་ལེགས་བསྒོམས་ལ། །སྙིང་གའི་ས་བོན་སྤྲོ་བསྡུ་ལས། །ཕྱི་ཡི་ལྷ་མོ་མཆོད་པའི་ཚོགས། །ཡོན་ཆབ་མེ་ཏོག་སྤོས་ལ་སོགས། །རབ་གནས་ལེའུའི་སྔགས་ཀྱིས་མཆོད། །ས་བོན་སྤྲོས་ལ་གཽ་རཱི་ཚོགས། །བཤམས་དང་གནས་ནས་བྱོན་པ་དང། །མདུན་ན ་གནས་པའི་རིམ་པ་ཡིས། །བདུད་རྩི་ལྔ་དང་ཤ་ལྔ་འབུལ། གཙོ་བོའི་ས་བོན་གྱིས་བསྐུལ་ནས། །ཌོམྦི་གསང་བའི་མཆོད་པ་འབུལ། །མཆོད་པའི་ལྷ་མོ་ཐམས་ཅད་ཀྱང། །སྤྲོས་པ་དེ་དག་གནས་ནས་བསྡུ། །དེ་ནས་དེ་དག་མདུན་དུ་ཡང། ་པུས་བཙུགས་ཐལ་སྦྱར་འཇིགས་སེམས་ཀྱིས། །ཐོག་མེད་དུས་ནས་དེང་དུས་སུ། །འཁོར་བས་འཁོར་བར་བསམས་པའི་སྡིག་།བགྱེས་དང་བགྱིད་དུ་སྩལ་བ་དང། །ཡི་རང་བཤགས་ཤིང་སླན་ཆད་པ་སྡམ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང། །རང་རྒྱལ ་ཉན་ཐོས་སོ་སོ་ཡི། །སྐྱེ་བོའི་དགེ་ལ་རྗེ་ཡི་རང། གསུམ་ལ་སྐྱབས་དང་སེམས་གཉིས་བསྐྱེད། །སྐུལ་དང་གསོལ་བ་དག་ཀྱང་གདབ། །ཐམས་ཅད་བྱང་ཆུབ་ཆེན་པོར་བསྔོ། །དེ་ནས་བྱམས་དང་སྙིང་རྗེ་དང། །དགའ་དང་བཏང་སྙོམས་ཡུན་རིངས་བསྒོམ།། ་དེ་ཉིད་གསུམ་དང་མུ(རྒྱུད་འགྲེལ་རྣམས་ཀུན། །རྨི་ལམ་མིག་འཕྲུལ་སྨིག་རྒྱུ་དང། །ཆུ་ཟླ་མིག་ཡོར་སྒྱུ་མ་ཙམ། །སེམས་སྣང་ཙམ་ལས་ཡོད་མ་ཡིན། །ོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། བརྗོད་པས་སེམས་སྣང་དེ་དག་ཀུན། རྡུལ་དང་དུ་བ་ཁུག་རྣ་སྤྲིན། །སྐྱོན་སྤང་སྟོན་ཀའི ་ཉི་ཕྱེད་ཀྱི། །ནམ་མཁའ་ཨི་དཀྱིལ་ལྟར་སེམས་བཞག་བྱ། །ཆོས་ཉིད་སྤྲོས་དང་བྲལ་བ་ལས། །སྨོན་ལམ་བྱམས་པས་འགྲོ་བ་དྲན། །ནམ་མཁའ་ཨི་དཀྱིལ་དུ་རཾ་དང་ཧཱུཾ། །ཉི་མའི་དཀྱིལ་འཁོར་དུས་མེ་འབར། །དེ་ནས་ཧཱུཾ་ལས་བྱུང་བ་ཡིས། །སྣ་ཚོགས་རྡོ་རྗེའི་ས་གཞི ་དང། ར་བ་གུར་དང་བླ་རེ་དང། །རྡོ་རྗེ་ར་བ་འབར་བར་འཕྲོ། དེ་ནས་ཨེ་ལས་ཆོས་ཀྱི་དབྱིངས། །ཆོས་འབྱུང་གྲུ་གསུམ་ནམ་མཁའ་མཉམ། །བསྒོམས་པའི་ནང་དུ་ཡཾ་རཾ་བཾ། །ལཾ་གཞི་སྔོན་དམར་དཀར་དང་སེར། །ཡཾ་ཞུ་སྔོན་པོ་གཞུ་ཡི་དབྱིབས། །རླུང་གི་དཀྱིལ ་འཁོར་བ་དན་ལྡན། །དེ་སྟེང་རཾ་ལས་གྲུ་གསུམ་དམར། །མེ་ཡི་དཀྱིལ་འཁོར་རཾ་གྱིས་མཚན། །དེ་སྟེང་བཾ་ལས་ཟླུམ་པོ་དཀར། །ཆུ་ཡི་དཀྱིལ་འཁོར་བུམ་པས་མཚན། །དེ་སྟོང་ལཾ་ལས་གྲུ་བཞི་སེར། །ས་ཡི་དཀྱིལ་འཁོར་རྡོ་རྗེས་མཚན། །སེམས་ཀྱི་སྣང་བས་དེ་རྣམས ་ཞུ། སྣང་བ་མཆེད་པས་གཞལ་ཡས་གྲུབ། །རིན་པོ་ཆེ་ལས་གྲུབ་པ་ཡི། །ཟུར་བཞི་སྒོ་བཞི་ལོགས་བཞི་པ། །རྟ་བབས་བཞི་དང་ཀ་བ་བརྒྱད། །མཆོད་པ་སྣ་ཚོགས་རྒྱན་གྱིས་མཛེས། །ཆོས་ཀྱི་འཁོར་ལོ་རི་དགས་གདུགས། །བ་དན་དྲིལ་བུ་འཕན་ལ་སོགས། ། ་སངས་རྒྱས་མང་པོའི་སྣ་བས་ཁྱབ། །དྲ་བ་དྲ་ཕྱེད་ཏྭ་ར་ན། །བུམ་པ་རྡོ་རྗེ་ཕྲེང་བ་དང། །སྒོ་ཁྱུད་ཟླ་ཕྱེད་རྡོ་རྗེ་མཛེས། །དུར་ཁྲོད་བརྒྱད་ན་མཚོ་བརྒྱད་ཀླུ། ཤིང་བརྒྱད་ཞིང་སྐྱོང་གདན་མགོ་བརྒྱད། །ཕྱོགས་སྐྱོང་ཆུང་མ་བུ་འཁོར་བརྒྱད། །སྟེང་ན་ལྷ་བརྒྱད་ལྷ་ཡི་འཁོར།། ་མཆོད་རྟེན་བརྒྱད་དང་རྣལ་འབྱོར་ཚོགས། །གྲོགས་བྱེད་རྣལ་འབྱོར་རོ་ལངས་འདྲེ། །བྱ་དང་གཅན་ཟན་སྣ་ཚོགས་སྤྲུལ། །ཤ་ཟ་གདུག་པ་རོ་ཡི་ཚོགས། །ཤར་སོགས་སྒོ་ཡི་ལོགས་རིམ་པར། །གླུ་མ་གར་མ་ཡོན་ཆབ་མ། །མེ་ཏོག་སྤོས་དང་མར་མེ་མ། །དྲི ་ཆབ་ཞལ་ཟས་སྒྲ་སྣ་ཚོགས། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །རྒྱན་ཕྲེང་མ་རྣམས་སྣ་ཚོགས་མདོག་།དེ་ནང་དཀར་སེར་དམར་དང་ལྗང། །གཞལ་ཡས་དབུས་ནི་མཐིང་ཀ་འབར། །རྡོ་རྗེ་ར་བ་པདྨར་ལྡན། གེ་སར་བདུད་བཞིའི་ཉི་མས་མནན། པདྨ་བརྒྱད་ལ་ལྷ ་བརྒྱད་ཀྱི། །སྙིང་གར་ཟླ་བས་མནན་པའོ། །མཛེས་པའི་གཞལ་ཡས་དེ་ནང་གི་།དབུས་ཀྱི་བདུད་བཞིའི་ཉི་སྟེང་དུ། །ཧཱུཾ་དང་ཨཾ་ལས་འོག་དང་སྟེང། །ཱ་ལི་ཉིས་འགྱུར་ཟླ་དཀྱིལ་འཁོར། །ཱ་ལི་ཉི་འགྱུར་ཉི་དཀྱིལ་འཁོར། །ཐོད་པ་གྲི་གུག་ཕྱག་མཚན་མ།། ་ས་བོན་གནས་པ་སྤྲོས་བསྡུས་པས། །ཐམས་ཅད་གཅིག་ཏུ་གྱུར་པ་ལས། །ཞལ་བརྒྱད་ཡུམ་དང་ཁ་སྦྱར་བ། །འོག་བཞི་གསལ་བར་བསྒོམ་པར་བྱ། །ཆགས་ཅན་བསྐྱབ་ཕྱིར་ཐུགས་རྗེ་ཡིས། །བདག་ཉིད་ཐུགས་ཀའི་ས་བོན་ལས་ཕྱོགས་བཅུའི་སངས་རྒྱས ་གཙུག་ཏུ་བྱོན། །ཐུགས་ཀའི་ས་བོན་སོ་སོར་གནས། །ོཾ་པདྨ་སུ་ཁཾ་དྷ་ར་མ་ཧཱ་རཱ་ག་དཏྟ་ཙ་ཏུ་རཱ་ནནྟ་བྷ་གི་བི་ཤྭ་ཧཱུཾ་ཧཱུཾ་ཧཱུཾ་ཀརྱཾ་ཀུ་རུ་ཥཝ་མེ། །པདྨ་སྔགས་ཀྱིས་བྱིན་གྱིས་བརླབ། །དེ་ནས་རྡོ་རྗེ་བྱིན་གྱིས་བརླབ། །ོཾ་བཛྲ་མཧཱ་དེ་ཤ་ཙ་ཏུ་རཱ་ནནྟ་དཱ་ཡ་ཀ་ཁ་ག་མུ ་ཁ་ཨེ་ཀ་རཱ་སོ་ནཱ་ཐ་ཧཱུཾ་ཧཱུཾ་ཧཱུཾ་ཀརྱཾ་ཀུ་རུ་ཥཝ་མེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཏ་བཛྲ་སྭ་བྷཱ་བ་ཨཏྨ་ཀོ་ཧཾ། དེ་ནི་སྦྱོར་བ་དང་པོ་ཡིན། །དེ་ནས་རྗེས་སུ་ཆགས་པ་ཡིས། །ཤར་སོགས་ཚངས་སོགས་སྙིང་ག་རུ། །གཾ་ཙཾ་བཾ་གཾ་པཾ་ཤཾ་ལཾ་ཌཾ། དེ་ནས་ཕྱོགས་མཚམས་རྣམས་སུ་བབས།། ་ཤར་དུ་གྷཾ་ཡིག་གསལ་བ་ལས། །ཱ་ལི་ཉི་འགྱུར་ལས་ཟླ་བའི། །དཀྱིལ་འཁོར་མེ་ལོང་ཡེ་ཤེས་དང། །སྟེང་དུ་ཀཱ་ལི་ཉིས་འགྱུར་ལས། །ཉི་མའི་དཀྱིལ་འཁོར་མཉམ་པ་ཉིད། །གཾ་གྱུར་གྲི་གུག་ནག་པོ་ལ། །ཟླ་བ་ས་བོན་སོ་སོར་རྟོགས། །ས་བོན་སྦྲུལ་སྤྱང་གཅིག་གྱུར་པ། །བྱ་བ ་ནན་ཏན་ཡེ་ཤེས་ཡིན། །གཽ་རི་བཞེངས་པའི་སྐུ་དེ་ནི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །སྔོན་དུ་བསྒོམས་པའི་གཙོ་བོ་དང། །འོག་གི་ལྷ་མོ་བདུན་པོ་ཡང། །དེ་བཞིན་ཡེ་ཤེས་ལྔ་ཡི་སྐུ། །རྣལ་འབྱོར་པ་ཡིས་བརྟན་པར་བསྒོམ། །ཤར་དུ་གྲི་གུག་ལས་བྱུང་བའི། །ཚངས ་པའི་སྟེང་ན་གཽ་རཱི་ནག། གཡས་ན་གྲི་གུག་གཡོན་ན་ཉ། །གཟུགས་ཀྱི་ཕུང་པོའི་རང་བཞིན་བསྒོམ། །ལྷོ་རུ་དབང་པོའི་སྟེང་གནས་དམར། །ཌ་མ་རུ་ལས་ཙཽ་རཱི་བཞེངས། །ཌ་མ་རུ་གཡས་ཕག་པ་གཡོན། །ཚོར་བའི་ཕུང་པོའི་རང་བཞིན་བསྒོམ། །ནུབ་ཏུ་བ་ལས་བེཏྟཱ་ལི།། ་གསེར་མདོག་ཉེ་དབང་གདན་ལ་བཞུགས། །གཡས་ན་རུས་སྦལ་ཐོད་པ་གཡོན། །འདུ་ཤེས་ཕུང་པོའི་རང་བཞིན་བསྒོམ། །བྱང་དུ་གྷཾ་ལས་གྷསྨ་རཱི། །དྲག་པོའི་སྟེང་ན་མར་ཀད་མདོག་།སྤྲུལ་གཡས་ཕྱག་གཡོན་ཐོད་པ་འཛིན། །འདུ་བྱེད་ཕུང་པོའི་རང་བཞིན་བསྒོམ།། ་བྱང་ཤར་པཾ་ལས་སེང་གེ་ལས། །པུཀྐ་སཱི་སྔོ་གཤིན་རྗེའི་སྟེང། །གཡས་ན་སེང་གེ་དགྲ་སྟ་གཡོན། །ས་ཡི་ཁམས་ཀྱི་རང་བཞིན་ནོ། །མེ་རུ་ཤཾ་དང་དགེ་སློང་ལས། །ཤ་བ་རི་དཀར་གནོད་སྦྱིན་གདན། །གཡས་ན་དགེ་སློང་གསིལ་བྱེད་གཡོན། །ཆུ་ཡི་ཁམས་ཀྱི་རང ་བཞིན་ནོ། །སྲིན་པོར་ལཾ་དང་འཁོར་ལོ་ལས། །གཏུམ་མོ་མཁའ་མདོག་སྲིན་པོ་མནན། །གཡས་ན་འཁོར་ལོ་ཐོད་གཤོལ་གཡོན། །མེ་ཡི་ཁམས་ཀྱི་རང་བཞིན་ནོ། །རླུང་དུ་ཌཾ་དང་རྡོ་རྗེ་ལས། །ཌོམྦི་ཁ་དོག་སྣ་ཚོགས་ཏེ། །རྡོ་རྗེ་གཡས་ལ་སྡིག་མཛུབ་མཛོད། །རླུང་གི་ཁམས་ཀྱི་རང་བཞིན ་བསྒོམ། །ལྷ་མོ་དེ་རྣམས་སྤྱན་གསུམ་མོ། །དམར་ཞིང་ཟླུམ་ལ་མཆེ་བ་གཙིགས། །དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས། །རུས་ཐོད་འཁོར་ལོ་སྙན་ཆ་དང། །མགུལ་རྒྱན་ལ་སོགས་ཕྱག་རྒྱ་ལྔ། །མི་མགོ་སྐམ་པོ་བཅོ་ལྔའི་ཕྲེང། །གཅེར་བུ་གཡོན་བསྐྱང་གར་ཐབས་བཞུགས། །གཙོ་ལ ་འདུད་པའི་སྟངས་དང་ལྡན། །བར་དོར་གནས་པའི་ལུས་ངག་ཡིད། །ོཾ་དང་ཨཱ(རྒྱུད་འགྲེལ་དབུས་གནས་པ། །རྟོག་མེད་བདེ་བ་ཆེན་པོར་བཞུགས། །བདག་པོ་སྟོར་བས་ལྷ་མོ་རྣམས། །ཤིན་ཏུ་འདོད་པའི་སེམས་གདུངས་པས། །པུཀྐ་སཱི་ཚོགས་ལྷ་མོ་བཞིས། །རྡོ་རྗེའི་གླུ་ནི་ལན་པར་བྱེད། །རྗེ་བཙུན་ཐུགས་རྗེའི་ཡིད་བཞེངས་ཤིག་།པུཀྐ་སཱི་ནི་བདག་ལ་སྐྱོབས།། ་སྟོང་པའི་རང་བཞིན་ཉིད་སྤོངས་ལ། །བདག་ལ་བདེ་ཆེན་སྦྱོར་བ་མཛོད། །ཁྱོད་མི་བཞུགས་ན་བདག་འགུམ་པས། །ཐུགས་རྗེ་རྒྱུན་ཆད་མ་མཛད་བཞེངས། །སྟོང་ཉིད་བཅོམ་ལྡན་ཅི་ལ་བཞུགས། །ཤ་བ་རཱི་འབྲས་གྲུབ་པར་མཛོད། །དགའ་གཙོ་འཇིག་རྟེན་མགྲོན་པོས་ནས། །སྟོང ་པ་ཉིད་ལ་བཞུགས་སམ་ཅི། །གཏུམ་མོ་བདག་ནི་གསོལ་འདེབས་ན། །བཅོམ་ལྡན་ཀྱི་ཡི་ཐུགས་རྗེ་བཞེངས། །བདག་གིས་ཁྱོད་ཀྱི་ཐུགས་འཚལ་གྱིས། །མིག་འཕྲུལ་ལྟ་བུར་ཁྱོད་བཞེངས་ཤིག་།ཌོམྦི་བདག་ནི་དྲན་ཉམས་བས། །བཅོམ་ལྡན་དགྱེས་པའི་རྡོ་རྗེ་བཞེངས ་རྡོ་རྗེའི་གླུ་ནི་སྒྲ་སྙན་གྱིས། །རྨི་ལམ་ལྟ་བུར་གཙོ་བོ་བཞེངས། །མངོན་བྱང་ལྔ་ཡི་ཡེ་ཤེས་ལས། །བཅོམ་ལྡན་དགྱེས་པའི་རྡོ་རྗེ་ཉིད། །དཀྱིལ་འཁོར་དབུས་ན་གང་དགུར་བཞུགས། །ཞལ་བརྒྱད་པ་ལ་ཕྱག་བཅུ་དྲུག་།སྟེང་ཞལ་ཅུང་མདོག་མཆེ་བ་གཙིགས། །ཁམ་སེར་སྐྲ་བརྫེས ་འཁོར་ལོ་དུས། །སྣ་ཚོགས་རྡོ་རྗེས་དབུ་སྐྲ་བརྒྱན། །དང་པོ་སྐུ་དང་མཐུན་པའི་ཞལ། །གཡས་དཀར་གཡས་གཉིས་སྐུ་དང་མཐུན། །གཡོན་དམར་གཡོན་གཉིས་ཇི་བཞིན་སྐུ། །དབུ་སྐྲ་གྱེན་འབར་ཐོད་ལྔའི་ཐེད། །སྤྱན་གསུམ་དམར་ཟླུམ་མཆེ་བ ་གཙིགས། །སྙན་ཆ་མགུལ་རྒྱན་དཔུང་པའི་རྒྱན། །ཕྱག་ཞབས་གདུ་བུ་འོག་དཔག་བརྒྱན། །སྟག་གི་ཤམ་ཐབས་སྟེངས་ན་བཅིངས། །ཐོད་རློན་ཕྲེང་བ་ཐལ་བས་བྱུགས། །ཚངས་པ་བརྒྱ་བྱིན་ཉེ་དབང་དྲག། སྟེང་ན་ཞབས་བཞི་གཡས་བརྐྱང་བཞུགས། །ཕྱག་གཡས་དང ་པོ་གླང་པོ་ཆེ། །ཐོད་པར་གནས་པས་ཡུམ་ལས་འཁྱུད། །དེ་བཞིན་རྟ་བོང་གླང་རྔ་མོ། །མི་དང་སེང་གེ་བྱི་ལ་བསྣམས། །ཕྱག་གཡས་ཐོད་པའི་རིམ་པར་འཛིན། །ཕྱག་གཡོན་དང་པོ་ཐོད་པའི་ནང། །ས་ཡི་ལྷ་མོ་བཅས་པ་འཁྱུད། །སྟེང་འོག་རིམ་པར་ཐོད་པར་གནས།། ་ཆུ་དང་མེ་དང་རླུང་ཉི་མ། །ཟླ་བ་གཤིན་རྗེ་ནོར་སྦྱིན་ནོ། །དེ་ཡུམ་ཞལ་གཅིག་ཕྱག་གཉིས་པ། །མདོག་ནག་གྲི་གུག་ཐོད་པ་འཁྱུད། །ཕྱག་རྒྱ་ལྔས་བརྒྱན་ཐོད་སྐམ་ཕྲེང། །སྐྲ་སེར་གྱེན་འབར་སྤྱན་གསུམ་དམར། །བདག་པོ་རོ་མྱང་གཡོན་བརྐྱང་ཞབས། །བདུད་བཞིའི་སྟེང་ན ་མཉམ་པར་བཞུགས། །དེ་ནས་བདག་དང་འཁོར་དེ་དག་།གསལ་བར་ལེགས་པར་བརྟན་པར་བསྒོམ། །དེ་གསལ་དཀྱིལ་འཁོར་རྒྱལ་པོ་མཆོག་།ཏིང་འཛིན་གསུམ་དུ་བསྟན་པ་ཡིན། །དེ་དག་གསལ་ནི་རང་རང་གི་།སྙིང་གར་གདན་ལ་ཕྱག་མཚན་བསྒོམ། །དེ་ཡི་ས་བོན་ཕྱོགས ་བཅུར་སྤྲོ། །བསྐུལ་སྦྱངས་ས་བོན་སོ་སོར་ཐིམ། །ཧཱུཾ་གི་ཡེ་ཤེས་འཁོར་ལོ་བཀུག། ཤར་གྱི་ནམ་མཁར་བཞུགས་ལ་མཆོད། །ཛ(རྒྱུད་འགྲེལ་ཅད་ཀྱི། །མིག་ལ་གཏི་མུག་རྡོ་རྗེ་དཀར། །རྣ་བར་ཞེ་སྡང་རྡོ་རྗེ་ནག་།སྣ་ལ་སེར་སྣ་རྡོ་རྗེ་སེར། །ལྕེ་ལ་འདོད་ཆགས་རྡོ་རྗེ་དམར། །ལུས་ལ་ཕྲག་དོག་རྡོ་རྗེ་ལྗང། །ཡིད་ལ་བདག་མེད་རྣལ་འབྱོར་གནག་།དེ་དག་ཚངས་སོགས་པད་ཟླའི་སྟེང། །གྲི་གུག་ཐོད་པ་ཕྱག་རྒྱ་ལྔ། །སྐུ་གསུང་ཐུགས ་ཀྱང་བྱིན་བརླབས་ཏེ། །མགོ་དང་ཁ་དང་སྙིང་ག་རུ། །ོཾ་དང་ཨཱ:ཧཱུཾ་དཀར་དམར་ནག་།ས་སྤྱོད་མཁའ་སྤྱོད་བདག་མེད་མ། །གྲི་གུག་ཐོད་པ་འཛིན་པ་ཡི། པད་ཟླ་ཚངས་པ་བདག་ལ་བསྒོམ། །ཡང་ན་རང་སྙིང་ས་བོན་གྱིས། །ཕྱོགས་བཅུ་བླ་མ་རྒྱལ་བ་དང། །འཁོར་ལོ་ཁྲོ་བོ ་ལྷ་མོ་རྣམས། །སྤྱན་དྲངས་མཆོད་ནས་གསོལ་བ་འདེབས། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ་བརྗོད་པས་གནང་ནས་རིགས་ལྔ་ཡིས། །བུམ་པ་བདུད་རྩིས་བཀང་བས་བསྐུར། །རིགས་ཀྱི་བདག་པོས་སྤྱི་བོར་མཚན། །བདག་ལ་མི་བསྐྱོད་རྡོ་རྗེ་ཡིན། །ཕྱོགས་ཀྱི་ལྷ་མོ ་བཞི་པོ་ལ། །མི་བསྐྱོད་རྣམ་སྣང་རིན་ཆེན་འབྱུང། །འོད་དཔག་མེད་དང་བཞི་ཡང་བསྒོམ། །དེ་བཞིན་ཞེ་སྡང་གཏི་མུག་དང། །སེར་སྣ་འདོད་ཆགས་བཞི་ཡིས་ཀྱང། །པུཀྐ་སཱི་སོགས་མཚམས་བཞི་ལ། །རིམ་པས་སྤྱི་བོར་མཚན་པར་བསྒོམ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ ་བྷི་ཥེ་ཀ་བཛྲ་སྭ་བྷཱ་བ་ཨཏྨ་ཀོ་ཧཾ། ད་ནི་བདུད་རྩི་མྱང་བར་བྱ། །ཡཾ་རཾ(རྒྱུད་འགྲེལ་བྲུཾ་ཛྲཾ་ཨཾ་ཁཾ་ཧཱུཾ་ལྔ་དང། ན་ཧཾ་ཤཾ་ཥཾ་གྷཾ་ལྔ་དང། བདུད་རྩིར་གྱུར་པ་རྡོ་རྗེ་ལྕེས། །མྱངས་ལ་འཁོར་ལོ་བདེ་བས་མཆོད། །དེ་ལ་སྔགས་འདིས་བརྟན་པར་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲི་ཏ་སཏྭ་བཛྲ་སྭ་བྷཱ་བ་ཨཏྨ་ཀོ་ཧཾ། ཧཱུཾ་གི་ས་བོན་གྱིས་བཀུག་ནས། །སངས་རྒྱས་ཐམས་ཅད ་ཞལ་དུ་ཞུགས། །ཕྱིར་སྤྲོས་མཆོད་པའི་ལྷ་མོ་ཡིས། །རིམ་པས་མཆོད་ནས་གནས་སུ་ཐིམ། །ོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཏྨ་ཀོ་ཧཾ། ལྷ་མོ་དེ་དག་རིགས་ཡུམ་དང། །གསུང་གཅིག་ཏུ་ནི་མཐུན་པར་བསྟོད། །བཅོམ་ལྡན་ལྷ་མོ་བརྒྱད་ཀྱིས་བསྐོར། །ཐུགས་རྗེ ་ཐུགས་ཀྱིས་འགྲོ་བ་སྒྲོལ། །སྣོད་དང་འགྲོ་བ་བཅོམ་ལྡན་ཐུགས། །ཐུགས་དགྱེས་མཛོད་ཅིག་བཅོམ་ལྡན་ཁྱོད། །ཕུང་པོ་ཁམས་དང་སྐྱེ་མཆེད་དང། །དུག་ལྔ་དག་མཛད་ཁྱོད་ལ་བསྟོད། །ོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏི་བཛྲ་སྭ་བྷཱ་བ་ཨཏྨ་ཀོ་ཧཾ། དེ་དག་བརྟན་པར་རབ་གསལ་བ ་རྣལ་འབྱོར་པ་ཡིས་རྣལ་འབྱོར་བྱ། །ཕོ་བྲང་རྣམ་དག་རྣམ་སྣང་མཛད། །རྗེས་སུ་ཆགས་པ་རྡོ་རྗེ་སེམས། །དབང་ནི་མི་བསྐྱོད་རྡོ་རྗེ་དག་།བདུད་རྩི་མྱང་བ་འོད་དཔག་མེད། །མཆོད་པ་དོན་ཡོད་གྲུབ་པ་སྟེ། །བསྟོད་པ་རིན་ཆེན་འབྱུང་ལྡན་ཡིན། །ཡན་ལག ་བཅུ་དང་ལྡན་བསྒོམས་པས། །དངོས་གྲུབ་མྱུར་དུ་འགྲུབ་པར་འགྱུར། །དང་པོ་སྤྲིན་བར་ཉི་མ་འདྲ། །གཉིས་པ་སྒྱུ་མ་ལྟ་བུར་སྣང། །སྣང་བ་ཐོབ་རྨི་ལམ་ལྟར། །འོད་གསལ་མཉམ་གཞག་རྗེས་ཐོགས་མེད། །བདག་ཉིད་དེ་ལྟར་བརྟན་གྱུར་པས། །འགྲོ་བའི་སྡུག་བསྔལ ་ལ་བལྟས་ཏེ། །བྱམས་དང་སྙིང་རྗེའི་འཁོར་ལོའི་ལྟ། །རྒྱུན་མི་ཆད་པར་ཕྱོགས་ཕྱོགས་འཕྲོ། །སོ་སོའི་གདུལ་བྱ་སྦྱངས་བྱས་ནས། །སླར་འདུས་ནང་དུ་འཁོར་མོ་བསྒོམ། །ཐབས་དང་ཤེས་རབ་ལས་བྱུང་ཞིང། །བྱང་ཆུབ་སེམས་ནི་སྤྲོ་དང་བསྡུ། །མདོག་མཚན ་ཆ་ལུགས་ཐམས་ཅད་ཀྱང། །ཇི་ལྟར་གསལ་བར་བརྟན་པར་བསྒོམ། །དེ་ལྟར་རྫོགས་བསྐྱེད་རྫོགས་པའི་རིམ། །ལྷ་མོ་རིམ་པར་ཞལ་ལ་བསྡུ། །ཞལ་དང་ཕྱག་རྣམས་མཛའ་ནས་རིམ། །རྩ་བའི་ཞལ་དང་ཕྱག་དང་བསྡུ། །ཞབས་གཉིས་ཡུམ་ལ་ཐིམ་པ་དང། ་འཁོར་ལོ་བཞི་ཡི་རྒྱ་ཡིས་གདབ། །ལྟེ་བ་སྙིང་མགྲིན་སྤྱི་བོ་ན། །སྤྲུལ་པ་ཆོས་དང་ལོངས་སྤྱོད་དང། །བདེ་བ་ཆེན་པོའི་འཁོར་ལོ་བསྒོམ། །དེ་ཡང་སྐུ་བཞིའི་ངོ་བོ་ཡིན། །སྤྲུལ་པར་རྩ་འདབ་དྲུག་ཅུ་བཞི། །ལྟེ་བར་ཨཾ་འབར་རྩ་འདབ་ལ། །ཀཱ་ལི་བཞི་དང་དྲུག་ཅུ་གན། ་འོད་ཟེར་ལྔ་ལྡན་རབ་ཏུ་འབར། །སྙིང་གར་རྩ་འདབ་བརྒྱད་གནས་ལ། །ལྟེ་བར་ཧཱུཾ་ནག་འདབ་མ་ལ། །བྷུཾ་ཛྲིཾ་ཨཾ་ཁཾ་ཨེ་ཝཾ་མ། །ཡཾ་དང་བརྒྱད་ནི་ལེགས་པར་བསྒོམ། །མགྲིན་པར་བཅུ་དྲུག་འདབ་མ་ལ། །ལྟེ་བར་ཨཱཾ་འབར་རྩ་འདབ་ལ། །ཱ་ལི་བཅུ་དྲུག་དག་གིས ་བརྒྱན། །འབར་བའི་རྣམ་པར་གནས་པ་ཡིན། །སྤྱི་བོར་རྩ་འདབ་སུམ་ཅུ་གཉིས། །ལྟེ་བར་ཧཾ་དཀར་འདབ་མ་ལ། །ཱ་ལི་ཉིས་འགྱུར་དག་གིས་བསྐོར། །ཁ་དོག་དཀར་པོ་བདུད་རྩི་འབབ། ལྟེ་བར་གཏུམ་མོ་སྤར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང། །སྤྱན ་ལ་སོགས་པ་ཡང་བསྲེགས་ཏེ། །བསྲེགས་པའི་རི་བོང་རྒྱུན་ཧཾ་འབབ། །ཡི་གེ་གསལ་བར་གྱུར་ནས་ནི། །ཡི་གེ་དེ་དག་སྤོ་དང་བསྡུ། །བསྐུལ་སྦྱང་བྱས་ནས་སླར་འདུས་ཏེ། །ཡི་གེ་རང་རང་གནས་ལ་ཞུགས། །སྲོག་དང་རྩོལ་བ་ལས་བྱུང་བ། །ལྟེ་བའི་འོག་ནས་རི་འབར་བས།། ་འཁོར་ལོ་ལེགས་སྦྱངས་འོག་མིན་གྱི། །བདུད་རྩི་བླངས་ནས་སྤྱི་བོར་བསམ། །སྦྱངས་པའི་འཁོར་ལོ་རྣམས་གང་ནས། །ཐམས་ཅད་སྙིང་ཀར་རབ་ཏུ་ཐིམ། །དོན་དམ་བདུད་རྩི་ཟག་མེད་བསྒོམ། །ཧཱུཾ་ཡང་རིམ་པས་ནཱ་དར་གནས། །ཤིན་ཏུ་ཡུན་རིངས་གོམས་མི་གནས། །ནམ ་མཁའ་ཨི་དཀྱིལ་ལྟར་རྡུལ་དང་བྲལ། །ཐོག་མ་ཐ་མ་དབུས་མེད་ཅིང། །འཁོར་མིན་མྱ་ངན་འདས་པ་མིན། །བདག་དང་གཞན་ཡང་ཡོད་མ་ཡིན། །འདི་ནི་བདེ་ཆེན་རྒྱལ་པོ་ཡིན། །གཟུང་དང་འཛིན་པ་རྣམ་པར་སྤངས། །སེམས་སྦྱོང་བ་ལ་སྐྱོ་ངལ་ན། །རིམ་པ་རིམ་པར་སྐུ ་བསྐྱེད་ལ། །ཡབ་དང་ཡུམ་གཉིས་ཞལ་ཕྱག་རྒྱས། །སྙིང་གར་ས་བོན་ཡི་གེ་ལ། །བསྐོར་ནས་གནས་པ་ཞལ་ནས་ཞལ། །རྡོ་རྗེ་ལམ་ནས་པདྨ་དང། །པདྨའི་ཞལ་ནས་ཞལ་དུ་འཁོར། །རང་འདོད་པ་ཡིས་བཟླས་པ་བྱ། །བསམ་གཏན་ཁ་དོག་དབྱེ་བ་ཡིས། །ཞི་ལ ་སོགས་པར་ཤེས་པར་བྱ། །ོཾ་ཨཥྚཱ་ན་ནཱ་ཡ། པིངྒ་ཨའུརྡྷ། ཀེ་ཤ་བརཧ་མ་ནེ། ཙ་ཏུརྦིཾ་ཤ་ཏི་ནཻ་ཏྲཱ་ཡ། ཤོ་ཌ་ཤ་བྷུ་ཛཱ་ཡ། ཀྲིཥྞཱ་ཛཱི་མཱུ་ཏ། བ་པུ་ཥེ་ཀ་པཱ་ལ་མཱ་ལཱ་ནེ་ཀཾ་དྷཱ་རི་ཎེ། ཨ་དྷམ་ཏ་ཀྲཱུ་ར་ཙིཏྟཱ་ཡ། ཨརྡྷེནདུ་དཾཥྚརི་ཎེ། ཨོཾ་མཱར་ཡ། མཱ་ར་ཡ་ཀཱ་ར་ཡ། ཀཱ་ར་ཡ། ་གརྫ་ཡ། གརྫ་ཡ། ཏརྫ་ཡ། ཏརྫ་ཡ། ཤོ་ཥ་ཡ། ཤོ་ཥ་ཡ། སཔཏ་ས་ག་རཱ་ན། བནདྷ་བནདྷ། ན་གཱཥྚ་ཀཱན་།གྲིཧྞ་གྲིཧྞ། སརྦ་ཤ་ཏྲཱུཾ་སརྦ་དུཥྚ་ན། ཧ་ཧཱ། ཧི་ཧཱི། ཧུ་ཧཱུ། ཧེ་ཧཻ། ཧོ་ཧཽ། ཧཾ་ཧཾ(རྒྱུད་འགྲེལ་ཧཱུཾ་ཕཊ་སྭཱཧཱ། སྙིང་པོའི་སྔགས་སུ་ཤེས་པར་བྱའོ། །ོཾ་བཛྲ་ཀརྟ་རི་ཧེ་བཛྲ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། དེ་ནི་ཉེ་བའི་སྔགས་ཀྱང་ཡིན། ཨོཾ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་ཧཱུཾ་སྭཱཧཱ། གྲོང་ཁྱེར་དཀྲུག་པའི་སྔགས་ཡིན་ནོ། །ོཾ་ཏྲཻ་ལོཀྱཱ་ཀྵེ་པ་ཧུཾ་ཧུཾ་ཧུཾ་ཕཊ་སྭཱཧཱ། ཕྱག་གཉིས་པའི་སྙིང ་པོའོ། །ོཾ་བཛྲ་ཛྲ་ཛྲ་ལ་བྷཡོ། ཧུཾ་ཧུཾ་ཧུཾ་ཕཊ་སྭཱཧཱ། དེ་ནི་ཕྱག་བཞི་པའི་སྔགས་སོ། །ོཾ་ཀི་ཊི་ཀི་ཊི་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཕྱག་དྲུག་པའི་སྙིང་པོ་ཡིན་ནོ།། །།ཚོགས་གཉིས་བསགས་དང་གཞན་དབང་བསྡུ། །བདག་དང་སེམས་ཅན་སུང ་བའི་ཕྱིར། །ལྷ་དང་ཆོས་སྐྱོང་སེམས་ཅན་ལ། །བདུད་རྩི་མཆོད་སྦྱིན་གཏོར་མ་སྦྱིན། །ཤར་ལྷོའི་དུར་ཁྲོད་ནམ་མཁའ་ལ། །ཆོས་འབྱུང་སུམ་བརྩེགས་སྟེང་འོག་རིམ། །དབུས་སུ་པདྨ་འདབ་བརྒྱད་ནག་།ཤར་ནས་ཕྱོགས་མཚམས་གོ་རིམས་སུ། །བརྒྱ་བྱིན་གཤིན ་རྗེ་ཆུ་ལྷ་དང། །གནོད་སྦྱིན་བདག་པོ་འབྱུང་པོའི་བདག་།མེ་ལྷ་སྲིན་པོ་རླུང་གི་ལྷ། །དཀར་ནག་དམར་སྐྱ་སེར་པོ་དང། དཀར་དམར་དུད་ཁ་ལྗང་གུ་ཡི། །མདོག་ཀྱང་རིམ་པ་བཞིན་དུ་གསལ། །རྡོ་རྗེ་དབྱུག་པ་སྦྲུལ་གྱི་ཞགས། །དཔལ་འབྲས་རྩེ་གསུམ་དབྱུ ་གུ་གསུམ། །གྲི་གུག་བ་དན་ལག་ན་ཐོགས། །གླང་པོ་མ་ཧེ་ཆུ་སྲིན་དང། །རྟ་དང་ཁྱུ་མཆོག་ར་སྐྱེས་དང། །མི་རོ་རི་དགས་ཞོན་པ་དང། །དུར་ཁྲོད་རྒྱན་དང་ཆུང་མ་དང། །བུ་འཁོར་བཅས་པ་བསྒོམ་པར་བྱའོ། །སྟེང་གི་ཆོས་འབྱུང་པདྨ་དཀར། །ཤར་ནས ་རིམ་པ་སྔ་མ་ལྟར། །བརྒྱ་བྱིན་ཚངས་པ་ཁྱབ་འཇུག་དྲག་།གཞོན་ནུ་ཚོགས་བདག་དགའ་བྱེད་དང། །ལེགས་ལྡན་ནག་པོ་རིམ་པར་གནས། །དཀར་སེར་དམར་དང་ནམ་མཁའ་ཨི་མདོག་།དཀར་གཉིས་སེར་དང་ནག་པོ་སྟེ། །མདོག་ཀྱང་དེ་བཞིན་རིམ ་པར་གསལ། །རྡོ་རྗེ་དབྱུ་གུ་རྩེ་གསུམ་དང། །འཁོར་ལོ་རྩེ་གསུམ་མདའ་གཞུ་དང། །ལ་ཕུག་བ་དན་རལ་གྲི་འཛིན། །པདྨའི་གདན་གནས་རིན་ཆེན་བརྒྱན། །ཆུང་མ་བུ་འཁོར་ལྷ་ཡི་འཁོར། །རིམ་པ་བཞིན་དུ་གནས་པའོ། །འོག་གི་ཆོས་འབྱུང་པདྨ ་དམར། །སྔོན་བཞིན་འཇོག་པོ་དུང་སྐྱོང་དང། །མཛའ་ཡས་རིགས་ལྡན་པདྨ་ཆེ། །དགའ་བོ་ནོར་རྒྱས་པདྨ་བརྒྱད། །གདེངས་ཀ་སྤྲུལ་ཞགས་པད་ཟླའི་གདན། །དཀར་སེར་དམར་ལྗང་ཡང་དཀར་དང། །སྔོ་དང་དམར་སྐྱ་དཀར་པོའི་མདོག་།རིན་ཆེན་རྒྱན་དང ་པདྨ་དང། །ཆུང་མ་བུ་འཁོར་བཅས་པ་དང། ངན་འགྲོ་གསུམ་དང་བཅས་པ་ཡིན། །པདྨའི་ལྟེ་བ་གསུམ་པོ་ལ། །རང་གི་ཧེ་རུ་ཀ་ཉིད་བསྒོམ། །ཛ(རྒྱུད་འགྲེལ་སྔོ་དང་དཀར་དམར་མདོག་།རྡོ་རྗེ་དྲིལ་བུ་རང་འོད་བཅས། །རུས་རྒྱན་གཙོ་དང་འཁོར་དེ་བཞིན། །དེ་ཉིད་གསུམ་དང་དབང་བསྐུར་རྒྱ། །ལྕེ་རྣམས་རྡོ་རྗེ་སྦུ་གུར་སྒོམ། །དེ་རྣམས་མདུན་དུ་གཏོར་དག་ལ། །བྱིན་གྱིས་བརླབས་ལ་རང་གཞན་བཏུང། །སྔོན་དུ་བསྟན ་པའི་བདུད་རྩི་ལྟར། །དགྱེས་རྡོར་ལྷ་དགུར་གྱུར་པའོ། །ོཾ་ཨིནད་ཛ་མ་ཛཀྑ་བྷཱ་ཏ་བཧྣི་བཱ་ཡུ་རཱཀྑ་ཙནད་སཱུཛཛྲ་མཾ་ས་བཔྤ་ཏཱ་ལ་པཱ་ཏ་ལ་ཨཊཋ་སཔྤ་སྭཱཧཱ། ཨི་དཾ་བ་ལི་བྷུཾ་ཛ་ཛི་གྷཾ་ཕུལླ་དྷུ་པ་མཾ་ས་བིངྒ་ཨམྦྷ་སརྦ་ཀཛཛ་ཁནྟི་ཁུ་ནི་ཕེ་ལ་ག་ཏ་སྭཱཧཱ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦབ ་དྷརྨཱ་ཏཱཾ། ཨཱདྱ་ནུཏཔནྣ་ཏྭཱཏ་ཨོཾ་ཨཱ(རྒྱུད་འགྲེལ་ཨ་ཀྲི་ཊ་ནི་ཊཋ་ཧ། ཀ་རུ་ཎ་ཀི་ཨཱ་ཨི་ན་རོ་ལཱ་ཧ་ཧི་བ་ལ་ཁ་ལི། མ་ཨིནབི་ཛ། ཀི་ལ་ཀ་ལིཉྫ་རཱུ་པ་ཎི། ཨ་ཨའི་དྷུ་རུ་དྷུ་རུ། ཎཛཛ་ཨ་ཨི་ཅེ་ཨུ་ས་མ་ཤ་ཙྪ་རི་སིཧལཱ། ཀཔ?་ར་ལཱ་ཨི་ཨ་ཨི་མ་ཁུ་ལ་ཨ་ཨིནདྷ། ན་ས་ལིཉྫ། ཏ་ཧི་བྷ་རུ་ཁཱ། ཨི་ཨ་ཨི། ཕྲཾ་ཁ་ན་ཁེ་ཊ ་ཀ་རནྟེ། ཤུདྡྷ་ཤུདྡྷ་ཎྞ་མ་ཎེ། ཨེ་ཨི་ནི་རཾ་སུ་ཨཾ། ཙ་ཌཱ་བཱི། ཏ་ཧིཾ་ཛ་ས་ར་ས་ཙི་བ་ནི་ཨཱ་ཨའི་མ་ས་ས་ལི་ཛར་ཀུནདུ་རུ་བཱ་ཊ། ཨི་ཌོཎྜི། མ་ཧཱ་ཧིཥྚ་བཛཛི་ཨ་ཨི། མཆོད་པ་དང་གཏོར་མ་གཏོང་བ། །ཚོགས་ཀྱི་འཁོར་ལོར་འདུན་བླང། །བཟའ་དང་བཏུང་བ་ལོངས་སྤྱོད ་པ། བདུད་རྩི་སྦྱོར་བས་ལུས་རྒྱས་འགྱུར། །ཐུན་བཞིའི་རྣལ་འབྱོར་ལྡན་པ་ཡིས། །བསྒྲུབས་ན་འགྲུབ་ཀྱི་གཞན་དུ་མིན། །སྔོན་དུ་བསྟན་པ་ལེགས་རྟོགས་ནས། །ཚོགས་གཉིས་གཞལ་ཡས་དཀྱིལ་འཁོར་གསུམ། །ཞལ་གསུམ་གཡས་དཀར་གཡོན་པ་དམར། །དབུས་ནི ་སྐུ་དང་མཐུན་པ་ཉིད་དོ། །རྡོ་རྗེ་རལ་གྲི་གཡས་ན་འཛིན། །དྲིལ་བུ་རྩེ་གསུམ་ཕྱག་གཡོན་ན། །རང་ནི་རང་རིག་ཡུམ་ལ་འཁྱུད། །ཕྱག་བཞི་རྡོ་རྗེ་ཐོད་པ་དག་།གཡས་དང་གཡོན་པའི་ཕྱག་ན་འཛིན། །གཉིས་ནི་རིགས་མ་ཉིད་ལ་འཁྱུད། །ཕྱག་གཉིས ་གཡས་ན་རྡོ་རྗེ་དང། །ཐོད་པ་ཁ་ཊཝཱཾ་ཕྱག་གཡོན་ན། །དེ་གསུམ་ཚངས་པའི་སྟེང་ན་བཞུགས། །གཞན་དག་སྔོན་དུ་བསྟན་པ་ཉིད། །སྤྲོ་དང་བསྡུ་དང་འཁོར་ལོ་དང། །དེ་དོན་སྒོམས་དང་གཏོར་མ་སྔགས། །ཞལ་གསུམ་ཕྱག་བཞི་ལ་སོགས་རྣམས། །རྣལ་འབྱོར་པ་ཡིས ་གང་འདོད་བསྒོམ། །རྗེས་ཐོབ་རྣམ་པར་དག་པ་ཡང། །དབྱེ་བ་ཤེས་པས་རྟག་ཏུ་བསྒོམ། །མེ་རི་གུར་བདུད་ལས་རྒྱལ། །རྣམ་ཐར་ཆོས་འབྱུང་ཆོས་ཀྱི་དབྱིངས། །གཤིན་རྗེ་དབུགས་འབྱིན་དུར་ཁྲོད་བརྒྱད། །སྒོ་བཞི་དྲན་པ་ཉེ་བར་གཞག་།གྲུ་བཞི་ཡང་དག་སྐྲོང་བ་བཞི ་སྒོ་བརྒྱན་རྫུ་འཕྲུལ་རྐང་པ་བཞི། །འདོད་ཡོན་ལྷ་མོ་དབང་པོ་ལྔ། །རྩིག་པ་ལྔ་ཡང་སྟོབས་ལྔར་དག་།རྟ་བབས་བཞི་ནི་བསམ་གཏན་བཞི། །རྟེན་འབྲེལ་བཅུ་གཉིས་དག་པས་ནི། །རིམ་པ་བཅུ་གཉིས་འོད་འབར་བའོ། །རྒྱན་རྣམས་བྱང་ཆུབ་ཡན་ལག་བདུན། །ཀ་བ ་བརྒྱད་མཛེས་འཕགས་ལམ་བརྒྱད། །འཁོར་ལོ་བཞི་ནི་བདེན་བ་བཞི། །དེ་བཞིན་གདུགས་ནི་ཚད་མེད་བཞི། །བྱམས་པའི་ཐུགས་ནི་སྐུ་མདོག་ནག་།སྙིང་རྗེ་སྤྱན་དམར་འགྲོ་བ་གཟིགས། །དཔའ་བོ་གར་དགུ་འགྲོ་རྣམས་སྒྲོལ། །བཏང་སྙོམས་སྣ་སོགས་རྡོ་རྗེས་མཛེས། ། ་འཁོར་ལོའི་གཟུགས་ནི་མི་བསྐྱོད་པ། །རྣ་ཆ་དག་ལ་འོད་དཔག་མེད། །མགུལ་གྱི་ཕྲེང་བ་རིན་ཆེན་གཙོ། །ཡན་ལག་ཀུན་བཀོད་རྣམ་སྣང་མཛད། །འོད་དཔག་ལ་ནི་དོན་ཡོད་གྲུབ། །ཡན་ལག་ཀུན་ཐུགས་རྡོ་རྗེ་འཛིན། །ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད། །སྐུ་གསུམ་དཀར་དམར ་གནག་པའི་ཞལ། །ཕྱག་རྣམས་སྟོང་པ་བཅུ་དྲུག་སྟེ། །ནད་རྣམས་འཇོམས་པས་གླང་པོ་སོགས། །དངོས་གྲུབ་མྱུར་བས་ལྷ་མོ་སོགས། །རུས་པའི་རྒྱན་ཡང་བདེན་པ་བཞི། །སྟག་གི་པགས་པ་བྱང་ཆུབ་བདུན། །བསྡུ་བ་བཞི་ནི་ཞབས་བཞི་ཡིན། །སྐྱེ་རྒ་བཅོམ་པས་བདུད་བཞི ་མནན། །བདག་མེད་ཆོས་སྐུ་རྣམ་དག་ཉིད། །ཕུང་པོ་དག་པས་གཽ་རཱི་སོགས། །ཡེ་ཤེས་དག་པས་ཁ་དོག་བཞི། །གྲི་གུག་སོགས་ཀྱིས་བདུད་བཞི་བྱེད། །ཚད་མེད་གོམས་པས་ཁམས་བཞི་ལ། །པུཀྐ་སཱི་སོགས་ལྷ་མོ་བཞི། །མདོག་དང་ཕྱག་མཚན་དེ་བཞིན་ནོ། །ཉིན་ཨོམ་བཅོམ་ལན ་ཐབས་སུ་གནས། །མཚན་མོ་ཤེས་རབ་སྟོང་པ་ཉིད། །འགྲོ་བའི་གར་དང་ཕྱག་རྒྱ་བསྐྱོད། །བརྗོད་པས་ཐམས་ཅད་སྔགས་ཡིན་ནོ། །ཁྲུས་བྱེད་དབང་བསྐུར་བསམ་གཏན་དང། །ཉལ་བ་ཉིད་ཀྱི་བསམ་གཏན་བསྒོམ། །དེ་ལྟར་བརྟན་པའི་རྣལ་འབྱོར་པས། །དབང་པོ་མི་དག ་འགྲོ་རྣམས་བསྐྱབ། །བླ་མའི་རིམ་འོངས་རྒྱུད་རྒྱལ་དོན། །བསྒོམས་པས་བློ་ལ་གསལ་བའི་དོན། །དགྱེས་རྡོར་མོས་ལ་ཕན་ཕྱིར་བྱས། །འདི་ལས་བྱུང་བའི་བསོད་ནམས་ངས?། །བདག་དང་འགྲོ་པ་མ་ལུས་པ། །དགྱེས་རྡོར་མྱུར་དུ་འགྲུབ་པར་ཤོག་།དཔལ་དགྱེས་པ་རྡོ་རྗེའི་སྒྲུབ་པའི ་ཐབས་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་དཱ་ན་ཤའརི་དང། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་སོ།། །།དཔལ་དགྱེས ་