| Wylie | e-texts based on the ACIP/ALL Input |
པར་རྟོགས་པའི་རིམ་པ་དོན་རབ་ཏུ་གསལ་བ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་སྐད་དུ། ཤཱི་ཧེ་བཛྲ་སཱ་དྷ་ནི། བོད་སྐད་དུ། དཔལ་དགྱེས་པ་རྡོ་རྗེའི་སྒྲུབས་ཐབས། །རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཀུན་ནས་དང་བས་རྗེ་བཙུན་གྱི། །ཞབས ་ཀྱི་པདྨར་གུས་བཏུད?་དེ། བློ་དམན་རྣམས་ལ་ཕན་པའི་ཕྱིར། །དགྱེས་པ་རྡོ་རྗེའི་སྒྲུབ་ཐབས་?་འདིར་རྟེན་གྱི་ཁྱད་པར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྡོམ་པ་དང་ལྡན་པས། །གནས་དུར་ཁྲོད་ལ་སོགས་པར། ནམ་གྱི་བརྐྱང་ཆ་ལ་ལངས་ཏེ། ཁྲུས་དང། ཆུ ་སྦྱིན་བྱས་ནས་མཎྜལ་ཕུལ་ཏེ་དེ་ནས་མཆེད་པ་དང་གཏོར་མ་ལ་སོགས་པ་བཤམས་ལ། སྟན་ནང་ཚངས་ཅན་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་འདུག་སྟེ། ཏེ་བཛྲ་ཞེས་བརྗོད་པས་སྐད་ཅིག་གིས་རང་ཉིད་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས ་པར། སྒོམས་པའི་རྗེས་སུ?་།རང་གི་སྙིང་གར་རེ་བ་བསྒོམ། དེ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར། དེར་ན་ཧཱུཾ་གི་རྣམ་པ་ཉིད། །ཐབས་དང་ཤེས་རབ་རང་བཞིན་ཅན། །དེ་ཡང་?་འོད་ཟེར་འཕྲོས་པ་ཡིས། །ནམ་མཁར་རྗེ་བཙུན་བལྟས་ནས་ནི། །རྡོ་རྗེ་སྟེ?་བ་སྙིང་རྗེ་ཆེ ་རྒྱུན་རྣམས་ཐམས་ཅད་འཛིན་པ་ཡིས། །ལྷ་མོ་བརྒྱད་པོ་རྣམས་ཀྱིས་མཆོད། །དཀར་མོ་རི་དྭགས་མཚན་མ་འཛིན། །ཆོམ་རྐུན་བདུད་ལས་རྒྱལ་བའི་སྣོད། །རོ་ལངས་མ་ནི་ཆུ་ལག་མ། །གྷསྨ་རཱི་ནི་སྨན་འཛིན་ཅིང། །པུཀྐ་སཱི་ནི་རྡོ་རྗེའི་ལག་དེ་བཞིན་རི་ཁྲོད་མ ་?་འཛིན། །གདོལ་བུ་མོ་ནི་ཅང་ཏེའུ་བརྡུང། །འདི་རྣམས་ཀྱིས་ནི་གཙོ་བོ་མཆོད། །འདོད་ཆགས་ཆེན་པོ་རྗེས་ཆགས་ནས། །གཡུང་མོ་སྐུལ་འབྱུང་པ་ཉིད། །དེ་ལྟ་བུའི་ཆོ། ཀུན?་བློས་མངོན་སུམ་ལྟ་བུར་དམིགས་ལ། ཕྱག་བཅལ་བ་དང། ཕྱི་ནང་གསང་བ ་?་དེ་ཁོ་ནའི་མཆོད་པ་དང། སྡིག་པ་བཤགས་པ་དང། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང། །སྐྱབས་སུ་འགྲོ་བ་དང། ལམ་སྟོན་པ་དང། ཀུན་རྫོབ་དང་དོན་དམ་གྱི་བདག་ཉིད་ཀྱི་སེམས་བསྐྱེད་པ་དང། དགེ་བའི་རྩ་བ་བསྡོས་ལ་ཚོགས་རྟེན་རྣམས་ལ ་ཟློས?་བཏང་བ་འམ། གཤེགས་སུ་གསོལ་བར་བྱའོ། །དེ་ནས་དང་པོ་བྱམས་པ་བསྒོམས་པར་བྱ། །གཉིས་པར་སྙིང་རྗེ་རྣམས་བསྒོམས་ཞིང། །གསུམ་པར་དགའ་བ་བསྐྱོམ?་པ་དང། །ཀུན་གྱི་མཐར་ནི་བཏང་སྙོམས་སོ། །ཡང་ནི་སྟོང་པའི་བྱང་ཆུབ་སྟེ། །དེ་ཡང་སྦོ? ་བསྡུ་སྔོན་དུ་འགྲོ་བས། ཨོཾ་?་རཱཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། །ཞེས་བརྗོད་ལ། ཆོས་ཐམས་ཅད་སྒྱུ་མ་ཙམ་དུ་བསྒོམ་མོ། །དེ་པས་ཉི་མ་སྔོན་དུ་རྣམ་བསྒོམས་ནས། ཉི་དེར་ཧཱུཾ་བྱུང་སྣ་ཚོགས་རྡོ་རྗེ་སྟེ། རྡོ་རྗེ་དེ་ཉིད་ཀྱི་ནི་རབ་དང། གུར་བཅིང་པ་?་རྣམ་པར་? ་ཉིད། དེ་ཡི་ནང་དུ་?་ལས་བྱུང་བ་ཡི། །ཕྱིར་ལོག་འཁོར་ལོ་ལྟ་བུ་ཡི། །འཁོར་ལོ་རྩིབས་བཅུ་རྒྱ་ཆེ་ཞིང། །ཁ?་སྟོང་མི་གཡོ་འཁོར་བའི་སྒོམ། །ནམ་མཁའ་ཨི་ཁམས་སུ་བྷ་ག་བསམ། །དབུས་སུ་རྣམ་པར་བསྒོམ་པ་ནི། །འཁོར་ལོའི་སྔོན་དུ་ཅི་རིགས་པར། །ལྷ་རྣམས་ཇི་ལྟར་འབྱུང་བ་ཉིད།། ་འཁོར་ལོ་ས་དང་ཆུ་ནི་སྔོན། །ཇི་ལྟར་རིག་པར་བྱིན་ཟ་དང། །ལྷ་རྣམས་ཀྱི་ནི་རླུང་ཆེན་དང། །དེ་སྟེང་བྷྲུཾ་ལས་འཁོར་ལོ་དང། །ཐིག་ལེར་གྱུར་པས་གཞལ་ཡས་ཁང། །གྲུ་བཞི་པ་ལ་སྒོ་བཞི་པ། །པདྨ་འདབ་བརྒྱད་འཕར་མ་གཅིག། ཀ་བ་བརྒྱད་ཀྱིས་ཉེ་བར ་བརྒྱན། །དྲ་བ་དྲ་བ་ཕྱེད་པ་དང། །དུར་ཁྲོད་བརྒྱད་དང་ཡང་དག་ལྡན། །ཕྱི་ནང་རྡོ་རྗེའི་ཐིག་གིས་སྤྲས། །ལྟེ་བར་རོ་ནི་རྣམ་བསྒོམ་པ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བརྗོད། །འདབ་མ་བརྒྱད་ལ་བསམ་པ་ནི། །ཚངས་པ་དབང་པོ་ཉེ་དབང་དྲག། གཤིན་རྗེ་དང ་ནི་ནོར་བདག་དང། །བདེན་བྲལ་དང་ནི་ཐགས་བཟངས་རིགས། །གཽ་རི་ལ་སོགས་རྣམས་ཀྱི་གདན། །ཉི་མར་བཅས་པའི་རོ་དགུ་བསམ། །ཱ་ལི་ཟླ་བ་ཀཱ་ལི་ཉི། །དགུང་གཉིས་རྣལ་འབྱོར་མ། ཡིས་བསྒོམ། །དབུས་ཀྱི་ཉི་ཟླ་ཁ་སྦྱར་བར། །ནཱ་ད་ལྟུང་པས་ཧཱུཾ་དུ? ་གྱུར། །ཧཱུཾ་ལས་གཾ་སོགས་སྤྲོ་བར་བྱ། །གཾ་ཙི་བཾ་གྷཾ་བཾ་ཤཾ་ལཾ་ཌཾ་གཽ་རཱི་ལ་སོགས་པའོ། །དེ་ལས་སྤྲོས་ཤིང་བསྡུས་པ་ལས། །དབུས་ཀྱི་གཙོ་བོའི་ཕྱག་མཚན་ནི། །ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྟེ། །ཁ་དོག་ནག་པོ་འཇིགས་ཆེན་པོ། །རྡོ་རྗེ་ལྟེ་བའི་དབུས་གནས ་པར། །ཡང་ནི་ཧཱུཾ་གི་?་བསྒོམ། །འཁོར་རྣམས་གྲི་གུགS་རྡོ་ཚུང་དང། །རུ་སྦལ་སྤྲུལ་ནི་ཕྱོགས་སུའོ། །སེང་གེ་དང་ནི་དགེ་སློང་དང། །འཁོར་ལོ་རྡོ་རྗེ་མཚམས་སུའོ། །རང་རང་ས་བོན་དག་གིས་མཚན། །ཡང་ནི་སྤྲོ་བསྡུས་ས་བོན་བསྡུས། །དེ་ལས་ལྔ་པ ་གཟུགས་བརྙན་རྫོགས་ལྟ་བུ?་ནི་རྣམ་པ་གྱུར་བལྟས་ནས། །ཞེ་སྡང་བདག་ཉིད་རྣམ་པར་བསྒོམ། །རྡོ་རྗེ་སྐྱེ་བ་ནག་པོ་ཆེ། །འདབ་སྐྱེས་སྔོན་པོ་འདྲ་བའི་མདོག། །ཡང་ན་སྔོ་དང་ཉི་མའི་མདོག། དད་པས་ངེས་པར་རྣམ་པར་བསྒོམ། །སྤོ་དང་ཉི་མ་མཚུངས་པའི་མདོག ་བནདུ་དམར་པོའི་སྤྱན་དང་ལྡན། །སྐྱ་སེར་གྱེན་དུ་འཁྱིལ་བ་དང། ཕྱག་རྒྱ་ལྔས་ནི་རྣམ་པར་བརྒྱན། །འཁོར་ལོ་རྣ?་ཆ་གང་བ་དང། །ལག་གདུབ་དང་ནི་སྐ་རགས་ཉིད། །སངས་རྒྱས་ལྔ་ནི་རྣམ་དག་ལ། །འདི་རྣམས་ཕྱག་རྒྱར་རབ་ཏུ་གྲགས ་སྡང?་མིག་བརྒྱད་གཉིས་ལོན་པའི་ཚུལ། །གཡོན་ན་རྡོ་རྗེ་ཐོད་པ་དང། གཡོན་པར་ནས་ཀྱང་ཁ་ཊཝཱ་ག། གཡས་ན་རྡོ་རྗེ་ནག་པོ་ཉིད། །ཧཱུཾ་གི་ཡི་གེ་འདོན་པའི་བདག། རྣལ་འབྱོར་མ་བརྒྱད་ཡོངས་བསྐོར་ནས། དུར་ཁྲོད་དུ་ནི་མགོན་པོ་རོལ། །དབང ་དཀར་གཤིན་རྗེ་ཆོམ་རྐུན་མ། །ཆུ་བདག་ཕྱོགས་སུ་རོལ་པ་མོ། །ལུས་ངན་ཕོང་ནི་གྷསྨ་རི། །དབང་ལྡན་དུ་ནི་པུཀ་སི། །མིང་ནི་དེ་བཞིན་རི་ཁྲོད་མ། །བདེན་བྲལ་གདོལ་པ་མོ་བཞག་ཅིང། །རླུང་དུ་གཡུང་མེ་རྣམ་པར་བཞག། །དཀར་མོ་གཡས་ན་གྲི ་གུག་སྟེ། །དེ་བཞིན་གཡོན་ན་དོ་ཧི་ཏ། །ཆེ་མ་རྐུན་མ་གཡས་ཅང་ཏེའུ། །གཡོན་པའི་ཕྱག་ན་ཕག་པ་ཉིད། །རོ་ལངས་མ་གཡས་རུ་སྦལ་ཏེ། །གཡོན་པ་ཡིས་ནི་པདྨའི་སྣོད། །གྷསྨ་རཱི་ནི་གཡོས་ན་སྤུརླ། །གཡོན་པར་རྣལ་འབྱོར་ལྷུང་བཟེད་ཉིད།། ་པུཀྐ་སཱི་གཡས་སེང་གེ་སྟེ། །གཡོན་པས་དགྲ་སྟ་དེ་བཞིན་ནོ། །དེ་ཁྲོད་མ་གཡས་དགེ་སློང་སྟེ། །གཡོན་ན་གསིལ་བྱེད་དེ་བཞིན་ཏེ། །གདོལ་པ་མོ་གཡས་འཁོར་ལོ་སྟེ། །གཡོན་ནས་མཐོང་བ་དེ་བཞིན་ནོ། །གཡུང་མོ་གཡས་ན་རྡོ་རྗེ་སྟེ།། ་གཡོན་ནོ་སྡིགས་མཛུབ་དེ་བཞིན་ནོ། སྐྱིལ་ཀྲུང་ཕྱེད་པའི་གང་གྱིས་གནས། །དཀར་མོ་ལ་སོགས་ཕྱག་གཉིས་བརྗོད། །སྤྱན་གསུམ་སྐྲ་ནི་གྱེན་དུ་སྟེ། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །གཽ་རི་ཁ་དོག་ནག་པར་གྱུར། །ཚོམ་རྐུན་མ་ནི ་བཅོད་དང་མཚུངས། །རོ་ལངས་མ་ནི་གསེར་བཅོས?་བཞིན། །གྷསྨ་རཱི་ནི་མརྐ་ཏ་མཚུངས། །པུཀྐ་སE་ནི་དབང་སྔོན་མཚུངས། །རི་ཁྲོད་མ་ནི་ཟླ་ནོར་འོད། །གཏུམ་མོ་ནམ་མཁའ་ཨི་སྔོ་བསངས་མ། །གཡུང་མོ་སྣ་ཚོགས་པ་ཞེས་བརྗོད། །དེ་ནས་ཞི་ཥི? ་ཡིག་འབྲུ་དགོད། །མིག་ལ་གཏི་མུག་རྡོ་རྗེ་མ། །རྣམ་པར་ཞེ་སྡང་རྡོ་རྗེ་མ། །སྣ་ལ་སེར་སྣམ་ཞེས་བཤད། །ཁ་ལ་འདོད་ཆགས་རྡོ་རྗེ་མ། །ལུས་ལ་ཕྲག་དོན་རྡོ་རྗེ་མ། །ཡིད་ལ་བདག་མེད་རྣལ་འབྱོར་མ། །དབང་པོ་རྣམས་ནི་དག་པའི་ཕྱིར། །འདིས་ཆོས་?་སེམས ་དཔའ་ཆ། དེ་ནས་གནས་གསུམ་བྱིན་གྱིས་བརླབ། །སྤྱི་བོར་ས་སྤྱོད་མགྲིན་པར་མཁའ་། །སྙིང་གང་བདག་མེད་རྣལ་འབྱོར་པའོ། །སྤྲོ་བསྡུ་སེམས་དཔའ་སུམ་བརྩེགས་བསྡུ། ཡེ་ཤེས་འཁོར་ལོ་སྤྱན་དྲངས་ཏེ། །མཆོད་བསྟོད་དགུག་?་དབང་དུ་བྱ་རིགས་? ་ལ་སོགས་སྤྱན་དྲངས་ཏེ། །མཆོད་ཅིང་གསོལ་གདབ་དབང་བསྐོར་བས། །ཞེ་སྡང་ཕྱག་རྒྱ་གཙོ་བོ?། །ཞེ་སྡང་ཕྱག་རྒྱས་པུཀྐ་སཱི། །གཏི་མུག་ཕྱག་རྒྱས་རི་ཁྲོད་མ། །སེར་སྣའི་ཕྱག་རྒྱས་གདོལ་པ་མོ། །འདོད་ཆགས་ཕྱག་རྒྱས་གཡུང་མོ་ཉིད། །ཡང་ནི ་དཀར་མོ་ཞི་སྦྲང་རྒྱས། གཏི་མུག་ཕྱག་རྒྱས་ཆོམ་ཀུན་མ། །སྟེར་སྣའི་ཕྱག་རྒྱས་རོ་འདས་མ། །འདོད་ཆགས་ཕྱག་རྒྱས་གྷསྨ་རཱི། །ཁ་ཊཝཱཾ་ག་དང་རྗེས་ཆགས་བྱའོ། །བདག་གི་བྱིན་བརླབས་སོགས་རྫོགས་རིམ་བསྒོམས། །དེ་ནས་རྣལ་འབྱོར་མ་བརྒྱད་པ། ་ཐུགས་ཀའི་ཧཱུཾ་ལས་བསྡུ་བྱས་ལ། །དེ་ཡི་ནང་གི་རྒྱས་གདབ་བསྒོམ། །དེ་རྗེས་དག་པ་རྗེས་ངན་བྱ། །བཟླས་ཐབས་བཞི་ཡི་རིམ་པ་ཡིས། །དག་གི་སྒྲིབ་སྦྱང་གསང་སྔགས་བཟླས། །ོཾ་ཏྲེ་ལོ་གྱ་ཨཱཀཱ?་པ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཞེས་བྱ་བའི་སྔགས ་གྱིས་བཟླས་?་ལོ། །གཏོར་མ་དེ་ཉིད་བཞི་ལྡན་བཏང། །སྨོན་ལམ་བཏབ་ལ་སྤྱོད་ལམ་བྱའོ། །རྒྱུན་དུ་ཐུན་བཞིའི་རྣལ་འབྱོར་བསྒོམ། །ཆོ་གའི་རིམ་པ་དེ་ཉིད་ཀྱིས། །ཕྱག་བཞི་ནི་བདུད་བཞི་ལས་རྣམ་པར་རྒྱལ་བའི་རྣམ་པར་དག་པ་སྟེ། ་གང་དུ་བརྗོད་པའི་གཟུགས་དང་སྐུ་མདོག་དང་ཧཱུཾ་ལས་བྱུང་བའོ། །ཕྱག་གཡོན་གྱི་དང་པོ་ནི་སྐྱེས་པའི་ཐོབ་པ་ལྷ་དང་ལྷ་མ་ཡིན་གྱི་ཁྲག་གིས་དགང་བ། དེ་བཞིན་དུ་གཡས་ཀྱི་ཕྱག་ན་རྡོ་རྗེ་དང། ཕྱག་ལྷག་མ་གཉིས་ཀྱིས་ཤེས་རབ་མ་ལ ་འཁྱུད་གཤེས་རབ་མ་རྡོ་རྗེ་ཕག་མོ་ནི་བཅོམ་ལྡན་འདས་ཀྱི་གཟུགས་ཅན་ནོ། །དེའི་སྔགས་ནི་ཨོཾ་ཛཝ་ལ་ཛ་ལ་བྷཡོ་ཧཱུཾ་ཧཱུཾ་ཧཱུཾ་?་སྭཱཧཱ། ཕྱག་དྲུག་པ་ཞལ་གསུམ་པ། གཡོན་དམར་པ། གཡས་པ་ཟླ་བ་དང། ཉི་མ་ལྟ་བུ། དང་པོ ་སྔོན་པོ་གཅེར་བུ་གྲོང་དུད་གསུངས་པའི་སྐུ་མདོག་དང་གཟུགས་ཅན་ནོ། །ཕྱག་རྣམས་རྭ་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། ཕྱག་གཡོན་གྱི་དང་པོ་ནི་རྩེ་གསུམ་པ། གཡས་ཀྱི་དང་པོ་ན་རྡོ་རྗེ། གཡོན་གྱི་གཉིས་པ་ནི་དྲིལ་བུ་ཕྱག་གཡས ་གྱི་གཉིས་ཕན་གྲི་གུག། །ཕྱག་ལྷག་མ་གཉིས་ཀྱིས་ཡུམ་ལུ་གུ་རྒྱུད་མ་དང་སྙོམས་པར་འཇུག་པའི་ཚུལ་གྱིས་འཁྱུད་པའོ། །དེ་ཡང་བཅོམ་ལྡན་ཇི་ལྟ་བ་བཞིན་དུ་ཤེས་རབ་མ་སྟེ་གཡས་པ་དང་གཡོན་པ་ན་གྲི་གུག་དང་ཐོད་པ ་བསྣམས་པ་ཁམས་གསུམ་གྱི་བདག་ཉིད་ཅན་གྱི་རོ་མནན་པའོ། །དེའི་སྔགས་ནི། ཨོཾ་ཀི་ཊཾ་ཁི?་ཊི་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། དཔལ་ལྡན་འབུམ་ལྔ་ལ་བརྟེན་རྡོ་རྗེ་སེམས་དཔའ་ཡི། བླ་མའི་གསུང་གིས་གསལ་བར་བྱས་ནས་རྣམ་སྤྲས ་པའི། །དེ་དགོས་འགྲོ་བ་འདི་ཀུན་སྲིད་མཚོ་བརྒལ་གྱུར་ནས། །བདེ་མཛའ་གཙིག་པུ་དགྱེས་པའི་རྡོ་རྗེ་ཉིད་གྱུར་ནས། དཔལ་དགྱེས་པ་རྡོ་རྗེའི་གཙོ་བོ་སེམས་དཔའ་གསུམ་གྱི་སྒྲུབ་ཐབས་རྗེ་ན་རོ་པའི་ཞལ་གྱི་ལུང་སྦྱར་བ་རྫོགས་སོ།། ། ་དེ་ཁོ་ན་ཉིད་ཀྱི་སྣང་བ་བཞུགས?། །།རྒྱ་གར་?་དུ། ཏཏྭ་?་ཀ་ནཱ་མ། བོད་སྐད་དུ། དེ་ཁོ་ན་ཉིད་ཀྱི་སྦྱང་བ་ཞེས་བྱ་བ། དཔལ་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཀེང་རུས་མཛའ་ནི་འཁོར་བྱེད་སྤྲིན་ཚོགས་འདྲལ་ཞིང་དྲི ་